མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་བར་གྱི་འཐབ་རྩོད།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

ཨ་ཧྥི་རི་ཀའི་ཁོ་ཐེ་ཏི་ཝོར་སྤྱི་མཐུན་རྒྱལ་ཁབ་ ( Ivory Coast) ཀྱི་སྲིད་འཛིན་གསར་རྙིང་གི་རྙོག་གླེང་ལ་བརྟེན་ནས་ནང་ཁུལ་ཟིང་འཁྲུག་འབྱུང་ཉེན་ཡོད་འདུག

༢༠༠༠ ལོའི་སྤྱི་མཐུན་རྒྱལ་ཁབ་དེའི་སྲིད་འཛིན་འོས་འདེམས་སྐབས། སྐུ་ཞབས་བྷག་བྷོ་ Gbagbo ཟེར་བར་སྲིད་འཛིན་དུ་ཐོབ་སྟེ་ ༢༠༠༥ ལས་ཡུན་རྫོགས་ཡོད་ཀྱང་། ཁོས་སྒེར་གྱི་དམག་མིའི་དཔུང་ཤུགས་ལ་བརྟེན་ ༢༠༡༠ ལོའི་བར་སྲིད་འཛིན་བསྐྱར་འདེམས་བྱེད་བཅུག་མེད། ད་ལོའི་ཕྱི་ཟླ་ ༡༡ པའི་ནང་སླར་ཡང་འོས་བསྡུའི་ལས་རིམ་སྒྲུབ་ཐུབ་ཙམ་བྱུང་སྟེ། རྒྱལ་ཡོངས་འོས་བསྡུ་ལྷན་ཁང་གིས་འོས་ཤོག་གྲངས་བཤེར་གྱི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་ནང་། སྔར་གྱི་སྲིད་བློན་ཟུར་བ་སྐུ་ཞབས་ཨ་ལཱ་སན་ Alassane Ouattara ལགས་སུ་འོས་ཤོག་བརྒྱ་ཆ་ ༥༤ ཐོབ་ཡོད་པ་དང་། ད་ལྟའི་སྲིད་འཛིན་བྷག་བྷོ་ལ་འོས་ཤོག་བརྒྱ་ཆ་ ༤༦ ལས་ཐོབ་མེད་སྟབས།  སྐུ་ཞབས་ཨ་ལཱ་སན་ལགས་ལ་ ༢༠༡༠ ལོའི་ཁོ་ཐེ་ཏི་ཝོར་སྤྱི་མཐུན་རྒྱལ་ཁབ་སྲིད་འཛིན་གསར་པར་ཁྱབ་བསྒྲགས་བྱས་ཡོད། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་མང་པོ་ཞིག་གིས་ཀྱང་སྐུ་ཞབས་ཨ་ལཱ་སན་ལགས་སྲིད་འཛིན་གསར་པར་ངོས་འཛིན་ཐོག་རྟེན་འབྲེལ་ཞུས་ཡོད།  

འོན་ཀྱང་། སྲིད་འཛིན་བྷག་བྷོ་ཡིས་ད་དུང་སྲིད་འཛིན་གྱི་གོ་གནས་རྒྱུན་འཛིན་བྱས་ཏེ། གསར་དུ་བདམས་ཐོན་བྱུང་བའི་སྲིད་འཛིན་ཨ་ལཱ་སན་ལ་གོ་གནས་རྩིས་སྤྲོད་བྱེད་ཀྱི་མེད་སྟབས། བྷག་བྷོའི་སྟངས་འཛིན་འོག་གི་དམག་དཔུང་དང་ཨ་ལཱ་སན་ཕྱོགས་གཏོགས་བར་ཟིང་འཁྲུག་འབྱུང་རྒྱུའི་ཉེན་ཁར་ཐུག་ཡོད་འདུག ད་ལྟའི་ཁོ་ཐེ་དི་ཝོར་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་བབ་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྟབས། ཧྥ་རན་སིའི་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། དེར་ཡོད་ཧྥ་རན་སིའི་མི་སེར་ ༡༥༠༠༠ ལྷག་ཡོད་པ་རྣམས་ཕྱིར་རང་རྒྱལ་དུ་ལོག་དགོས་སྐོར་བརྗོད་འདུག

ཚེས་ ༢༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀེ་མོན་གྱིས། ཁོ་ཐེ་དི་སྤྱི་མཐུན་རྒྱལ་ཁབ་ལ་སླར་ཡང་ཟིང་འཁྲུག་ཡོང་ཉེན་ཡོད་པ་དེས་མང་ཚོགས་ལ་བརྡབ་གསིག་ཆེན་པོ་ཐེབས་ཀྱི་ཡིན་པ་དང་། རྒྱལ་ཁབ་དེར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇག་དམག་མིར་ཡང་ཉེན་ཁ་འབྱུང་སྲིད་པས། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་མགྱོགས་མྱུར་ངང་སྲིད་འཛིན་བྷག་བྷོ་ལ་གནོད་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག

དེ་བཞིན་ཨ་རིའི་ཕྱི་སྲིད་མགྲིན་ཚབ་པ་དང་ཡུ་རོ་མཐུན་ཚོགས་ཀྱི་ཕྱི་སྲིད་བདེ་དོན་ལས་ཁུངས་ཀྱི་ཚོགས་གཙོ་བཅས་ཀྱིས་ཀྱང་། ཐེངས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་གཙོ་འགན་འཁུར་དགོས་པ་དང་། སྲིད་འཛིན་གྱི་འོས་ཤོག་ཐད་གནད་དོན་གང་ཡང་མེད་པས། གནད་དོན་གཙོ་བོ་སྲིད་འཛིན་རྙིང་པ་གོ་གནས་ནས་འབབ་རྒྱུ་དེ་ཡིན་པར་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༡ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༨ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese