མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་སྤྲུལ་ཉེར་ལྔ་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་ཕྱག་འཁྱེར་སྤྲད།

བོད་ཀྱི་དུས་བབ།
༢༠༡༠/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

སི་ཁྲོན་ཞིང་ཆེན་གྱི་བླ་སྦྲུལ་ ༢༥ ལ་རྒྱལ་གཅེས་ཆོས་གཅེས་དང་སྲིད་གཞུང་གི་ངོས་ལེན་ཡོད་པའི་བླ་སྤྲུལ་གྱི་ལག་འཁྱེར་སྤྲད་འདུག་ལ། གཞུག་ཕྱོགས་ཁོང་ཅག་གིས་ཁ་བྲལ་ལ་རྒྱབ་སྐྱོར་བྱས་ཚེ་ལག་འཁྱེར་ཕྱིར་བསྡུ་ཙམ་དུ་མ་ཟད། བླ་སྤྲུལ་གྱི་མིང་ཐོབ་ཀྱང་མེད་པ་བཟོ་རྒྱུ་ཡིན་ཟེར།

 ༼  སི་ཁྲོན་ཉིན་རེའི་ཚགས་པར། ༽ སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཁྲིན་ཏུའུ་གྲོང་ཁྱེར་དུ་སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུའི་ལག་ཁྱེར་སྤྲོད་པའི་མཛད་སྒོ་ཟེར་བ་ཞིག་ཚོགས་ཡོད་ཅིང་། མཛད་སྒོ་དེའི་སྟེང་ཐུབ་བསྟན་དགེ་ལེགས་རིན་པོ་ཆེ་ཞུ་བ་ཞིག་དང་ངག་དབང་མཁས་གྲུབ་རིན་པོ་ཆེ་ཞུ་ཞིག རྒྱལ་རོང་བྱམས་པ་རྟ་མགྲིན་མཁས་གྲུབ་དང་། སྦང་ཁ་སྐལ་བཟང་རིན་ཆེན། ཞིང་ཀུན་ཀླུ་རོང་ཡེ་ཤེས་གྲགས་པ་དབང་ཕྱུག་ཞུ་བ་བཅས་ས་ཁྲོན་ས་ཁུལ་གྱི་བླ་སྤྲུལ་ ༢༠ ལ་རྒྱལ་གཅེས་ཆོས་གཅེས་བླ་སྤྲུལ་གྱི་ལག་འཁྱེར་སྤྲད་ཡོད་པ་དང་། གཞན་བླ་སྤྲུལ་ ༥ ལ་རྒྱ་ནག་གཞུང་གིས་གསར་དུ་ཆོག་མཆན་ཐོབ་པའི་བླ་སྦྲུལ་གྱི་ལག་འཁྱེར་སྤྲད་ཡོད་འདུག

 

མཛད་སྒོ་དེའི་སྟེང་སི་ཁྲོན་ཞིང་ཆེན་གྱི་དྲུང་ཆེ་ལིས་ཁྲོན་ཞཱི་གཙོ་བྱས་པའི་ཞིང་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་དཔོན་རིགས་ཁག་ཅིག་དང་། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་སྐུ་ཚབ་བཅས་མཉམ་ཞུགས་བྱས་ཡོད་ཅིང་། མཛད་སྒོའི་ཐོག་ལིས་ཁྲོན་ཞཱི་ཡིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཁུལ་གྱི་གནད་དོན་ལ་གདེང་འཇོག་ཚད་མཐོན་པོ་བྱས་ཤིང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་བྱ་བཞག་ལ་སྔར་ལས་ལྷག་པའི་དོ་སྣང་བྱེད་ཀྱི་ཡོད་སྐོར་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ལས་སྣེ་དག་གི་ཐོབ་ཐང་ངོས་འཛིན་དང་། ལག་འཁྱེར་སྤྲོད་ཕྱོགས་ལ་ཞིབ་འཇུག་དང་དོ་སྣང་ཆེ་རུ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག དེ་བཞིན། འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གྱིས་གཏམ་བཤད་བྱས་དོན། དེ་རིང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲལ་ལས་སྣེ་དག་ལ་ངོས་འཛིན་ལག་འཁྱེར་སྤྲོད་བཞིན་ཡོད་པ་འདི་ནི། ཏང་ཀྲུང་དབྱང་གིས་བོད་བརྒྱུད་ནང་བསྟན་ལ་འཛིན་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་ཤིག་དང་། བོད་བརྒྱུད་ནང་བསྟན་གྱི་ཆོ་ག་ཕྱག་ལེན་ཁག་ཡང་དག་གིས་ལག་བསྟར་བྱ་ཆེད་ཡིན་པ་མ་ཟད། ཚུལ་ལྡན་དང་ཁྲིམས་མཐུན་གྱི་སྒོ་ནས་ཆོས་ལུགས་གནད་ཡོད་མི་སྣ་སྐྱེད་སྲིང་དང་སྲུང་སྐྱོབ་བྱ་ཆེད་ཡིན་ལ། མ་འོངས་པར་ཆོས་ལུགས་གནད་ཡོད་མི་སྣ་དང་བླ་སྤྲུལ་ཁག་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་སྟངས་ལ་གཞིགས་ཏེ། ཕུགས་རྒྱང་རིང་བོར་དམིགས་ཐུབ་པར་བྱ་ཆེད་ཡིན་ཞེས་བརྗོད་ཡོད་འདུག

 

ཐེངས་འདིའི་རྒྱ་གཞུང་གི་བྱ་འགུལ་དེ་ནི་སི་ཁྲོན་ཞིང་ཆེན་གཅིག་པུར་ལག་བསྟར་བྱས་པ་ཞིག་མིན་པར། འདི་ལོའི་ཕྱི་ཟླ་ ༡༠ བའི་ཚེས་ ༢༢ ཉིན་ཀན་སུའུ་ཞིང་ཆེན་མངའ་ཁུལ་གྱི་བླ་སྤྲུལ་ཁག་ལ་ལག་བསྟར་བྱས་ཡོད་པ་དང་། ཕྱི་ཟླ་ ༡༡ པའི་ཚེས་ ༡༨ ཉིན་མཚོ་སྔོན་མངའ་ཁུལ་དུ་ཡང་ལག་བསྟར་བྱས་ཡོད་འདུག བྱ་འགུལ་དེའི་ཁྲོད་ལག་ཁྱེར་སྤྲད་ཟིན་པའི་བླ་སྤྲུལ་དག་གིས་མི་མང་འདུ་འཛོམ་ལ་སྣེ་ཁྲིད་བྱེད་པ་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་ཁ་བྲལ་དང་མི་རིགས་མཐུན་སྒྲིལ་གཏོར་བརླག་གི་བྱ་སྤྱོད་སྤེལ་བ་སོགས་བྱས་ཚེ་ལག་འཁྱེར་ཕྱིར་བསྡུ་བྱ་རྒྱུ་ཡིན་པ་མ་ཟད། དེང་ཕྱིན་བླ་སྤྲུལ་གྱི་མང་ཐོབ་ཀྱང་མེད་པ་བཟོས་ཏེ། རྒྱལ་བཙོང་བའི་ནག་ཉེས་ཅན་དུ་རྩིས་ཏེ་ཁྲིམས་ཆད་ནན་མོ་གཅོད་རྒྱུའི་གསལ་བཤད་ཀྱང་བྱས་འདུག

༼གོང་གསལ་གསར་འགྱུར་ནང་གི་བླ་སྤྲུལ་དག་གི་ཡོང་ཁུངས་དང་ཆོས་བརྒྱུད་གྲུབ་མཐའ། དགོན་པ་དང་ཡུལ་ལུང་གང་གི་བླ་སྤྲུལ་ཡིན་མིན་ཁ་གསལ་མེད་སྟབས་རྒྱ་ཡིག་གི་སྒྲ་གདངས་རང་སོར་བཞག་ཡོད༽

གསར་འགོད་པ། དོན་གོ   

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 10

  1. གླིང་ཚང་བྱ་གླག says:
    ལོ་ 15 སྔོན།

    འོ་རེད། བླ་སྤྲུལ་རྣམས་ཀྱིས་ལག་ཁྱེར་དེ་བོད་བྲིས་འདུག་གམ། ཡང་ན་རྒྱ་ཡིག་བྲིས་འདུག།
    ཕར་ལྟ་དུས་རྒྱ་ཡིག་ཡིན་པའི་ཟོ་ཞིག་འདུག།

    Reply
  2. གླིང་ཚང་བྱ་གླག says:
    ལོ་ 15 སྔོན།

    རྒྱ་མི་འདི་ཚང་གི་བླ་སྤྲུལ་འདི་ཚོ་ལ་ཆ་རྐྱེན་གང་འདྲ་ཞིག་སྤྲོད་ཡོད་ན། མ་འོངས་པའི་ལས་ཕྱོགས་ཀྱི་ཐད་ལ་ཡིན་དམ། ཡང་ན་ལས་ཚར་བའི་རྟག་མ་ཡིན་ན། ངོ་མ་བླ་སྤྲུལ་འདི་ཚོའི་སེམས་ལ་གང་ཞིག་དྲན་བཞིན་ཡོད་ན།
    ཅིག་བྱས་ན་ཁོང་ཚོ་ལ་ཡང་རང་དབང་མེད་པའི་དབང་གིས་ལག་ཁྱེར་འདི་ཚོ་སྤྲད་ཡོད་རྒྱུ་རེད།
    ཡང་ཅིག་བྱས་ན་བླ་སྤྲུལ་འདི་ཚོ་ཚང་མ་དེ་ག་ཙམ། རྒྱ་དམར་ཁོང་ཚོའི་རྫུན་མ་བཟོས་པ་ཡིན་རྒྱུ་རེད།
    གང་ལྟར་ཀྱང་བོད་གཞུང་དམངས་ཡོངས་ཀྱིས་འདི་ལ་ཡང་དཔྱད་པ་རེ་བྱས་ན་ལེགས།

    Reply
  3. ལུང་རྟོགས། says:
    ལོ་ 15 སྔོན།

    དཔར་དང་པོ་དེ་ལ་ལྟོས་དང་། བླ་སྤྲུལ་ཚོས་རྒྱ་དཔོན་ཚོའི་མདུན་ནས་དབང་ཞུ་གི་ཡོད་པ་ལྟ་བུ་ཞིག་མི་འདུག་གམ། ཧཧཧ

    Reply
  4. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    ད་རྒྱ་མི་རྒྱ་མི་ཟེར་ན་ཡང་དང་པོ་འདི་ན་བོད་པའི་བྱབ་ཆུང་ཞིག་ཡོད་པ་ཐག་ཆོད། ལག་འཁྱེར་སྤྲོད་མཁན་དང་ལེན་མཁན་གཉིས་ཀར་སེམས་མེད་ཀི།

    Reply
  5. གནམ་ལྕགས། says:
    ལོ་ 15 སྔོན།

    འཛུམ་མདངས་ཀྱིས་མི་གསོད་ཟེར་བ་ནི་འདི་ལ་ཟེར་བ་རེད་དོ།།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སྒང་ལ་རྒྱ་ཡིག་ཡིག་ཆེན་བྲིས་ནས་འོག་ལ་བོད་ཡིག་ཡིག་ཆུང་བྲིས་ན་ཡང་ཁྱད་མེད་ང་ལ་སྤྲུལ་སྐྲུའི་ལག་འཁྱེད་རག་ན་འགྲིག་ག ཞེས་པ་ལྟ་བུར་མཐོང་། ། ཧཧཧཧཧཧཧཧ

    Reply
  7. བདེ་ཁང་སྲས་ says:
    ལོ་ 15 སྔོན།

    ལག་འཁྱེར་བླངས་ནས་བླ་སྤྲུལ་ཡོང་གི་ཡོད་ན་ཧུའུ་ཅིན་ཐའོ་ལ་ལག་འཁྱེར་མཐོ་ཤོས་དེ་མ་སྤྲད་པ་གང་ཡིན་ནམ།
    མ་དྲན་དགུ་དྲན་རང་རེད། ཆོས་དུག་ལ་ངོས་འཛིན་མཁན་གུང་ཁྲན་གྱིས་བླ་སྤྲུལ་ཐག་གཅོད་བྱེད་ན་ད་གནས་སྟངས་ག་པར་སླེབས་འདུག

    གུང་ཁྲན་འདིའི་འོག་ནས་བོད་པ་ཚང་གིས་ལས་གསོག་རྒྱུ་མེད་ན་མ་གཏོགས་ཚང་མ་བསགས་སོང་།

    ང་ཚོའི་སྲུང་མ་ཡི་དམ་ཚོས་ཀྱང་ལག་འཁྱེར་བླངས་ཚར་བ་མིན་ནམ་་་་་གོ་རྒྱུ་ཅང་མི་འདུག

    Reply
  8. མངའ་རིས་བུ། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས།་ཐུགས་རྗེ་ཆེ།
    བླ་སྤྲུལ་འདི་དག་ཆོས་རྒྱུད་དང་གྲུབ་མཐའ་གང་ཡིན་དང་དེ་དག་གི་ལོ་རྒྱུས་མདོར་ཙམ་ཞིག་འདི་གར་འགོད་ཐུབ་ན་ཡག་པོ་འདུག
    འདི་དག་ནི་ངོ་མ་བོད་ཀྱི་གཏམ་དཔེར།
    ཁ་སངས་ན་གོ་བདེ།་
    ནམ་སངས་ན་འགྲོ་བདེ་ཞེས་པ་དེ་ཡིན་འདུག་པས།
    ངེས་པར་དུ་འདི་ཚོའི་གནས་ཚུལ་ལ་རྒྱུས་མངའ་བྱེད་དགོས་པ་འདུག་
    བོད་ཀྱི་གཏམ་དཔེར།
    དགྲ་ཕྱི་དགྲ་མ་ཡིན་ནང་དགྲ་ཡིན།ཞེས་པ་ཞིག་ཡོད་པས་གཟིགས་དང་འདི་ཚོར།
    ཁོང་ཚོ་ནི་གུང་ཕྲན་ལ་དགའ་སྣང་ཡོད་པའི་རྒྱུ་མཚན་ཙམ་ཅིག་མིན་ཅིང་ཁོང་ཚོར་དགོས་པ་ནི་དཀོར་ནག་དང་མིང་གྲགས་སྐམ་པོ་དེ་དགོས་པ་རེད་རྒྱུ་མཚན་དེ་ལ་བརྟེན་ནས་སྤྲེལ་ལད་འཁྲབ་ཀྱི་ཡོད་རེད།
    ངེས་པར་དུ་འདི་ཚོའི་ལོ་རྒྱུས་འབུད་ཙམ་ཅིག་དང་ཆོས་རྒྱུད་ཆོས་ལུགས་གྲུབ་མཐའ་དགོན་པ་སོགས་གང་ཡིན་ཐབས་ཤེས་བྱེད་དེ་གནས་ཚུལ་གསལ་པོ་འགོད་རོགས།
    མ་གཞི་ནས་ངས་དེ་སྔོན་མཆན་ཁ་ཤས་ཤིག་བཏགས་ཡིན་ཏེ་འདིར་འགོད་ཀྱི་མི་འདུག་རྒྱུ་མཚན་གང་ཡིན་མ་ཤེས།

    Reply
  9. གནས་ཚང་། says:
    ལོ་ 15 སྔོན།

    ད་པེ་ཡག་སོང་། བཙན་བྱོལ་ནང་དུ་ཡང་ལགས་རྟགས་འདི་སླེབས་གྲོ་ཡོད་རྒྱུ་རེད། དྲ་མགྲོན་ཚོས་གཟིགས་སྣང་ལ་སུ་ལ་འབབ་ཀྱི་རེད་དམ།

    Reply
  10. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཉལ་ཁ་གཏམ་ངན་ཞིག་གོ་སོང་།

    འོན་ཀྱང་གསར་འགོད་པ་ལགས་སུ་བཀའ་དྲིན་ཆེ་ཞུ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese