མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་སྐད་འགྲན་བསྡུར།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་༼ བོད་རིག་པ་ཞིབ་འཇུག་གླིང་གི་སྐབས་གསུམ་པའི་ཡུལ་སྐད་འགྲན་བསྡུར། ༽ ཞེས་པའི་མཛད་སྒོ་ཞིག་བསྡུས་ཡོད་འདུག་ལ། མཛད་སྒོ་དེའི་སྟེང་སློབ་གླིང་དེ་གའི་འཛིན་རིམ་དང་པོ་དང་གཉིས་པའི་ནང་གི་མདོ་དབུས་ཁམས་གསུམ་གྱི་གསར་ཞུགས་སློབ་མ་རྣམས་མཉམ་ཞུགས་བྱས་ཡོད་ཅིང་། དེ་ནི་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་ཆོལ་ཁ་ཕན་ཚུན་གྱི་ཡུལ་སྐད་ལ་སློབ་སྦྱོང་དང་། མཛའ་བརྩེའི་རྡོག་རྩ་གཅིག་སྒྲིལ་གཏིང་ཇེ་ཟབ་ཏུ་གཏོང་བའི་ཐབས་ལམ་ཞིག་ཡིན་འདུག

ཐེངས་འདིའི་མཛད་སྒོའི་སྟེང་དབུས་པའི་སློབ་ཕྲུག་ཚོས་ཁམས་དང་ཨ་མདོའི་ཡུལ་སྐད་བཤད་པ་དང་། ཁམས་པའི་སློབ་ཕྲུག་ཚོས་དབུས་དང་ཨ་མདོའི་ཡུལ་སྐད་བཤད་པ། ཨ་མདོའི་སློབ་ཕྲུག་ཚོས་དབུས་དང་ཁམས་པའི་ཡུལ་སྐད་བཤད་སོགས་བྱས་ཡོད་པ་མ་ཟད། སྟིངས་ཆའི་སྟེང་ནས་ཆོལ་ཁ་གཉིས་ཀྱི་མི་གཉིས་ཀྱིས་ཆོལ་ཁ་གཅིག་གི་ཡུལ་སྐད་ཐོག་ནས་གླེང་མོལ་བྱེད་པ་དང་། ཆོལ་ཁ་གཅིག་གི་མི་གཉིས་ཀྱིས་ཆོལ་ཁ་གཞན་ཞིག་གི་ཡུལ་སྐད་ཐོག་ནས་གླེང་མོལ་བྱེད་པ། དེ་བཞིན། ཟུར་ཞུགས་པ་དང་དཔུང་དཔྱོད་པ་དག་གི་དྲི་བར་ལན་འདེབས་བྱེད་པ་སོགས་བརྒྱུད་དེ། ཚིག་གི་སྨྲ་དག་མིན་དང་། ལུས་ཀྱི་ཉམས་ཐོན་མིན། སྤོབས་པའི་གདེང་མཐོ་མིན་སོགས་ལ་གཞིགས་ཏེ་སྐར་གྲངས་སྤྲད་ཡོད་ཅིང་། མཐར་ཨང་རིམ་དང་པོ་དང་གཉིས་པ། གསུམ་པ་བཅས་ལ་བྱ་དགའ་ཡང་སྤྲད་ཡོད་འདུག

 

འགྲན་བསྡུར་དེའི་སྟེང་གི་གསར་འགོད་པའི་མཐོང་སྣང་འགའ་ཟིན་བྲིས་སུ་བཏབས་ཡོད་པའི་ནང་བཀོད་དོན། ཕ་ཡུལ་ཁྲི་ཀ་ནས་ཡིན་པའི་སློབ་གྲོགས་ཚེ་དབང་རྣམ་རྒྱལ་གྱིས།  གལ་སྲིད་བོད་ལ་སྤྱི་སྐད་ཅིག་ཡོད་ན་ང་ལ་ཕན་པ་ག་རེ་འདུག་ཅེས་པའི་བརྗོད་གཞི་དང་འབྲེལ། བོད་རིགས་བུ་མོ་མང་པོ་ཞིག་དགའ་རོགས་སུ་འཚོལ་ཐུབ་པ་དང་། སློབ་མའི་ཚོགས་པའི་ནང་ནས་གོ་ས་མཐོ་ཙམ་རག་ཐུབ་པ་སོགས་ཀྱི་གནས་ལུགས་དེ་དག་ནི་སློབ་གྲོགས་མང་པོ་ཞིག་གི་བསམ་ཚུལ་དང་མཐུན་ཡང་། དེ་རིང་གི་ཚོགས་པའི་དབུས་སུ་སྨྲ་བར་མི་འོས་པ་དང་། དོན་དག་ཆོ་མེད་པར་ངོས་འཛིན་མཁན་ཡོད་སྲིད་ཀྱང་། ཞིབ་ཏུ་བསམ་ན་དོན་དག་ཆུང་ཡང་། ཡོན་ཏན་རྒྱ་ཆེན་པོ་ལྡན་པའི་གཏམ་བཤད་ཡ་མེད་ཅིག་རེད་ལ། དེར་འོས་པའི་དགའ་བསུ་ཡང་མི་དམན་པ་ཞིག་ཐོབ་སོང་།

ཡང་ཕ་ཡུལ་སྡེ་རོང་ནས་ཡིན་པའི་སློབ་གྲོགས་ཚེ་གྲུབ་ལྷ་མོ་ཟེར་བ་དེ་ནི་བདག་གིས་ད་བར་དུ་མཐོང་བའི་ཆེས་བག་ལྷོད་པའི་བོད་རིགས་བུ་མོ་དེ་རེད་ཟེར་ཆོག ཁོ་མོའི་གཏམ་བཤད་ཀྱི་མགོ་མཇུག་ཀུན་ཏུ་དལ་ཞིང་ལྷོད་ལ་སྒྲ་མཐོ་དམའ་རན་པའི་སྐད་ཅིག་གིས་རང་གི་བསམ་ཚུལ་ལྷུག་པོར་བརྗོད་ཅིང་། མཐར་དྲི་བ་དྲིས་ལན་གྱི་དུས་སུ་ཡང་ཁོང་མོ་དང་ཕ་ཡུལ་གྱི་སློབ་གསོའི་གནས་བབས་ཟུང་དུ་སྦྲེལ་ནས་བརྩོན་འགྲུས་སྐོར་གྱི་ལན་ཡག་པོ་ཞིག་བཏབས་པ་ནི་ཡིད་དུ་འོང་བ་ཞིག་རེད། ཅེས་བཀོད་འདུག

 

གསར་འགོད་པའི་མུ་མཐུད་བཀོད་དོན། ཕ་ཡུལ་ནག་ཆུ་སོག་རྫོང་ནས་ཡིན་པའི་སློབ་གྲོགས་བུ་མོ་དེས། ཡུལ་སྐད་གསུམ་ལས་རང་ཉིད་ཀྱི་ཞན་ཤོས་ནི་ཨམ་སྐད་ཡིན་ཟེར་ཞིང་། ཡང་ཆུ་ལྟར་བཞུར་བའི་ཨམ་སྐད་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དབུས་སྐད་དང་ཁམས་སྐད་བསྲེས་ནས་གཏམ་བཤད་གསོན་ཉམས་ལྡན་པ་ཞིག་སྤེལ་བ་དེས་དབུས་ཕྱོགས་ཀྱི་སློབ་གྲོགས་མང་པོ་ཞིག་གད་མོ་ཐག་གེར་བཏང་སོང་ལ། ཁོ་མོར་ཡང་གསོལ་རས་སུ་ཨང་དང་པོའི་གསོལ་རས་ཕུལ་བ་ནི་དོན་ལ་གནས་པ་ཞིག་རེད།

ད་དུང་ཕ་ཡུལ་ཨ་མདོ་ཅོ་ནེ་ནས་ཡིན་པའི་སློབ་གྲོགས་མགོན་པོ་དབང་ལྡན་གྱིས་དབུས་སྐད་གསལ་ཞིང་དག་པ་ཞིག་བཤད་པར་རྒན་ཚེ་དབང་ལྷ་མོ་ལགས་ཡིད་མ་ཆེས་པར། ཁྱོད་ཀྱིས་ཨམ་སྐད་ཅིག་གསུང་རོགས་ཞེས་པའི་དོགས་སེལ་ཞིག་ཀྱང་བྱ་དགོས་བྱུང་སོང་ལ། ད་དུང་དེ་མིན་པའི་སློབ་གྲོགས་མང་པོ་ཞིག་གི་གཏམ་བཤད་ནི་གསོན་ཉམས་དོད་ཅིང་། རྗོད་བྱེད་ཡུལ་སྐད་དེར་མ་བྱང་བའི་དགོད་བྲོ་བ་ཡང་མི་ཉུང་བ་ཞིག་བྱུང་སྟེ། ཚོགས་ར་གང་བོ་ཐལ་སྒྲ་དང་དགོད་སྒྲས་ཁེངས་པར་བྱས་སྟབས། ཆུ་ཚོད་གཉིས་ལྷག་གི་དུས་ཡུན་དེ་ནམ་རྒྱུན་ཅུང་འཁྱོལ་དཀའ་བའི་སློབ་ཁྲིད་དང་འཆད་ཁྲིད་སོགས་དང་བསྡུར་ན་སྐད་ཅིག་གི་རིང་ལ་བུད་སོང་། ཅེས་བཀོད་འདུག

གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 5

  1. ཝ་བུ། says:
    ལོ་ 15 སྔོན།

    སླར་ཡང་་ཁྱོད་རྣམས་ཀྱི་གཟིད་འོད་ལ་རེག་འདོད་་་་་་་

    Reply
  2. སྐར་མདའ། says:
    ལོ་ 15 སྔོན།

    ཡུལ་སྐད་འགྲན་བསྡུར་གྱི་གར་སྟེགས་སྟེང་ན་བཞུགས་ཡོད་པའི་བོད་རིགས་གཞོན་སྐྱེས་འདི་ཚོའི་འདྲ་དཔར་མིག་ལམ་དུ་ཤར་མ་ཐག་སེམས་ནས་བཟོད་དཀའ་བའི་མིག་ཆུ་ཞིག་བྲང་ངོས་ནས་གྲང་ཤུར་ཤུར་བཞུར་ཐལ།

    སྙིང་རྗེ་མེད་པའི་ལྕགས་ནག་གི་མཆེ་བར་ནས། སྡུག་རུས་དང་།
    ལ་རྒྱས་ཁེངས་པའི་གཞོན་སྐྱེས་འདི་ཚོར་ལྷད་མེད་སྙིང་ནས་གུས་བཀུར་ཞིག་མི་ཞུ་ཐབས་མེད་ཆགས་སོང་། དེ་ནི་ང་བོད་པ་ཚང་གི་རིགས་རྒྱུད་ཡིན་པའི་རྟགས་ཡིན་པ་འདྲ། གང་ལག་ཟུང་དཔྲལ་བར་བཏེགས་ཏེ་ཕྱག་ཅིག་འཚལ་འདོད་བྱུང་།

    འདི་ནི་ངའི་སེམས་གཏིང་གི་སྐད་ཆ་དམར་དམར་པོ་ཡིན། དོན་དམ་པའི་དཔའ་བོ་ཟེར་ན་མི་འདུག བོད་ནང་གི་གཞོན་སྐྱེས་ཚོས་ལས་རིག་རྒོད་ཅིག་དང་། དཔའ་བོ་ཞིག་སྒྲོན་མེ་ཁྱེར་ནས་འཚོལ་དུ་སོང་ཡང་རྙེད་པར་མི་འགྱུར་རོ༎

    རང་དབང་གི་ལུང་པ་ན་ཁྱོད་ཤི་ང་གསོད་ཀྱི་འགྲན་རྩོད་ལས་རང་དབང་འཐབ་རྩོད་ཀྱི་ཕྱོགས་ལ་སེམས་པ་རྣམ་དག་གིས་ནུས་པ་འདོན་མཁན་ཧ་ཅང་དཀོན་པོ་རེད་འདུག མི་བདེན་ན་ལྟོས་དང་། རིག་གཞུང་གི་བྱས་རྗེས་ནི་གང་ཡང་མེད། མཐུན་སྒྲིལ་གྱི་དཔུང་པ་མཉམ་གཤིབ་ནི་དེ་བས་རི་བོང་གི་རྭ་ལྟ་བུ་རེད།

    ཁ་ནས་བཤད་དུས་བོད་སྤྱི་དང་། ཆོལ་ག་གསུམ་གྱི་བདེ་སྡུག་ལ་བསམ་བློ་བཏང་བ་ལས་སྒེར་གྱི་དོན་ཆེན་ས་ལ་བཞག་སྟེ་ཉིན་མཚན་ཀུན་ཏུ་སྤྱི་བའི་ཆེད་དུ་ལས་ལ་གཞོལ་གྱིན་ཡོད་བ་མ་གཏོགས། དོན་ལ་རང་ཉིད་གཅིག་བུ་མ་གཏོགས་མི་བསམ་པའི་སྐུ་ངོ་ག་ཙམ་ཡོད། བག་ལེབ་ཁ་ནས་ཟོས་ན་གྲངས་ཀ་རིམ་ལ་གསལ་བོར་ཡོད་ཅེས་པའི་དཔེ་བཞིན་རེད། འདི་ཚོ་ལ་བསམ་བློ་རེ་བཏང་ན་ཡིད་ཐང་ཆད་དགོས་པ་ཞིག་རེད།

    སྐུ་ངོ་ལྐོགས་ཟ་རུལ་བསུངས་བ་དེ་ཚོ་བསམ་ན་མྱུར་ཏུ་གངས་ཅན་ཡུལ་ལ་ལོགས་ཏེ་ཕ་མ་གཉིས་ཀྱི་ཞབས་ཞུ་ཧུར་ཐག་སྒྲུབ་བཞིན་སྲིད་དོན་རྒྱབ་ཏུ་དོར་ནས་འཚོ་བ་བདེ་བའི་ངང་སྐྱེལ་བསམ་བློ་ཞིག་ངང་གིས་སྐྱེས་འོང་འདུག

    འདི་ཚོ་ཚང་མ་སྐ྄ུ་ངོ་ཁ་བདེ་མགོ་བདེ་དོན་ལ་མི་གནས་མཁན་དེ་ཚོའི་བྱ་སྤྱོད་ཀྱིས་བཟོས་པ་རེད། ཁོང་ཚོས་འདས་པའི་སྐུ་དྲག་ལམ་ལུགས་དེ་དོར་ནས་གསར་བྱུང་གི་རིག་པའི་ནུས་པ་བླ་མེད་འདོན་མ་ཐུབ་པར་ལྷག་པ་རེད་བསམ་གྱིན་ཡོད། ད་རེ་འདི་ཙམ་གྱི་ཆོག་པར་བྱ་རྒྱུ་ཡིན།

    Reply
  3. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    བདག་ཚོའི་སྲོག་རྩ་ཚོར་བཀྲིས་ཞུ།

    Reply
  4. ཞག་སྒྲོན། says:
    ལོ་ 15 སྔོན།

    ང་ཚོས་དུང་ལྷང་ལྷང་གི་སྤྱི་སྐད་ཀྱི་བུ་ཆུང་དེ་གནས་འདི་ནས་ངུ་སྐད་ཐོག་མ་ཤོར། བུ་ཆུང་ལགས་ཁྱོད་ཀྱི་མཛད་པ་མདོ་དབུས་ཁམས་དུ་ཁྱབ་དགོས། ཁྱོད་འཕྲིན་ལ་དབྱར་མཚོ་བཞིན་རྒྱས་དགོས། ད་ཡིན་ན་ཕྱོགས་གང་ཐད་ནས་ང་ཚོའི་དམིགས་འབེན་དེ་འགྲུབ་འདུག་

    Reply
  5. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    བཙན་གནོན་འོག་ནས་གཞོན་སྐྱེས་དེ་དག་གི་རང་མི་རིགས་ཀྱི་རིགས་གཞུང་དང་གོམས་གཤིས་སོགས་མདོར་ན་མི་རིགས་འདིའི་ཆས་གོས་ཡན་ནས་གཅེས་འཛིན་འདི་ལྟར་བྱས་པར་དད་པ་བྱེད་འོས་པ་ཞིག་རེད། དེ་བརྟེན་རང་དབང་ན་འཚོ་བའི་གཞོན་སྐྱེས་ཚོའི་སྐད་པའི་ནང་ཞོ་བླུག་མེད་དམ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese