མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕཊ་སྒྲོག་ལས་ཐར་བའི་སྨྱུག་ཐོགས་པ་ཞིག་གི་ཤུལ་ལམ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་དུས་ནས་བཟུང་རྒྱ་ནག་གཞུང་གིས་བྱེད་ཐབས་འདྲ་མིན་གྱི་ལམ་ནས་བོད་ནང་གི་ཤེས་ལྡན་པ་དང་རྩོམ་པ་པོ་དག་ལ་ཉེས་མེད་ཉེས་འགལ་གྱིས་ཁྲིམས་ཆད་དང་བཙོན་འཇུག་མནར་གཅོད་གཏོང་གི་ཡོད་པའི་ཁྲོད་ཀྱི་མི་སྣ་མང་པོ་ཞིག་རྒྱ་ནག་གི་དབང་བསྒྱུར་ལས་ཐར་ཐུབ་མེད་ཀྱང་། ཁག་ཅིག་དཀའ་སྡུག་གི་འགག་འཕྲང་གང་མང་བརྒྱུད་ཕྱི་ཕྱོགས་སུ་བཙན་བྱོལ་དུ་ཡོང་གི་ཡོད། ཉེ་ཆར་བོད་ནས་བཙན་བྱོལ་ནང་འབྱོར་བའི་གྲྭ་དགེ་འདུན་ཚེ་རིང་ཡང་དེའི་ཁྲོད་ཀྱི་གཅིག་རེད། ཕྱི་ཚེས་ ༢༢ ཉིན་འདི་གའི་གསར་འགོད་པས་ཁོང་ལ་བོད་ནང་གི་ཤེས་ཡོན་པར་འཕྲད་ཀྱིན་པའི་དཀའ་ངལ་དང་འབྲེལ་ཏེ། ཁོང་གི་ཀྱག་ཀྱོག་གི་ཤུལ་ལམ་རིང་མོའི་ཐོག་བཅར་འདྲི་བྱས་ཡོད།

ཁོང་གིས་ཐོག་མར་བོད་ནང་ཤེས་ཡོན་པའི་སྡེ་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་ནས་བརྗོད་དོན། ད་ལྟའི་ཆར་བོད་ནང་ལ་མཚོན་ན། ཤེས་ལྡན་པ་དང་ལྷག་པར་དུ་གཞོན་སྐྱེས་ཚོར་མི་རིགས་ཀྱི་ལར་ཞེན་དང་རིགས་གཞུང་གི་དུང་བ་སོགས་ཕྱོགས་ཡོངས་ནས་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་འདུག ཡིན་ནའང་། གཞུང་ཕྱོགས་ནས་ཐད་ཀར་དང་མངོན་གསལ་དོད་པོའི་ཐོག་ནས་རིག་གཞུང་གི་ལས་ཀ་གཉེར་མཁན་དང་ཤེས་ཡོན་པར་དམིགས་ཏེ་དྲག་གནོན་དང་། དེ་དག་གི་དམིགས་འབེན་བརླག་པའི་ཐབས་ཤེས་འདྲ་མིན་གཏོང་གི་ཡོད་པ་རེད། ངས་སྔོན་མ་དྲ་རྒྱ་དང་དུས་དེབ་སོགས་སུ་རྩོམ་ཡིག་རེ་གཉིས་སྤེལ་མཁན་མྱོང་ཡོད། ད་ཆར་བོད་ནང་གི་རྩོམ་པ་པོ་སྐད་གྲགས་ཅན་དག་ཕར་ཞོག ཐ་ན་ང་དང་ང་ལྟ་བུའི་རྩོམ་ཡིག་ཐབ་ཆག་རེ་གཉིས་སྤེལ་མཁན་ཚོར་ཡང་དཀའ་ངལ་རབ་དང་རིམ་པ་སྤྲོད་ཀྱི་འདུག་ལ། ང་དེ་རིང་སྐྱབས་བཅོལ་ལུང་པར་འབྱོར་ཏེ་སྡུག་སྐད་འདོན་བཞིན་ཡོད་པ་འདི་ཡང་བོད་ནང་གི་རྩོམ་པ་པོ་དག་གི་གནས་སྟངས་ཀྱི་ཟུར་ཙམ་ཡིན།

༢༠༠༩ ལོར་ང་དང་ན་ཚོད་མཉམ་པའི་རྩོམ་པ་པོ་ ༡༢ ཙམ་གྱིས་གྲོས་བསྡུར་བྱས་ཏེ། རྒྱ་ནག་གི་རྩ་ཁྲིམས་གཞིར་བཞག་ཐོག ས་གནས་ཉེན་རྟོག་པ་དང་དམག་མིའི་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ཐེར་འདོན་བྱས་པ་ཡིན། ང་ཚོའི་ཁྲོད་བོད་ཆོལ་ཁ་གསུམ་གྱི་མི་སྣ་ཡོད། ང་ཚོས་ཐེར་འདོན་བྱེད་སྟངས་ཐད་ནས། དང་པོ། ཆོས་ལུགས་དད་མོས་རང་དབང་མེད་པའི་སྐོར། གཉིས་པ། རྒྱ་ནག་གི་བཅའ་ཁྲིམས་གཞིར་བཟུང་ཐོག་སྨྲ་བརྗོད་རྩོད་ལེན་བྱེད་པའི་དབང་ཆ་མེད་པའི་སྐོར། གསུམ་པ། རྒྱལ་ཁབ་ནང་ཁུལ་གྱི་མི་རིགས་ང་དྲུག་གི་ཐོབ་ཐང་འདྲ་མཉམ་མིན་པའི་སྐོར་བཅས་དོན་ཚན་ ༣ གྱི་ཐོག་ནས་ཞུ་གཏུག་ཡི་གེ་བྲིས་ཏེ། ཁམས་བྲག་མགོ་སྤྱི་བདེ་ལས་ཁུངས་སུ་གཏུག་བཤེར་དུ་ཕྱིན་པ་ཡིན། སྐབས་དེར་ང་ཚོར་སྐད་ཆ་ཚིག་གཅིག་བཤད་དབང་མ་བྱུང་བར་བཀག་ཉར་བྱས་སོང་ལ། ཉིན་ ༣ རིང་འདྲི་རྩད་དང་གཅར་རྡུང་བཏང་སོང་། ཕྱིས་སུ་སྲིད་གཞུང་གི་གནད་ཡོད་མི་སྣ་བསླེབས་ཏེ་ང་ཚོའི་དམིགས་ཡུལ་དང་བསམ་ཚུལ་ཅི་ཡོད་ཀྱི་སྐད་ཆ་དྲིས་པར། ང་ཚོས་དོན་ཚན་གསུམ་དང་འབྲེལ་ནས་ང་ཚོར་མི་རིགས་རང་སྐྱོང་ཁུལ་ཞེས་པ་དེ་མིང་སྟོང་ཙམ་ལས་རང་སྐྱང་གི་ཁེ་དབང་གཅིག་ཀྱང་མེད་པ་མ་ཟད། ཐ་ན་མི་རིགས་རང་གི་སྐད་ཡིག་བཀོད་སྤྱོད་ཀྱི་རང་དབང་ཙམ་ཡང་མེད་ཚུལ་སོགས་བཤད་སྐབས། ཁོང་ཚོས་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཀྱིན་པའི་ཉེས་མིང་འོག་ང་ཚོ་ཟླ་གཉིས་རིང་བཀག་ཉར་བྱས་སོང་ལ། ཕྱིས་སུ་ནང་མིས་རྒྱ་སྒོར་ཁྲི་ ༡༠ ལྷག་སྤྲད་དེ་ཀློད་གྲོལ་ཐོབ་པ་རེད། ཅེས་བརྗོད་བྱུང་།

 

ཡང་ཁོང་གིས་མུ་མཐུད་དོན།  ཕྱིས་སུ་ང་དང་ངས་གྲོགས་པོ་ཚོས་སྔར་གྱི་དམ་བཅའ་བརྟན་པོའི་ཐོག་མི་རིགས་ཀྱི་བདེ་སྡུག་གླེང་རྒྱུ་དང་མི་མང་གི་དཀའ་ངལ་ངོ་མ་བོད་མི་ཡོད་དོ་ཅོག་ལ་ཤེས་རུ་འཇུག་ཆེད། དུས་ཡུན་རིང་བོ་གཉེར་མི་ཐུབ་ཀྱང་བོད་མི་མང་གི་དཀའ་ངལ་ངོ་མ་གླེང་སའི་དུས་དེབ་ཞིག་བསྒྲུབ་མགོ་བརྩམས་ཤིང་། ལྷོ་ནུབ་མི་རིགས་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན། བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ། དར་མདོ་བོད་ཡིག་སློབ་གྲྭ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། གངས་ལྗོངས་ཤེས་རིག་ནོར་བུའི་གླིང་དང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་བཅས་ཀྱི་དགེ་སློབ་ཁག་ཅིག་ཟུར་ཞུགས་མི་སྣར་བདམས་ཏེ། ང་ཚོ་མཉམ་རུབ་ཀྱིས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ཁྲིན་ཏུའུ་གྲོང་ཁྱེར་ནས་ ༼ གསོན་མིག ༽ ཞེས་པའི་དཔེ་དེབ་གྲངས་ ༢༠༠༠ དང་། ང་རང་གིས་ ༢༠༠༨ ལོ་ནས་བྲིས་པའི་ཟིན་ཐོ་ཕྱོགས་བསྒྲིགས་ཀྱི་དེབ་ ༼ མིག་ཆུ ༽དེབ་གྲངས་ ༣༠༠༠  །  ༼ ཞི་བདེའི་དྲག་རྒོལ ༽ ཞེས་པའི་ཚགས་པར་གྲངས་ ༥༠༠ བཅས་དཔར་སྐྲུན་བྱས་ཏེ། སྤྲགས་ཁང་བརྒྱུད་ཉིན་གཅིག་དུས་གཅིག་ལ་ས་གནས་སོ་སོའི་མི་སྣའི་ལག་ཏུ་ཐད་ཀར་བཏང་བ་ཡིན།

ཉིན་གྲངས་བཅུ་ཡས་མས་ཤིག་ཕྱིན་རྗེས་ང་ཚོ་རོང་ཐ་དགོན་པའི་ནང་དམག་མིའི་རླངས་འཁོར་དྲུག་ལྷག་བསླེབས་ཏེ། ང་འཚོལ་བཞིན་འདུག་ཟེར་ནས་གྲྭ་བ་ཞིག་གིས་ཁ་པར་འབྱོར་སོང་། སྐབས་དེར་ངས་དགོན་པ་དང་གྲྭ་བ་གཞན་དག་ལ་དཀའ་ངལ་མི་བཟོ་ཆེད། ནག་ཉེས་ཅི་ཡོད་ང་སྒེར་གྱིས་ངོས་ལེན་བྱ་དགོས་བསམ་ཡང་། དགོན་པའི་གནད་ཡོད་མི་སྣ་དང་གྲོགས་པོ་ཚོས་ཁོང་ཚོའི་སར་འགྲོ་རྒྱུ་ཡོད་པ་མ་རེད། དེ་བས་གནས་སྐབས་རིང་གཞའ་ཐབས་བྱས་ན་ཡག་གི་རེད་ཟེར་ནས་ཨུ་ཚུགས་བརྒྱབ་པ་ལྟར། ང་རང་རོང་ཐ་སྡེ་བའི་ཕྱུགས་ལས་ཀྱི་ཕྱོགས་སུ་བྲོས་བྱོལ་བྱས་པ་ཡིན། བྲོས་བྱོལ་གྱི་སྐབས་སུ་ངས་གྲོགས་པོ་གཉིས་འཛིན་བཟུང་བྱས་སོང་བ་གོ་སོང་། ཉིན་ཞིག་ང་ལྐོག་ནས་ཁོང་གཉིས་ཀྱི་ཁྱིམ་དུ་ཕྱིན་པ་ཡིན། ཁོང་གཉིས་ཀྱི་ཕ་མ་དང་ནང་མི་ཚོས་གཏན་ནས་ནག་ཉེས་ཁས་ལེན་བྱ་མི་ཉན་ཟེར་ནས་བཤད་སོང་།

དེ་ནས་ང་རང་ཡུལ་དུ་གནས་ཐབས་མེད་པ་ཤེས་ཏེ་དཔལ་ཡུལ་ནས་ཁམས་བྲག་མགོ་དང་། དེ་ནས་དཀར་མཛེས་བརྒྱུད་དེ་རི་བྱོལ་དང་འཁྱམས་མྱུལ་བྱས་པ་ཡིན། ད་ལོའི་ཡུལ་ཤུལ་ས་འགུལ་སྐབས། ང་དང་གྲོགས་པོ་ཁ་ཤས་ལྐོག་ནས་སྐྱེ་རྒུ་མདོར་ཕྱིན་སྟེ་གནས་ཚུལ་འཚོལ་བསྡུ་བྱས་ཏེ། ༼  ལྕེ  ༽ ཞེས་པའི་དེབ་ཅིག་བཀྲམས་པ་ཡིན། དེ་ལྟར་རྒྱ་གཞུང་ལ་མི་འདོད་པའི་ལས་ཀ་སྔ་ཕྱིར་བྱས་སྟབས། རྒྱ་ནག་གཞུང་གིས་ངའི་པར་གང་སར་བཀྲམས་ཏེ་ངའི་གནས་ཚུལ་སྲིད་གཞུང་ལ་སྙན་གསེང་ཞུ་མཁན་ཡོད་ན་རྒྱ་སྒོར་ཁྲི་ ༢ ནས་ ༣ བར་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས་བྱས་འདུག

མཐའ་ཁོང་ལ་རྒྱ་གར་ནང་བསླེབས་རྗེས་ཀྱི་ཚོར་སྣང་དང་མ་འོངས་པའི་དམིགས་ཡུལ་སྐོར་དྲིས་པར། ཐོག་མར་བལ་ཡུལ་སྣེ་ལེན་ཁང་དུ་བསླེབས་རྗེས་ཀྱི་ཉིན་ཁ་ཤས་རིང་། ད་ང་རང་དབང་ལོང་པར་བསླེབས་སོང་སྙམ་པའི་ཚོར་བ་ཞིག་ལས་བསམ་ཚུལ་གཞན་གང་ཡང་མི་འདུག ཡིན་ནའང་། མ་འོངས་པར་ངས་འདས་པའི་དུས་ཡུན་ནང་བོད་ཡིག་ཐོག་ལས་ཀ་ཕྲན་བུ་བྱས་པ་རྨང་གཞིའི་ཐོག་མུ་མཐུད་བོད་སྐད་ཡིག་གི་སྟེང་ནས་གོམ་པ་སྤོ་རྒྱུ་ཡིན་ལ། མ་འོངས་པའི་མི་ཚེ་ཡང་མི་རིགས་རང་གི་སྐད་ཡིག་གི་སྟེང་ནས་བསྐྱལ་དགོས་བསམ་ཡོད། ཞེས་བརྗོད་བྱུང་།

རང་ལོ་ ༢༠ ཡིན་པའི་གྲྭ་དགེ་འདུན་ཚེ་རིང་ནི། རྔ་བ་བོད་རིགས་རང་སྐྱོང་ཁུལ་དམར་ཐང་རྫོང་གསར་དེའུ་རོང་ཐ་མ་སྡེ་བ་རུ་སྐྱེས་ཤིང་། རང་ལོ་དྲུག་གི་སྟེང་སློབ་གྲྭར་ཕྱིན་ཏེ་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་བཅས་ཐེམ་སྐས་རིམ་འཛེགས་ཀྱིས་སློབ་སྦྱོང་གནང་མྱོང་མཁན་ཞིག་ཡིན་པར་མ་ཟད། རོང་ཐ་དགོན་པའི་གྲྭ་བ་བྱས་རྗེས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ལོ་གསུམ་རིང་སློབ་གཉེར་བྱས་ཤིང་། ཕྱིས་སུ་སྡེ་དགེ་ས་ཁུལ་དུ་ཡོད་པའི་དྭ་ཕྲུག་བྱམས་སྐྱོང་སློབ་གྲྭའི་དགེ་རྒན་གནང་སྟེ། ཞོར་དུ་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་དྲ་ཚིགས་སོགས་སུ་བོད་མི་རིགས་ཀྱི་ལས་འདབང་དང་འབྲེལ་བའི་རྩོམ་ཡིག་མི་ཉུང་ཞིག་སྤེལ་ཡོད་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༤ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༥ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 2

  1. འཁེར་སྐྱ། says:
    ལོ་ 16 སྔོན།

    གྲྭ་དགེ་འདུན་ཚེ་རིང་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་་དངོས་ནས་ཀ་ལས་རྒྱབ་ཡོད་ཀི་ཡ་

    Reply
  2. གནས་ཚང་། says:
    ལོ་ 16 སྔོན།

    ཁོང་ལ་བཀྲ་ཤིས་བདེ་ལེགས་ཡོད། སྐད་ཆ་དྲང་མོར་བཤད་འདུག་པས་མུ་མཐུད་དུ་དྲང་ཚུགས་ཟིན་པར་རེ་བའང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese