མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕཊ་སྟག་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཚོགས་རྗེས། དེ་སྔོན་དགོན་སྡེ་ཁག་ཏུ་རྡུང་རྡེག་ཚ་ནན་གྱི་བྱ་འགུལ་སྤེལ་བཞིན་པ་དེའི་ཁ་ཕྱོགས་སློབ་གྲྭ་དང་ཤེས་ཡོན་པའི་ཐོག་ལ་བསྐོར་ཏེ། ༢༠༡༠ ལོ་ནི་བོད་ནང་གི་ཤེས་ཡོན་པ་དག་གི་ལོ་ནག་ཅིག་ཆགས་ཡོད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ ༢༠༡༠ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྟོག་ཞིབ་ཕྱོགས་བསྡོམས་བྱས་ཡོད་པའི་ནང་། ༢༠༡༠ ལོའི་ཟླ་ ༡ པའི་ནང་པེ་ཅིང་དུ་༼ བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ༽ ཞེས་པ་ཚོགས་ཏེ། བོད་ཡུལ་ཡུན་རིང་གི་བདེ་རྩའི་ཆེད་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་རྣམས་གཙང་བཟོ་བྱ་རྒྱུ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱ་རྒྱུ་བཅས་དང་། ཟླ་ ༨ ནང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཞིས་ཀ་རྩེར་བོད་ཀྱི་དགོན་སྡེ་ཁག་གི་འགན་འཛིན་གྱི་ཉམས་མྱོང་སྤེལ་བའི་ཚོགས་འདུ་ཟེར་བ་ཞིག་བསྐངས་ཏེ། དགོན་སྡེ་དོ་དམ་དང་སློབ་གསོའི་ལས་འགུལ་སྔར་ཤུགས་ཆེ་རུ་བཏང་ཡོད། ཅེས་བཀོད་འདུག  

 

མུ་མཐུད་དུ་བསྟན་དོན། ༢༠༡༠ ལོའི་ཟླ་ ༣ ཚེས་ ༣ ཉིན་ལྷ་ས་གྲོང་ཁྱེར་འོག་གི་རྫོང་ཁག་ཏུ་དུས་གཅིག་ལ་སྤྱི་བདེ་ཉེན་རྟོག་པ་དང༌། དྲག་ཆས་ཉེན་རྟོག་པ། གྲོང་ཁུལ་བདེ་སྲུང་མི་སྣ་བཅས་ཀྱིས་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་བ་དང༌། ལམ་མདོ་ཁག་ལ་ཞིབ་བཤེར་ས་ཚིགས་བཙུགས་པ་དང༌། འགྲོ་སྐྱོད་བྱེད་མིར་དམ་དྲག མགྲོན་ཁང་དང་བོགས་གཏོང་ཁང་པར་གློ་བུར་དུ་ཞིབ་བཤེར་བྱས་ཏེ་བོད་མི་མང་པོ་འཇུ་བཟུང་བྱས་ཡོད། ཅེས་དང་། ལོ་འདིར་རྒྱ་གཞུང་གིས་བོད་ནང་གཞས་པ་དང༌། རྩོམ་པ་པོ།  ཁོར་ཡུག་སྲུང་སྐྱོབ་པ། གྲགས་ཅན་མི་སྣ་སོགས་ལ་ཆབ་སྲིད་ཀྱི་དོགས་གཞིའི་འོག་འཇུ་བཟུང་དང་ཁྲིམས་ཐག་བཅད་དེ། བོད་མི་བསོད་ནམས་ཚེ་རིང་དང༌། པད་མ་ཡེ་ཤེས། བླ་མ་ལྷ་དགའ། བསོད་རྡོ་བཅས་ལ་ལོ་གཉིས་ནར་འགྱངས་སྲོག་ཁྲིམས་དང་། འབྲས་སྤུངས་དགོན་གྱི་དགེ་སྐོས་འཇམ་དཔལ་དབང་ཕྱུག་དང༌། གཡག་མགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲིས། བསོད་ནམས་མགོན་པོ། ཚེ་དབང་རིན་ཆེན་བཅས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་མ་ཟད། ཚེ་དབང་རྒྱ་མཚོ་དང༌། ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ། བཀྲ་ཤིས་རབ་བསྟན་སོགས་ལ་མི་ལོ་ ༡༦ ནས་ ༡༥ བར་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་སོགས་བཅད་ཡོད། བཅས་བཀོད་འདུག  

 

སྙན་ཐོ་དེར་བཙོན་པའི་སྐོར་གྱི་གནས་ཚུལ་ཕྱོགས་བསྡོམས་གནང་དོན། བོད་མི་མང་པོ་ཞིག་འཇུ་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་པ་མ་ཟད། མནར་གཅོད་དབང་གིས་རྐྱེན་འདས་སུ་གྱུར་པ་དང་ནད་གཅོང༌། སེམས་ཁམས་མི་བདེ་བ་ཆགས་པ་སོགས་ཀྱི་གནས་ཚུལ་ཚབས་ཆེན་བྱུང་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། ༢༠༡༠ ལོར་བོད་མི་ ༡༨༨  ཙམ་འཇུ་བཟུང་བྱས་ཡོད་པ་དང༌། མི་ ༧༡ ཙམ་ལ་ཚད་གཞི་མི་འདྲ་བའི་ཁྲིམས་ཆད་དང་། ད་ལྟ་བོད་ནང་ལྟ་སྲུང་ཁང་དང༌ངལ་གཅུན་ཁང༌། བཙོན་ཁང་བཅས་སུ་བཀག་ཉར་དང༌། བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་ཁྱོན ༨༣༡  དང༌། ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཁྲིམས་དང་ཚེ་བཙོན། དུས་བཀག་བཙོན་འཇུག་གིས་ཁྲིམས་ཐག་བཅད་པ་ ༣༦༠ ཡོད། ཅེས་བཀོད་འདུག

 

བོད་ནང་གི་དགོན་སྡེ་ཁག་གི་སྐོར་ལ། རྒྱ་ནག་གིས་༼ དགོན་སྡེ་དོ་དམ་བྱེད་ཐབས། ༽ ཞེས་པའི་དོན་ཚན་ ༤༤ ཅན་གྱི་སྒྲིག་སྲོལ་ཞིག་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ནས་ལག་བསྟར་བྱས་ཡོད། ཟླ་ ༨ ཚེས་ ༡༤ དང་ ༡༥ ཉིན་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་ཡིས་བོད་ཀྱི་དགོན་སྡེའི་དམངས་བདག་ལས་དོན་ཉམས་མྱོང་སྤེལ་རེས་ཚོགས་འདུ་གཞིས་རྩེར་ཚོགས་པ་དང༌། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེའི་མགོ་ཁྲིད་དང༌། ས་གནས་འཐབ་ཕྱོགས་གཅིག་གྱུར་གྱི་འབྲེལ་ཡོད་མགོ་ཁྲིད་བཅས་འཛོམས་ཏེ། དགོན་པར་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་ལས་དོན་བཀོད་སྒྲིག་བྱས་ཡོད། དགོན་སྡེའི་འགན་འཁུར་བར་ཟབ་སྦྱོང་ཐེངས་མང་སྤྲད་པ། དགོན་པ་ཁག་ཏུ་དུས་ཚོད་བཅད་མཚམས་མེད་པར་སློབ་གསོའི་ཚོགས་འདུ་བསྡུས་ཏེ། བཙན་ཤེད་ཀྱིས་སློབ་གསོ་དང་ལེན་བྱེད་བཅུག་པ་མ་ཟད། དགོན་སྡེ་དོ་དམ་གྱི་སྒྲིག་གཞི་མང་དག་ཅིག་བཟོས་ཏེ་གྲྭ་བཙུན་ཚོའི་འགྲོ་སྐྱོད་རང་དབང་ལ་བཙན་འཕྲོག་བྱས་པ་དང་། ཆོས་བྱེད་རང་དབང་གང་ཡང་མེད་པར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་འོག་ཆོས་ལུགས་བྱེད་སྒོར་གནོད་སྐྱོན་ཚབས་ཆེན་བཟོས་ཡོད། ཅེས་དང་།

 

བོད་ནང་གི་ཤེས་ཡོན་སྐོར་ལ། རྒྱ་གཞུང་གིས་བོད་ནང་གི་ཤེས་ཡོན་ཐོག་སྲིད་བྱུས་གཏན་འབེབས་བྱས་དོན། ༢༠༡༠ ལོའི་ཟླ་ ༩ ཚེས་ ༡༢ ཉིན་ཟི་ལིང་དུ་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་ཚོགས་ཆེན་ཐོག ༼ ༢༠༡༠ ནས་༢༠༢༠ ལོའི་ཞིང་ཆེན་འབྲིང་རིང་སློབ་གསོ་བསྒྱུར་བཅོས་དང་འཕེལ་རྒྱས་འཆར་འགོད་རྩ་གནད ༽ ཅེས་པའི་རྒྱ་ཡིག་གཙོ་བོ་དང་བོད་ཡིག་ཕལ་བའི་སྲིད་བྱུས་གཏན་འབེབས་བྱས་ཏེ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཙོས་པའི་ས་གནས་མང་པོ་ཞིག་ཏུ་སློབ་ཕྲུག་ཚོས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། མི་རིགས་འདྲ་མཉམ་དང༌། སྐད་རིགས་རང་དབང༌ཞེས་པའི་འབོད་སྒྲ་བསྒྲགས་ཡོད། ཅེས་མདོ་བསྡུས་སུ་བསྟན་འདུག

 

ཡང་སྙན་ཐོ་དེའི་ནང་འདས་པའི་ལོ་འགའི་གོང་ནས་ལག་བསྟར་བྱེད་ཀྱིན་པའི་འབྲོག་དམངས་གྲོང་བརྡལ་ཅན་ལ་སྒྱུར་བཞིན་པའི་སྐོར་དང་། ད་ལོ་མཉམ་ལས་གཞུང་གཅིག་ཅན་གྱི་སྲིད་བྱུས་གསར་པ་གཉིས་ཕྱོགས་བསྡོམས་ཀྱི་ཚུལ་དུ་བཀོད་དོན། ༢༠༡༠ ལོའི་ཟླ་ ༡༢ ཚེས་ ༣ ཉིན་ཀྲུང་གོའི་བོད་ལྗོངས་དྲ་བའི་སྟེང་གནས་ཚུལ་སྤེལ་བར། ༢༠༠༦ ལོ་ནས་བཟུང་ཞིང་འབྲོག་པའི་བདེ་སྡོད་ལས་གཞི་སྤེལ་ཏེ་ལོ་ལྔའི་ནང་ཞིང་འབྲོག་སྡོད་ཁྱིམ་ཁྲི་ ༢༧་༤༨ དང་། མི་གྲངས་ཁྲི་ ༡༤༠ ཙམ་གནས་སྤོར་དང་། ལྔ་ཚན་བཅུ་གཉིས་ཀྱི་འཆར་གཞིའི་ནང་བོད་ལྗོངས་ཀྱི་འབྲོག་ཁྱིམ་ ༡༢༩༤༩ ལྷག་གནས་སྤོར་བྱ་རྒྱུ་ཡིན་པ་དང༌། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་དྲུག་ནང་ཞིང་འབྲོག་གཅིག་གྱུར་དང་། དཀར་མཛེས་ས་ཁུལ་སོགས་སུ་ཡང་གནས་སྤོར་ལས་གཞི་སྤེལ་ཡོད། ཅེས་དང་།

 

ལྷ་ས་སོགས་སུ་ཕྱི་ནས་ཡོང་བའི་བོད་མིར་དམ་དྲག་དང་དོ་དམ་ནན་པོ་བྱས་ཏེ་གནས་སྐབས་གནས་སྡོད་ཆོག་པའི་ལག་འཁྱེར་ཞུ་ལེན་སྒྲིག་སྲོལ་གཏན་འབེབས་བྱས་པ། བོད་ཀྱི་ས་མཚམས་དམ་དྲག་དང༌། ལྷག་པར་དུ་བོད་མི་སྐྱབས་བཅོལ་དུ་ཡོང་མཁན་ལྟེ་བའི་ལམ་བུ་བལ་བོད་ས་མཚམས་སྔར་བས་དམ་དྲག་ལ་ཤུགས་སྣོན་དང༌། བལ་ཡུལ་ཉེན་རྟོག་ཚན་པས་མཐུན་རྒྱུར་ཞུས་པ་སོགས་ལ་བརྟེན་བོད་ནས་སྐྱབས་བཅོལ་དུ་ཡོང་བར་དཀའ་ཚེགས་ཆེན་པོ་ཆགས་ཡོད་པ་དང༌། ༢༠༡༠ ལོར་བོད་མི་གྲངས་ ༧༧༠ ལས་འབྱོར་མེད། ཅེས་བཀོད་ཡོད་དུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

སྐར་མ ༣༣ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༠ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤

མཆན། 1

  1. བུ་སྡུག་ཅག bad boy says:
    ལོ་ 15 སྔོན།

    ལོ་རེ་ནས་ལོ་རེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་ས྄ྡུག་ནས་ཇེ་ས྄ྲུག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese