མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ལྐོག་ཟ་བྱེད་མཁན།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཚེས་ ༢༨ ཉིན་རྒྱ་ནག་ཉིན་རེའི་གསར་ཤོག་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཉེན་རྟོག་དཔལ་འབྱོར་ཉེས་དོན་ཚན་པའི་མགོ་བ་མིན་ཆིན་ཧྥུན་གྱིས། ཉེ་སྔོན་རྒྱ་ནག་རྒྱལ་ཡོངས་སུ་དཔལ་འབྱོར་ལྐོག་ཟ་བྱས་རྗེས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཉེས་བྱོལ་ལ་ཕྱིན་མཁན་ ༥༨༠ ལྷག་ཡོད་པ་དང་། ད་ལྟ་རྒྱ་ནག་གིས་རྒྱལ་ཁབ་ ༣༧ ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཆིང་ཡིག་བཞག་ཡོད་པ་དང་། རྒྱལ་ཁབ་ ༤༧ ལ་ཉེས་ཁྲིམས་ཞིབ་བཤེར་གྱི་མཉམ་འབྲེལ་ཆིངས་ཡིག་བཞག་ཡོད་པར་མ་ཟད། ཕྱི་ལོ་ ༢༠༠༧ ལོ་ནས་ད་ལྟའི་བར་གསར་དུ་བྲོས་བྱོལ་ལ་ཕྱིན་ཟིན་པའི་ལྐོག་ཟ་མཁན་གྱི་གྲངས་འབོར་དེ།  སྔོན་ཆད་ཕྱི་རུ་ཉེས་བྱོལ་དུ་ཕྱིན་ཚར་བའི་ལྐོག་ཟ་མཁན་ཕྱིར་འཛིན་བཟུང་བྱས་པའི་གྲངས་འབོར་ལས་ཉུང་བ་སྐོར་བརྗོད་འདུག ཡིན་ནའང་། རྒྱ་ནག་གི་གསར་ལམ་ཁག་གིས་གནས་ཚུལ་བཀོད་པ་ལྟར་ན། འདས་པའི་ལོ་ ༣༠ རིང་རྒྱ་ནག་དམར་ཤོག་དཔོན་རིགས་ ༤༠༠༠ ལྷག་གིས་ཁྱོན་བསྡོམས་ཨ་སྒོར་དུང་ཕྱིར་ ༥༠༠ ལྷག་ལྐོག་ཟ་རུལ་སུངས་བྱས་རྗེས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཉེས་ཡོལ་ལ་ཕྱིན་ཡོད་འདུག    

དེང་སྐབས་རྒྱ་ནག་གི་དམར་ཤོག་དཔོན་རིགས་ཚོས་གཞུང་དངུལ་ལྐོག་ཟ་བྱེད་ཀྱིན་པའི་གནས་སྟངས་དེ་ནི། མི་སྒེར་རེ་འགའི་གནད་དོན་ཙམ་མ་ཡིན་པར།  དབུས་ནས་གཞི་རིམ་བར་གྱི་དཔོན་རིགས་རྣམས་སྟེང་འོག་ལག་སྦྲེལ་གྱིས་ལྐོག་ཟ་བྱེད་ཀྱིན་ཡོད་པ་ཞིག་ཆགས་ཡོད།  ད་ལྟ་བྱང་ཨ་རི་དང་ལྷོ་ཤར་ཨེ་ཤ་ཡའི་ས་ཁུལ་དུ་ཉེས་བྱོལ་ལ་ཕྱིན་ཡོད་པའི་རྒྱ་ནག་དམར་ཤོག་དཔོན་རིགས་དེ་དག་གིས་དཔལ་འབྱོར་ལྐོག་ཟ་བྱེད་སྟངས་གཙོ་བོ་གན་རྒྱ་དང་དངུལ་འཛིན། དངུལ་བྱང་སོགས་རྫུན་མ་བཟོ་བ། གཞུང་གི་ལས་གཞི་ཁག་གི་མ་དངུལ་དང་། ཚོགས་པ་དང་མང་ཚོགས་ཀྱི་སྤྱི་དངུལ་རྐུ་འཕྲོག་བྱེད་པ། གཞུང་གི་གོ་ཐོབ་སྤྱད་དེ་དངུལ་ཁང་ནས་དངུལ་བུན་ཕོན་ཆེན་སྐྱི་གཡར་བྱེད་པ་སོགས་ཡིན་འདུག     

རྒྱ་ནག་གཞུང་འབྲེལ་གྱི་བསྡོམས་རྩིས་ལྟར་ན།  ཕྱི་ལོ་ ༢༠༠༦ ནས་ད་ལྟའི་བར་ཁེ་ན་ཌ་དང་ཨ་རི་སོགས་སུ་བྲོས་བྱོལ་ཏུ་ཕྱིན་ཡོད་པའི་དཔལ་འབྱོར་ལྐོག་ཟ་མཁན་ ༢༥༠ ལྷག་ཡོད་པ་དང་། དེ་དག་ཕལ་ཆེ་བ་ནི་ས་ཁུལ་སོ་སོའི་དབང་འཛིན་དཔོན་རིགས་མཐོ་གྲས་དང་དངུལ་ཁང་གི་མགོ་བ་དག་ཡིན་འདུག སྤྱི་ཚོགས་དཔྱད་བརྗོད་པ་དག་གིས་དེ་ནི་རྒྱ་ནག་དམར་ཤོག་གི་སྒེར་གཅོད་ལམ་ལུགས་འོག རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཁྲིམས་བཤེར་ལ་སྒེར་ཚུགས་མེད་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་ལ་སྤྱི་ཚོགས་གནད་དོན་ཐེར་འདོན་གྱི་རང་དབང་མེད་པ་སོགས་ཀྱིས་རེད་ཟེར།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༡༢ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

མཆན། 6

  1. སྟག་ཕྲུག says:
    ལོ་ 16 སྔོན།

    འདི་དག་ནི་འགྲོ་བ་མིའི་མི་གཤེས་ཉམས་པའི་རྟགས་ཡིན་པར་སོང། ང་ཚོ་ཚང་མས་གཞན་གྱི་སྐྱོན་འདོན་བྱ་རྒྱུ་གཙོ་བོར་མི་བྱེད་པར་གཞན་གྱི་བྱ་བའི་ལེགས་ཉེས་ལ་བལྟས་ཏེ་རང་སོ་སོས་སྤང་བླང་མ་ཆུག་པ་བྱ་རྒྱུ་གལ་ཆེ་བ་ཡིན་ནོ།

    Reply
  2. རླུང་རྟ་རྒྱལ། says:
    ལོ་ 16 སྔོན།

    རྒྱ་ནག་གི་ཙུང་ལི་སྔོན་མ་ཀྲོའུ་རུང་ཅི་ལགས་ཀྱིས་གསུངས་དོན་རང་རེའི་རྒྱལ་ཁབ་ཏུ་སྤྱི་ནོར་ལ་ལྐོག་ཟ་བྱེད་པའི་གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན།གལ་ཏེ་རང་རྒྱལ་གྱི་རྫོང་དཔོན་བཅུ་ཙམ་ཨ་རི་རྒྱལ་ཁབ་ཏུ་མངགས་ཐུབ་པ་བྱུང་ཚེ་ཨ་རིའི་དཔལ་འབྱོར་ལ་ཉམས་ཉེས་ཆེན་པོ་བྱུང་ངེས་པ་ཐེ་ཚོམ་བྲལ།

    Reply
  3. ཐོ་རེངས། says:
    ལོ་ 16 སྔོན།

    རྒྱ་ནག་མིན་ན་ལྐོག་ཟ་བྱེད་མཁན་ད་མང་རབ་ཡོད་ཡ།
    ཨ་ཧ་ཧ་ཧ།

    Reply
  4. གཟུ་གནས་བློ་ལྡན། says:
    ལོ་ 16 སྔོན།

    རྒྱ་ཕག་དེ་ཚོ་འདི་རུ་ཡོང་ནས་ཕག་སྐྱག་གཏོང་དགོས་དོན་ག་རེད་ཡིན་ནམ། ངས་ངོ་མ་ཧ་གོ་མ་སོང་།

    Reply
  5. བསྟན་འཛིན་འཕགས་པ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོའི་ཐུགས་བསམ་ཞིག་གཞིས་ན་མ་ཏོག་།
    རྒྱ་ནག་གིས་ལྐོག་ཟ་རུལ་སུངས་ལ་ཧམ་བསམ་དགོས་པ་ག་ལ་ཡོད་།

    དེ་ལས་ང་ཚོའི་འདས་ཟེན་པའི་ལོ་རྒྱུས་ལ་ཕྱི་མིག་ཞིག་ལྟོས་དང་། ད་ལྟར་མ་འོང་བཀའ་ཁྲི་དགོས་ཟེར་བའི་བཀྲས་མཐོང་རྣམ་རྒྱལ་སོགས་གཞུང་དངུལ་ལྐོག་ཟ་བྱེད་མཁན་དག་ལ་ཞིབ་བཤེར་ལེགས་པར་ཞིག་བྱས་ནས་།

    ཁྲིམས་ཆད་ནན་པོ་ཞིག་མ་བཏང་ན་ངེན་པ་ལམ་དུ་ཤོར་ནས་བཀྱག་པ་ལང་ནས་གཏོང་ཡོང་།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ཚེ་རིང་རྒྱལ་ལགས་ཀྱི་གསར་འགྱུར་ལ་ཐུགས་རྗེ་ཆེ་དང་། ད་བོད་དོན་བདེན་མཐའ་ལ་རེ་བ་ཆེ་རུ་ཕྱིན་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese