མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་འདུན་པ་བཞི་ཀློད་གྲོལ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བོད་མདོ་སྨད་མང་ར་རྫོང་ཀླུ་ཚང་དགོན་པའི་དགེ་འདུན་པ་ ༤ ཡི་ལོ་གཉིས་ཀྱི་དུས་བཀག་བཙོན་འཇུག་གི་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་ཡོད་འདུག ཁོང་ཅག་ནི་ཕྱི་ལོ་ ༢༠༠༩ ལོའི་བོད་ཀྱི་ལོ་གསར་སྐབས་སུ་ཨ་མདོ་མང་ར་རྫོང་ཁོངས་སུ་ཡོད་པའི་ཀླུ་ཚང་དགོན་པའི་གྲྭ་པ་བརྒྱ་ཙམ་གྱིས་མར་མེ་ཁྲོམ་སྐོར་བྱས་ཏེ། ས་གནས་རྫོང་སྲིད་གཞུང་གི་སྒོ་ཁར་འདུ་འཛོམས་ཀྱིས་ངོ་རྒོལ་བྱས་པའི་སྐབས། རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་གཉིས་ཀྱི་དུས་བཅད་བཙོན་འཇུག་གི་ཉེས་ཁྲིམས་བཅད་ཡོད་པའི་ལོ་བ་སྡེ་བའི་གྲྭ་བཟོད་པ་རྒྱ་མཚོ་དང་། རུ་མང་སྡེ་བའི་གྲྭ་ལུང་རྟོགས་རྒྱ་མཚོ་དང་སྐལ་བཟང་རྒྱ་མཚོ། བྱ་གཞུང་སྡེ་བའི་གྲྭ་བཟོད་པ་རྒྱ་མཚོ་བཅས་བཞི་ལ་དུས་བཅད་བཙོན་འཇུག་ལོངས་ཏེ་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཀློད་གྲོལ་བཏང་འདུག  

རྒྱ་གར་དུ་ཡོད་པའི་བློ་བཟང་ལགས་ཀྱིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ལ་གནས་ཚུལ་བརྗོད་པ་ལྟར་ན།  གྲྭ་བ་དེ་དག་ལ་བཙོན་འཇུག་དུས་བཅད་ལོངས་ཏེ་ཀློད་གྲོལ་བཏང་ཟིན་ནའང་།  བཙོན་འཇུག་སྐབས་གཅར་རྡུང་དང་ངལ་རྩོལ་བསྒྱུར་བཀོལ་ཤུགས་ཆེན་པོ་བྱས་པར་བརྟེན་ཁོ་ཚོའི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག ད་ལྟ་ཁོ་སོ་སོའི་ནང་ལ་ལོགས་སུ་བཅུགས་ཡོད་ནའང་།  ཕྱིར་དགོན་པར་འཛུལ་ཞུགས་ཆོག་མིན་ད་དུང་གསལ་བོ་བྱུང་མེད་སྐོར་བརྗོད་འདུག  

མདོ་སྨད་ཀླུ་ཚང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུ་དུས་དྲན་དང་། ཕྱི་ལོ་ ༢༠༠༩ ལོའི་བོད་ཀྱི་ལོ་གསར་སྐབས་གཉིས་སུ་སྔར་རྗེས་ངོ་རྒོལ་ཁྲོམ་སྐོར་བྱས་པ་ནས་བཟུང་། རྒྱ་གཞུང་གིས་དགོན་པའི་ནང་ལྟ་རྟོག་པ་གཏན་སྡོད་བྱས་ཏེ་དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་འཐའ་དག་ལ་དོགས་ཟོན་དང་བཀག་སྡོམ་བྱེད་བཞིན་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༡༥ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༨ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༠ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨

མཆན། 2

  1. མིག་གསུམ་པ། says:
    ལོ་ 15 སྔོན།

    ཁོང་ཚོའི་སྙིང་སྟོབས་དང་ཆོད་སེམས་ལ་རྗེས་སུ་ཡི་རིངས་བྱེད། བོད་མི་རིགས་ཀྱི་དཔའ་རྒོད་ཚོ།

    Reply
  2. དགེའོ says:
    ལོ་ 15 སྔོན།

    ཀླུ་ཚང་དགོན་པའི་ཨ་ཁུ་བཞི་བོར་དགའ་སྤྲོའི་འཚམས་འདྲི་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese