མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱིའི་འོས་བསྡུའི་ཐད་ཀྱི་རྨོངས་འཆར། – བསྟན་འཛིན་ཀུན་མཁྱེན།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

ད་ལམ་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་བསྡུ་དང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་སྔ་རྗེས་ལ་དཔྱད་པ་བྱས་སྐབས། ཡ་མཚན་པའི་གནས་ཚུལ་འགའ་མཐོང་ཐོས་བྱུང་བ་འདིར་མདོར་ཙམ་གླེང་འདོད་བྱུང་།

དེ་ཡང་འདི་ལོའི་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་བཙན་བྱོལ་བོད་མིའི་གྲངས་འབོར་ཆིག་འབུམ་ལྔ་ཁྲི་ལྷག་ཡོད་པ་ནས་རང་ལོ་ ༡༨ ཡན་ལོན་པའི་འོས་འཕེན་གྱི་ཐོབ་ཐང་ཡོད་མཁན་གྱི་བཙན་བྱོལ་བོད་མི་གྲངས་ ༩༠༠༠༠ ལྷག་ཡོད་པ་ནས་གྲངས་ ༧༩༤༤༩ ནས་འོས་བསྡུའི་དེབ་སྐྱེལ་བྱས་ཡོད་པ་དང་། སྔོན་འགྲོའི་འོས་བསྡུའི་སྐབས་དངོས་སུ་འོས་འཕེན་བྱེད་མཁན་བོད་མི་གྲངས་ ༤༧༠༠༠ ལས་བྱུང་མེད། དེ་ཡང་བོད་མི་བརྒྱ་ཆ་ ༤༠ ལ་ཉེ་བས་ཐེངས་འདིའི་འོས་བསྡུའི་སྐབས་དེབ་སྐྱེལ་བྱས་ཀྱང་འོས་འཕེན་གྱི་ཆ་ཤས་བླངས་བ་ཞིག་བྱུང་མེད།

 

སྐབས་གསུམ་པའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་བསྡུའི་སྐབས་འོས་གྲངས་མང་ཤོས་ཐོབ་མཁན་གྱི་འོས་མིར་འོས་གྲངས་ ༢༢༤༨༩ ཐོབ་པ་བྱུང་ཡོད་ཀྱང་། དེབ་སྐྱེལ་བྱས་པའི་འོས་མིའི་གྲངས་འབོར་ལས་གཞིགས་ན་བརྒྱ་ཆ་ ༢༥ ལས་འོས་ཐོབ་བྱུང་མེད། ཡང་དངོས་སུ་འོས་འཕེན་བྱས་མཁན་ལས་གཞིགས་ན་བརྒྱ་ཆ་ ༤༨ ལས་འོས་ཐོབ་མེད། དེ་ནི་ཕྱོགས་གཅིག་ནས་སྔོན་འགྲོའི་འོས་བསྡུའི་སྐབས། འོས་མི་མང་བས་རྐྱེན་གྱིས་འོས་ཁ་ཐོར་དུ་སོང་བ་ཞིག་ཡིན་པ་སྨོས་མེད་ཀྱང་། བཀའ་ཁྲིའི་དངོས་གཞིའི་འོས་བསྡུའི་སྐབས་འོས་མི་གསུམ་ལས་མང་བ་བཏོན་ཚེ་རང་བཞིན་གྱི་སྔོན་འགྲོའི་འོས་བསྡུ་དང་འདྲ་བ་འོས་གྲངས་ཁ་ཐོར་ཏེ་འོས་འཕེན་བྱས་མཁན་གྱི་གྲངས་འབོར་ནས་བརྒྱ་ཆ་ ༥༠ ལས་འོས་ཐོབ་ཉུང་བའི་བཀའ་ཁྲི་ཞིག་ཕལ་ཆེར་སླེབས་རྒྱུར་ངེས།

 

དེ་འདྲའི་བརྒྱ་ཆ་ལྔ་བཅུ་ལས་འོས་ཉུང་བར་ཐོབ་མཁན་གྱི་བཀའ་ཁྲི་དེ་འོས་མིའི་གྲངས་འབོར་ལས་འོས་གྲངས་མང་ཤོས་ཐོབ་མཁན་གྱི་བཀའ་ཁྲིར་འདེམས་ཐོན་ཞིག་བྱུང་ཡང་། དོན་དངོས་ཐོག་འོས་འཕེན་གྱི་བརྒྱ་ཆ་ནས་ཉུང་མོས་ཀྱི་བཀའ་ཁྲི་ཞིག་ཐོན་རྒྱུར་ངེས། དེ་ལྟར་བྱུང་ན་འབྱུང་འགྱུར་གྱི་བཀའ་ཁྲི་སྐབས་གསུམ་པ་དེ་བཞིན་བཙན་བྱོལ་བོད་མིའི་གྲངས་འབོར་ལས་མང་མོས་ཀྱིས་བཀའ་ཁྲི་ཞིག་ཏུ་ངོས་འཛིན་དཀའ་རྒྱུ་མ་ཟད། དེ་འདྲའི་འདེམས་ཐོན་བྱུང་བའི་བཀའ་ཁྲི་དེས་ཀྱང་བོད་མི་ས་ཡ་དྲུག་གི་འཐབ་རྩོད་ཀྱི་འགན་འཁུར་བླང་རྒྱུར་གདེང་སྤོབས་ཤིག་ཡོང་མིན་ཡང་སོམ་ཉི་ཡི་རང་བཞིན་དུ་སྣང་། དེས་ན་རབ་བྱུང་ན་དབུས་འོས་བསྡུ་ལས་ཁུངས་ནས་བཀའ་ཁྲིའི་དངོས་གཞིའི་འོས་མིར་འོས་གཞི་གསུམ་ལས་མ་མང་བ་ཞིག་འདོན་ཐུབ་ཚེ་འོས་གྲངས་མི་ཐོར་བའི་དགེ་མཚན་ཡོང་རྒྱུ་མ་ཟད། དངོས་གཞིའི་འོས་འཕེན་རྗེས་འདེམས་ཐོན་བྱུང་བའི་བཀའ་ཁྲི་ཡང་འོས་འཕེན་པའི་བརྒྱ་ཆ་ ༥༠ ཡན་ལོན་པའི་བཀའ་ཁྲི་ཞིག་འོས་འདེམས་ཐུབ་ངེས་ཡིན།

 

ཡང་ད་ལན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས། ཆོས་ལུགས་ཀྱི་སྤྱི་འཐུས་འོས་མིའི་ཁོངས་འོས་མི་ཞིག་ལ་ཆོས་ལུགས་ཁག་གཉིས་ཀྱི་འོས་གཞིའི་ཁོངས་ཚུད་པའི་གནས་ཚུལ་ཐོན་པ་དང་། འོས་མི་དེར་ཡང་རང་མོས་ཀྱིས་ཆོས་ལུགས་གཅིག་གི་འོས་མིའི་ཁོངས་འཛུལ་ཆོག་པའི་གནང་བ་བསྩལ་བ་སོགས་ཀྱི་གནས་ཚུལ་ཐོན་པ་ནི་ཆེས་མི་འོས་པ་ཞིག་ཏུ་སྣང་། གང་ལ་ཟེར་ན་སྤྱིར་ཆོལ་ཁའི་ནང་སྐྱ་བོ་གང་ཞིག་ཆོལ་ཁ་གང་ནས་ཡིན་ཀྱང་དེའི་ཁོངས་འོས་གཞིར་ལངས་ཆོག་པ་དང་། ཆོས་ལུགས་སྤྱི་འཐུས་ཁོངས་ཀྱང་དེ་ལྟར་གཅིག་མཚུངས་ཡིན་དགོས་པར་སྙམ། ཆོས་ལུགས་ཁོངས་གཅིག་བྱས་ན་དེ་འདྲའི་ཁྲིམས་སྒྲིག་ཁ་གསལ་མེད་པའི་རྐྱེན་གྱིས་ཡིན་སྲིད་མོད། འོན་ཏེ་སྔར་མེད་ལམ་སྲོལ་དེ་རིགས་ཁྲིམས་སྒྲིག་གསལ་པོ་མི་འདུག་ཅེས་པའི་རྒྱུ་མཚན་གྱིས་ཕྱག་བསྟར་གནང་ཡོད་པ་ཞིོག་ཡིན་ན། དེ་ནི་མང་གཙོའི་འགྲོ་ལུགས་དང་མི་མཐུན་པ་ཞིག་ཡིན་པ་མ་ཟད། དེས་མང་གཙོའི་ལམ་ལུགས་ལ་འགོག་རྐྱེན་གྱི་གཞིེར་འགྲོ་ཉེན་མཐོང་།

 

ལྷག་པར་ཆོས་ལུགས་ཀྱི་སྤྱི་འཐུས་ནང་ཆོས་ལུགས་སོ་སོའི་ཆོས་སྡེ་ཁག་ནང་གི་གྲྭ་བཙུན་གང་ཞིག་ཡོང་དགོས་ངེས་མཐོང་། རྒྱུ་མཚན་གང་ཡིན་ཟེར་ན། མི་སྐྱ་རྣམས་ལ་རང་ཉིད་ཆོལ་ཁ་གང་གི་ཁོངས་སུ་གཏོགས་ཀྱང་དེ་གཅིག་པུའི་ཁོངས་འོས་འཕེན་གྱི་ཐོབ་ཐང་ཡོད་པ་དང་། སེར་མོ་བ་ཚོར་རང་ཐོབ་ཀྱི་ཆོལ་ཁ་དང་ཆོས་རྒྱུད་བཅས་གཉིས་ལ་འོས་འཕེན་གྱི་ཐོབ་ཐང་ཡོད་པ་འདིས་གསལ་པོ་རྟོགས་ཐུབ། ད་བར་གྱི་བརྒྱུད་རིམ་ནང་གཅིག་བྱས་ན་འོས་བསྡུའི་སྒྲིག་གཞི་ཁ་གསལ་མེད་པའི་དབང་གིས་ཆོས་ལུགས་ཁག་གཅིག་གི་ནང་མི་སྐྱས་ཀྱང་ཆོས་ལུགས་ཀྱི་སྤྱི་འཐུས་ཁོངས་འཛུལ་ཆོག་པའི་ལམ་སྲོལ་དེ་འདྲ་ཞིག་དར་ཡོད་པ་དང་། ཡང་ཕྱོགས་གཞན་ནས་ཆོས་སྡེ་ཁག་གི་ནང་དེ་འདྲའི་ཤེས་འཇོན་ལྷག་བསམ་དང་འགན་འཁུར་འོས་པའི་གྲྭ་བཙུན་གྱི་མི་འདང་པའི་གནས་ཚུལ་ནི་ཡིན་ག་ལ་སྲིད། དེ་མིན་ཡང་དག་པའི་མང་གཙོ་ཞིག་བསྐྲུན་རྒྱུར་དགོངས་བཞེས་ཀྱིས་དེའི་ཐད་ཁྲིམས་སྒྲིག་ཁ་གསལ་ཞིག་བཟོ་དགོས་པ་མཐོང་།

 

དེ་ལྟར་ན་གོང་གི་དོན་གནད་གཉིས་ཐད་འགན་བབས་ཡོད་པའི་འབྲེལ་ཡོད་དབུས་འོས་བསྡུ་ལས་ཁུངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་སོ་སོ་ནས་འོས་བསྡུའི་ལས་རིམ་དང་། ལྷག་པར་མང་གཙོའི་འགྲོ་ལུགས་དང་མི་མཐུན་པའི་ཁྲིམས་སྒྲིག་ཁག་ལ་དགོས་ངེས་ཀྱི་བསྒྱུར་བཅོས་གཏོང་གལ་ཆེ་བ་དང་། ལྷག་པར་སྔོན་འགྲོའི་འོས་བསྡུའི་སྐབས། བོད་མི་རྒྱ་ཆ་ ༤༠ ལ་ཉེ་བས་འོས་བསྡུའི་དེབ་སྐྱེལ་བྱས་ཀྱང་འོས་འཕེན་གྱི་ཆ་ཤས་མ་ལེན་མཁན་ཚོས་བོད་བསྟན་སྲིད་ཀྱི་བདེ་རྩར་ཐུགས་བསམ་བཞེས་ཐོག་མང་གཙོའི་འགན་དབང་ལོངས་སུ་སྤྱོད་ཐབས་སུ་འཆར་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་གྱི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་བཅས་ཀྱི་དངོས་གཞིའི་འོས་བསྡུའི་སྐབས་ངེས་པར་དུ་འོས་འཕེན་གྱི་ཆ་ཤས་བླང་རོགས་ཞེས་ཤུགས་དྲག་ཆེན་པོས་སྐུལ་མ་ཞུ་རྒྱུ་བཅས་ཀྱི་རྨོངས་འཆར་དུ་བཀོད་པ་ལགས།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 4

  1. མི་ཉག་བཙན་པོ says:
    ལོ་ 16 སྔོན།

    བསྟན་འཛིན་ཀུན་མཁྱེན་ལགས་ནས་དཔྱད་རྩོམ་ཡིག་ཡག་པོ་བྲིས་འདུག་པས་ཐུགས་རྗེ་ཆེ༎
    འབྱུང་འགྱུར་གྱི་བཀའ་ཁྲི་དེ་དམངས་གཙོ་སྒྲིག་གཞིའི་ལམ་ནས་དམངས་
    མོས་ཀྱི་བརྒྱ་ཆ་ལོན་དགོས་པ་ནི་བོད་མིའི་རྩ་དོན་དང་། འཛམ་གླིང་དམངས་གཙོའི་ལམ་སྲོལ་ལས་མི་བརྒལ་བར་དམངས་མོས་ཐོག་བཀའ་ཁྲི་འདེབས་དགོས་པ་ནི་བོད་མིའི་མདུན་ལམ་ཡིན།
    བོད་མི་དང་བོད་གཞུང་གི་ཁ་གཏད་རྒྱ་དམར་ནས་བོད་བཙན་བྱོལ་གཞུང་གི་འོས་བསྡུས་ཆེ་མོའི་སྐབས་དང་བསྟུན་ནས་ངན་བྱུས་སྣ་ཚོགས་ཤིག་གི་བརྒྱུད་་འོས་ཁ་འཐོར་དང་བརྒྱ་ཆ་མི་ལོན་པ་བྱ་རྒྱུ།
    བོད་མིའི་ནང་འཛིང་སོགས་ཡོང་ཐབས་ལ་འབད་བཞིན་པ་ནི་ཀུན་གྱིས་མཁྱེན་
    གསལ་བཞིན་རེད། དེས་ན་སྔོན་འགྲོའི་སྐབས་འོས་གྲངས་ཉུང་ཤས་ལས་མ་ཐོབ་པའི་འོས་མི་རྣམས་ནས་དྲང་བདེན་གྱི་ཐུགས་བསམ་བཞེས་ནས་ངེས་པར་དུ་དགོངས་པ་ཞུ་དགོས་པ་ནི་བོད་ཀྱི་མ་འོང་གི་རྒྱལ་ཁ་ཡིན།་བོད་མིའི་གནས་བབས་ལ་གཞིགས་ན་དུས་རབས་འདི་དང་ལོ་རབས་འདི་ནི་ཆབ་སྲིད་ཀྱི་དབང་ཆ་རྩོད་ལེན་དང་དཔལ་འབྱོར་རྩོད་ལེན་ཞིག་ག་ལ་ཡིན།་བོད་ཀྱི་
    སྲི་ཞུ་བ་དང་ཆབ་སྲིད་པ་རྣམས་ཀྱིས་་བོད་མིའི་སྤྱི་ཚོགས་ཆུང་ཆུང་ཞིག་ནང་མི་འོས་པའི་འཁྲབ་སྟོན་གྱི་ལས་དོན་རྩམས་པ་ནི་གདོང་པ་སྐམ་པོ་ལ་མིག་ཆུ་་ཟག་དགོས་པ་ཞིག་རེད།

    Reply
  2. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    དུས་ཚོད་ཅེས་མ་འཐོབ་ན་མ་གཏོགས་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་དགོས་རབས་དང་ཡག་པོ་མེད་རབས་རྐྱང་བཤད་བསྡད་པ་བོད་པ་ཁ་ཤས་ཡོད། མ་ཟད་ཁོང་ཚོས་ལག་ལེན་གྱི་ཐོག་ནས་ཀྱང་དེ་ལྟར་ཡོང་ཐབས་ལ་འབད་པ་ཉུང་ཉུང་མིན། ཡིན་ནའང་ཁོང་ཚོའི་སྐད་ཆ་དེ་བོད་མི་རིགས་ཀྱི་བདེ་སྡུག་གི་འབྲེལ་བ་ཞིག་མིན་པ་མི་རེ་གཉིས་ཀྱི་འཚོལ་བ་དང་ཁ་སྐྱེངས་ཆེད་ཀྱི་ཁོ་ན་ཡིན་པ་ལས་དམིགས་གསལ་རྒྱུ་མཚན་གང་ཡང་མི་འདུག་དེས་ནས་གནས་ཚུལ་དེའི་རིགས་ལ་དོ་སྣང་བྱ་འདོད་མི་འདུག

    Reply
  3. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ངའི་སྐད་ཆ་འདི་དག་གོང་གི་རྩོམ་ཡིག་དང་འབྲེལ་བ་ཡོད་མེད་གང་ལྟར་ཀྱང་ངས་འདི་ནས་ངས་འདི་ནས་ཚར་མར་ཡོ་རོབ་ཁུལ་གྱི་འོས་བསྡུའི་སྐོར་གྱི་དཀའ་ངལ་དང་འཐུས་ཤོར་དུ་གཏོང་བཞིན་པའི་ངོས་གཅིག་བཤད་ན་འདོད། སྤྱི་ལོ་༢༠༠༠་ཡས་མས་ནས་ཡོ་རོབ་ཁུལ་དུ་བོད་པ་ཇེ་མང་དུ་སོང་ནས་ད་ལྟའི་ཆར་སུད་སི་ཕུད་པའི་ཧྥ་རན་སི་དང་འཇར་མན། དབྱིན་ལན་སོགས་སུ་བོད་ཆིག་སྟོང་ལྷག་རེ་ཡོད་ཀྱང་། ༼བྷེལ་འཇེམ་ལ་བོད་པ་༢༠༠༠་ལྷག་ཡོད༽ལག་དེབ་ཡོད་མཁན་བརྒྱ་ནས་ཉིས་བར་ལས་མེད།
    ཁོ་བོས་འཇར་མན་ཁུལ་དུ་གནས་ཚུལ་རྒྱུས་ལོན་བྱས་བ་ལྟར་ན་བོད་པ་༩༠༠ལྷག་ཡོད་ཀྱང་ལག་དེབ་ཡོད་མཁན་བརྒྱ་ལྷག་ལས་མེད་ལ་འོས་བསྡུའི་ཆ་ཤས་ལེན་མཁན་༣༠ལྷག་ཙམ་ལས་མི་འདུག ལག་དེབ་མེད་མཁན་མང་པོ་ལ་སྐད་ཆ་དྲིས་སྐབས། མང་པོ་ཞིག་གིས་ལག་དེབ་གསར་བཟོའི་འགེངས་ཤོག་བསྒྱངས་ནས་ལོ་ཤས་འགོར་ཀྱང་ལག་དེབ་མ་རེགས་མཁན་པོ་འདུག དེའི་གྲས་ཀྱིས་འགེངས་ཤོག་མཉམ་དུ་དངུལ་སྤྲད་ཚར་ཀྱང་དེབ་མ་རེགས་པའི་སྒང་ལ་དངུལ་ཡང་ཕྱིར་སློག་མི་འདུག འབྲེལ་ཡོད་དོན་གཅོད་ལ་སྐད་ཆ་དྲིས་སྐབས་རྒྱ་གར་ནས་ལན་མ་སླེབས་ན་ཁོ་ཚོར་ཐབས་ཤེས་ཅི་ཡང་ཡོད་པ་མ་རེད་ཟེར། ད་ལོའི་ཚོགས་ཆེན་སྐབས་ལག་དེབ་བཟོ་མ་ཐུབ་པར་ལུས་བའི་ཐོ་གྲངས་ཉིས་བརྒྱ་ལྷག་ལས་མེད་སྐོར་གསལ་བསྒྲགས་ནང་གསལ་འདུག་ཀྱང་། འཇར་མན་གཅིག་བུར་གྲངས་ཚད་དེ་བས་མང་བ་ཡོད་པར་སྙམ་པས། རྒྱལ་ཁབ་གང་ཞིག་ཏུ་གཏན་བསྡོད་ཡིག་ཆ་རེགས་ཟིན་པའི་མི་ལ་ལག་དེབ་མ་སྤྲད་ན་གཞུང་དམངས་ཀྱི་གྱོང་ཞིག་ཆག་གིན་འདུག་ཀྱང་། འདིའི་ཕྱོགས་ལ་ད་ལྟའི་འཆར་གཞུང་ངོས་ནས་གྲགས་འགུལ་ཅི་ཡང་མི་འདུག

    Reply
  4. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    རེད་རེད།
    ངའི་ཁ་སྔོན་ཞིག་ནས་བཤད་ཡོད་་་་་་་་་ངོ་མ་བཤད་ན་ལྟས་ངན་རང་རེད་་་་ཆོས་རྒྱུད་ཁག་གི་སྤྱི་འཐུས་དེ། དེ་ལ་སྐྱོན་ཆེན་པོ་གཉིས་ཡོད་་་་་གཅིག་་་་བླ་སྤྲུལ་མཁན་ལས་ཟུར་རྒན་གྲལ་སོགས་ཀྱི་མངའ་འོག་དུ་མ་འདུས་པའི་གྲྭ་བཙུན་ཧ་ལམ་མེད། དེར་བརྟེན་ཁོ་པ་ཚོ་ག་གེ་མོ་རེ་སྤྱི་ལ་མི་སེམས་པ་ཕྱོགས་ལྷོང་ཁོ་ན་ལས་རང་གི་འོག་མི་དག་ལ་བཀའ་གཏོང་བ་དེ་རེད། གཉིས་་་གྲྭ་བཙུན་རང་ངོས་ལ་གོ་རྟོགས་དེ་ཙམ་མེད་ཁར་དོ་སྣང་ཡེ་ནས་མེད་པའི་རེད་འདོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese