མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུའི་འཕྲོད་བསྟེན་ལ་དམིཊ་བསལ་གྱི་འགན་འཁྱེར་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཁོངས་སུ་ཚད་ལྡན་སློབ་གཉེར་ཁང་ནས་སློབ་ཐོན་སྨན་པ་ ༢༤༦ དང་། ཚད་ལྡན་སློབ་གཉེར་ཁང་ནས་སློབ་ཐོན་བྱུང་མེད་ཀྱང་ཕ་མེས་བུ་རྒྱུད་སོགས་ཀྱི་ཡོངས་གྲགས་སྨན་པ་ ༡༣༨ བཅས་ད་བར་ཁྱོན་སྨན་པ་ ༣༨༤ ཙམ་ལ་དེབ་སྐྱེལ་གནང་ཡོད་ཟེར།

དེ་རིང་ནི་བཙན་བྱོལ་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ཏེ་ལོ་འཁོར་ཧྲིལ་བོ་ ༧ ལོན་པའི་ཉིན་མོ་ཡིན་ཞིང་། ངྷ་ས་དབུས་སྨན་རྩིས་མཐོ་སློབ་ཏུ་མཛད་སྒོ་སྟབས་བདེ་ཞིག་ཀྱང་ཚོགས་སོང་། མཛད་སྒོའི་སྐུ་མགྲོན་དུ་བོད་གཞུང་འཕྲོད་བསྟེན་བཀའ་དཔལ་འབྱོར་ཚེ་རིང་མཆོག་དང་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་ལགས། སྨན་རྩིས་ཁང་གི་ངེས་སྟོན་པ་རྟ་མགྲིན་ཚེ་དབང་དང་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་བརྟན་བཅས་ཕེབས་ཡོད།

མཛད་སྒོའི་སྟེང་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་འདི་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་ལ། འདི་ནི་གཅིག་བྱས་ན་ད་ལྟའི་བར་གྱི་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ནང་དུ་བོད་སྨན་ལ་སྟངས་འཛིན་བྱེད་པ་དང་རྟོག་ཞིབ་བྱེད་པའི་སྒྲིག་འཛུགས་ཐོག་མའང་ཡིན་སྲིད། དེར་བརྟེན། ང་ཚོ་ཚང་མས་སྒྲིག་འཛུགས་དེའི་དམིགས་ཡུལ་དང་བསྒྲུབ་བྱ་དེ་དག་ལམ་ལྷོངས་ཡོང་ཆེད་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་དགོས། ད་ལྟའི་ཆར་བོད་ཀྱི་གསོ་བ་རིག་པ་རྒྱ་གར་གཞུང་གིས་ཁྲིམས་མཐུན་ངོས་ལེན་དང་དེབ་སྐྱེལ་བྱས་ཟིན་སྟབས། སྨན་པའི་ལྷན་ཚོགས་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་བྱུང་།

ཡང་ཁོང་གིས། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་ཐོགས་མེད་ལགས་ཀྱིས་ ༢༠༡༠ ལོའི་ལོ་འཁོར་ལས་སྡོམ་སྙན་སྒྲོན་ཞུས་སྐབས། ད་ལྟའི་ཆར་རང་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ལྷན་ཚོགས་ཀྱི་གཞི་རྩའི་འགྲོ་སོང་ཆེད་ལོ་རེར་ཧིན་སྒོར་ཉིས་འབུམ་ལྔ་ཁྲི་གནང་གི་ཡོད་ཀྱང་། ལྷན་ཚོགས་ཀྱི་ཡིག་ཆ་དཔར་སྐྲུན་དང་ལས་བྱེད་ཀྱི་གླ་ཕོགས་སོགས་རྒྱུན་གྲོན་ཁྱོན་ལོ་རེར་ཧིན་སྒོར་འབུམ་ ༧ ཙམ་འགྲོ་བཞིན་ཡོད་པ་དེ་དག་ཁུངས་གཞན་ནས་འཚོལ་ཐབས་དང་ཞལ་འདེབས་བསྡུ་བཞིན་ཡོད་ཀྱང་། ད་ཆར་ཞལ་འདེབས་གནང་མཁན་ཐོག་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། རང་གཞུང་ནས་ལྷན་ཚོགས་འདིའི་ལས་དོན་རྣམས་སྲ་བརྟན་རྒྱུན་འཁྱོངས་དང་ཡར་རྒྱས་གོང་འཕེལ་དུ་འགྲོ་ཆེད་གཙོ་བོ་དཔལ་འབྱོར་གྱི་རྒྱབ་སྐྱོར་དང་མཐུན་རྐྱེན་རོགས་རམ་གནང་རྒྱུར་རེ་བ་ཞུས་སོང་། རེ་སྐུལ་གནང་བ་བཞིན་དུ་ཡོང་གི་རེད་ཅེས་ཞུ་ཐུབ་ཀྱི་མེད་ནའང་། འཕྲོད་བསྟེན་ལས་ཁུངས་ངོས་ནས་གང་ཡོང་ཅི་ཡོང་གིས་རྒྱབ་སྐྱོར་ཞུ་ཆོག

 

ད་ལྟའི་ཆར་སྨན་རྩིས་ཁང་གིས་སྨན་པའི་ལྷན་ཚོགས་ལ་རོགས་རམ་དང་རྒྱབ་སྐྱོར་ཡག་པོ་བྱེད་ཀྱི་འདུག་ལ། ད་དུང་ཚགས་ཇེ་ཚུད་དུ་ཡོང་རྒྱུ་དེ་བོད་ཀྱི་གསོ་བ་རིག་པའི་སྨན་གྱི་ནུས་རྩལ་དང་ཁྱབ་ཚད་ལ་རག་ལས་ཡོད་སྟབས། རྣམ་པ་ཚོས་རིག་པ་བསྒྲིམས་ཏེ་ཇི་ལྟར་ཚགས་ཚུད་གོང་འཕེལ་གཏོང་ཕྱོགས་ཐོག འཆར་གཞི་བསྒྲིག་པ་དང་རོགས་རམ་གན་དང་འདི་དགོས་ཀྱི་འདུག་ཅེས་པ་ལྟ་བུ་བྱུང་ན། འཕྲོད་བསྟེན་ལས་ཁུངས་བརྒྱུད་བཀའ་ཤག་ལ་སྙན་གསན་ཞུ་ཆོག་གི་རེད། གཞན་རྒྱུན་གྲོན་ལྟ་བུའི་རིགས་ལ་སྨན་པའི་ལྷན་ཚོགས་རང་ནས་དགོངས་པ་བཞེས་དགོས་པ་ཆགས་ཡོད། ལས་དོན་ཚགས་ཚུད་དང་རྒྱ་སྐྱེད། གོང་འཕེལ་བཅས་ཀྱི་ལས་དོན་རིགས་ལ་མ་དངུལ་གྱི་དཀའ་ངལ་འཕྲད་ཚེ་སྙན་གསན་ཞུ་ས་ཡོང་གི་རེད། ཅེས་གསུངས།

ཡང་ཁོང་གིས་སྨན་པའི་ལྷན་ཚོགས་ཀྱིས་ས་གནས་ཁག་ཏུ་སྨན་རྩིས་ཁང་ལྟ་བུའི་སྒྲིག་འཛུགས་ཁག་ལ་རྟོག་ཞིབ་གནང་བ་དང་། སྨན་སྦྱོར་ཁང་ཚད་ལྡན་རིགས་ལ་ཕྱག་ཁྱེར་སྤྲོད་རྒྱུ་སོགས་སྨན་པའི་ལྷན་ཚོགས་ཀྱི་ཐུགས་འགན་རེད། ཧ་ཅང་གི་གནད་འགག་ཆེན་པོ་ཡང་ཆགས་ཡོད། དེར་བརྟེན། མ་འོངས་པར་རྟོག་ཞིབ་གནང་སྐབས་ཐུགས་མཉམ་འཇོག་དགོས་ས་ནི། བོད་སྨན་ལ་ཕྱི་ལུགས་ལྟར་རྫས་སྦྱོར་ཐད་དེང་རབས་ཀྱི་འཕྲུལ་ཆས་ཀྱིས་བརྟག་དཔྱད་གཏོང་གི་མེད་ཀྱང་། བོད་སྨན་ནང་དུ་རྫས་སྔགས་ཏིང་ངེ་འཛིན་ཞེས་ཟེར་དུས་གང་ཟག་གི་རྒྱུད་དུ་ཏིང་ངེ་འཛིན་ག་ཚོད་ཡོད་པ་ང་ཚོས་བཤད་ཐུབ་ཀྱི་མེད་མོད།  སྨན་པའི་ལྷན་ཚོགས་ཀྱིས་རྫས་ལ་རྟོག་ཞིབ་གནང་བཞིན་པ་ལྟར་སྔགས་ཀྱི་རིགས་ཀྱང་ཚང་གི་ཡོད་མེད་ལ་བརྟག་རྒྱུ་གལ་ཆེན་པོ་རེད་ལ། དེ་མ་ཚང་ན་བོད་སྨན་གྱི་ཆ་ལག་གཅིག་ཚང་གི་མེད་ཅེས་གསུངས།

 

མཇུག་མཐར་ཁོང་གིས། བཙན་བྱོལ་སྤྱི་ཚོགས་དང་སྨན་པའི་ལྷན་ཚོགས་བར་གྱི་འདས་པའི་བྱུང་རིམ་ལ་ཕྱིར་བལྟས་ཤིག་བྱས་ན། ཐོག་མར་སྨན་རྩིས་ཁང་དབུ་ཚུགས་པའི་སྐབས་སུ་སྨན་པ་དགེ་རྒན་གཅིག་ལ་དགེ་ཕྲུག་གཉིས་མ་གཏོགས་མེད་ལ། དེ་ལྟར་མགོ་བརྩམས་ཏེ་ད་ལྟ་སྨན་པའི་ལྷན་ཚོགས་ཡོད་པ་ལྟ་བུའི་བར་དུ་འཕེལ་རྒྱས་བྱུང་ཡོད། འདི་ནི་༧གོང་ས་མཆོག་གི་བཀའ་དྲན་ཉག་གཅིག་ཆགས་ཡོད། ཁོང་གི་མཛད་འཕྲིན་རྒྱས་པ་དང་སྐུའི་འཕྲོད་བསྟེན་ལ་དམིགས་བསལ་གྱིས་འགན་འཁུར་དགོས། ཞེས་ལམ་སྟོན་ཡང་གནང་སོང་།  

བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ནི་༧གོང་ས་མཆོག་གིས་ཚད་འཛིན་མཚན་རྟགས་བསྩལ་ཐོག བོད་གཞུང་འཕྲོད་བསྟེན་ལྷན་ཁང་གིས་ཕྱི་ལོ་ ༢༠༠༤ ཟླ་ ༡ ཚེས་ ༥ ཉིན་སྨན་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོ་སྐོང་ཚོགས་ཀྱིས་ཁྲིམས་ཡིག་གསལ་བསྒྲགས་དང་། སྐབས་དང་པོའི་ཚོགས་མི་རྣམས་འོས་འདེམས་ཀྱིས་ལྷན་ཚོགས་འདི་ཐོག་མར་དབུ་བརྙེས་ཡོད་པ་དང་། ལྷན་ཚོགས་འདིས་བོད་གཞུང་སྨན་རྩིས་ཁང་དང་ཝར་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན། ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་། ལ་དྭགས་དབུས་གཞུང་ནང་པའི་མཐོ་རིམ་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་བཅས་ད་བར་སློབ་གཉེར་ཁང་བཞི་ལ་སྨན་པ་བཀའ་བཅུ་པའི་ཚད་ལྡན་སློབ་གཉེར་ཁང་གི་དེབ་སྐྱེལ་ཕུལ་བ་དང་། ༢༠༠༨ ནས་ ༢༠༡༡ བར་བོད་གཞུང་སྨན་རྩིས་མཐོ་སློབ་ཁང་ནི་གསོ་རིག་སྨན་པ་རབ་འབྱམས་པའི་སློབ་གཉེར་ཁང་ཚད་ལྡན་ཞིག་ཏུ་འཕྲལ་སེལ་དེབ་སྐྱེལ་ཕུལ་ཡོད་འདུག

གཞན་ཡང་ལྷན་ཚོགས་འདིའི་ཁོངས་སུ་ཚད་ལྡན་སློབ་གཉེར་ཁང་ནས་སློབ་ཐོན་སྨན་པ་ ༢༤༦ ཡོད་པ་དང་། ཚད་ལྡན་སློབ་གཉེར་ཁང་ནས་སློབ་ཐོན་མེད་ཀྱང་ཕ་མེས་བུ་རྒྱུད་སོགས་ཀྱི་ཡོངས་གྲགས་སྨན་པ་ ༡༣༨ བཅས་ད་བར་ཁྱོན་སྨན་པ་ ༣༨༤ དེབ་སྐྱེལ་གནང་ཡོད་འདུག

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 10

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དེང་སང་དྷ་སའི་བཀའ་བློན་གྱི་བོད་སྐད། ཉིས་འབུམ། གསུམ་འབུམ། བཅུ་འབུམ། སྟོང་འབུམ། ཁྲི་འབུམ། འབུམ་འབུམ། ས་འབུམ་ད་གྲངས་ཀ་ག་ཚོད་སླེབས་སོང་།

    Reply
  2. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    དྲ་གྲོགས་རྩམ་དགའ་བོད་དགའ་ལགས། གོང་དུ་སྐུ་ཉིད་ཀྱིས་དོགས་འདྲི་གནང་བ་དེར་གསར་འགོད་པས་བྲིས་པའི་གསར་འགྱུར་ངོ་མའི་ནང་དུ། ༼ ད་ལྟའི་ཆར་རང་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ལྷན་ཚོགས་ཀྱི་གཞི་རྩའི་འགྲོ་སོང་ཆེད་ལོ་རེར་ཧིན་སྒོར་ཉིས་འབུམ་ལྔ་ཁྲི་གནང་བཞིན་ཡོད་ཀྱང་། ༽ ཞེས་འཁོད་འདུག་ཀྱང་། དེའི་བར་དུ་ ༼ ཧིན་སྒོར་ཉིས་འབུམ་ ༥ གནང་གི་ཡོད་ཀྱང་། ༽ ཞེས་པ་ཞིག་བསླེབས་འདུག་པ་ཅི་ལྟར་བསླེབས་མིན་མ་ཤེས་པས་ང་ཡང་རྨོངས་ཏེ་ལུས་ཡོད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གོང་གསལ་ལྟར་༸སྐུའི་སྐུ་ཕྱྭའི་བླ་སྨན་དང་། རྩིས་ཁྲ་ལ་ཚང་མས་གཟབ་ནན་དགོས་གལ་ཡོད་པ་མཁྱེན། མཁྱེེན། མཁྱེེེན།

    Reply
  4. གཟི་མིག་༣པ says:
    ལོ་ 15 སྔོན།

    སྨན་པའི་ལྷན་ཚོགས་ཚོགས་གཙོ་ལགས་ཞུགས་གྲལ་དུ་ཞུགས་ཐུབ་པ་ཙམ་གྱི་འགན་འཁྱེར་བ་མིན་
    དེ་ལས་རྒྱ་གར་གཞུང་གི་་མཁས་ལེན་བྱས་པ་འདི་ཆུ་ཟོས་སུ་མ་འགྲོ་བ་བྱ་དགོས་པ་གལ་ཆེ་བ་ཡིན་

    Reply
  5. གཟི་མིག་༣པ says:
    ལོ་ 15 སྔོན།

    སྐུའི་འཕྲོད་བསྟེན་ལ་དམིགས་བསལ་འགན་འཁྱེར་དགོས་ཞེས་པ་འདི་དོན་དུ་གནས་མིན་འདུག་
    གང་ལ་ཞེས་ན་དེ་སྔ་༸གོང་ས་མཆོག་གི་མཁྲིས་སྣོད་ལ་དཀའ་ངལ་བྱུང་ཟིན་པ་རེད་ལྟས་ དེ་བར་གསོལ་སྨན་གང་གང་ཕུལ་ཡོད་མེད་ལ་བོད་གཞུང་འཕྲོད་བསྟེན་བཀའ་བློན་དང་་སྨན་པའི་ལྷན་ཚོགས་སྨན་རྩིས་ཁང་ད་ན་བཙན་བྱོལ་སྤྱི་འཐུས་ཀྱི་ཀྱང་དོ་སྣང་རྩ་བ་ནས་བྱས་མེད་
    ༸གོང་ས་མཆོག་གི་འཕྲོད་བསྟེན་ཐད་ཚོགས་པ་འདི་དག་གི་དངོས་ནས་འགན་འཁྱེར་གྱི་མིན་འདུག་
    དེ་ལས་ལྡོག་སྟེ་ད་་ན་སྐུ་བཅར་བླ་ཞབས་ཡང་ཚད་ལྡན་ཤིག་བཀོད་ཐུབ་ཀྱི་མེད་པ་རེད་སྐུ་བཅར་ནི་གནད་་དོན་ཆུང་ཆུང་རྩ་བ་ནས་མིན་པས་ལག་ལེན་ཐར་ཕྱིན་པ་གཙོ་དགོས་
    དུས་བབ་ལགས་འདི་ངེད་པར་འདོན་རོགས་

    Reply
  6. གཟི་མིག་༣པ says:
    ལོ་ 15 སྔོན།

    ཧེ་ར་བཀྲ་ཤིས་ལགས་ཀྱི་སུངས་པ་བདེན་པ་རེད་
    དེ་སྔ་༸གོང་ས་མཆོག་གི་སྐུའི་བླ་སྨན་ཕལ་ཆེ་བ་དབྱིན་ཇི་ཚད་ལྡན་རྩ་བ་ནས་མེད་འོན་ཀྱང་ཁོང་རྣམ་པའི་སྐུ་ཡོན་ཐོག་ཚད་འཇལ་ཐབས་མེད་ལ་བོད་ལུགས་ལུས་ཁམས་རིག་པའི་ཐོག་ལ་དེ་བས་བརྗོད་ག་ལ་དགོས་ཁོང་རྣམ་པ་འཚོ་བཞུགས་སྐབས་༸གོང་ས་མཆོག་་ལ་ལོ་ཤས་གོང་གི་དཀའ་ངལ་ཚབ་ལྗི་པོ་འདི་འདྲ་རྩ་བ་ནས་བྲུང་ཉུང་མེད་ལ་སྐུ་བཅར་ཚོའི་ཞབས་འདྲེན་རེད་
    དུས་ཚོད་དང་མཚམས་པས་གོམས་པ་སྤོ་དགོས་ངེས་རེད་ལ་རང་རེའི་རིག་གཞུང་ལ་དེ་བས་དོ་སྣང་ཆེ་བ་དགོས་
    བོད་སྨན་ནི་བོད་ཡིག་ཐོག་སྦྱོང་དགོས་པ་ལས་དབྱིན་ཡིག་ཐོག་སྦྱོང་རྩ་བ་ནས་མི་དགོས་
    དེ་སྔ་བླ་སྨན་ཚོས་བོད་ནས་གསར་དུ་འབྱོར་བ་བོད་ཡིག་ཚད་ལྡན་ཁག་ལ་གོ་སྐབས་བཟང་པོ་གནང་ཡོད་དེའི་གོ་སྐབས་རྣམས་སྨན་རྩིས་ཁང་སྒེར་གྱི་བེད་སྤྱད་པ་རེད་ལ་ ད་བར་དབྱིན་ཇི་ཚད་ལྡན་མི་སྣས་དབྱིན་ཇི་མི་ཤེས་མཁན་ལས་ལྷག་པ་སྨན་རྩིས་ཁང་ལ་ནུས་པ་གང་འཕུལ་ཡོད་
    དེ་ལས་ལྡོག་ནས་ད་ཆ་སྨན་རྩིས་ཁང་ལ་མིག་རིལ་རིལ་བྱེད་བཞིན་ཡོད་པ་དང་ལྷག་མ་རྣམས་ཨ་རི་ལ་ཕུར་མིན་འདུག་གས་

    Reply
  7. རྩམ་དགའ་བོད་དགའ། says:
    ལོ་ 15 སྔོན།

    ཆེས་མཐོའི་སྨན་པའི་ལྷན་ཚོགས་དེ་ཆེས་མཐོ་ས་ཁོ་ནར་དབུ་མ་འཁོར་བར། དམའ་སར་ཡང་གཟིགས་སྐྱོང་ཡོང་བ་ཞུ།

    ཚོགས་འདུ་རྫིག་པོ་དང་ལག་འཁྱེར་སྤྲོད་པ་ཙམ་མ་ཡིན་པར། ༸གོང་ས་མཆོག་གི་བཀའ་དགོངས་ངོ་མ་འགྲུབ་འདོད་ཡོད་ན། མི་མང་དང་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཐོག་ཁ་ཞེ་གཉིས་མེད་ཀྱིས་ཐུགས་འགན་བཞེས་རོགས། དེ་ནི་སྐུའི་འཕྲོད་ལ་དམིགས་བསལ་གྱི་འགན་འཁྱེར་བ་ཞིག་ཡིན།

    Reply
  8. རྩམ་དགའ་བོད་དགའ། says:
    ལོ་ 15 སྔོན།

    དུས་བབ་རྩོམ་སྒྲིག་པ་ལགས།
    གོང་གི་གསར་འཕྲིན་ནང་གསལ། 《ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་ཐོགས་མེད་ལགས་ཀྱིས་ ༢༠༡༠ ལོའི་ལོ་འཁོར་ལས་སྡོམ་སྙན་གསེང་ཞུས་སྐབས། ད་ལྟའི་ཆར་རང་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ལྷན་ཚོགས་ཀྱི་གཞི་རྩའི་འགྲོ་སོང་ཆེད་ལོ་རེར་ཧིན་སྒོར་ཉིས་འབུམ་ ༥ གནང་གི་ཡོད་ཀྱང་།》 འཁོད་པའི་ཧིན་སྒོར་ཉིས་འབུམ་ ༥ ཟེར་བ་དེ་གསལ་པོ་ཤེས་ཀྱི་མི་འདུག ཉིས་འབུམ་ལྔ་ཁྲི་ཡིན་ནམ། ཡང་ན་ཉིས་འབུམ་བྱས་པ་ ༥ རྩིས་ནས་སྡོམ་སྒོར་འབུམ་བཅུ་ཡིན་ནམ། དེ་མིན་སྒོར་འབུམ་གཉིས་དང་ཁྲི་མེད་སྟོང་མེད་བརྒྱ་མེད་་༥་་ཡིན་ནམ། གང་ལྟར་རྒྱ་ཆེའི་གཟིགས་པ་པོ་ཚོར་གསལ་བཤད་ཐུང་ཙམ་སྐྱོན་རོགས་གནང་།

    Reply
  9. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    བོད་ཀྱི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་ད་ལྟ་མུ་མཐུད་དེ་ལས་འཆར་སྒྲིག་བཞིན་པར་དགའ་བསུ་ཞུ།
    བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་གསར་པ་རྟ་མགྲིན་མིང་ཅན་གྱིས་སྨན་རྩིས་ཁང་གི་སློབ་མ་གསར་པ་བསྡུ་ན་ངེས་པར་དབྱིན་ཡིག་ཡག་པོ་ཡོད་པ་ཚོ་ལ་གོ་སྐབས་ཡག་པོ་ཕུལ་དགོས་པ་དང་།
    དབྱིན་ཡིག་ཡག་པོ་ཤེས་ན་བོད་སྨན་ལ་ཕན་རླབས་ཆེ་རབས་ཀྱི་གཏམ་བཤད་མགོ་ན་དགོས་པ་ཞིག་གནང་ཡོད་པའི་གནས་ཚུལ་འདུག
    དེ་བདེན་པ་ཡིན་ན་དངོས་གནས་ཡིད་སྐྱོ་དགོས་པ་རང་རེད།
    དེ་ནི་བོད་ཡིག་ཡག་པོ་ཤེས་མཁན་བོད་ནང་ནས་ཕེབས་པ་ཚོའི་གོ་སྐབས་བཙན་གྱིས་འཕྲོག་ཐབས་གནང་བ་རེད།
    བོད་ཡིག་ཡག་པོ་ཡོད་པ་ཚོ་དངོས་མ་སྙིང་རྗེ།
    བོད་ནང་རྒྱ་མས་གོ་སྐབས་འཕྲོག
    བཙན་བྱོལ་ནང་འདི་ལྟར་གཏམ་བཤད་གནང་ན་ད་ག་རེ་བྱ་དགོས་པ་རེད་དམ།
    བོད་སྨན་གྱི་བསྟན་པ་ཡར་རྒྱས་འགྲོ་དགོས་ན་ངེས་པར་བོད་ཡིག་ཡག་པོ་མཁྱེན་ན་ཕན་རླབས་ཆེ་བ་ལས་དབྱིན་ཡིག་ཡག་པོ་མཁྱེན་ན་ཕན་རླབས་བོད་ཡིག་ལས་ཆེ་བ་ཞིག་རྣམ་པ་ཚོས་མཐོང་སོང་ངམ།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སྨན་རྩིས་ཁང་དབུ་ཚུགས་པའི་སྐབས་སུ་སྨན་པ་དགེ་རྒན་གཅིག་ལ་དགེ་ཕྲུག་གཉིས་ཀྱི་མཚན་བཞག་རྒྱུ་མེད་པའི་ཕྱིར། ཡོད་པར་ཐལ། ཡོད་ན། ཞོགས། མེད་ན་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese