མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༥ ས་རཱར་ཚོགས་པ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་འགར་རྒྱ་གར་རྒྱལ་ཡོངས་སློབ་མའི་ཚོགས་ཆེན་ཐེངས་ལྔ་པ་དེ་ས་རཱ་མཐོ་སློབ་ཏུ་འཚོགས་བཞིན་པ་དང་། ཐེངས་འདིའི་ཚོགས་འདུའི་སྟེང་མཐོ་སློབ་ཁག་ ༢༤ ཙམ་གྱི་མཐོ་རིམ་སློབ་མ་ ༨༢ མཉམ་ཞུགས་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་ནས་ ༡༠ བཅུ་བར་ཉིན་ལྔའི་རིང་རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་པ་དེ་ས་རཱ་མཐོ་སློབ་ཏུ་འཚོགས་བཞིན་ཡོད་པ་དང་། ཚེས་ ༧ ཉིན་གྱི་སྔ་དྲོར་དཔལ་རྒྱལ་པ་ཀརྨ་པ་མཆོག་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་བཅས་ཚོགས་མགོན་དུ་ཕེབས་ཏེ། ས་རཱ་མཐོ་སློབ་ཀྱི་ཚོགས་ཁང་ཆེན་མོའི་ནང་ཐེངས་འདིའི་ཚོགས་ཆེན་གྱི་མཛད་སྒོ་དབུ་འཛུགས་གནང་ཡོད།  

མཛད་སྒོའི་སྟེང་བྱེས་བཞུགས་བོད་རིགས་མཐོ་རིམ་སློབ་མ་ཐུན་མོང་གིས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ལ་༼ བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས༽ ཤིག་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་བཀྲ་ཤིས་རབ་བརྟན་ནམ་ཐེའུ་རང་ལགས་སུ་༼ དཔའ་བོའི་སྙིང་སྟོབས་ཀྱི་རྟགས་མ།༽ ཞེས་པ་གཉིས་ཕུལ་ཏེ། བཀའ་བློན་ཁྲི་པ་མཆོག་གིས་ད་བར་བོད་ཀྱི་སྲིད་འབྱོར་རིག་གསུམ་ཐད་རླབས་ཆེའི་ཕྱག་ལས་མང་བོ་བསྐྱངས་དང་སྐྱོང་བཞིན་པར་རྗེས་དྲན་དང་། ཐེའུ་རང་ལགས་ཀྱིས་རྒྱ་ནག་གི་གནོད་ཤུགས་ལ་མགོ་བོ་མ་བསྒུར་བར་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་དང་ད་ལྟའི་བོད་ནང་གི་དཀའ་སྡུག་མཚོན་པའི་རྩོམ་ཡིག་སྤེལ་བར་བསྟོད་བསྔགས་གནང་ཡོད།

 

ཉིན་དེར་༧རྒྱལ་པ་ཀརྨ་པ་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན། ཁ་སང་དགོང་མོ་ནས་ངས་སང་ཉིན་ཚིག་ཁ་ཤས་ཤིག་བཤད་རྒྱུ་མེད་ན་འགྲིག་གི་མ་རེད་བསམ་སྟེ་བསམ་བློ་བཏང་བ་ཡིན་མོད་མཐར་ཚིག་གཉིས་མ་གཏོགས་དྲན་མ་བྱུང་། ཚིག་གཉིས་དེ་ནི་ཤེས་ཡོན་ཟེར་བ་དེ་རང་རེད། ཤེས་ཡོན་ཟེར་བའི་ཚིག་དེ་ཕར་བཀྲལ་ཏེ་ཞུས་ན་ཤེས་བྱ་དང་ཡོན་ཏན་ལ་གོ་དགོས་ཤིང་།  ཤེས་བྱ་ཟེར་དུས་སྤྱིར་བཏང་གི་ཤེས་བྱ་ཟེར་བ་ཧ་ཅང་རྒྱ་ཆེན་པོ་རེད་ལ། བོད་ལ་ཤེས་བྱ་རིག་པའི་གནས་ལྔ་དང་རིག་པའི་གནས་བཅུ་སོགས་མང་བོ་ཡོད། དེང་དུས་ལྟ་བུར་མཚོན་ན་ཤེས་ཡོན་ནམ་སློབ་གསོ་ཟེར་བ་སོགས་རིགས་འདྲ་མིན་སྣ་ཚོགས་ཤིག་ཡོང་གིན་འདུག་ཅེས་དང་། དེ་མིན་ཡོན་ཏན་ཟེར་དུས་སློབ་སྦྱོང་བྱས་ཏེ་རིག་པ་སྦྱོང་རྒྱུ་ཙམ་མ་ཟད། གཙོ་བོ་སེམས་རྒྱུད་ལ་འགྱུར་བ་གཏོང་རྒྱུ་དང་བཟང་ཕྱོགས་ཀྱི་ཡར་རྒྱས་གཏོང་རྒྱུ་ལྟ་བུ་ལ་ཡོན་ཏན་ཟེར་བཞིན་འདུག་སྙམ། དེར་བརྟེན། གང་འདྲ་བྱས་ཏེ་མི་ཞིག་ཆགས་ཀྱི་ཡོད་པའི་རྨང་གཞིའི་ཡོན་ཏན་དེ་ང་ཚོའི་བསམ་བློའི་ནང་དུ་དགོས་པ་གལ་ཆེན་པོ་རེད། དེ་ལྟ་བུ་ཞིག་ཡོད་པའི་ཐོག་གཞི་ནས་རིག་རྩལ་གཞན་ལ་སློབ་སྦྱོང་བྱས་ཚེ་སློབ་སྦྱོང་བྱེད་རིན་ཆོག་པ་ཞིག་ཆགས་ཀྱི་ཡོད། ཅེས་དང་།

ཁོང་གིས་མུ་མཐུད་དོན། གནའ་རབས་ཀྱི་ཨེ་ཤ་ཡའི་རིག་གཞུང་དང་སྲོལ་རྒྱུན་ནང་ཐོག་མར་མི་བཟང་བོ་ཞིག་ཆགས་རྒྱུར་སློབ་སྦྱོང་བྱས་རྗེས།  གཞི་ནས་ཤེས་བྱ་ཡོན་ཏན་སྦྱོང་རྒྱུའི་ལུགས་སྲོལ་ཞིག་ཡོད་ལ། དེར་དེང་སང་འཛམ་གླིང་ནང་ཚང་མས་གལ་ཆེན་པོ་དང་དོ་སྣང་སླེབ་ཀྱིན་ཡོད། རྒྱ་ནག་ལ་མཚོན་ན་དེང་སྐབས་དཔལ་འབྱོར་དང་སློབ་གསོའི་ཐད་ནས་གང་འཚམ་ཡར་རྒྱས་འགྲོ་བཞིན་ཡོད་ནའང་། རིག་གནས་གསར་བརྗེ་ཆེན་མོས་ཤུགས་རྐྱེན་ཐེབས་པའམ། མི་ཚང་མར་སྤྱིར་བཏང་བའི་མིའི་ཀུན་སྤྱོད་ཀྱི་རྨང་གཞི་བརྟན་པོ་མེད་སྟབས། རིག་གནས་གསར་བརྗེའི་སྐབས་ཕྲུ་གུས་ཕ་མ་བཙོང་སྟེ་འཐབ་རྩོད་བཏང་བ་ལྟ་བུ་དང་། མི་ཆོས་ལས་འདས་པའི་གནས་ཚུལ་མང་པོ་ཡོང་སྟབས་དེའི་བག་ཆགས་མཐུག་པོ་ཆགས་ཏེ། དེང་སྐབས་གཞོན་སྐྱེས་མང་བོ་ཞིག་ལ་སྤྱིར་བཏང་གི་མི་ཞིག་ཡིན་པའི་བསམ་ཚུལ་དང་འགན་འཁུར། གོ་རྟོགས་མེད་པ་བཅས་ལ་བརྟེན། སློབ་སྦྱོང་གི་ཆུ་ཚད་ཐོག་མཐོ་རིམ་སློབ་གྲྭ་ཆེན་མོ་དང་ཆེད་ལས་ཀྱི་སློབ་གྲྭ་ཐོན་ནའང་། མིའི་ཆ་ནས་མི་བཟང་བོ་ཞིག་མིན་པར་སྤྱི་ཚོགས་ནང་གཏོར་བཤིག་གཏོང་མཁན་དང་། ཁྲིམས་འགལ་དང་ཉེས་ཅན་པ་མང་བོ་ཆགས་བཞིན་པ་ལྟ་བུའི་གནས་ཚུལ་མང་བོ་ཡོད་སྟབས། དེང་སྐབས་རྒྱ་ནག་ཏུའང་སྲོལ་རྒྱུན་ལྟར་ཐོག་མར་མི་ཆོས་རིང་ལུགས་ཀྱི་ཐོག་ནས་སློབ་གསོ་སྤྲོད་དགོས་པ་གལ་ཆེན་པོ་རེད་ཅེས་བཤད་མཁན་འདུག ཅེས་གསུངས་བྱུང་།

 

ཡང་ཁོང་གིས་སློབ་ཕྲུག་ཚོར་མི་རིགས་དང་རྒྱལ་ཁབ་ལ་ཤ་ཞེན་དགོས་སྐོར་གསུངས་དོན། ང་ཚོ་བོད་རིགས་ཤིག་ཡིན་པ་དང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད་སོགས་གང་ཅིའི་ཐད་དུའང་ཧ་ཅང་གི་ཉམ་ཐག་པ་དང་གཉན་འཕྲང་ཅན་གྱི་དུས་ཚོད་ཅིག་ཏུ་སླེབ་ཡོད་སྟབས། ངེས་པར་དུ་ང་ཚོར་ཕྱིའི་ཤེས་བྱ་ཡོན་ཏན་གྱི་ཆུ་ཚད་མཐོན་པོ་དགོས་པ་ཙམ་མ་ཟད། རང་གི་མི་རིགས་ལ་ལྷག་བསམ་དང་ཤ་ཞེན། རང་གི་རྒྱལ་ཁབ་དང་ཕ་ཡུལ་གྱི་ཆེད་དུ་ལེགས་སྐྱེས་འབུལ་བའི་ཆོད་སེམས་བརྟན་པོ་དགོས་པ་གལ་ཆེན་པོ་རེད། ཅེས་དང་། ཕྱིའི་ཤེས་བྱ་ཡོན་ཏན་ཡོད་པ་ཙམ་གྱི་མི་ཆོག་པར་གཙོ་བོ་སོ་སོ་རང་ཉིད་ལོ་ངོ་སྟོང་ཕྲག་མང་བོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པའི་བོད་རིགས་ཤིག་ཡིན་པ་དང་། ཁོར་ཡུག་དང་རིག་གཞུང་སོགས་མདོར་ན་སོ་སོའི་མི་རིགས་ལ་བརྩེ་དུང་དང་ཤ་ཞེན་བསླེབ་དགོས་པ་གལ་ཆེན་པོར་མཐོང་གི་འདུག དེ་ཚོ་ཐུགས་ལ་འཇགས་དགོས་པ་རེད་ཅེས་གསུངས།

ཡང་ཁོང་གིས། དེང་སྐབས་དུས་རབས་ཉིར་གཅིག་པར་ཕྱི་དངོས་པོ་དང་དཔལ་འབྱོར་ཡར་རྒྱས་ཕྱིན། དེ་བཞིན་འཛམ་བུ་གླིང་དུ་ཕན་ཚུན་ཐག་ཉེ་རུ་ཕྱིན་ཏེ་ཕྱོགས་གཅིག་ནས་སྟབས་བདེ་རུ་དང་ལས་སླ་རུ་ཕྱིན་ཡོད་ནའང་། ཕྱོགས་གཞན་ནས་ཉོག་འཛིང་མང་དུ་ཕྱིན་ཡོད་སྟབས་འདི་ལྟ་བུའི་དུས་ཚོད་ནང་ང་ཚོས་ཁ་ནང་ཏུ་ཕྱོགས་ཏེ་བསམ་བློ་ནན་ཏན་ཏུ་མ་བཏང་ན། རང་ཉིད་གང་ཡིན་པ་དེའི་ངོ་བོ་བརླག་འགྲོ་བ་དང་རང་དང་རང་གི་མི་རིགས་བར་གྱི་འབྲེལ་ཐག་དེ་ཤོག་བྱའི་ཐག་པ་ཆད་པ་ལྟར་ཆད་འགྲོ་རྒྱུའི་ཉེན་ཁ་ཡོད་སྟབས། དེར་ཚང་མས་ཐུགས་བསམ་བཞེས་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས།

མཇུག་མཐར་ཁོང་གིས།  གོ་སྒྲིག་པ་རྣམས་ཀྱིས་ཟླ་བ་མང་བོར་དཀའ་ངལ་བརྒྱབ་སྟེ་འཚོགས་རྒྱུ་བྱུང་བའི་ཐེངས་འདིའི་མཐོ་རིམ་སློབ་མའི་ཚོགས་འདུའི་སྟེང་། ཚང་མས་ཕན་ཚུན་ལ་བརྩི་བཀུར་ཞུས་ཐོག མཉམ་མྱོང་སྤེལ་རེས་དང་བགྲོ་གླེང་ལྷུག་པོར་གནང་སྟེ་དུས་ཚོད་འཕྲོ་བརླག་ཏུ་མི་འགྲོ་བར་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས།

ཐེངས་འདིའི་མཐོ་རིམ་སློབ་མའི་ཚོགས་ཆེན་སྟེང་ཝར་ཎ་མཐོ་སློབ་དང་རཱ་མཐོ་སློབ།  སྨན་རྩིས་ཁང་དང་ནོར་གླིང་མཐོ་སློབ། ས་སྐྱ་མཐོ་སློབ། སེ་ར་དང་འབྲས་སྤུངས་སོགས་བོད་ཀྱི་མཐོ་རིམ་སློབ་གྲྭ་ཁག་ཅིག་དང་། གཞན་ཡང་མེ་སོར་དང་བྷེང་ལོར། ལྡི་ལི། ཅན་ངྷི་གྷར། བྷ་རོ་ཊ་སོགས་རྒྱ་གར་གྱི་མཐོ་སློབ་ཁག་ཅིག་བཅས་ཁྱོན་བསྡོམས་མཐོ་སློབ་ཁག་ ༢༤ ཙམ་ནས་མཐོ་རིམ་སློབ་མ་ ༨༢ མཉམ་ཞུགས་གནང་ཡོད་འདུག

ཚོགས་ཆེན་གྱི་ཉིན་དང་པོར་ཚོགས་བཅར་བ་ཡོངས་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་ཁུངས་ཁག་ལ་གཟིགས་སྐོར་དང་། ཉིན་གཉིས་པའི་ཉིན་རྒྱབ་བོད་ཀྱི་ན་གཞོན་ཤེས་ཡོན་པའི་འགན་འཁྲི་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་། ཉིན་གསུམ་པར་བོད་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་༼ ད་ལྟའི་བཙན་བྱོལ་ནང་གི་ཤེས་ཡོན་སློབ་གསོའི་སྟོང་ཆ་དང་། དེར་ཁ་གསབ་དང་འཕེལ་རྒྱས་གཏོང་བའི་འཛིན་སྐྱོང་ཐབས་ལམ༽ ཞེས་པ་དང་། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་༼ འདས་པའི་བོད་ཁྱིམ་ཤེས་ཡོན་སློབ་གསོའི་ཉམས་མྱོང་ལས་མ་འོངས་འཕེལ་རྒྱས་ཀྱི་ལས་འཆར༽ ཞེས་པའི་ཐོག་གསུང་བཤད་གནང་རྒྱུ། ཉིན་བཞི་བར་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་༼ བོད་སྐད་ཡིག་གི་བྱུང་རིམ་དང་མཚོ་སྔོན་ཕྱོགས་ཀྱི་བོད་རིགས་སློབ་ཕྲུག་རྣམས་ཡར་ལངས་བྱེད་དགོས་པའི་རྒྱུ་མཚན། དེ་ལས་ངེད་ཅག་རང་དབང་ལུང་པར་ཡོད་པའི་སློབ་ཕྲུག་རྣམས་ཀྱིས་བསླབ་བྱ་ཅི་ཞིག་ལེན་དགོས ༽ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུའི་ལས་རིམ་བསྒྲིགས་འདུག  

གཞན་ཡང་མཛད་སྒོའི་ཉིན་དེར་༧རྒྱལ་པ་ཀརྨ་པ་མཆོག་གིས་རྒྱ་གར་རྒྱལ་ཡོངས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་དབྱིན་བོད་གཉིས་ལྡན་གྱི་དྲ་རྒྱ་ཞིག་དབུ་འབྱེད་དང། མཐོ་རིམ་སློབ་མ་ནང་ཁུལ་དུ་ཆེད་རྩོམ་འགྲན་བསྡུར་བྱས་པ་ཁག་ཅིག་ལ་རྩོམ་རིག་བྱ་དགའ་གནང་ཡོད།

གསར་འགོད་པ། ཨ་རིག་འགྱུར་མེད།

 

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 7

  1. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    དཔལ་༧རྒྱལ་དབང་ཀརྨ་པ་མཆོག་གི་གཙོའི་བགྲོ་གླེང་ཚོགས་ཕེབས་པ་ཡོངས་ལ་འཚམས་འདྲི་ཡོད་ལ། བྱ་བ་ཐམས་ཅད་དོན་དང་ལྡན་པར་སྙིང་ནས་སྨོན་ལམ་འདེབས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གཟིངས་རྟགས་འབུལ་མཁན་བོད་ནས་ཡིན་དང་། རྒྱ་གར་ནས་ཡིན། ང་ལ་གསལ་ཁ་ཐོན་མ་སོང་། གཅིག་གིས་གསལ་བཤད་གནོངས་སང་། ཐུགས་རྗེ་གཟིགས།

    Reply
  3. དགའ་ས་བོད། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཀྱི་རྒྱུད་རིམ་ཁྲོད་ཁ་ཆར་བུ་ཡུག་དྲག་ཏུ་འཚུབ་ཀྱང་ནམ་ཡང་འཇིགས་ཞུམ་མེད་པར་རང་གི་དམ་བཅའ་ལྷོད་པ་མེད་པར་ཉིན་མཚན་དུས་དྲུག་ཏུ་སྐུ་ལས་སྐྱོན་མཁན་གྱི་སྐྱེས་ཆེན་དམ་པ་དེ་ལྟ་བུར་བཀའ་དྲིན་རྗེས་དྲན་ཞུ་འོས་པ་རང་རེད།
    ཁོང་ལྟ་བུར་མཚོན་ན་བོད་ཀྱི་བླ་སྤྲུལ་གཞན་ལྟར་བླ་བྲང་རྫིག་པོ་དང་རྒྱས་སྤྲོས་ཀྱི་འཚོ་བར་ལོངས་སུ་སྤྱོད་རྒྱུའི་སྐལ་བ་ཆ་ཚང་ལྡན་ཡང་། རྩ་བའི་བླ་མའི་བཀའ་དང་རྒྱལ་སྲས་དཔའ་བོའི་མཛད་སྤྱོད་ངོ་མ་དང་ལེན་གནང་ནས་སྐུ་ཚེ་གང་པོར་བོད་ཀྱི་བསྟན་སྲིད་བདེ་དོན་ཆེད་དུ་ཕྱག་ལས་གནང་བ་དེ་ནི་བོད་མི་རྣམས་ལ་བཀའ་དྲིན་ཤིན་ཏུ་ནས་ཆེ་བ་ཞིག་ཡིན། དུས་ནས་དུས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་འོག་དཔུང་འདེགས་ངོ་མ་ཞིག་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།
    རིན་པོ་ཆེ། ཁྱེད་སྐུ་ཚེ་ཡུན་དུ་བརྟན་ཅིང་། མཛད་འཕྲིན་བསྟན་འགྲོའི་དཔལ་དུ་རྒྱས་པའི་གསོལ་འདེབས་ཞུ།

    Reply
  4. དགེའོ says:
    ལོ་ 15 སྔོན།

    ད་རེས་ཀྱི་ཚོགས་ཆེན་འདི་ཧ་ཅང་ཡག་པོ་འདུག་མོད་འོན་ཀྱང་དོན་ཕན་ཞིག་གནང་རྒྱུ་གལ་ཆེན་པོ་རེད་འདུག

    Reply
  5. འབྲོག་རུ་ཆོས་དར། says:
    ལོ་ 15 སྔོན།

    དེ་རིང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་་་ངས་ད་བར་ལས་ཀ་བྱས་པ་དེ་མི་རིགས་དང་རྒྱལ་ཁབ་ཀྱི་ཞེན་ཁོག་གི་དབང་གིས་མིན། ང་དེའི་འདོད་པའང་མེད་གསུངས་སོང་། སྐབས་དེར་ང་རང་ཡང་ཅུང་བདེ་བོ་ཞིག་ཆགས་མ་སོང་། ཡིན་ཡང་བསམ་བློ་ཞིབ་ཏུ་བཏང་ན་དེ་ནི་དགེ་སྦྱོང་དངོས་གནས་ཞིག་གི་གསུང་དྲི་མ་མེད་པ་ཞིག་རེད། ཡིན་ནའང་མཐོ་རིམ་སློབ་མའི་ཚོགས་ཆེན་སྟེང་གི་གཟེངས་རྟགས་དེ་རིན་པོ་ཆེ་ལ་གཏན་ནས་འོས་འཚམས་ཤིག་མ་རེད། གོང་ས་མཆོག་གིས་ལོ་ངོ་སུམ་ཅུའི་རིང་འཐུས་ཤོར་ཕྱིན་པ་རེད། གསུང་བ་དེའི་གསུམ་ཆ་གཅིག་ཟམ་གདོང་རིན་པོ་ཆེ་ཡི་གཟན་གྱི་ཐུ་འོག་ནས་ཤོར་བ་རེད།

    Reply
  6. དོན་འགྲུབ་རྡོ་རྗེ། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་དེ་རིང་ཕྱི་ཚེས་༧་ཉིན་ཁོང་ནས་ད་ བར་ཕྱག་ལས་གནང་བ་དེ་བོད་མི་རིགས་དང་རྒྱལ་ཁབ་་ཆབ་སྲིད་བཅས་ཀྱི་ཆེད་དུ་མིན་ལ་ དེའི་ཐད་འདུན་པ་ཡང་མེད་ཞེས་དང་དེ་ནི་གཙོ་བོ་ཁོང་གི་བླ་མ་སྐྱབས་རྗེ་ཁྲི་བྱང་ རིན་པོ་ཆེའི་བཀའ་སྒྲུབ་རྒྱུའི་བསམ་བློ་རང་ཡིན་སོགས་གསུངས་སོང།།

    Reply
  7. མྱི་ལྟིག says:
    ལོ་ 15 སྔོན།

    མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཞི་བའི་སྐབས་ཀྱི་གྲོས་ཆོད་དག་གི་གྲུབ་འབྲས་ད་ཐེངས་སྟོན་རྒྱུ་ཡོད་པའི་སྨོན་ལམ་དང་རེ་བ་ཡོད་ལ། མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་བའི་སྐབས་སུ་འཇོག་རྒྱུའི་གྲོས་ཆོད་དག
    ཐེངས་དྲུག་པའི་ཚོགས་ཆེན་ཚོགས་རག་བར་དུ་མཐོ་སློབ་དག་གིས་རང་ནུས་ཡོད་ཚད་ཕུལ་ཏེ་ལག་ལེན་ལེགས་འགྲུབ་ཡོང་དུ་བཅུག་ནས་སྟོན་རྒྱུ་ཡོད་པའི་རེ་སྐུལ་ཡོད།
    དེ་མ་གཏོགས་ལོ་རྟག་པར་ཁ་སྟོང་ནང་ནས་ཚིག་སྟོང་བཤད་ན་རང་རོགས་གཉིས་ཀྱི་དུས་ཚོད་སྟོང་ཟད་རང་རེད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese