མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་སྒོར་ཁྲི་ ༨ གྱི་ཞལ་འདེབས།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་པེ་ཅིན་གྲོང་ཁྱེར་དུ་ཡོད་པའི་མ་སྐྱེས་ཨ་མའི་ཡན་ལག་ཁང་དུ། དེང་སྐབས་བོད་ཁུལ་དུ་སྙན་གྲགས་གང་འཚམ་རྒྱས་བཞིན་ཡོད་པ་མ་ཟད། ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ཏུ་ཡང་འཁྲབ་སྟོན་རིམ་པར་སྐྱོད་བཞིན་པའི་༼ མཐོ་སྒང་བུ་མི་སྤུན་གསུམ༽མམ། ཨ་ཅག་ཚན་སྡེབ་ཞེས་པའི་གཞས་མ་དེ་དག་གིས་ཁྲག་དཀར་གྱི་ན་ཚ་ཕོག་པའི་བོད་རིགས་སློབ་ཆེན་སློབ་མ་པདྨ་བསྟན་འཛིན་ཟེར་བ་ཞིག་ལ་རྒྱ་སྒོར་ཁྲི་ ༨ གྱི་ཞལ་འདེབས་རོགས་སྐྱོར་གནང་ཡོད་འདུག  

ཁྲག་དཀར་གྱི་ན་ཚ་ཕོག་པའི་པདྨ་བསྟན་འཛིན་ནི། བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་གི་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན་འདུག་ལ། འདི་ལོའི་ཟླ་ ༩ པའི་ཚེས་ ༢༢ ཉིན་སྨན་ཁང་ནས་བརྟག་དཔྱད་བརྒྱུད་ཁྲག་དཀར་གྱི་ན་ཚ་ཡོད་པ་ཤེས་རྟོགས་བྱུང་སྟེ། ད་ཆར་པེ་ཅིན་ཁྲོ་ཡཱང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཀྱང་། ཁྱིམ་གྱི་འབྱོར་པ་ཞན་པའི་དབང་གིས་སྨན་རིན་དང་ཐ་ན་འཚོ་བའི་མཐུན་ཀྱེན་ལ་ཡང་དཀའ་ངལ་འཕྲད་བཞིན་ཡོད་སྟབས། བོད་ཡིག་དང་རྒྱ་ཡིག་གི་དྲ་ལམ་ཁག་བརྒྱུད་ཞལ་འདེབས་བསྡུ་སློང་བྱེད་ཀྱི་ཡོད་པ་ལྟར། མཐོ་སྒང་བུ་མོ་སྤུན་གསུམ་གྱིས་སྙིང་རྗེ་རོགས་སྐྱོར་གྱི་ཞལ་འདེབས་འབུལ་བའི་བྱ་འགུལ་བསྡུས་ཏེ། རྒྱ་སྒོར་ཁྲི་ ༨ ལྷག་སྨན་ཁང་དུ་བསྐྱལ་ནས་པདྨ་བསྟན་འཛིན་ལགས་ལ་དངོས་སུ་སྤྲད་ཡོད་པ་མ་ཟད། ཁོང་མོ་གསུམ་གྱིས། གཞན་ཕན་གྱི་བྱམས་བརྩེ་ནི་ཀུན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་སྟབས། མ་འོངས་པར་ང་ཚོ་མི་རེ་རེའི་ངོས་ནས་རོགས་སྐྱོར་གྱི་ཆེ་ཆུང་ལ་མ་ལྟོས་པར་འབད་གང་ཐུབ་བྱ་རྒྱུ་ཡིན། ཞེས་ཀྱང་བརྗོད་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༡༥ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༨ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 7

  1. རྡོ་རྗེ་གྲོ་ལོད། says:
    ལོ་ 16 སྔོན།

    མི་ཚེ་མང་ཆེ་བ་རྒྱ་ཡུལ་དུ་བསྐྱེལ་ཀྱང་བོད་མི་རིགས་ལ་དུང་བའི་ལྷག་བསམ་དང་ཡ་རབ་ཀྱི་གཤིས་ཀ་དུས་ནམ་ཡང་རྒྱུ་འཇམ་དུ་གཡོ་བ་མེད་པར་གནས་ཡོད་པའི་དེང་དུས་ཀྱི་གླུ་མ་སྐད་གྲགས་ཅན་ཨ་ཅག་ཚན་སྡེབ་བུ་མོ་སྤུན་གསུམ་གྱིས་སྙིང་རྗེ་ཆེན་པོས་སྒོ་ནས་བོད་པའི་སློབ་མ་པདྨ་བསྟན་འཛིན་ལ་ཞལ་འདེབས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཞུ།།
    སེམས་ཅན་ནད་པ་ཇི་སྙེད་པ།། མྱུར་དུ་ནད་ལས་ཐར་གྱུར་ཅིག།
    འགྲོ་བའི་ནད་རྣམས་མ་ལུས་པ།། རྟག་ཏུ་འབྱུང་བར་མེད་པར་ཤོག།

    Reply
  2. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    མཐོ་སྒང་བུ་མི་སྤུན་གསུམ་ལགས་ངས་དུས་རྒྱུན་དུ་དྲ་ཐོག་ནས་ཁྱེད་རྣམས་པའི་གཞས་ཉན་པར་ཤིན་ཏུ་ནས་དགའ་པོ་ཡོད་ལ་དེ་རིང་གི་གཏམ་བཟང་དེ་ནི་ཁྱེད་རྣམས་ཀྱི་གཞས་ཀྱི་ནང་ནས་ཆེས་ཡག་ཤོས་སམ་སྙན་ཤོས་ཀྱི་གཞས་ཞིག་ཏུ་རྩིས་ནས་ངས་ནམ་ཡང་རྗེས་ས་མ་རེད་ལ། ངའི་གྲོགས་པོ་རྣམས་ཀྱི་མདུན་དུ་ངས་སྤོབས་པ་དང་བཅས་གཏམ་བཟང་དེ་སྒྲོག་ངེས་ཡིན། ཁྱེད་རྣམས་ལ་བོད་མིའི་རང་བཞིན་ལྷད་མེད་པ་ཞིག་འདུག་ཐུགས་རྗེ་ཆེ།

    Reply
  3. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    མཐོ་སྒང་བུ་མི་སྤུན་གསུམ་ལགས་ཐུགས་རྗེ་ཆེ། ཁྱེད་ཚོས་ཁ་ཡོག་ལག་ཡོད་ཀྱི་རང་རིགས་ཤིག་ལ་རོགས་གནང་བ་ངོ་མ་གཟི་བརྗིད་ཆེ།

    Reply
  4. ཞག་སྒྲོན། says:
    ལོ་ 16 སྔོན།

    འདི་ན་ཡང་ཁ་ཡོད་ལག་ཡོད་ཀྱི་སྙིང་རྗེའི་ཞིག་ངོ་མ་དྭ་ཡིན་ན་གཞན་དོན་ཟེར་བ་དེ་ཆོས་ལ་མ་སྦྱང་བའི་མི་ཚོགས་དཀྱིལ་མ་ནང་ལོག་ནས་ཐོན་ཡོང་གི་འདུག། པདྨ་བསྟན་འཛིན་ལགས་ཁྱོད་ཁྲག་དཀར་གྱི་ནད་གཞི་དེ་ལས་མྱུར་ཏུ་གྲོལ་བའི་སྨོན་ལམ་འདེབས། དེ་ལས་ཀྱང་མཐོ་སྒང་བུ་མོ་སྤུན་གསུམ་ལ་སྙིང་ནས་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང་།བོད་རྒྱ་སུ་ཞིག་དཀའ་ངལ་འདི་འདྲ་ལ་ཐུགས་ན་དེ་ལས་གྲོལ་བའི་ཐབས་ཤེས་བྱེད་རྒྱུ་ངོ་མ་གལ་ཆེན་པོ་རེད་འདུག

    Reply
  5. གནས་ཚང་། says:
    ལོ་ 16 སྔོན།

    ཁོ་མོ་ཚོ་ཨ་ཅག་ཚན་སྡེབ་རེད་མ་གཏོགས་མཐོ་སྒང་བུ་མོ་སྤུན་གསུམ་མ་རེད་ད། གནས་ཚུལ་གསལ་པོ་གཏོང་རོགས།

    http://www.youtube.com/watch?v=nzTaSj3BM6E

    Reply
  6. ཤག་སྒང་པ། says:
    ལོ་ 16 སྔོན།

    བོད་རིགས་ནང་ཁུལ་རོགས་རམ་བྱེད་པའི་ལ་ཞེན་དེར་སྙིན་ནས་བསྟོད། ལེགས། ལེགས། ལེགས། འདི་རིགས་ནི་རང་དབང་འཐབ་རྩོད་ཀྱི་གཞི་གདན་དུ་འགྲོ་ངེས་ཡིན་པས། མང་ཙམ་དགོས་གལ་ཆེ།

    Reply
  7. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    བྱ་ལམ་ལ་སོང་། དྲིན་ཆེན་མ་ཆ་བོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese