མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཤིག་གིས་དགོངས་པ་ཞུས།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

དགེ་ལུགས་སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་སྐབས་བཅོ་ལྔ་བའི་བོད་བོད་མི་མང་སྤྱི་འཐུས་ཀྱི་འོས་ཁོངས་ནས་དགོངས་པ་ཞུས་འདུག

དེ་རིང་དོ་བདག་གིས་དགོངས་ཞུའི་ཡི་གེ་ཞིག་འོས་བསྡུ་ལྷན་ཁང་ལ་ཕུལ་ཡོད་པ་དང་། ངོ་བཤུས་འདི་གར་བསྐུར་འབྱོར་བྱུང་བའི་ནང་། ཕྲན་སྤྱི་འཐུས་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་དགེ་ལུགས་སྤྱི་འཐུས་སྔོན་འགྲོའི་སྐབས། མང་ཚོགས་ཀྱིས་གདེང་འཇོག་ཆེན་པོས་འོས་འཕེན་གནང་བ་ལ་བརྟེན་ནས་འོས་གྲངས་རྩེ་ཏོག་གྲས་སུ་སླེབས་འདུག་པས། གལ་ཏེ་དངོས་གཞིའི་འོས་སུ་བསྡད་ན་རྒྱལ་ཁ་ཐོབ་མིན་ཐེ་ཚོམ་མི་དགོས་མོད། དེ་ལྟ་ན་ཡང་ཐེངས་འདིར་ཕྲན་སྤྱི་འཐུས་དངོས་གཞིའི་འོས་ཞུགས་ལས་དགོངས་ཞུ་མི་གཏོང་མཐུ་མེད་བྱུང་བས། འབྲེལ་ཡོད་རྒྱ་ཆེ་མི་དམངས་ཚོར་དགོངས་སེལ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

ཡང་ཁོང་གིས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་འགའ་བགྲང་ཡོད་པ་དག་ནི། དང་པོ། དངོས་གཞི་འོས་གྲོགས་ཚོ་དགེ་ལུགས་རྒྱུགས་སྤྲོད་ཕེབས་མཁན་ལ་བརྟེན་རྒྱུན་ལས་བཞུགས་རྒྱུ་ཁག་བའི་ཐོག་ཕྲན་ཡང་རྒྱུན་ལས་བསྡད་ལོང་མེད་པ། གཉིས་པ། འོས་འགྲོ་བང་རིམ་རྗེས་མ་ཆེས་དམིགས་བསལ་བའི་སྐྱེས་ཆེན་ཡིན་པས་འོས་ཁོངས་སུ་ཚུད་ཐབས། གསུམ་པ། ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྲྭ་ཚང་ནས་ཆོས་འབྱུང་རྩོམ་སྐུལ་གནང་བ་མཇུག་སྐྱོང་ཡོང་ཐབས། བཞི་བ། དགའ་ལྡན་ཁྲི་ཐོག་བརྒྱ་བའི་རྣམ་མཐར་རྩོམ་འཕྲོར་ལུས་ཡོད་པ། ལྔ་བ། ཝཱར་ན་མཐོ་སློབ་ཀྱིས་རྩོམ་རིག་ལོ་རྒྱུས་ཉམས་ཞིབ་པར་གདན་ཞུ་དང་། ཞོར་དུ་དགེ་འོས་འཛིན་དགེ་གནང་གིན་ཡོད་པ་བཅས་བཀོད་འདུག

ཉེ་ཆར་དབུས་འོས་བསྡུ་ལྷན་ཁང་གིས་སྐབས་བཅོ་ལྔ་བའི་དགེ་ལུགས་སྤྱི་འཐུས་འོས་མི་བཅུའི་སྔོན་འགྲོའི་འོས་གྲངས་གསལ་བསྒྲགས་བྱས་པའི་ནང་། རོང་བོ་བློ་བཟང་སྙན་གྲགས་ལ་འོས་གྲངས་ ༡༢༢༨ ། ཨ་ཀྲུག་ཚེ་བརྟན་ལ་འོས་གྲངས་ ༡༢༢༨། དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལ་འོས་གྲངས་ ༨༠༡། དགེ་བཤེས་བློ་བཟང་ལ་འོས་གྲངས་ ༥༢༩། འཁྲུངས་གསར་རིན་པོ་ཆེ་བསྟན་འཛིན་དཔལ་ལྡན་འོས་གྲངས་ ༣༩༣། དགེ་བཤེས་བསྟན་འཛིན་དར་རྒྱས་ལ་འོས་གྲངས་ ༢༧༠། དགེ་བཤེས་ཕུར་བུ་བསམ་འགྲུབ་ལ་འོས་གྲངས་ ༢༡༦། དཔལ་ལྡན་ཆོས་གྲགས་ལ་འོས་གྲངས་ ༡༩༣། དགེ་བཤེས་གྲགས་པ་བསྟན་འཛིན་བདེ་མཆོག་འོས་གྲངས་ ༡༣༥། བློ་བཟང་ཕན་བདེ་ལ་འོས་གྲངས་ ༨༤ བཅས་རེད། 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

མཆན། 12

  1. GYAMTSO says:
    ལོ་ 12 སྔོན།

    དགེ་བཤེས་བེ་རུ་ལགས་ཀྱི་དགོངས་པ་ཞུས་པ་ཤེས་ཡོན་གཉིས་ལྡན་གྱི་གནང་ཕྱོགས་ཡག་པོ་ཞིག་རེད། ཁོང་གི་སྤྱི་འཐུས་ནང་ལ་ཕྱག་ལས་ལོ་ངོ་མང་པོ་གནང་ཚར་པ་རེད་ལ་མཛད་རྒྱས་ཀྱང་མང་པོ་ཡོད་པ་རེད། ཁོང་ལྟ་བུ་ཡིན་ན་སྤྱི་འཐུས་ཀྱི་མིང་ཡོད་མེད་ལ་ཁྱད་པར་ཡོད་པ་མ་རེད། བོད་བསྟན་པ་ཆབ་སྲིད་ཀྱི་ཕྱག་ལས་གནང་སྟངས་ལ་འགྱུར་པ་གང་ཡང་འགྲོ་གི་མ་རེད། དེ་ལས་མི་རབས་གསར་པ་རེ་སྤྱི་འཐུས་ཀྱི་རྐུབ་སྟེགས་སྤྲད་ན་གོ་སྐབས་དང་བསྟུན་བའི་ཕན་ཐོགས་རྒྱ་ཆེར་ཡོད་པ་རེད། གང་ལྟར་ད་དུང་སྤྱི་འཐུས་ནང་ན་ཆོས་རྒྱུུད་ཁག་གིས་སྤྱི་འཐུས་དགེ་བཤེས་ཀྱི་མིང་ཁུར་མཁན་རེ་ཟུང་གི་སླར་ཡང་རྐུབ་སྟེགས་ཧམ་བཟུང་བྱས་ནས་མི་རབས་གསར་པ་ཚོས་གོ་སྐབས་འཕྲོག་རྩིས་ཡིན་པས་བློ་ཕམ་ཆེན་པོ་བྱུང་།་

    Reply
  2. ཨ་འཇིགས། says:
    ལོ་ 12 སྔོན།

    སྤྱིར་བཏང་བེ་རི་འཇིགས་མེད་ལགས་ཀྱིས་སྤྱི་འཐུས་ནས་དགོངས་ཞུ་གནང་བ་དེར་ཅུང་ཟད་བློ་ཕམ་བྱུང༌། གང་ཡིན་ཟེར་ན། ཁོང་ནི་ཤེས་འཇོན་རྣམ་དཔྱོད་ལྡན་པའི་སྤྱི་འཐུས་ཤིག་རེད། ཁོང་གི་ཚབས་ལ་ཁོང་ལས་ལྷག་པ་ཞིག་སླེབས་ཨེ་ཡོང་། ཕྱོགས་ཞེན་གྱི་དྲི་མ་བྲལ་བའི་ཆོས་བརྒྱུད་སྤྱི་འཐུས་ཤིག་ཕལ་ཆེར་ཁག་ཚོད་ཡིན། གང་ལྟར་ཁོང་ལའང་རྒྱུ་མཚན་སྣ་མང་ཞིག་ཡོད་ངེས་པས་ཁོང་གི་ཐག་གཅོད་ལའང་གུས་བཀུར་ཞུ་རྒྱུ་ཡིན།

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 12 སྔོན།

    བཟང་ཕྱོགས་གི་རྣམས་པ་ཞིག་དུ་ངོས་འཛིན་རྒྱུ་ཡིན།

    འོན་ཀྱང་རྒྱུ་མཚན་དང་པོ་གཉིས་ ཁོང་གི་སྐུ་རྩེད་ཡིན་རྒྱུ་རེད་་ཧཧཧཧ
    ད་དུང་ངའི་མཐོང་མྱོང་པའི་བེ་རི་བ་སྐུ་ཤ་རྒྱག་པ་ཞིག་ཡིན་ཚོད
    ་གོང་གི་པར་དེ་ལོ་ན་བཅོ་ལྔའི་ཡར་སྔོན་གྱི་སྐུ་པར་ཞིག་མིན་འགྲོ།

    Reply
  4. སྐར་མདའ། says:
    ལོ་ 12 སྔོན།

    སྤྱིར་བཏང་སློབ་སྦྱོང་ཡོད་མཁན་དང་། ནུས་པ་ལྡན་མཁན་རྣམས་ཀྱི་དགོངས་པ་ཞུ་བཞིན་འདུག
    དགོངས་པ་ཞུ་དགོས་པ་དེ་ཚོས་དགོངས་པ་ཞུ་རྒྱུ་རྩ་བ་ནས་མི་འདུག
    དགོངས་པ་མ་ཞུས་པ་མ་ཟད་ད་དུང་རྐུབ་སྟེགས་སྲ་བརྟན་དུ་གཏོང་གི་ཡོད།
    བློ་ཕམ་དགོས་པ་རང་རེད།

    སྔོན་ཆད་ཡིན་ན་ཡང་སློབ་སྦྱོང་ཡོད་མཁན་དང༌། འཇོན་ཐང་སོགས་ཕྱོགས་གང་ཅིའི་ཐད་ནས་ཆ་རྐྱེན་ཡོད་ཚད་ཚང་བསྡད་མཁན་དེ་ཚོ་གཞུང་གི་རྐུབ་སྟེགས་སྒང་ལ་བཞུགས་ཡོད་ན།
    ༸གོང་ས་མཆོག་ལ་ཕན་རོགས་རྒྱ་ཆེན་པོ་ཐོགས་པ་མ་ཟད་ད་དུང་བཤད་དགོས་ས་ཐུག་ན་ཤོད་ཕོད་པ་དང་། རྩོད་དགོས་ས་ཐུག་ན་རྩོད་ནུས་པའི་འཇོན་ཐང་ཅན་གྱི་ལས་བྱེད་དེ་ཚོར་དམའ་འབེབས་དང་འཕྱ་དམོད་གསོན་གང་ཐུབ་བྱས་ཏེ་རྒྱང་ཕུད་བཏང༌། འཇོན་ཐང་གང་ཡང་མེད་པའི་བླུན་པོ་ཨུ་ཚུགས་ཅན་དང་། ཡི་གེའི་མགོ་རྔ་མི་ཤེས་པའི་སྣ་ཐལ་རང་འཐེན་ནས་འདུག་པའི་དཔོན་ངན་དེ་ཚོས་ཅི་བྱེད།

    བློ་ཕམ་དགོས་པ་རང་རེད་འདུག
    ཁ་བདེ་པོ་རེ་དང་། སེམས་ཤུགས་ཡོད་མདོག་བྱེད་མཁན་ཁ་ཤས་ཀྱི་གཞུང་གི་རྐུབ་སྟེགས་བཙན་བཟུང་བྱས་ནས་བསྡད་ཡོད་ཙང་། སུས་ཀྱང་དེའི་ཁ་གཏད་གཅོག་འདོད་མེད་པར་རྒྱང་དུ་བཀྱེད་པ་ཡིན་རྒྱུ་རེད་བསམ་རྒྱུ་འདུག

    སྤྱིར་བཏང་གི་གཞུང་གི་ལས་བྱེད་པ་དེ་ཚོ་ཕལ་ཆེ་བས་ཁ་ནས་བཤད་དུས་བོད་སྤྱི་བ་དང་། ༸གོང་ས་མཆོག་གི་བཀའ་བཞིན་སྒྲུབ་དགོས་པ་ལས། དེ་ལས་ལྡོག་སྟེ་ལས་ངན་ཞིག་སྒྲུབ་ཀ་ཕོད་ཅེས་གཏམ་རྫིག་པོ་རེ་བཤད་དེ་གཞུང་འབྲེལ་ལས་ཁུངས་ཁག་གི་རྐུབ་སྟེགས་ཧམ་བཟུང་བྱས་ནས་ལོ་ངོ་ག་ཙམ་འདས་ཟིན།

    ད་དུང་དེ་ཚོས་གཏོང་རྒྱུ་མིན་པ་འདྲ།
    བོད་རིགས་གཞོན་སྐྱེ་ཚོར་གོ་རྟོགས་ཡོད་ན་དེ་ཚོ་རྩ་མེད་བཟོ་དགོས་པ་ནི་ཤིན་ཏུ་ལས་ཀྱང་གལ་ཆེན་དུ་མཐོང་གི་འདུག

    དེ་ཚོ་རྩ་མེད་མ་བཟོས་པ་ཡིན་ན། ད་དུང་མུ་མཐུད་དེ་ལོ་བརྒྱད་ཅུ་ལོན་ན་འང་ལས་ཁུངས་ཀྱི་རྐུ་སྟེགས་གཏོང་འདོད་ཡོད་ས་མ་རེད། ང་ཚོས་རང་དབང་རྩོད་ཀྱིན་ཡོད་ཙང་།
    རང་དབང་གི་ལམ་ཁ་ལ་བུད་དེ་ལོ་ལོན་ཚོ་རྒན་ཡོལ་ཞུས་བཅུགས་ཏེ་གཞོན་སྐྱེས་དར་མ་སྟག་འདྲ་དེ་ཚོར་གཞུང་ལས་ཁང་གི་རྐུབ་སྟེགས་ཀྱི་ས་མིག་སྤྲད་ན་ཅིས་མ་ཆོག

    ལས་ཁུང་ལ་རུལ་དྲི་ཁ་ཡང་ད་དུང་ཨུ་ཚུགས་བྱས་ཏེ་འདུག་མཁན་ལོ་འཁྱོལ་བོ་དེ་ཚོས་ཡུན་ལས་ཡོལ་ཞུས་ཏེ་ཕྱི་མིིའི་ལམ་བྲོ་རེ་སྒྲུབ་ན་མི་བཟང་ངམ། ཁ་བཏོན་དགེ་སྦྱོར་ལ་བརྩོན་ནས་ཕྱག་བསྐོར་དང་མཆོད་མཇལ་མཆོད་འབུལ་ལས་བཟང་པོའི་འགོ་འཛུགས་ཞུ་བ་ཡིན་ཚེ་འདི་ཙམ་མ་ཟད་ཕྱི་མིའི་ལམ་ལ་ཡང་ཧ་ཅང་གི་ཕན་པོ་ཡོད་སྙམ།

    ད་ེལྟར་མི་གནང་བར་རང་ལྟ་མཆོག་འཛིན་གྱི་ལྟ་གཡག་གི་རྭ་ལྟ་བུ་དེ་ཁུར་ནས་ལས་ཁུང་ཀ་ཀེ་མོ་ཞིག་གི་རྐུབ་སྟེགས་ཧམ་བས་ཉར་པ་ཡིན་ན་ཕན་པ་ཅི་འདུག

    Reply
  5. ཆུ་ཕྲན། says:
    ལོ་ 12 སྔོན།

    ཁྱོད་ཀྱི་དགོངས་པ་ཞུས་པར་བློ་ཕམ་ཡོད་་་་་་

    Reply
  6. ཨ་མའི་བུ། says:
    ལོ་ 12 སྔོན།

    དགེ་བཤེས་བི་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་སླར་ཡང་ཆོལ་ཞེན་གྱི་ཁེངས་པའི་ཕྱག་འབྲེལ་སྐུ་ངོས་ཚོ་རང་འཇག་སླེབས་ཡོད་པ་ཤེས་ཏེ་ སླར་ཡང་རྙོག་དྲའི་གྲོས་ཚོགས་ཅིག་རང་ཡིན་པ་སེམས་ཏེ། དགོངས་པ་ཞུས་པ་ནི་བཟང་སྤྱོད་ཀྱི་གནས་ཚུལ་ཞིག་ཡིན།

    Reply
  7. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 12 སྔོན།

    བེར་འཇིགས་སྤྱི་འཐུས་འོས་ཁོངས་ནས་དགོངས་པ་ཞུས་པ་ཡག་པོ་བྱུང་འདུག སྤྱི་འཐུས་ནང་ཕྱོགས་རེས་བྱེད་མཁན་གཅིག་ཉུང་རུ་ཕྱིན་པ་རེད དེ་མིན་དགེ་བཤེས་ཞིག་གི་མིང་ཐོགས་ནས་སྤྱི་ཚོགས་ནང་ཕྱོགས་རེས་མཐུན་ཁྱེར་ཁོ་ནས་བྱེད་སྡད་པ་ལས་ སློབ་ཕྲུག་ཁ་ཤས་ལ་བོད་ཡིག་ཅུང་ཙམ་བསླབ་ན་ཕན་པ་མ་བཏོགས་གནོད་པ་ཡོད་ནི་མ་རེད།། ཐུགས་རྗེ་ཆེ།།

    Reply
  8. བཀྲ་ཤིས་དོན་གྲུབ། says:
    ལོ་ 12 སྔོན།

    བེ་རི་འཇིགས་མེད་དབང་རྒྱལ། ད་ཐངས་རང་འགུལ་གྱིས་དགོངས་ཞུ་བྱས་པར་ཐུགས་རྗེ་ཆེ།

    Reply
  9. སྒོ་བུ་གྲགས་པ། says:
    ལོ་ 12 སྔོན།

    སོ་སོའི་རང་ཉིད་གང་འཇོན་པ་དེ་ཧུར་ཐག་བྱས་ན་དགེ་ཕན་ཆེ་བ་ལས་འཛུལ་ས་ཡོད་ཚད་ཕྱིན་ན་རྙོག་དྲ་ཡིན་པ་མཁྱེན་རྟོགས་བྱུང་ཡོད་པ་དེ་བཟང་སྤྱོད་ཞིག་ཡིན་པ་ངོས་འཛིན་ཞུ་རྒྱུ་ཡིན།

    Reply
  10. འདྲེ་མེ་འབུད། says:
    ལོ་ 12 སྔོན།

    འདི་ཡང་རང་ཚོད་ཟིན་པའི་གནས་ཚུལ་ལེགས་པོ་ཞིག་ཏུ་བསམ་ཆོག མ་འོངས་པའི་མི་རིགས་ཞབས་འདྲེན་དུ་འགྱུར་འདོད་མེད་ཚེ། འདི་ལྟ་བུའི་སློབ་སྦྱོང་བྱ་ཐུབ་པའི་སྤྱི་འཐུས་རྙིང་བ་རེ་ཟུང་ཡོང་བའི་རེ་བ་ཞིག་ཀྱང་ངང་གིས་ཐལ་སོང་།

    Reply
  11. ཤག་སྒང་པ། says:
    ལོ་ 12 སྔོན།

    དགེ་བཤེས་ལགས་ནས་མིག་དཔེར་འོས་པའི་ལམ་ཁ་ཞིག་བསྟན་གནང་བར་ཐུགས་རྗེ་ཆེ། བཙན་བྱོལ་ནང་གི་བོད་ཡིག་ཉམས་དམས་དང་འབྲེལ་བའི་ཕྱག་ལས་མང་དག་ཅིག་ཁྱེད་ཀྱི་མདུན་དུ་ལྷགས་ནས་འདུག བོད་རིགས་ན་གཞོན་འདི་དག་བོད་ཡིག་སྦྱང་བློ་མེད་པ་མིན་ཏེ། ལམ་སྟོན་དང་རྒྱུས་མངའ། འགོ་འདོན་མིག་དཔེ་གནང་མཁན་ཉུང་དྲགས་འདུག་པས། རྩོམ་པ་པོའི་མཚན་ཡོད་མཁན་སྐུ་ཉིད་གཙོས་གཞན་ཚང་མས། ད་ནི་རིག་པ་བསྒྲིམ་དགོས་པ་དང་མནོ་བསམ་གྱིས་འགན་འཁུར་བསྣམས་དགོས་པའི་ཛ་དྲག་གི་དུས་ལ་སླེབས་ནས་འདུག ཚང་མས་གང་ནས་འཕྱར་བའི་གྲུ་ནས་འདེགས་རོགས་གནང། མཐར། ཁྱེད་ཀྱི་ལས་དོན་དོན་དོན་བཞིན་གྲུབ་པར་ཤོག

    Reply
  12. ཨ་རིག་དགེ་མཐོང་། says:
    ལོ་ 12 སྔོན།

    དངོས་གནས་སྤྱི་འཐུས་སུ་བཞུགས་ནས་སྤྱི་ཚོགས་ཀྱི་རྙོག་དྲའི་ཁ་དུག་ཉོ་བ་ལས་ཁོང་གིས་འདེམས་པ་ལྟར། རྩོམ་པ་པོ་དང་དགེ་རྒན་ལོ་རྒྱུས་ཞིབ་འཇུག་གི་ངོ་བོའི་ཐོག་ནས་ཕྱག་ལས་གནང་ན་ཧ་ཅང་བཟང་གི འདི་ནི་ཁོང་གི་དྲ་གྲོགས་ཤིག་གི་དྲང་ཐད་ནས་བྲིས་པ་ཡིན། གཞན་ཁོང་གི་བསམ་དོན་ལྟར་ལས་དོན་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist