ཕྱི་ཚེས་ ༩ ཉིན་ཀན་ལྷོ་འབྲུག་ཆུ་རྫོང་ཁྲ་ཀང་ཞིང་ཆ་ཝ་གྲོང་སྡེ་ལ་མེ་སྐྱོན་ཤོར་ཏེ། མང་ཚོགས་ཀྱི་ཁང་ཁྱིམ་ ༦༡༣ ལྷག་ལ་མེ་་ཤོར་ཡོད་པ་དང་། ཁྱིམ་ཚང་ ༨༤ དང་མང་ཚོགས་ ༢༧༩ ལྷག་གི་འཚོ་བར་གནོད་འཚེ་ཐེབས་ཡོད་འདུག འབྲུག་ཆུ་ས་གནས་སྲིད་གཞུང་གི་འབྲེལ་ཡོད་དཔོན་རིགས་ཀྱིས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། ཐེངས་འདིར་མེ་སྐྱོན་འབྱུང་རྐྱེན་ནི་གློག་སྐུད་རྙིང་རལ་དུ་གྱུར་བས་རྐྱེན་གྱིས་ཡིན་པ་དང་། མེ་སྐྱོན་སྐབས་མིའི་ཚེ་སྲོག་ལ་གནོད་འཚེ་ཐེབས་མེད་ལུགས་བརྗོད་འདུག གྲོང་སྡེ་དེ་དག་གི་ཁང་ཁྱིམ་མང་ཆེ་བའི་བཟོ་སྐྲུན་རྒྱུ་ཆ་ནི་ཤིང་ཆ་ཡིན་པར་བརྟེན་སྡོད་ཁང་མང་པོ་མེ་ཤོར་ཏེ། ད་ལྟའི་གྲང་ངར་ཆེ་བའི་དགུན་འཁྱག་གི་དུས་སྐབས་སུ་མི་ཚང་མང་པོར་སྡོད་ཁང་མེད་པར་གྱུར་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
དབྱར་དུས་ཆུས་འཁྱེར་དགུན་དུས་མེས་འཚིག་ད་ནི་བོད་པ་ཚང་བཀྲ་མ་ཤིས་པའི་དུས་ཚིགས་ཤིག་ཁེལ་འདུག་སེམས།
འདི་ཡང་རང་རེའི་གོད་ཆགས་ཤིག་རེད། ལྷ་བླ་ཡོད་ན་ལུང་བསྟན་རེ་གསུང་རེད། ཡོད་ལས་ངན་དུས་སུ་སྨིན་པ་རེད་ཅེས་པའི་གཡོ་ཚིག་འདིས་མཐའ་མི་འཁྱོང་མ་ཁོ་ཐག་རེད།