བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༧ ནས་དེ་རིང་ཕྱི་ཚེས་ ༣༡ ཉིན་བར། རྒྱ་གར་ལྷོ་ཕྱོགས་བྷིང་ལོར་གྲོང་ཁྱེར་དུ་གཞོན་ལྷན་གྱི་མ་འོངས་པའི་ལས་འགུལ་སྤེལ་ཕྱོགས་སྐོར་གྱི་ཟབ་སྦྱོང་ཞིག་ཚོགས་ཡོད་ཅིང་། བགྲོ་གླེང་ཚོགས་འདུ་དེར་རྒྱ་གར་དང་བལ་ཡུལ་བཅས་ཀྱི་མཐོ་སློབ་དང་། སེ་འབྲས་དགེ་གསུམ་གྱི་དགོན་སྡེ་ཁག་ནས་ཁྱོན་སློབ་ཕྲུག་ ༥༠ ཙམ་མཉམ་ཞུགས་བྱས་ཡོད་འདུག་ལ། ཟབ་སྦྱོང་དེའི་དབུ་འབྱེད་མཛད་སྒོའི་སྟེང་ཀ་ན་ཊ་ཀ་མངའ་སྡེའི་ཤེས་རིག་དྲུང་ཆེ་མཆོག་ཕེབས་ཏེ་སློབ་ཕྲུག་ཚོར་བཀའ་སློབ་གནང་འདུག
ཐེངས་འདིར་ཟབ་སྦྱོང་སྤྲོད་མཁན་གྱི་ཁོངས་སུ་ལྡི་ལི་ཇོ་ཧ་ལ་ནེ་རུའི་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་ Kondapalli ཁོན་ཊ་པཱ་ལི་མཆོག་དང་། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཟུར་བློ་བཟང་ཡེ་ཤེས། བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་སོགས་གདན་ཞུས་ཀྱིས་རྒྱ་ནག་སྟོབས་ཆེན་དུ་འགྱུར་བཞིན་པ་དེས་རྒྱ་གར་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་མིན་དང་། རྒྱལ་སྤྱིའི་ནང་བོད་རང་བཙན་ལས་འགུལ་མུ་མཐུད་སྤེལ་ཐབས། བོད་མིའི་མང་གཙོའི་འཕེལ་རིམ་དང་ད་ལྟ་འགྲོ་བཞིན་པའི་བོད་མིའི་འོས་བསྡུའི་སྐོར་ལ་ཟབ་སྦྱོང་སྤྲད་ཡོད་འདུག
གསར་འགོད་པ། དཔལ་ལྡན།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟབ་སྦྱོང་གནང་གི་ཡོད་པར་ཡག་པོ་རེད་ཞུ་རྒྱུ་དང་འགན་ཁུར་བ་ཚོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངས་བསམ་ཚུལ་བྱས་ན་བོད་མི་གཞོན་སྐྱེས་རྣམས་ལ་རྒྱལ་ཞེན་དང་ཤ་ཞེན་རུས་ཞེན་གྱི་ཟབ་སྦྱོང་ཞིག་སྤྲོད་ཐུབ་ན་བོད་རྒྱལ་ཁབ་ཀྱི་ཚེ་སྲོག་བརྟན་རེ་དང་བླ་སྲོག་དར་རེ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད་སྙམ།
་དེང་སང་གི་དེང་རབས་འདིར་རྒྱལ་ཁབ་སུམ་ཅུ་སུམ་བདུན་ནང་དུ་ཡོད་པའི་བོད་མི་རྣམས་ཀྱི་མཉམ་འབྲེལ་གྱི་སྲིད་གཞུང་རྩ་བ་བརྟན་པོ་ཞིག་ཆགས་པར་དད་པ་དང་དམ་ཚིག་གཅིག་པོའི་ཐོག་ནས་ཡོང་གི་མེད་པར་གསལ་པོ་རེད།
དེ་བརྟེན་ངས་བསམ་ཚུལ་བྱས་ན་རྒྱལ་ཞེན་གྱི་འདུ་ཤེས་འདིར་གཞི་བཅོལ་བའི་ཐོག་ནས་ཆིག་སྒྲིལ་གྱི་ནུས་པ་གང་འཕེལ་གཏོང་དགོས་པ་ནི་རྒྱལ་ཁབ་སུམ་ཅུ་སུམ་བདུན་ནང་དུ་གནས་པའི་བོད་མི་རིགས་འདིའི་འཛམ་གླིང་ཐོག་ཏུ་མཉམ་འབྲེལ་གྱི་སྲིད་གཞུང་རྩ་བ་བརྟན་པོ་ཞིག་བཙུགས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་འདོད།
གཞོན་ལྷན་དང་ཆུ་སྒང་གཉིས་ཀྱི་སྒྲིག་གཞི་ནང་དུ་བྲིས་པ་ལྟར་ལག་ལེན་གྱིས་ཐོག་ནས་ཀྱང་བོད་རྒྱལ་ཁབ་དང་རྒྱལ་དར་རང་སོ་སོས་རང་ཉིད་བོད་མི་ཡིན་པར་བྲོས་ནས་ཐར་ས་མེད་པར་ཤེས་པའི་ཐོག་ནས་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་དང་རྒྱལ་དར་གངས་སེང་ཁ་སྤྲོད་སེམས་ཀྱི་རྟེན་གཞི་བཞག་དགོས་པ་ནི་མི་རེའི་ངོས་ནས་འགན་རེ་ཁུར་དགོས་པ་གནས་ཚུལ་འཛག་དྲག་རེད་སྙམ།
ཕལ་ཆེར་དཔལ་འབྱོར་འདུ་འགོད་ཀྱི་ཟབ་སྦྱོང་ཡིན་ཤག་རེད།
ར་མ་འཕག་ནས་ར་ཁང་བཤིག་མི་ཐུབ།
གནམ་ལོ་གསར་ཚེས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད།
གཞོན་ལྷན་གྱིས་ཟབ་སྦྱོང་འཚོགས་པར་དགའ་པོ་བྱུང།
འོན་ཀྱང་ཟབ་སྦྱོང་དང་འཚོགས་འདུ་རྐྱང་རྐྱང་འཚོག་ནས་འདུག་རྒྱུ་ཙམ་མིན་པར་ལས་འགུལ་གསར་པ་དང།་བསྒྲུབ་བྱ་གསར་པ་འདྲ་བརྩམ་དགོས་པ་ཁ་ཚ་དགོས་འདུག་ཆགས་ཡོད།
སྟོང་ལོ་༡༡ནི་ང་ཚོའི་རེ་བའི་ལོ་ཡིན།རེ་བ་དོན་དམིགས་ཡོང་ཆེད་ལངས་ནས་འགྲོ་དགོས་ལ།་འགྲོ་ནས་མཆོང་དགོས་པའི་རེ་བའི་ལོ་གསར་པ་ཞིག་ཡིན་པར་ངོས་འཛིན་བྱེད་རོགས།