མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ཡིག་སྤྱད་ན་ཁྲིམས་ཆད་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་དབུས་གསར་འགྱུར་དཔར་སྐྲུན་སྤྱི་ཁྱབ་ཁང་གིས་རྒྱ་ནག་གི་ཞིང་ཆེན་དང་ཁུལ་ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་གསར་འགྱུར་དཔར་སྐྲུན་ཁང་དང་། ཤིན་ཅང་འཛུགས་སྐྲུན་དམག་ཁུལ་གསར་འགྱུར་དཔར་སྐྲུན་ཁང་། བཅིངས་འགྲོལ་དམག་དཔུང་ཆབ་སྲིད་དྲིལ་བསྒྲགས་སྡེ་ཚན་བཅས་ཀྱི་ཡིག་ཆ་ཁག་ཏུ་ཕྱི་རྒྱལ་གྱི་སྐད་བརྡ་བསྲེས་སྦྱོར་བྱེད་མི་ཆོག་པའི་དོན་ཚན་དྲུག་ཅན་གྱི་བཀའ་རྒྱ་ཞིག་གསལ་བསྒྲགས་བྱས་ཡོད་འདུག   

གསལ་བསྒྲགས་དེའི་ནང་། གསར་ཤོག་ཁག་དང་དཔེ་སྐྲུན་ཁང་། སྒྲ་བརྙན་དཔར་སྐྲུན་ཁང་། གློག་རྡུལ་དཔེ་དེབ། རྒྱ་ཡིག་གི་གནས་འཕྲིན་དྲ་བ་སོགས་ནི་སྤྱི་ཚོགས་ཁྲོད་གནས་ཚུལ་མཁོ་གཏོང་བྱེད་པའི་བརྒྱུད་ལམ་གཙོ་བོ་དག་ཡིན་སྟབས། བརྒྱུད་ལམ་འདི་དག་གིས་རྒྱའི་སྐད་ཡིག་དར་སྤེལ་ཐད་ལས་འགན་ཆེན་པོ་ཡོད་འཁུར་དགོས། བརྒྱུད་ལམ་དེ་དག་གིས་རྒྱ་གཞུང་གི་༼ དཔར་བསྐྲུན་ཡིག་རིགས་བཀོལ་སྤྱོད་དོ་དམ་གཏན་འབེབས ༽ བཅའ་ཁྲིམས་ཀྱི་དོན་ཚན་ལྔ་བ་གཞིར་བཟུང་སྟེ།  ཚགས་པར་དང་། དུས་དེབ། བརྙན་དེབ།  སྒྲ་བརྙན་སོགས་སྒྲིག་སྦྱོར་དཔར་སྐྲུན་བྱེད་སྐབས་ཁ་བྱང་དང་ཕྱི་ཤོག་སོགས་ཀྱི་སྟེང་རྒྱ་ཡིག་ཁོ་ན་སྤྱོད་དགོས་པར་མ་ཟད། ཐོན་དངོས་རིགས་ཀྱི་ཕྱི་ཐུམ་མཛེས་བཟོ་དང་ཁྱབ་བསྒྲགས་ཀྱི་སྐབས་སུའང་ངེས་པར་དུ་ཚད་ལྡན་རྒྱ་ཡིག་གཙང་མ་བེད་སྤྱོད་བྱ་དགོས་པ་གཏན་འབེབས་དང་། རྩོམ་ཡིག་ནང་ཕྱི་ཕྱོགས་ནས་ཐོན་པའི་གསར་བྱུང་བརྡ་ཆད་རིགས།  དེ་བཞིན་ NBA, GDP, CPI, WTO  སོགས་ཀྱི་བསྡུས་མིང་དང་། ཕྱི་ཡིག་གི་ཕྲན་བཤད་སོགས་བཀག་འགོག་བྱས་ཏེ། མི་རིགས་རང་གི་རིག་གནས་དང་སྐད་ཡིག་དར་རྒྱས་སུ་འགྲོ་བར་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། ལས་དོན་འདི་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ལངས་ཕྱོགས་ཤིག་ཡིན་པས། གལ་སྲིད་གཏན་འབེབས་དེ་བརྩི་སྲུང་མ་བྱས་པར་རྒྱ་ནག་ཚད་ལྡན་དག་གཙང་སྤྱོད་རྒྱུར་འགོག་རྐྱེན་བཟོས་ཚེ་ཁྲིམས་ལུགས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་ཚུལ་སོགས་བཀོད་འདུག    

གནད་དོན་དེའི་ཐད་རྒྱ་ནག་ཕྱི་ནང་གཉིས་ཀྱི་རྒྱ་རིགས་ཆེད་མཁས་པ་དང་སྤྱི་ཚོགས་དཔྱད་བརྗོད་པ་དག་གིས་ལྟ་ཚུལ་འདྲ་མིན་འདོན་བཞིན་འདུག་ལ།  རྒྱ་ནག་ཧྲང་ཧེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲུའོ་ཞེ་ཧྥུན་ལགས་ཀྱིས། བརྡ་ཁྱབ་གསལ་བསྒྲགས་དེ་ནི་དཔོན་རིགས་ཚོས་དབང་ཤུགས་ཐལ་སྤྱོད་བྱས་པ་ཞིག་ཡིན་པར་མ་ཟད། དེ་ནི་ཁོ་ཚོས་སྐད་ཡིག་སྲུང་སྐྱོབ་ལ་ཁ་གཡར་ཏེ་ཕྱི་ཕྱོགས་ཀྱི་རིག་གནས་དང་བསམ་བློའི་ཤུགས་རྐྱེན་རྒྱ་ནག་ནང་ལོགས་སུ་ཡོང་རྒྱུར་བཀག་འགོག་བྱས་ཏེ། རྒྱ་ནག་མི་མང་གི་བསམ་བློའི་འཆར་སྒོ་དང་སྨྲ་བརྗོད་རང་དབང་ལ་ཚད་བཀག་བཟོས་པ་ཞིག་རེད་ཟེར།    

དེང་སྐབས་རྒྱ་ནག་གིས་རྒྱུན་སྤྱོད་བྱེད་བཞིན་པའི་ཚན་རིག་སྐོར་གྱི་བརྡ་ཆད་ཚིག་མཛོད་ནང་གི་ཐ་སྙད་ཀྱི་བརྒྱ་ཆའི་  ༧༠ ནི་ཉི་ཧོང་གི་བརྡ་ཆད་ཡིན་པ་དང་།  ཨ་རིའི་ཊེ་ས་སི་(Texas)མངའ་སྡེ་རུ་རྟེན་གཞི་བྱས་པའི་འཛམ་གླིང་སྐད་ཡིག་ལྟ་རྟོག་ཚོགས་ཀྱི་སྡོམ་རྩིས་ལྟར་ན། ཆ་སྙོམས་བྱས་ན་ཉིན་རེར་རྒྱ་ཡིག་བརྡ་ཆད་གཅིག་རེ་དབྱིན་ཡིག་ཁྲོད་ནང་འདྲེན་བྱེད་བཞིན་ཡོད་འདུག  དེ་བཞིན།  རྒྱ་ནག་གིས་བོད་ཁུལ་དུ་དབང་བསྒྱུར་བྱས་པ་ནས་བཟུང་། བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་ཀྱི་ཁྲོད་དུའང་རྒྱ་ཡིག་གི་བཙན་འཛུལ་སླེབས་མགོ་ཚུགས་ཏེ། ད་ལྟ་བོད་མིའི་རྒྱུན་སྤྱོད་སྐད་བརྡའི་ཁྲོད་རྒྱ་ཡིག་བསྲེས་ལྷད་ཤུགས་ཆེན་པོ་བྱུང་ཡོད་པར་མ་ཟད།  བོད་ཀྱི་ས་ཁུལ་ལ་ལར་བོད་རིགས་གཞོན་སྐྱེས་ཚོས་རང་གི་བོད་སྐད་ཀྱང་བརྗོད་མི་ཤེས་པའི་ཚད་ལ་སླེབས་ཡོད།   ཡིན་ནའང་། རྒྱ་གཞུང་གིས་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་གཙོ་བོར་བཟུང་བའི་སྐད་གཉིས་སློབ་གསོ་སྤེལ་དགོས་པར་མ་ཟད། བྱིས་གཉོར་ཁང་དུའང་རྒྱའི་སྐད་ཡིག་སློབ་ཁྲིད་བྱ་དགོས་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་རེད། 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

*As of December 1, 2025 | Total imprisoned: 330 journalists. Chart: Charles SpicerSource: The Committee to Protect Journalists
Mobile App

འདས་ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

ཆུ་ཚོད་ ༡ སྔོན་ལ།
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

ཆུ་ཚོད་ ༣ སྔོན་ལ།
Mobile App

སྤེན་ཚེ་དང་སྐལ་རྡོར་གྱི་འགྲན་བསྡུར།

ཆུ་ཚོད་ ༥ སྔོན་ལ།
མོན་གྷོ་བོད་མི་སེར་སྐྱ་མི་མང་གིས་རྗེ་ཚེ་འཛིན་མའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༦།༡།༢༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

གདན་ས་ཆེན་མོ་དགའ་ལྡན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ས་གནས་སེར་སྐྱ་མི་མང་གིས་བརྟན་བཞུགས་བསྟར་འབུལ་ཞུས། 

༢༠༢༦/༠༡/༢༡
Mobile App

དགེ་ལུགས་སྤྱི་འཐུས་རྣམ་གཉིས་ཀྱིས་འགྱོད་བཤགས་དང་ཁས་ལེན་དམ་བཅའ་ཞུས་འདུག 

༢༠༢༦/༠༡/༢༠
Mobile App

མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།

༢༠༢༦/༠༡/༢༠

མཆན། 2

  1. ཇ་མ་ says:
    ལོ་ 15 སྔོན།

    ཁྲིམས་ལུགས་འདི་ཧྥ་ཤི་སིའི་ཁྲིམས་ལུགས་རང་རེད།

    Reply
  2. ཤག་སྒང་པ། says:
    ལོ་ 15 སྔོན།

    རྒྱ་ནག་རྒྱལ་ཁབ་ཆེན་འདིས་སྲིད་བྱུས་ཀྱི་བྱེད་རིམ་འདི་འདྲ་ཞིག་མ་སྤེལ་ན། མང་གཙོའི་འཛམ་གླིང་གི་འཁྲོད་དུ་དམར་གཞུང་ཨཁྱེར་རྐྱང་གཅིག་པུ་ཞིག་ག་ནས་གནས་ཐུབ། གནས་ཚུལ་འདི་དག་ནས་ང་ཚོས་སློབ་སྦྱོང་གསར་པ་ཞིག་བླངས་ཏེ། ཉི་མ་དེ་རིང་ནས་ང་ཚོས་རང་གི་སྐད་དང་ཡི་གེར་ཆེས་མཐོང་དང་རིན་ཐང་གསར་པ་ཞིག་སྤྲད་དེ། ཉིན་རེའི་འཚོ་བའི་བཀོལ་སྤྱོད་ནང་བོད་དུ་གྱུར་བའི་བོད་ཚིག་བེད་སྤྱོད་གང་ཐུབ་ཀྱིས་ཐབས་ཤེས་དེ་བོད་མི་མི་རེ་ངོ་རེས་གནས་ན། ང་ཚོའི་སྐད་ཡིག་ཀྱང་འཛམ་གླིང་འདིའི་ནང་འཚོ་གནས་ཐུབ་ཅིང་། དེ་ལྟར་མ་བྱུང་ཚེ་དཀའ་ལས་ཁག་པའི་རང་བཞིན་ཞིག་ངོ་མ་འགྱུར་རན་ནས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese