མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་གསུམ་ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ཕྱི་ཚེས་ ༣༡ ཉིན་རྔ་བ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་༼ དུས་རབས་ཀྱི་ང་།༽ ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་འཇང་རྩེ་དོན་ཁོ་ལ་ལོ་ ༤ དང་བུད་ངྷ་ལ་ལོ་ ༤ ། སྐལ་བཟང་སྦྱིན་པ་ལ་ལོ་ ༣ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

རྩོམ་པ་པོ་འཇང་རྩེ་དོན་ཁོ་དང་བུད་ངྷ་གཉིས་ཀྱིས་ཉིས་སྟོང་བརྒྱད་ལོའི་༼ ཤར་དུང་རི ༽ དུས་དེབ་སྟེང་ (ཕྱིར་རྟོག་དང་བསམ་གཞིག) ཅེས་པའི་རྩོམ་ཡིག་སྤེལ་བ་དང་། ༼ དུས་རབས་ཀྱི་ང་། ༽ ཞེས་པར་ཡང་ཆབ་སྲིད་གནད་དོན་ཅན་གྱི་རྩོམ་ཡིག་སྤེལ་པའི་དོགས་གཞིའི་འོག ད་ལོའི་ཕྱི་ཟླ་ ༧ ཚེས་ ༡༩ ཉིན་འཛིན་བཟུང་བྱས་ཏེ། ད་བར་རྔ་བ་ཁུལ་འབར་ཁམས་ཁྲིམས་ཁང་དུ་བཀག་ཉར་བྱས་ཡོད་ཅིང་། རྩོམ་པ་པོ་སྐལ་བཟང་སྦྱིན་པ་ལགས་ཀྱིས་ཀྱང་། ༢༠༠༨ ལོའི་༼ཤར་དུང་རི ༽ དུས་དེབ་སྟེང་(ཟུངས་ཁྲག་དང་ཚེ་སྲོག་གི་གཏུག་བཤེར) ཞེས་པའི་རྩོམ་ཡིག་སྤེལ་ཏེ། ཁོང་ཅག་གིས་རྒྱལ་ཁབ་ཁ་བྲལ་དང་། ཤེས་ཡོན་པར་ངན་སྐུལ་བྱས་པའི་ཉེས་མིང་བཏགས་ཡོད་འདུག  

ཐེངས་འདིར་ཁྲིམས་ཐག་བཅད་པའི་རྩོམ་པ་པོ་གཉན་གྱི་དངོས་མིང་ལ་འཇང་རྩེ་དོན་ཁོ་ཟེར་ཞིང་། རྔ་བ་ཁུལ་ཁྱུང་མཆུ་རྫོང་ས་གནས་ལོ་རྒྱུས་ཞིབ་འཇུག་ལས་ཁུངས་ཀྱི་ལས་བྱེད་ཡིན་པར་མ་ཟད། སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཡོད་པའི་སྙན་ངག་པ་དང་འབོལ་རྩོམ་འབྲི་མཁན་འབྲི་མཁན་ཞིག་ཀྱང་ཡིན་ལ། ཁོང་གིས་སྙན་དེབ་༼རོ་ལངས་༽དང་རྩོམ་ཡིག་གང་མང་ལ་སྤྱི་ཚོགས་ཁྲོད་གདེང་འཇོག་མཐོན་པོ་གནང་སྟེ་བྱ་དགའ་མང་པོ་ཐོབ་ཡོད།

རང་ལོ་ ༣༤ ཡིན་པའི་རྩོམ་པ་པོ་བུད་ངྷ་ལགས་ནི། རྔ་བ་རྫོན་ཁྲིན་ཀཱན་སྡེ་བ་ནས་ཡིན་ཞིང་། ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་པའི་མཐོ་སློབ་ཞིག་ནས་མཐར་ཕྱིན་རྗེས་རྔ་བ་རྫོང་བར་མ་ཞང་བོད་སྨན་ཁང་དུ་ཕྱག་ལས་གནང་བཞིན་ཡོད། ལས་ཞོར་དུ་འབོལ་རྩོམ་སོགས་བརྩམས་ཆོས་མང་པོ་སྤེལ་ཞིང་། ༢༠༠༨ ལོའི་ཤར་དུང་རི་དུས་དེབ་སྟེང་། ཁོང་གིས་(ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཞིག་ཡོད) ཅེས་པ་དང་། (ཕྱིར་རྟོག་དང་བསམ་གཞིག) ཅེས་པའི་རྩོམ་ཡིག་ཅིག་ཀྱང་སྤེལ་ཡོད། 

རང་ལོ་ ༣༥ ཡིན་པའི་ན་གཞོན་རྩོམ་པ་པོ་སྐལ་བཟང་སྦྱིན་པ་འམ་པུར་མིང་ལ་མགར་མི་ཟེར་བ་ཁོང་ནི། ཙ་ཡུས་སྨད་ཀྱི་དུད་ཁ་ཤིང་སྐྱོང་ཐང་སྡེ་བ་ནས་ཡིན་ཞིང། ཆུང་དུས་ཙ་ཡུས་དགོན་པའི་གྲྭ་པ་ཡིན་པ་དང་། ༡༩༩༣ ལོར་རྒྱ་གར་དུ་ཡོང་སྟེ་སུ་ཇཱ་བོད་ཁྱིམ་དང་ཀིརྟིའི་བྱེས་པ་གྲྭ་ཚང་སོགས་སུ་སློབ་གཉེར་གནང་། ༢༠༠༨ ལོའི་ཤར་དུང་རི་དུས་དེབ་སྟེང་༼ཟུངས་ཁྲག་དང་ཚེ་སྲོག་གི་གཏུག་བཤེར༽ཞེས་པའི་རྩོམ་ཡིག་སྤེལ་ཡོད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

མཆན། 8

  1. རིགས་བཟང་། says:
    ལོ་ 15 སྔོན།

    མི་བུའི་ལོ་རྒྱུས་འབྲི་དུས་ཁོང་ཚོ་ཁྲིམས་ཐག་བཅད་དང་མ་བཅད་རུང་། རྒྱ་གར་སོགས་ལ་ཡོང་ནས་སློབ་སྦྱོང་བྱས་མིན་དེ་ཁྱོན་ནས་མ་བཀོད་ན་མཛེས། བསམ་གཞིག་མང་ཙམ་གཏོང་རོགས།

    Reply
  2. དགོང་ཁའི་མཚམས་སྤྲིན། says:
    ལོ་ 15 སྔོན།

    དེ་བ་ཚང་གི་ད་མི་ཉན་ཀ ་་་་་གཞོན་ནུ་ཚོས་སྙིང་སྟོབས་ལ་ཡི་རང་བྱེད།

    Reply
  3. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 15 སྔོན།

    སྐལ་བཟང་སྦྱིན་པ ༼མགར་མི ༽ཁོང་རང་སྐྱེས་སའི་སྡེ་བའི་མིང་ལ་དུད་ཁ་ཤིང་སྐྱོང་ཐང་སྡེ་བ་ཟེར་བ་མ་རེད། ཤིང་སྐྱོག་ཐང་ཟེར་བ་རེད། ཤིང་སྐྱོག་ཐང་དང་། འབོ་རུ་ཐང་། ཨ་ལི་ནང་བཅས་སྡེ་བ་འདི་གསུམ་ལ་དུད་ཁ་བཞི་བཅུ་ཟེར་བ་རེད།

    Reply
  4. རིགས་བཟང་། says:
    ལོ་ 15 སྔོན།

    བཙན་བྱོལ་སྤྱི་ཚོགས་ཀྱི་མི་བུ་འདི་དག་གིས་དུས་ལ་མ་སླེབས་ཀྱི་གོང་ནས་སྤྱང་སྐད་འདོན་ཡ་དགའ་བོ་ཞེ་དྲག་བྱེད་ཀྱིན་འདུག ད་ཁྱོད་ཚོས་སྐད་རྒྱོབས་ཡ། རྩོམ་འཆལ་དེ་དག་ཕྲིས་དང་།
    ཁྱེད་ཚོས་ག་དུས་ཡིན་ན་ཡང་གནོད་ལས་ཕན་ཐོགས་ཀྱིན་མི་འདུག
    རྒྱ་ནག་གིས་ཁྲིམས་ཐག་བཅདཚར་རྗེས། ད་ཁྱོད་ཚོས་བསམ་དོན་གྲུབ་སོང་་བསམ་བསམ་བྱས་ནས་བསྡད་འདུག་ག

    Reply
  5. གནམ་ལྕགས། says:
    ལོ་ 15 སྔོན།

    རླབས་ཆེ་བའི་རྩོམ་པ་པོ་ཁོང་གསུམ་ལ་གདུང་སེམས་མཉམ་སྐྱེད་ཡོད། དེའི་ནང་གི་གཉན་ལགས་ནི་བདག་ཉིད་ཆེས་དགའ་སའི་གཞོན་སྐྱེས་སྙན་ངག་པ་དེ་ཡིན།

    ཁོང་དག་གི་རྨ་མེད་ཀྱི་སྙིང་སྟོབས་ལ་ཀུན་ནས་བསྔགས་སོ།།

    Reply
  6. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    ཨ་ཁ། ངས་འདི་ལྟ་བུའི་གནས་ཚུལ་ངན་པ་ཞིག་ཐོས་རྒྱུ་རེད་སྙམ་ནས་དུས་རྒྱུན་དུ་ཁོ་ཚོའི་ཕྱོགས་སུ་དངངས་སྐྲག་སྐྱེས་ནས་བསྡད་ཡོད། དངོས་གནས་སྤྱི་ཚོགས་ལ་ཤུགས་རྐྱེན་ཡོད་པའི་མི་འདི་དག་འདི་ལྟར་འཇོག་ག་ལ་རུང་སྟེ། ང་ཚོས་ཕྱོགས་གང་ཐད་ནས་ལས་འགུལ་མང་བོ་སྤེལ་ཏེ། ཁོ་ཚོའི་གནད་དོན་ནི་རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱ་དགོས།

    Reply
  7. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས།
    ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཞིག་ཡོད། ཞེས་པ་རྩོམ་མཁན་གཉན་མ་ཡིན་ནམ།
    ༼་་་་དང་འབོལ་རྩོམ་འབྲི་མཁན་འབྲི་མཁན་ཞིག་ཀྱང་ཡིན་ལ།༽ ཞེས་པར་ལྷག་སྐྱོན་འདུག དེ་བཞིན “ཁོང་གིས་སྙན་དེབ་༼རོ་ལངས་༽དང་རྩོམ་ཡིག་གང་མང་ལ་སྤྱི་ཚོགས་ཁྲོད་གདེང་འཇོག་མཐོན་པོ་གནང་སྟེ་བྱ་དགའ་མང་པོ་ཐོབ་ཡོད།”ཞེས་པ་འདིའི་ནང་དུ་བྱེད་མི་འོས་པས་ཚིག་སྐྱོན་འདུག
    “རྔ་བ་རྫོན་ཁྲིན་ཀཱན་སྡེ་བ་ནས་ཡིན་ཞིང་།”་ཞེས་པའི་ཡིག་སྐྱོན་འདི་ངོས་ཟུངས།

    ཁྱོད་བོད་ཡིག་ལ་དགའ་བའི་གསར་འགོད་པ་ཞིག་གིས་དག་ཆ་དང་དོན་དག་ལ་དོན་སྣང་གནང་རོགས།

    Reply
  8. གནས་ཚང་། says:
    ལོ་ 15 སྔོན།

    ཁོང་གསུམ་ལ་བཙན་བྱོལ་ནང་རྒྱབ་བསྐྱོར་ཡག་པོ་ཡོང་བར་རེ་བ་བརྒྱབ་ཡོད། ཡིན་ནའི། ཚིག་རྐང་གཅིག་འབྲི་མཁན་མེད་པར་ལྟ་སྐབས། སྤྱི་ཚོགས་འདི་རྙོག་དྲར་མ་གཏོགས་དོ་སྣང་མེད་པའང་གསལ་བོ་རེད། འདི་སྐྱོ་གར་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese