མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲུང་བོ་བྱོས། ཉམས་ཆུང་མ་བྱེད། གྱོང་རག་གི་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

འཛིན་རིམ་བཅུ་གཅིག་གི་སློབ་ཕྲུག་བརྒྱ་སྐོར་ཞིག་ལ། བཙན་བྱོལ་བོད་མིའི་མང་གཙོ་དང་དང་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་ཀྱི་ཟབ་སྦྱོང་སྤྲོད་ཀྱི་ཡོད་པའི་མཇུག་བསྡོམས་མཛད་སྒོའི་སྟེང་། ཤེས་རིག་བཀའ་བློན་མཆོག་གིས་ད་ལྟའི་སློབ་ཕྲུག་ཁྱེད་ཅག་མ་འོངས་པར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་རླབས་ཆེན་མི་སྣ་ཆགས་དགོས་པའི་ལམ་སྟོན་སློབ་གསོ་གནང་ཡོད།

ཉིན་འདི་འགར་ངྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་བཙན་བྱོལ་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཅིག་པའི་སློབ་ཕྲུག་བརྒྱ་སྐོར་ཞིག་ལ་༼བཙན་བྱོལ་བོད་མིའི་མང་གཙོ་དང་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད།༽ ཅེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་ལྟར། དེ་རིང་ཕྱི་དྲོ་ཟབ་སྦྱོང་དེའི་ཉིན་མཐའ་མའི་མཇུག་བསྡོམས་མཛད་སྒོའི་སྟེང་། སྐུ་མགྲོན་གཙོ་བོ་བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་ཐེངས་འདིའི་ཟབ་སྦྱོང་ཐོག་གི་རིག་རྩེད་འགྲན་བསྡུར་ཁག་གི་ཨང་རིམ་དང་པོ་དང་གཉིས་པར་བྱ་དགའ་གསོལ་རས་བསྩལ་བ་དང་སྦྲགས་གསུང་བཤད་གནང་དོན། ང་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་དམིགས་ཡུལ་གཙོ་བོ་བོད་ཀྱི་རྩ་དོན་འཐབ་རྩོད་ཆེད་རེད། ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་གོམ་པ་དང་པོ་ཟེར་ན་འདྲ་ལ་གཞི་རྩ་ཟེར་ནའང་འདྲ། ཚང་མའི་རྨང་གཞི་སློབ་སྦྱོང་བྱ་རྒྱུ་དེ་ཆགས་ཡོད། ང་ཚོ་བཙན་བྱོལ་ལ་འབྱོར་མ་ཐག་རྡོག་བསྒྲིལ་ཏེ། ལས་དོན་མང་པོའི་ཁྲོད་ནས་ཐོག་མར་སློབ་གྲྭ་གསར་འཛུགས་བྱས་ཤིང་། གཞོན་སྐྱེས་ཚོར་སློབ་སྦྱོང་སྤྲོད་རྒྱུའི་ཐབས་ཤེས་བྱས་པ་རེད།  

སློབ་སྦྱོང་ཡོད་པ་ཡིན་ན། རྩ་དོན་གྱི་ལག་ཆ་སྤུས་དག་པོ་ཞིག་དང་བརྟན་པོ་ཞིག དེ་བཞིན་རྣམ་དཔྱོད་དང་ལྡན་པའི་ཐོག་ནས་ལས་འགུལ་སྤེལ་ཐུབ་པ་བཅས་ལ་དམིགས་ཏེ། ༧གོང་ས་མཆོག་གིས་སློབ་གྲྭའི་ལས་དོན་ལ་ཤུགས་བརྒྱབ་པ་རེད། གཞོན་སྐྱེས་ཚོར་སློབ་སྦྱོང་སྤྲོད་རྒྱུའི་དམིགས་ཡུལ་གཙོ་བོ་གང་ཡིན་ཟེར་ན། བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་། གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་བྱས་པའི་ཐོག་ནས་དེང་རབས་ཀྱི་རིག་གནས་གསར་བ་སློབ་སྦྱོང་བྱ་རྒྱུ་གནད་ཀྱི་སྙིང་པོར་བཟུང་ཡོད་སྟབས། རིག་གཞུང་བསྟི་གནས་མང་པོ་ཞིག་སྔ་རྗེས་སུ་གསར་རྒྱག་གནང་པ་རེད། འོན་ཀྱང་བར་ལམ་ང་ཚོའི་སྤྱི་ཚོགས་ནང་མི་འབོར་ཇེ་ཉུང་དུ་ཕྱིན་པའམ། ཡང་ན་མང་པོ་ཞིག་རྩྭ་བཟང་ས་ལ་ཕྱིན་པ་གང་ཡིན་ཆ་མ་འཚལ་ཡང་། ཕྲུ་གུ་ཉུང་དུ་ཕྱིན་པའི་དབང་གིས་འཛིན་གྲྭ་སྒོ་རྒྱག་དགོས་བྱུང་བ་དང་སློབ་གྲྭ་ཉུང་དུ་འགྲོ་བའི་གནས་ཚུལ་མང་པོ་བྱུང་ཡོད། ཅེས་ ༡༩༥༩ ལོ་ནས་ད་ལྟའི་བར་གྱི་སློབ་གྲྭ་གསར་འཛུགས་ཀྱི་བརྒྱུད་རིམ་ངོ་སྤྲོད་གནང་བྱུང་ལ།  

 

ཁོང་གིས་མུ་མཐུད་དོན། ད་ལྟའི་ཆར་ང་ཚོའི་སློབ་གྲྭ་ཁག་ཏུ་ནང་སྦྱོང་ guide book  ཞེས་པ་དེ་ཧ་ཅང་དར་སྲོལ་ཆེ་རུ་ཕྱིན་ཡོད། དེ་སློབ་མ་ཙམ་དུ་མ་ཟད་དགེ་རྒན་དང་། སློབ་ཕྲུག་གི་ཕ་མ་ཚོའི་ངོས་ནས་ཀྱང་ཆེད་མངགས་བེད་སྤྱོད་གཏོང་དུ་འཇུག་གི་ཡོད་པ་རེད། དེ་ཡག་པོ་མ་རེད། ཡིག་ཚད་གཅིག་པུར་བསམ་བློ་གཏོང་གི་ཡོད་པ་རེད། སྔོན་མ་ང་ཚོས་སྐབས་ལ་ guide book   ཟེར་བ་དེ་དགག་བྱ་གཙོ་བོ་ཞིག་རེད། ལྷགས་པ་རྒྱག་པ་ལྟ་བུ་མིན་པར་དངོས་གནས་སློབ་སྦྱོང་བྱ་ཐུབ་མཁན་ཞིག་བྱ་དགོས། ང་ཚོའི་སྲོལ་རྒྱུན་གྱི་སློབ་སྦྱོང་བྱེད་སྟངས་ལྟར་ན། གཞན་ལ་ཐོས་པ་བྱེད་པ་དང་། རང་གིས་བསམ་པ་བྱེད་པ། དེ་བཞིན་སྤྱོད་པ་དང་སྒོམ་པ་བཅས་རིམ་པ་གསུམ་གྱི་ཐོག་ནས་སྦྱོང་སྲོལ་ཡོད་པ་ལྟར། ང་ཚོས་དེ་དག་ཡ་མ་བྲལ་བ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད།  

ཁྱེད་ཚོ་ནི་ང་ཚོའི་མ་འོངས་པ་ཡིན་པར་མ་ཟད། མ་འོངས་པའི་ང་ཚོའི་སྤྱི་ཚོགས་དང་རྒྱལ་ཁབ། མི་རིགས་གང་འདྲ་ཞིག་ཆགས་མིན་དེ་ཁྱེད་རང་ཚོར་རག་ལུས་ཡོད་ལ། ང་ཚོའི་ད་ལྟའི་མི་རབས་དང་མ་འོངས་པའི་མི་རབས་བར་གྱི་མཐུད་མཚམས་དེ་ཡང་ཁྱེད་རང་ཚོས་གནང་དགོས་པ་རེད། མ་འོངས་པའི་རྒྱལ་ཁབ་ཀྱི་འཛིན་སྐྱོང་དང་འཐབ་རྩོད་སོགས་ཕྱོགས་ཡོངས་ནས་ཁྱེད་རང་ཚོས་འགན་འཁུར་དགོས་སྟབས། སློབ་གྲྭའི་དཔེ་དེབ་གཅིག་པུ་མིན་པར་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གཙོ་བྱས་ཏེ། གཞུང་གི་ལྷན་ཁང་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གནས་སྟངས། སྤྱི་ཚོགས་ཀྱི་གནས་སྟངས་སོགས་ཕྱོགས་ཡོངས་ལ་དོ་སྣང་བྱས་ཏེ། མ་འོངས་པར་སློབ་སྦྱོང་བྱེད་ཕྱོགས་དང་དམིགས་ཡུལ། སློབ་ཚན་ལེན་སྟངས་སོགས་ལ་ངེས་པར་དུ་དོ་སྣང་བྱ་དགོས་པ་རེད། ཅེས་གསུང་བྱུང་།

མཐར་ཁོང་གིས་སློབ་ཕྲུག་གི་ཕ་མ་ཚོའི་སློབ་གསོ་སྤྲོད་སྟངས་འགྲིག་གི་མེད་སྐོར་གསུང་དོན། སྔོན་མ་ང་ཚོའི་དུས་སྐབས་སུ་སློབ་གསོ་སྤྲོད་མཁན་མང་ལ། སློབ་གསོ་སྤྲོད་སྟངས་ཀྱང་ཡང་དག་ཅིང་ཚུལ་དང་ལྡན་པ་ཞིག་རེད། ད་ལྟའི་དུས་འདིར་ཕ་མ་མང་པོ་ཞིག་གིས་ཕྲུ་གུར་ “དབྱིན་ཡིག་ལ་ཤུགས་རྒྱག་དགོས་པ་རེད། ཨ་རི་ལ་འགྲོ་དགོས་པ་རེད”  “གྲུང་བོ་བྱོས། ཁེ་བཟང་རེད།”  “ཉམས་ཆུང་མ་བྱེད། གྱོང་རག་གི་རེད། “ ཅེས་སློབ་གསོ་སྤྲོད་ཀྱི་ཡོད་པ་ལས་༸གོང་ས་མཆོག་ལ་ཞབས་ཞུ་བསྒྲུབ་དགོས་པ་རེད། བོད་གཞུང་ལ་ཞབས་ཞུ་བསྒྲུབ་དགོས་པ་རེད་ཟེར་མཁན་དཀོན་པོ་རེད། སློབ་སྦྱོང་བྱེད་པ་དེ་ལྟོ་གོས་ཁོ་ནའི་ཆེད་ཡིན་པ་ལྟ་བུའི་སློབ་གསོ་གཏོང་གི་ཡོད། དོན་དངོས་ཐོག་ཤེས་ཡོན་སློབ་སྦྱོང་བྱེད་པའི་དགོས་པ་རྒྱུ་མཚན་གཙོ་བོ་མི་ཚེ་དོན་དང་ལྡན་པ་ཞིག་དང་། དེ་ཡང་མི་རིགས་དང་རྒྱལ་ཁབ། འཇིག་རྟེན་ལ་ཕན་ཐོགས་མཁན་ཞིག་ཆགས་རྒྱུ་མ་ཟད། རང་གི་དབུ་ཁྲིད་དང་གཞུང་། སྤྱི་ཚོགས་བཅས་ལ་ཤ་ཞེན་ཡོད་པའི་ཐོག་མི་རིགས་དང་རིག་གཞུང་གི་རྒྱུན་འཛིན་པ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 14

  1. ཁམས་པའི་ཕོ་རྒོད། says:
    ལོ་ 16 སྔོན།

    ལུས་བདེན་ཆུང་གསུམ་ཚངས་མ་སློབ་སྒྲྭ་ལ་གཏོང་དགོས་

    Reply
  2. tsering khamlithang says:
    ལོ་ 16 སྔོན།

    ཚང་མ་ལ་བཀྲིས་བདེ་ལེགས། ད་ང་ཚོས་ཁྱེད་མི་རེད་ང་ལྟ་ཟེར་ན་ཕན་མེད་རེད། དེ་ལས་ཚང་མས་མ་འོང་པ་ཡ་རྒྱས་གང་འདྲ་དགོས་མིན་དང་བོད་ཀྱི་མ་འོང་པའི་རེ་བ་བྱེད་སའི་སློབ་ཕྲུག་ཚོར་རང་གི་རྒྱལ་ཁག་དང་མི་རིགས་ལ་དོ་སྣང་ཡོང་བར་གང་བྱེད་དགོས་མིན། ཐབས་ཤེས་གསར་པ་རེ་གསུང་གནང་དང།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    “ད་ལྟའི་དུས་འདིར་ཕ་མ་མང་པོ་ཞིག་གིས་ཕྲུ་གུར་ “དབྱིན་ཡིག་ལ་ཤུགས་རྒྱག་དགོས་པ་རེད། ཨ་རི་ལ་འགྲོ་དགོས་པ་རེད” “གྲུང་བོ་བྱོས། ཁེ་བཟང་རེད།” “ཉམས་ཆུང་མ་བྱེད། གྱོང་རག་གི་རེད། “ ཅེས་སློབ་གསོ་སྤྲོད་ཀྱི་ཡོད་པ་ལས་༸གོང་ས་མཆོག་ལ་ཞབས་ཞུ་བསྒྲུབ་དགོས་པ་རེད། བོད་གཞུང་ལ་ཞབས་ཞུ་བསྒྲུབ་དགོས་པ་རེད་ཟེར་མཁན་དཀོན་པོ་རེད།”
    ནང་དོན་འདི་དང་། “གྲུང་བོ་བྱོས། ཉམས་ཆུང་མ་བྱེད། གྱོང་རག་གི་རེད།” ཅེས་པའི་འགོ་བརྗོད་བར་ཁྱད་ཆེན་པོ་ཤོར་མི་འདུག་གམ།

    Reply
  4. ཟླ་བ་ལྷ་མོ says:
    ལོ་ 16 སྔོན།

    སྐད་ཆ་རྙིང་པ་བསྐྱར་ལོག་མ་བྱེད་རོགས་ཁྱེད་ཀྱི་འགན་འཁྲི་གཙོ་བོ་དེ་སློབ་གྲྭ་ཁག་ཏུ་བོད་ཡིག་གི་ཆུ་ཚད་འཐོར་འདེགས་གཏོང་བ་དེ་ཡིན་ནོ།།

    Reply
  5. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    སློབ་ཕྲུག་རྣམས་ལ་མི་ཉན་མི་རུང་རྐྱང་རྐྱང་གི་དབང་སྐུར་དམ་བཞག་མི་གནང་བར། བསམ་ཕོད་པ། འདྲི་ཕོད་པའི་རང་དབང་སྤྲོད་རྒྱུའི་རེ་བ་ཡོད། དགེ་རྒན་ཚོ་ལ།

    Reply
  6. རིགས་བཟང་། says:
    ལོ་ 16 སྔོན།

    གྲོགས་དོན་གོ་ལགས།
    རྩོམ་གྱི་ཁ་བྱང་ལ་ཡིག་ནོར་བྲིས་ན་ཡག་པོ་ཁྱོན་ནས་མཐོང་གིན་མི་འདུག ནང་དུ་ཡོང་སྲིད་པ་རེད།
    ཁྱེད་ཀྱི་གྲོགས་མིང་འཛིན་པ་ཅན་ནས།

    Reply
  7. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    གསར་འགྱུར་འདིའི་ཁ་བྱང་མཐོང་བ་ནས་ཤེས་རིག་བཀའ་བློན་གྱི་བཀའ་སློབ་ཡིན་པ་ཤེས་སོང་། ཁོང་གིས་ཤེས་ཡོན་དང་འབྲེལ་ནས་སློབ་གསོ་གཏོང་དུས་བཀའ་སློབ་འདི་རང་གནང་གིན་རེད། ད་དུང་ས་སྐྱ་ལེགས་བཤད་ཀྱི་ལུང་ཁ་ཤས་བགྲང་གིན་རེད། འོན་ཀྱང་བཀའ་སློབ་འདི་ནི་རླབས་ཆེན་གྱི་བཀའ་སློབ་ཞིག་ལས་སྐྱར་བཟློས་བྱེད་པ་ལྟ་བུ་ཞིག་ལ་ངོས་འཛིན་བཞིན་མེད། ་

    Reply
  8. རྡོ་རྗེ་ཚེ་རིང་། says:
    ལོ་ 16 སྔོན།

    དུས་བབ་ཚང་ལགས་ངའི་མཆན་ད་དུང་བཀོད་མི་འདུག རྒྱུ་མཚན་ག་རེ་ཡིན་ན

    Reply
  9. རྡོ་རྗེ་ཚེ་རིང་། says:
    ལོ་ 16 སྔོན།

    ད་འཁྲབ་དགོས་པ་མ་རེད། ཁྱེད་རང་གིས་མ་བཤད་ཀྱང་ང་ཚོས་ཧ་གོ་གི་ཡོད། ཁྱེད་རང་བཀའ་བྱེད་རིང་གི་ཕྲུ་གུའི་མཇུག་འབྲས་ལ་ལྟོས་དང་། འཛིན་རིམ་བཅུ་པར་སླེབས་ཀྱང་དབྱིན་བོད་གཉིས་ཐད་ནས་གཏོང་ཡིག་ཐབ་ཆག་ཙམ་འབྲི་མི་ཤེས་མཁན་མང་ཐག་ཆོད་འདུག ངོ་མ་ཡིད་སྐྱོ་དགོས་པ་རེད། ག་རེ་བྱས་ནས་ཕ་མ་གཤེ་གཤེ་གཏོང་གིན་ཡོད། ཕྲུ་གུ་མང་ཆེ་བར་ཕ་མ་སློབ་གསོ་ཕར་ཞོག་ཐ་ན་གཤིབ་པའི་གོ་སྐབས་ཡོད་པ་མ་རེད། མདོར་ན་སྤྲེལ་སླད་ལྟ་བུ་འཁྲབ་ཀྱང་གོ་རིམ་དགོས་པ་རེད། ཁྱི་སྐྱག་་་་་་་་་་་་་་་་་་་་

    Reply
  10. སྨྲ་བརྗོད་རང་དབང་། says:
    ལོ་ 16 སྔོན།

    ཐུབ་བསྟན་ལུང་རིག་མཆོག་ལ་འཚམས་འདྲི་ཞུས་པ་དང་ཁྱབ་ཅིག ང་ཚོ་ད་དུང་སློབ་གསོས་འདང་གི་མེད་པ་གསལ་བོ་རེད། སློབ་གསོ་རྒྱག་སྟངས་དེ་དེང་སང་ཁྱིམ་ཚང་ནས་སློབ་དགེ་བརཐོན་ཡོད་པ་འདྲ། ང་ཚོ་ལ་དགོས་པ་དེ་དངོས་གནས་མི་ནུས་པ་ཅན་རེད། བྱིས་པའི་བསམ་ཚུལ་རྒྱུས་ལོན་བྱས་ནས་མི་ནུས་པ་ཅན་ཞིག་བསྐྲུན་རྒྱུ་སྐུ་ངོ་མཆོག་གི་ཕྲག་ཏུ་བབ་པའི་ལས་ཀ་རེད། བྱིས་པའི་སེམས་ཁམས་དང་མཐུན་པའི་སློབ་དེབ་བསྒྲིག་རྒྱུ་དེ་ཡང་སྐུ་ངོའི་ལས་ཀ་རེད། དོན་མི་གོ་བའི་ཆོས་ཚིག་དེ་དག་གིས་སློབ་མ་ཚོའི་སེམས་ལ་བག་ཆགས་གང་འདྲ་ཞིག་འཇོག་གི་ཡོད་པ་ལ་རྒྱུས་ལོན་བྱེད་དགོས། ང་ལམ་འདི་བརྒྱུད་ནས་སོང་བ་ཡིན་ཁྱེད་ཚོ་ཡང་འདི་བརྒྱུད་ནས་འགྲོ་དགོས་ཞེས་བཤད་ན་དག་དག་ཡོད་མེད་ལ་བསམ་གཞིག་གཏོང་རོགས།

    Reply
  11. ཤག་སྒང་པ། says:
    ལོ་ 16 སྔོན།

    དུས་བབ་ལགས། ངས་ཟུར་བལྟའི་སློབ་དེབ་དང་འབྲེལ་བའི་མཆན་བུ་ཞིག་བཏབ་ཀྱང་། ད་དུང་དག་མཆན་ཞིབ་བཤེར་མ་ཐོབ་པ་དེ་འདྲ་གང་ཡིན་ནམ། གནད་དོན་གང་འདུག་གསལ་བཤད་གནང་རོག་གནང་། དུས་ཁོམ་མ་བྱུང་བ་ནི་མིན་་ཚོད་རེད། ཐུགས་རྗེ་ཆེ།

    Reply
  12. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    དེ་རིང་འདིར་སྐུ་ངོ་བཀའ་བློན་དང༌། སློབ་དགེ་ སློབ་ཕྲུག་གསུམ་འཛོམས་འདུག་པས་གཤེ་གཤེ་མྱོང་མཁན་དེ་ཕྲུག་གུའི་ཕ་མ་རྣམས་རེད་འདུག། ཡང་ཉིན་གཅིག་སྐུ་ངོ་དང་ཕ་མ་དགེ་རྒན་བཅས་འཛོམས་ན་ལེ་ལན་དེ་ཕྲུག་གུར་འདའ་ངེས་ལ། དེ་བཞིན་སྐུ་ངོ་དང་ཕ་མ་ཕྲུག་གུ་བཅས་འཛོམས་ན་ལེ་ལན་ཡོངས་རྫོགས་དགེ་རྒན་ལ་འདའ་ངེས་རེད། དོན་དངོས་ནི་གཞོན་སྐྱེས་རྣམས་ཀྱི་ལྟ་སྤྱོད་ལ་ངན་ཕྱོགས་ཀྱི་འགྱུར་བ་ཇི་སྙེད་ཅིག་བྱུང་དང་འབྱུང་བཞིན་པ་ནི་དངོས་སུ་ཕྲུག་གུ་རྣམས་ཚར་ལོང་བྱེད་སའི་ཁོར་ཡོག་དེའི་ཁོངས་སུ་གཏོགས་ཚད་དང་། སྒོས་སུ་ཕ་མ། དགེ་རྒན། རྒྱུན་དུ་ཕྲུག་གུ་རྣམས་ཀྱི་ཡིད་དབང་འགུག་ནུས་ཆེ་བའི་དབང་ཡུལ་རྣམས་བཅས་གསུམ་པས་ལན་པ་ཡིན་ལ། བརྒྱུད་ནས་ཤེས་རིག་གཙོས་བོད་གཞུང་གི་ལམ་སྟོན་གནང་ཕྱོགས་ལ་ཡང་ཐུག་ཡོད། དེས་ན་བཀའ་སྤྱི་གཉིས་ཀྱིས་དབུས་འབངས་ཀྱི་ཁ་ལོ་སྒྲུར་མཁན་རྣམས་ཀྱིས་སྤྱི་ཚོགས་ཧྲིལ་པོའི་སྒྲོམ་གཞིར་བཅོས་འགྱུར་ཆེ་ཙམ་ཞིག་གནང་པར་མཐོང་ངོ་༎

    Reply
  13. རྣམ་རྒྱལ་དོན་འགྲུབ། says:
    ལོ་ 16 སྔོན།

    བཀའ་བློན་མཆོག་གིས་གསུང་བཤད་ཡག་པོ་གནང་འདུག དེ་ག་རང་རེད་དེང་སྐབས་ཀྱི་ཕྲུ་གུའི་ཕ་མ་རྣམས་ཀྱིས་སློབ་གསོ་སྤྲོད་སྟངས་དེ་ག་རང་རེད་འདུག ཆིག་ཆིག་མ་བྱེད་མ་གཏོགས་གྱོང་རག་གི་རེད། འདི་འདི་བྱས་དང་ཁེ་བཟང་རག་གི་རེད་སོགས་ཁེ་གྱོང་གཉིས་ཀྱི་བསླབ་བྱ་རྐྱང་རེད་འདུག དེས་ནས་འདི་ཐོག་ལ་ང་ཚོས་ག་རེ་བྱེད་ཐུབ་ས་རེད་སྨྱུག་ཐོགས་པ་རྣམ་ལ་ཡང་འགན་ཡོད་རེད་བསམ་གྱི་ཡོད།

    Reply
  14. བཀྲ་ཤིས། says:
    ལོ་ 16 སྔོན།

    བཀའ་བློན་མཆོག་གིས་གསུང་པ་དེ་བདེན་པ་རེད། ཕ་མའི་སློབ་གསོ་ཡང་གལ་ཆེན་པོ་རེད། དེ་ལས་ཀྱང་གལ་ཆེ་བ་དང་འགན་ཆེ་བ་ནི་སློབ་ཕྲུག་ཚོའི་མེ་ཚེ་ཕྱེད་ཀ་སློབ་གྲྭའི་ནང་དུ་སྐྱེལ་གྱི་ཡོད་པ་ཡིན་དུས། ཤེས་རིག་གི་ཐོག་ལ་ཕྱག་ལས་གནང་མཁན་ཚོས་ཉིན་གཅིག་ཙམ་མ་ཡིན་པར་འགན་ཁུར་ཡོད་པ་གནང་ན་་དོན་དམ་པའི་གྲུབ་འབྲས་ཐོན་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese