མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་ཞིག་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་ན་གཞོན་རྩོམ་པ་པོ་གངས་དགའ་འཁྱམས་པོ་ལགས་ ༢༠༡༠ ཟླ་ ༡༢ ཚེས་ ༢༩ ཉིན་གྲོགས་པོ་ཞིག་དང་མཉམ་དུ་ལྷ་སའི་སྲང་ལམ་དུ་འགྲོ་བཞིན་པའི་སྐབས། གློ་བུར་དུ་རྒྱ་གཞུང་གི་ཉེན་རྟོག་བསླེབས་ཏེ། ཁྱོད་བསྟན་པ་བློ་གྲོས་ཡིན་ནམ་ཟེར་བཞིན་འཛིན་བཟུང་བྱས་ཡོད་པ་དང་། ཕོ་སར་དེ་ཉིན་དེའི་ཕྱི་དྲོ་ཀློད་འདུག་ཀྱང་། སྟན་པ་བློ་གྲོས་ལྷ་སའི་བཙོན་ཁང་ཞིག་ཏུ་མུ་མཐུད་བཀག་ཉར་བྱས་ཡོད་པ་མ་ཟད། ཁོང་གི་ཁྱིམ་ནས་ཁོང་གིས་རྒྱུན་དུ་བལྟ་ཀློག་བྱེད་པའི་དཔེ་ཆ་ཁག་དང་། གློག་ཀླད། ཡིག་ཆ་དང་པར་སོགས་ཉེན་རྟོག་པས་འཁྱེར་ཡོད་འདུག ཉིན་ཤས་སྔོན་ཁོང་གི་སྲིང་མོ་ངོ་ཐུག་ཏུ་ཕྱིན་སྐབས། ཁོང་གིས་ཉིན་འགའི་སྔོན་གསར་དུ་སྒོ་འབྱེད་བྱས་པའི་བོད་ཡིག་དཔར་ཁང་དེ་གཞན་ལ་བརྒྱུད་གཏོང་བྱོས། སེམས་ཁྲལ་མི་བྱེད། ང་ལ་སྐྱོན་མེད། གནས་ཚུལ་འདི་ཁྱིམ་མི་ལ་མ་བཤད། ཅེས་བརྗོད་ཡོད་འདུག

 

མདོ་ཁམས་ལྕགས་ར་དཔལ་འབར་རྫོང་ནས་ཡིན་པའི་རྩོམ་པ་པོ་བསྟན་པ་བློ་གྲོས་སམ། པིར་མིང་ལ་གངས་དགའ་འཁྱམས་པོ་ལགས་ནི།  སྔ་ཕྱིར་དཔལ་ཡུལ་སྔ་འགྱུར་གདན་ས་ཆེན་པོ་མ་དགོན་ནས་སློབ་མཐར་ཕྱིན་པ་དང་། མདུན་སྐྱོད་ཅེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། དཔལ་འབར་སློབ་སྐུལ་ཚོགས་པའི་གཙོ་གྲས། ཁམས་ཁུལ་གྲྭ་བ་ཁ་ཤས་མཉམ་རུབ་ཀྱི་གངས་རིའི་གནས་བབ་ཚོགས་པ་གསར་འཛུགས། སྒོ་ཡོན་སོགས་དང་འགྲོགས་ཏེ་༢༠༡༠ ཟླ་ ༡ ཚེས་ ༢༤ ཉིན་ཁྲིན་ཏུའུ་རུ་ ༼ རྩོམ་རིག་གི་བདག་དབང་འཚོལ་བ ༽ ཞེས་པའི་བགྲོ་གླེང་ཚོགས་ཐེངས་གཉིས་པ་སོགས་སྔ་ཕྱིར་བགྲོ་གླེང་ཚོགས་འདུ་མང་པོ་གོ་སྒྲིག་བྱས་མྱོང་བ་དང། ༢༠༡༠ ཟླ་ ༡༢ ཚེས་ ༢༠ ཉིན་དཔལ་ཡུལ་རྫོང་བཀྲ་ཤིས་བདེ་ལེགས་ཟ་ཁང་དུ་༼ གངས་རིའི་གནས་བབ་གླེང་བ ༽ ཞེས་པའི་བགྲོ་གླེང་ཚོགས་སྐོར་ཡང་ཁོང་གིས་བོད་ཕྱི་ནང་གང་སར་ཁྱབ་བསྒྲགས་གནང་ཡོད།

 

ཁོང་སྒེར་གྱི་རྩོམ་ཡིག་ཕྱོགས་བསྒྲིགས་༼ ང་མི་ཡུལ་འགྲོ་དུས ༽ ཞེས་པ་དང་། ༢༠༠༩ ལོར་༼ གཟན་འོག་གི་ཕྱི་མིག ༽ ཅེས་པའི་དེབ་གཉིས་བཏོན་ཡོད་པ་མ་ཟད། གཞན་བོད་ནང་གི་དྲ་ཚིགས་ཁག་ཏུ་གནད་འགག་ཅན་གྱི་རྩོམ་ཡིག་མང་པོ་སྤེལ་ཡོད་འདུག་ལ། ཉེ་ཆར་ནས་འབྲེལ་ཡོད་ལ་ཁ་པར་བརྒྱུད་དེང་སང་རྒྱ་མིས་ཁོང་ལ་སོ་ལྟ་བྱེད་བཞིན་ཡོད་ཚུལ་བཤད་འདུག

 

༼ བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་ཀྱི་ཟིན་བྲིས་ལས་བསྡུ་སྒྲིག་བྱས།  ༽

 

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤

མཆན། 1

  1. རང་དབང་། says:
    ལོ་ 15 སྔོན།

    རྩོམ་པ་པོ་ཞིག་གི་སྨྱུག་རྩེ་འཕྲོག་པ་འདི་ང་ཚོ་ལ་མཚོན་ན་གྱོང་གུད་ཐེངས་གཅིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese