མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་དང་པོ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་སྟེང་། བོད་གཞུས་གཉིས་ཀྱི་ཇོ་ནང་པའི་སྐུ་ཚབ་མང་པོ་ཞིག་གིས་བོད་གཞུང་ཆོས་རིག་དྲུང་ཆེ་མཆོག་བརྒྱུད་དེ། བཙན་བྱོལ་ནང་དུ་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་མང་པོ་ཞིག་རག་གི་མེད་པ་དེ་དག་གང་མགྱོགས་རག་ཐབས་སུ་ཐུགས་སྣང་བཞེད་སྐུལ་ཞུས་ཡོད་འདུག

གནས་མཆོག་རྡོ་རྗེ་གདན་དུ་ཟླ་འདིའི་ཕྱི་ཚེས་ ༧ ཉིན་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག ༼ ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ ༽ ཞེས་པ་དེ་དབུ་འཛུགས་གནང་ཡོད་འདུག་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་གཞུང་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་མཆོག་དང་། འཕགས་ཡུལ་སིམ་ལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཁན་ཟུར་ཆོས་སྣང་རིན་པོ་ཆེ་རྣམ་གཉིས་གཙོས་མཁན་སྤྲུལ་དབུ་ལས་རྣམ་པ་དང་། བལ་ཡུལ་ཇོ་ནང་དགོན་པའི་དགོན་བདག་ཇོ་ནང་བསྟན་པའི་གསལ་བྱེད་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག བོད་ནང་གི་ཇོ་ནང་བའི་དགོན་པ་ཁག་གི་སྐུ་ཚབ་སོགས་མི་སྣ་ ༢༠༠ ལྷག་ཚོགས་ཞུགས་གནང་ཡོད་འདུག

 

མཛད་སྒོ་དབུ་འཛུགས་སྐབས། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་ཚོགས་ཆེན་ངོ་སྤྲོད་གནང་དོན། དེ་རིང་ང་ཚོས་འདི་ལྟ་བུའི་ཚོགས་ཆེན་ཞིག་བསྡུ་སྐོང་བྱེད་དགོས་པར་རྒྱུ་རྐྱེན་གསུམ་ཡོད། དང་པོ། དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་འདི་ཉིད་དེང་སྐབས་ཉག་ཕྲ་བའི་དུས་ཚོད་གཅིག་ལ་བསླེབས་ཡོད། ལྷག་པར་དུ་བཙན་བྱོལ་བོད་གཞུང་འདིར་ཆོས་བརྒྱུད་ཐོབ་ཐང་གིས་མཚོན་པའི་ཆོས་བརྒྱུད་གཞན་དག་དང་བསྡུར་ན་ཧ་ཅང་གི་རྗེས་ལུས་ཐེབས་ཡོད་པ་མངོན་གསལ་རེད། འོན་ཀྱང་ང་ཚོའི་ངོས་ནས་ཀྱང་རྗེས་ལུས་རེད་ཟེར་ནས་འདུག་རྒྱུ་ཙམ་མ་ཡིན་པར་རང་འཁྲིའི་ལས་ལ་འབད་བརྩོན་བྱས་ཏེ། ཚོགས་ཆེན་འདི་བརྒྱུད་དེ་སྔར་ཇོ་ནང་བའི་བསྟན་པ་འདི་ལ་འཐུས་ཤོར་གང་ནས་ཕྱིན་འདུག མ་འོངས་པར་གོང་སྤེལ་ཇི་ལྟར་གཏོང་དགོས་པ་བཅས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུ་དང་།  

གཉིས་པ། ༢༠༠༩ ལོར་ཇོ་ནང་པའི་གནད་ཡོད་མི་སྣ་ལྷན་འཛོམས་གནང་སྟེ། ལྷན་ཚོགས་འདི་འཛུགས་རྒྱུ་ཐག་གིས་བཅད་ཅིང་། ལྷན་ཚོགས་ཀྱི་དམིགས་ཡུལ་གསུམ་དང་། ལས་འཆར་བཅུ། སྒྲིག་གཞི་དོན་ཚན་དགུ་བཅས་གཏན་འབེབས་གནང་ཡོད། འོན་ཀྱང་སྐབས་དེར་ལྷན་ཚོགས་འདིའི་ལོ་འཁོར་ཚོགས་ཆེན་ཚོགས་ཆེན་ནམ་ཚོགས་དང་། ཚོགས་ལུགས་ཚོགས་སྟངས་ཇི་འདྲ་དགོས་པ་ཁ་གསལ་མེད་སྟབས། ཐེངས་འདིར་དེ་ལྟ་བུའི་སྒྲིག་གཞི་ཁག་ཅིག་ཁ་གསལ་བཟོ་ཆེད་ཡིན།  

གསུམ་པ། རྒྱལ་ཁབ་དང་མི་རིགས། ཚོགས་པ། མཐའ་ན་ཁྱིམ་ཚང་ཞིག་ཡིན་ཡང་གཙོ་བོ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་ན། འཕེལ་རྒྱས་ཞོར་ནས་འགྲོ་བ་ཆོས་ཉིད་ཡིན་སྟབས། ཚོགས་ཆེན་འདི་དང་འདི་དང་འདི་ལྟ་བུ་བརྒྱུད་དེ། བོད་གཞིས་བྱེས་གཉིས་ཀྱི་ཇོ་ནང་པ་ཡོངས་ཕན་ཚུན་འགྲོ་འོང་དང་། མཛའ་མཐུན་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་བཅས་སུ་ཚོགས་ཆེན་འདི་གོ་སྒྲིག་ཞུས་པ་ཡིན།  ཞེས་ངོ་སྤྲོད་གནང་འདུག

 

དེའི་རྗེས་ལྷན་ཚོགས་དེའི་འགན་འཛིན་སིམ་ལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཁན་ཟུར་ཆོས་ཀྱི་སྣང་བ་མཆོག་གིས་ཇོ་ནང་པའི་ཆོས་བརྒྱུད་འདི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཆོས་ལ་ཉམས་ཉེས་འགྲོ་བཞིན་པའི་གནས་སྟངས་འདི་ལ་དགོངས་ཏེ། ༧གོང་ས་མཆོག་གིས་ཐུགས་བརྩེ་གཟིགས་ཀྱིས་སིམ་ལར་ཇོ་ནང་མ་དགོན་གྱི་དགོན་གཞི་རྟེན་དང་བཅས་པ་བསྩལ་གནང་མཛད་ཚུལ་དང་། བཙན་བྱོལ་ནང་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་མེད་པ་དཔལ་ལྡན་རང་གཞུང་གི་སྒྲིག་གཞི་གཏན་འབེབས་བྱས་སྐབས། ཇོ་ནང་པའི་ཆོས་བརྒྱུད་འཛིན་པའི་གནད་ཡོད་མི་སྣ་བཙལ་བྱོལ་དུ་ཕེབས་མེད་སྟབས། ཆོས་བརྒྱུད་གཞན་དག་ལྟར་ཐོབ་ཐང་མ་རག་པ་དང་། དེང་སྐབས་སྒྲིག་གཞི་བསྐྱར་བཅོས་བྱེད་པར་དཀའ་ངལ་མི་ཉུང་བ་ཞིག་ཡོད་སྐོར་སོགས་གསུངས་ཡོད།

ཡང་ལྷན་ཚོགས་ཀྱི་འགན་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་ལེན་དང་། བཀའ་འཁོར་ལོ་ཐ་མའི་དགོངས་པ་རྩལ་དུ་བཏོན་པའི་དབུ་མ་གཞན་སྟོང་གི་ལྟ་གྲུབ་ཕྱོགས་ན་སྟོང་ཆ་ལྷག་ཡོད་པ་ཇོ་ནང་པ་རང་ངོས་ཀྱི་འཐུས་ཤོར་ཡིན་སྟབས་འབད་འབུང་བྱ་དགོས་སྐོར། ༧གོང་ས་མཆོག་དང་པཎ་ཆེན་སྐུ་གོང་མ་ཆོས་ཀྱི་རྒྱལ་མཚན་རྣམ་པ་གཉིས་ཀྱིས་ཐུགས་བརྩེ་བའི་སྒོ་ནས་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་ཡོད་པ་དང་། ནང་བསྟན་སློབ་གླིང་སོགས་ཀྱིས་ཀྱང་ཆོས་བརྒྱུད་གཞན་དག་ལྟར་གོང་བཀུར་བྱེད་ཀྱི་ཡོད་ལུགས་སོགས་གསུངས་ཡོད་འདུག

 

སྐབས་དེར་བོད་ནས་གསར་དུ་ཕེབས་པ་དག་གི་སྐུ་ཚབ་མཁན་རིན་ཆེན་རྒྱ་མཚོ་ལགས་ཀྱིས་བོད་གཞིས་སུ་ཇོ་ནང་པར་དགོན་སྡེ་དང་གྲྭ་བཙུན་ཅི་ཙམ་ཡོད་པ། དད་ལྡན་ལྷ་སྡེའི་མང་ཉུང་། བསྟན་པར་ཞབས་ཞུ་ཇི་ལྟར་བྱེད་ཀྱི་ཡོད་པ། གཞིས་ལུས་དད་ལྡན་ལྷ་སྡེ་མི་སྡེའི་མངོན་འདོད་སོགས་གསལ་བཤད་བྱས་པ་དང་། ཞོར་དུ་ཁོང་གིས་རང་ཉིད་ཀྱི་སེམས་ཚོར་དང་འབྲེལ་ཏེ། བལ་ཡུལ་ནས་གསར་དུ་རྒྱ་གར་ལ་ཡོང་སྐབས་རྒྱ་གར་གཞུང་ཚབ་ཁང་དུ་སོང་དུས་རང་ཉིད་ཇོ་ནང་པ་ཡིན་སྐོར་བཤད་ཚེ་བོད་པའི་སྐད་སྒྱུར་བས་ཇོ་ནང་པ་ཆོས་བརྒྱུད་གང་ལ་གཏོགས་ཚུལ་དང་། ཆོས་བརྒྱུད་ཆེན་མོ་བཞིར་མ་གཏོགས་པའི་ཆོས་བརྒྱུད་གཞན་ཞིག་བཙན་བྱོལ་བོད་གཞུང་དུ་མེད་སྐོར་བཤད་པས་བློ་ཕམ་ཆེན་པོ་སྐྱེས་ལུགས་སོགས་ཀྱང་གསུངས་སོང་།

 

མཇུག་ཏུ་ཚོགས་ཆེན་དེའི་སྐུ་མགྲོན་གཙོ་བོ་ཆོས་རིག་དྲུང་ཆེ་ལགས་ཀྱིས་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ནས་དཔར་སྐྲུན་བྱས་པའི་ཇོ་ནང་དཔེ་ཚོགས་དེབ་ཕྲེང་དང་པོ་ནས་དྲུག་པའི་བར་དང་། བལ་ཡུལ་ས་གནས་ཇོ་ནང་འགྲོ་ཕན་ལྷན་ཚོགས་ནས་དཔར་སྐྲུན་བྱས་པའི་དེབ་བཅས་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་དོན། གོང་ནས་མཁན་སྤྲུལ་དག་གིས་གསུང་བཤད་གནང་སྟངས་ལ་གཞིགས་ན་ཆོས་བརྒྱུད་ཀྱི་ཐོབ་ཐང་མེད་པར་བློ་ཕམ་ཆེ་ཚུལ་གསུངས་པ་དག་ལ་སེམས་ཚོར་ཆེན་པོ་བྱུང་སྐོར་དང་། ཁོང་གིས་གསུང་འཕྲིན་དེ་དག་ཆོས་རིག་ལས་ཁུངས་སུ་སྙན་གསེང་ཞུ་ངེས་ཡིན་པ་དང་། རང་གཞུང་འདི་ཉིད་མང་གཙོའི་གཞུང་ཞིག་ཡིན་ཕྱིར་སྙན་ཞུ་ཕུལ་བ་ཙམ་གྱིས་འཕྲལ་དུ་ཐོབ་ཐང་སྤྲད་ཐུབ་པ་ཞིག་མིན་ནའང་གང་ནུས་ཀྱིས་འབད་བརྩོན་བྱ་ངེས་ཡིན་སྐོར་སོགས་ངོས་བཞེས་གནང་ཡོད་འདུག 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 18

  1. chukzi says:
    ལོ་ 14 སྔོན།

    དཔལ་ཇོ་ནང་པ་རང་དབང་དང་རང་བཙན་གཙང་མ་ཡོང་སྨོན་འདུས་ཡོད།།

    Reply
  2. ཁམས་པའི་ཕོ་རྒོད། says:
    ལོ་ 14 སྔོན།

    ང་རང་གིས་ངོས་ནས་རྒྱལ་བ་ཇོ་ནང་པ་ལ་དདཔ་དང་དག་སྣངཡོད་ སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་ནང་ནས་དབུ་མ་གཞན་སྟོང་པ་ཐུན་མོང་མ་ཡིན་པ་ཡོད་ཐུགས་རྗེ་ཆེ་ཞུ་

    Reply
  3. མི་ཕམ་རྒྱ་མཚོ། says:
    ལོ་ 14 སྔོན།

    མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་གྱིས་དབུ་མ་གཞན་སྟོང་གི་ལྟ་གྲུབ་ཕྱོགས་ན་སྟོང་ཆ་ལྷག་ཡོད་པ་ཇོ་ནང་པ་རང་ངོས་ཀྱི་འཐུས་ཤོར་ཡིན་སྟབས་འབད་འབུང་བྱ་དགོས་སྐོར།
    ཞེས་བཀོད་འདུག་པ་ནོར་འཁྲུལ་ཚབ་ཆེན་རེད། བཀའ་འཁོར་ལོ་ཐ་མའི་དགོངས་པ་རྩལ་དུ་བཏོན་པའི་དབུ་མ་གཞན་སྟོང་གི་ལྟ་གྲུབ་ཕྱོགས་ན་སྟོང་ཆ་གང་ཡང་ཡོད་མི་སྲིད། ཇོ་ནང་བ་ཞིག་གིས་དེ་སྲིད་ཟེར་ན། ཇོ་ནང་བའི་ལྟ་བ་དེ་ལྟ་ལོག་ཡིན་ཟེར་བ་དང་ཁྱད་པར་མེད། ཡང་ན་ཐོག་མའི་ལྟ་བ་རྣམ་དག་ཞིག་ད་ལྟའི་ཇོ་ནང་བ་རྣམས་ཀྱི་རྣམ་དག་མ་ཡིན་པར་བཟོས་པ་རེད་ཟེར་བ་ལས་གཞན་དུ་འགྲོ་ས་མེད། དེ་ཕྱིར་དེ་ནི་འགྲུབ་མི་སྲིད་ཅིང་། ཇོ་ནང་བ་སུས་ཀྱང་འཐད་མི་སྲིད་པ་ཞིག་རེད། དེ་ཕྱིར་མི་ཤེས་ཤེས་མདོག་གི་གཏམ་དེ་མ་བཤད་ན་ཡག་གི་རེད།
    རྒྱ་མཚོ་ཟེར་བ་དེ་བསམ་པ་རྣམ་དག་ཅན་ཞིག་ཡིན་ཚོད་འདུག འོན་དེ་ཁོས། དོལ་རྒྱལ་ལྟ་བུ་སོགས་ཀྱི་ལག་ཆ་བྱེད་སྲིད་ཟེར་མཁན་ཁོང་ཚོས་ཁ་ལ་ཉན་རྒྱུ་མེད། ཁོང་ཚོ་དམར་དམག་གིས་ཕོག་ལེན་ཡིན་སྲིད་རྒྱུ་རེད། ཟེར་བ་དེ་ནི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་འདུ་ཤེས་རྩོད་པ་མ་ཡིན་པར་ཉོན་མོངས་དང་མཚུངས་ལྡན་གྱི་ཚོར་བ་རྩོད་པ་ཙམ་རེད། རྒྱུ་མཚན་ནི། ཇོ་ནང་བའི་རེ་འདོད་སྣང་མེད་བྱེད་དྲག་ན་དོལ་རྒྱལ་ཚོགས་པ་ལྟ་བུའི་རྒྱ་དམར་གྱི་ལག་ཆ་རུ་འགྱུར་སྲིད་པས་གཟབ་དགོས་པར་ཉེན་བརྡ་གཏོང་བ་དག་ནི་མཁས་པ་ཤེས་རབ་ཅན་གྱི་གཏམ་རེད། སྐྱེན་མ་འོང་གོང་གི་བཟློག་པ་སྔོན་དང་། ཆུ་མ་འོང་གོང་གི་ཆུ་ར་རྒྱང་ནས་བྱས་པ་རེད། རྒྱ་དམར་གྱི་ཕོག་ལེན་དག་གིས་བོད་ལ་བསླུ་ཁྲིད་བྱེད་ཀྱི་རེད་མ་གཏོགས་ཤ་ཚའི་ཉེན་བརྡ་ནམ་ཡང་གཏོང་གི་མ་རེད།
    ཀརྨ་རྡོ་རྗེས་ད་ཇོ་ནང་བས་སྡུག་སྐད་འདོན་པ་ལས་ལག་ལེན་ལ་བསྟར་ན་ལེགས། དཔེར་ན་ཇོ་ནང་བའི་ཆོས་བརྒྱུད་འདི་བོད་གཞུང་གིས་ཁས་ལེན་མིན་ཕུ་ཐག་བཅད་ན་ལེགས།
    ༸གོང་ས་མཆོག་གིས་ཀྱང་ཇོ་ནང་བསྟན་འབར་མ་གསུང་ཚར་བའི་རྗེས་ལ་ད་དུང་ཁས་མི་ལེན་ན། ཡང་དོལ་རྒྱལ་ཚང་གི་ལམ་ཁ་དེ་མ་གཏོགས་གཞན་མེད་པ་གསལ་བོ་རེད།
    ཟེར་བ་དེ་བདེན་པའི་གཏམ་དུ་སྣང་། བློ་ཕམ་པ་ཞིག་ལ་བོད་གཞུང་གི་དཔོན་རིགས་ཁག་ཅིག་ཇོ་ནང་བའི་གནས་སྟང་ལ་ཤུན་དུ་རྨོངས་སྟེ་ངོ་ཚ་དགོས་པ་མང་དུ་བྱས་ནས་ལོ་མང་བོར་ཕྱིན། ཇོ་ནང་བས་སྡུག་སྐད་རྒྱབ་ནས་ལོ་བཅུ་འཕྲག་བརྒལ་ཡོད། བོད་སྥྱི་མཐུས་ཀྱིས་འཐེན་ཁྱེར་དང་སྣང་ཆུང་བྱས་ནས་ལོ་བཅུ་ཕྲག་ཟིན་ལ་ཉེ། ཆོས་དོན་ལས་ཁུང་གིས་ལེ་ལོ་དང་སྣང་ཆུང་བྱས་ནས་ལོ་མང་སོང་། ས་སྐྱའི་སྤྱི་མཐུས་ཀྱིས་སྟོང་འདང་དང་ཕམ་སེམས་བྱས་ནས་ལོ་ཁ་ཤས་ཕྱིན། ད་ཇོ་ནང་བས་སྡུག་སྐད་རྒྱབ་ནས་འོང་རྒྱུ་མེད་པ་ཤེས་ཆོག་ནས་མི་ཚད་ཕྱི་དྲག
    འགྲོ་ཕན་ལྷན་འཚོགས་གི་ཚོགས་མི་ཚོས་ལྕགས་སྟག་༢༠༡༠ ལོ་ཆ་ཚང་གློག་ཀླད་མཛུབ་སྣོན་ཙམ་དང་དྲ་རྒྱའི་རྩེད་མོ་སོགས་ལ་དུས་ཚོད་ཁྲོག་བླག་གཏོང་བ་ལས་ཆོས་བརྒྱུད་འདྲ་མཉམ་གྱི་ཐོབ་ཐང་ལོན་ངེས་ཀྱི་ཁ་ཡོད་ལག་ཡོད་ཀྱི་ལས་མགུལ་སྤེལ་དེ་ཕུ་ཐག་གཅོད་དགོས། ཐབས་ལམ་ལག་བསྟར་མ་བྱས་ན་སྡུག་སྐད་ཀྱི་འཚོགས་འདུ་སྟོང་འཕྲག་འཚོགས་ཀྱང་ཕན་རྒྱུ་མིན་པ་མཁྱེན་པར་འཚལ།
    རྒྱ་རྟག་དཀར་བོ་ལ་ལན། བོད་རྒྱུད་གྲུབ་མཐའ་བཞི་ལས་ལོགས་སུ་གྱུར་པའི་ཇོ་ནང་ཆོས་རྒྱུད་རང་རྐྱ་བ་ཞིག་དགོས་པའི་དམིགས་འབྲས་ཁྱད་པར་བ་ཅི་ཡང་ཡོད་མི་དགོས། ཡེ་ནས་ཡིན་པ་ལ་ཡིན་པའི་ངོས་འཛིན་དགོས། ཡིན་པ་ལ་མིན་པར་ངོས་འཛིན་དང་། གལ་ཆེན་ལ་སྣང་མེད་བྱས་ན་རང་རེ་བོད་པའི་བརྟན་བསླང་དང་ཆིག་བསྒྲིལ་ལ་གནོད་པ་ལས་ཕན་ཁེ་ཅི་ཡང་མེད་པས་རེད། དེ་ལས་དམིགས་ཡུལ་ལོག་ཁ་ཅི་ཡང་མི་དགོས།
    ཆོས་རྒྱུད་ཐ་དད་པ་མང་དྲག་པ་དང་ཉུང་དྲག་ཟེར་བ་ཞིག་ཡོད་པ་མ་རེད། རྒྱུ་མཚན་ནི། སེམས་ཅན་གྱི་ཁམས་དབང་དང་དེ་དག་ལ་མཁོ་བའི་ཐེགས་པ་ལ་མཐའ་མེད་པས་སོ། ཁྱད་པར་དུ་ཇོ་ནང་བ་ནི་ལྟ་གྲུབ་གྱི་ཆ་ནས་ཁྱད་པར་བ་ཞིག་ཡིན་པས། ས་དགེ་བཀའ་རྙིང་གང་གིས་མ་གྲོལ་བའི་གདུལ་བྱ་དམིགས་གསལ་བ་ཞིག་བསྒྲལ་མི་སྲིད་པ་དང་་འདི་ལ་རྒྱལ་བ་རྣམས་ཀྱིས་ཐུགས་ཀྱི་ཀློང་ནས་དགྱེས་པའི་འཛུམ་བག་མངོན་མི་སྲིད་ཟེར་བ་སོགས་ནི་བསམ་བློ་གཏོང་མི་ཤེས་པའི་གཏམ་རེད།

    མི་ཕམ་རྒྱ་མཚོ་ནས།

    Reply
  4. ཆོས་བཟང་། says:
    ལོ་ 14 སྔོན།

    བསེ་ཀུན་དགའ་རྒྱ་མཚོ་ལགས།
    ངས་ཁྱེད་ཀྱིས་མཐའ་གཅིག་ཏུ་ནོར་འདུག་ཟེར་བ་མིན།  འོན་ཀྱང་ཁལ་ཁ་རྗེ་བཙུན་དམ་པའི་སྐུ་ཕྲེང་བརྩི་སྟངས་ཏེ་ནོར་འདུག་སྙམ།   ང་ལ་མཚོན་ན་ཇོ་ནང་ལ་རྒྱུས་མངའ་ཆེན་པོ་མེད་མོད།   སྔོན་ཆད་བོད་དུ་སྡོད་སྐབས།   ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་སྒྲུབ་ཐབས་རིན་འབྱུང་གྱི་དབང་རྗེས་གནང་ཡོངས་རྫོགས་ཨ་ལགས་གུང་ཐང་ཚང་གི་མདུན་ནས་ཐོབ་མྱོང་།   དེ་ཕྱིན་ཇོ་ནང་གི་སྐོར་དང་།   ལྷག་པར་རྗེ་བཙུན་ཏཱ་ར་ནཱ་ཐའི་སྐོར་ལ་བསམ་བློ་མང་པོ་གཏོང་མྱོང་ལ།   ཁོང་གི་མཛད་རྣམ་མ་བཅོས་ལྷུག་པའི་རྟོགས་བརྗོད་དང་།   ཀུན་དགའ་གྲོལ་མཆོག་གིས་མཛད་པའི་ཁོང་གི་སྐུ་ཕྲེང་ཁག་གི་མཛད་རྣམ་ཁག་ཞིབ་ཚགས་བཀླགས་མྱོང་།   ད་དུང་རྗེ་བཙུན་དམ་པའི་འཁྲུངས་རབས་ཕྱོགས་བསྒྲིག་ཟེར་བའི་དེབ་ཆུང་ཞིག་ཀྱང་མཐོང་མྱོང་།   
    གལ་ཏེ་ཁྱེད་ཀྱིས་རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་ཕྲེང་ཡོངས་རྫོགས་བགྲང་གི་ཡིན་ན།   ཐོག་མར་པཎྚི་ཏ་འབར་བའི་གཙོ་བོ་ནས་བརྩིས་དགོས།   དེ་ལྟར་བརྩིས་ན་ངོ་མཚར་བའི་སྐུ་སྐྱེ་བཅུ་བཞིའི་ཐོག་ཁལ་ཁ་སྐུ་ཕྲེང་དགུ་བསྣན་ན་ག་ཚོད་རེད།   ད་དུང་ཏཱ་ར་ནཱ་ཐའི་སྐུ་ཕྲེང་སྐོར་ལ་དང་པོ་ཀུན་དགའ་བོ་ནས་བརྩི་སྟངས་ཞིག་ཀྱང་མཇལ་མྱོང་མོད།   ཡོངས་གྲགས་ལྟར་བྱས་ན་འབར་བའི་གཙོ་བོ་ནས་བརྩི་གིན་འདུག་སྙམ།
    དེ་མིན་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ནས་དམིགས་བསལ་བརྩི་སྟངས་ཞིག་མེད།  ཀུན་དགའ་གྲོལ་མཆོག་དང་།   ཏཱ་ན་ནཱ་ཐ་གཉིས་ལ་རྗེ་བཙུན་ཞེས་འབོད་སྲོལ་ཡོད་མོད།   ཁལ་ཁ་རྗེ་བཙུན་དམ་པ་ཞེས་འབོད་སྲོལ་གཏན་ནས་མེད།   ཁལ་ཁ་ཟེར་བ་ནི་སོག་པོའི་ཁལ་ཁ་ཚོ་བཞི་ལ་ཟེར་བ་རེད།   ཏཱ་ར་ནཱ་ཐའི་སྐུ་སྐྱེ་ཕྱི་མ་དེར་འཁྲུངས་བས་དེ་ནས་བཟུང་ཁལ་ཁ་རྗེ་བཙུན་དམ་པ་ཞེས་གྲགས་པ་རེད།  རྒྱུ་མཚན་འདི་གཅིག་པོས་ཀྱང་ཤེས་ཐུབ། 
    སྐབས་འདིར་ངེད་གཉིས་ཀྱི་རྩོད་བཞིན་པ་ནི།   ཁལ་ཁ་སྐུ་ཕྲེང་རིམ་བྱོན་རེད།   དེའི་དང་པོ་བློ་བཟང་བསྟན་པའི་རྒྱལ་མཚན་རེད།    དེ་ནས་བཟུང་ཁལ་ཁ་རྗེ་བཙུན་དམ་པ་ཞེས་ཡོངས་སུ་གྲགས་འདུག    ད་བར་སྐུ་ཕྲེང་དགུ་ཕྱིན་ཡོད་པ་རེད།  རྗེ་བཙུན་དམ་པ་འདི་བ་ཚང་ལ་སྐུ་ཕྲེང་དགུ་བ་ཞེས་སོག་ཡུལ་དུ་ཡོངས་གྲགས་རེད།   
    ཏཱ་ར་ནཱ་ཐ་ཀུན་དགའ་གྲོལ་མཆོག་གི་སྤྲུལ་སྐུ་ཡིན་པ་ངས་ཀྱང་ཤེས་ཀྱི་ཡོད་མོད།   ཀུན་དགའ་གྲོལ་མཆོག་ཁལ་ཁ་རྗེ་བཙུན་དམ་པའི་སྐུ་ཕྲེང་དང་པོར་བརྩི་སྲོལ་ཞིག་གཏན་ནས་མེད།   ཡོད་ན་ཁལ་ཁ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཟེར་དགོས་པ་ཡིན་ནམ།   
    མདོར་ན་ཏཱ་ར་ནཱ་ཐའི་སྐུ་ཕྲེང་ཡོངས་རྫོགས་བརྩི་སྐབས།   ཀུན་དགའ་བོ་འམ་འབར་བའི་གཙོ་བོ་ནས་ཁལ་ཁ་སྐུ་ཕྲེང་དགུ་བ་བར་དུ་བརྩི་དགོས།   
    ཁལ་ཁ་སྐུ་ཕྲེང་རིམ་བྱིན་བརྩི་སྐབས་ཁལ་ཁ་སྐུ་ཕྲེང་དང་པོ་ནས་བརྩི་དགོས།   འདི་དག་སྤྱིར་བླ་མ་གཅིག་གི་སྐུ་ཕྲེང་ཡིན་མོད།   མཚན་ཐོགས་སྟངས་ཀྱི་ཆ་ནས་བརྩི་སྟངས་ཡང་མི་འདྲ་བ་ཡོད་པ་ཤེས་དགོས།   
    ཁྱེད་ལ་དེ་བས་གསལ་ཁ་རེ་གསུང་རྒྱུ་ཡོད་ན་གསུང་དང་ངས་ཁས་ལེན་བྱེད་ངེས་ཡིན།   དེ་མིན་མ་དག་རྒྱུན་འབྱམས་སུ་འགྲོ་བའི་ཉེན་ཁ་འདུག    དྲ་ཐོག་འདིར་ཇོ་ནང་པ་རེ་ཡོད་ན་འདིའི་ཐད་ཅིག་གསུང་རོགས་ཞུ།   གཅིག་བྱས་ན་ཁྱེད་ཇོ་ནང་པ་ཞིག་ཡིན་སྲིད།   ཡིན་ན་ཇོ་ནང་སྐོར་ལ་ང་ལས་ཁྱེད་མཁས་པ་སྨོས་མ་དགོས་པས་དགོངས་ཁྲེལ་མེད་པར་གསལ་བོར་གསུང་རོགས་ཞུ།

    Reply
  5. བསེ.ཀུན་དགའ་རྒྱ་མཚོ། says:
    ལོ་ 14 སྔོན།

    དྲ་གྲོགས་ཆོས་བཟང་ལགས་ཀྱིས་གུས་པས་མཆན་ལ་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་ད་དུང་གསལ་བཤད་ཅུང་ཟད་བྱེད་རྒྱུ་ལྷག་འདུག

    སྤྱིར་གུས་པས་གོང་དུ་ཁལ་ཁ་སྐུ་ཕྲེང་བཅུ་གཅིག་པ་ཡིན་པས་བཤད་པ་དེ་ནོར་བ་ཡིན་པ་ཁ་ཚོན་བཅད་ནས་བཤད་འདུག འོན་ཀྱང་ངས་དེ་ལྟར་བཤད་པར་རྒྱུ་མཚན་མེད་པ་མིན།

    ཁལ་ཁ་འདི་བ་སང་སྐུ་ཕྲེང་བཅུ་གཅིག་ཡིན་པ་ཇི་ལྟར་བརྩི་ཟེར་ན། སྐུ་ཕྲེང་དང་པོ་ཇོ་ནང་ཀུན་དགའ་གྲོལ་མཆོག་དང་སྐུ་ཕྲེང་གཉིས་པ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ། སྐུ་ཕྲེང་གསུམ་པ་ཁལ་ཁ་བློ་བཟང་བསྟན་པའི་རྒྱལ་མཚན་རེད།

    དེ་ལྟར་བརྩིས་ནས་ཁལ་ཁ་འདི་བ་སང་སྐུ་ཕྲེང་བཅུ་གཅིག་པ་ཆག་པ་རེད། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་ཀུ་དགའ་གྲོལ་མཆོག་གི་སྤྲུལ་སྐུ་ཡིན་པ་ཡོངས་གྲགས་ལྟར་དང་། ཁལ་ཁ་བློ་བཟང་བསྟན་པའི་རྒྱལ་མཚན་རྗེ་བཙུན་ཏཱ་ར་ནཱ་ཐའི་སྤྲུལ་སྐུར་ངོས་འཛིན་གནང་མཁན་༸གོང་ས་ལྔ་བ་ཆེན་པོ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་རྣམ་གཉིས་རེད།

    ༸གོང་ས་བཅུ་བཞི་བ་ཆེན་པོས་ཁོང་རྣམ་གཉིས་ཀྱི་བཀའ་དགོངས་གཞིར་བཞག་ནས་ཁལ་ཁ་རྗེ་བཙུན་དམ་པ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་མཆོག་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་ཕྲེང་བཅུ་གཅིག་པར་ངོ་འཛིན་དང་ཇོ་ནང་བསྟན་པའི་བདག་པོར་མངའ་གསོལ་རེད།

    གཞན་ཡང་སྤོབས་པ་མཐའ་ཡས་ལ་ཞུ་རྒྱུར།
    ང་ཚོས་ལོ་རྒྱུས་སུ་གསལ་བའི་དོན་རྐྱེན་རིགས་ཤིན་ཏུ་མང་མོད། འོན་ཀྱང་དེ་དག་སྐྱར་གསོ་བྱས་ན་དགོས་པ་ཆེར་མ་མཐོང་པས་འདིར་མི་གླེང་བར་ཞུ། དེ་དག་གླེང་ན་འདི་དང་དེ་ལྟ་བུ་་གྲོག་ཚང་ཁ་རྡོལ་བ་ལྟར་འགྱུར་ངེས་སོ།།

    དུས་རབ་ཉེར་གཅིག་པའི་ནང་ངམ་ཡང་ན་༸གོང་ས་བཅུ་བཞི་བ་ཆེན་པོའི་བསིལ་གྲིབ་འོག་འདི་རིགས་གླེང་ན་ཁོང་གི་ཐུགས་དགོངས་དང་འགལ་བ་མ་ཟད། ང་ཚོས་སྲིད་དོན་ལ་ཡང་མི་ཕན་པས་སྐྱར་དུ་མི་གླེང་བར་ཞུ་རྒྱུ་ཡིན།

    Reply
  6. ཆོས་བཟང་། says:
    ལོ་ 14 སྔོན།

    རྒྱ་སྟག་དཀར་པོ་ལགས།
    གྲུབ་མཐའ་བཞི་ཟེར་བའི་ཐ་སྙད་འདི་གང་ནས་བྱུང་ཤེས་སམ།  ཡོངས་གྲགས་གྲུབ་མཐའ་བཞི་ཟེར་བ་དེ་སྔོན་ཆད་འཕགས་ཡུལ་དུ་དར་བའི་ནང་པའི་གྲུབ་མཐའ་བཞི་ཡིན་པ་ལས་བོད་དུ་མ་རེད།  བོད་དུ་དར་བའི་གྲུབ་མཐའ་ཡོངས་རྫོགས་དབུ་མའི་གྲུབ་མཐའ་རེད།  དེ་ལ་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད།  དཔེར་ན་སྒྲུབ་རྒྱུད་ཤིང་རྟ་བརྒྱད་ལྟ་བུ་རེད།   ཇོ་ནང་པ་ནི་སྤྱིར་བོད་རྒྱུད་གྲུབ་མཐའ་བ་ལས་ལོགས་སུ་མེད་མོད།   ཆོས་བརྒྱུད་ཐུན་མོང་མ་ཡིན་པ་ཞིག་རེད།  
    ཇོ་ནང་པའི་ཁྱད་ཆོས་གཙོ་བོ་དཔལ་དུས་ཀྱི་འཁོར་ལོའི་དབང་བཀའ་ཉམས་ལེན་བྱིན་རླབས་དོན་རྒྱུད་དང་བཅས་པ་སྟོན་པ་སངས་རྒྱས་ནས་བཟུང་ད་ལྟ་བའི་རྒྱུན་མ་ཆད་པར་འཛིན་སྐྱོང་སྤེལ་གསུམ་གནང་གིན་ཡོད་པ་དེ་རེད། 
    དེར་བརྟེན་༧གོང་ས་མཆོག་གིས།   མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི།།
    ཤིང་རྟེའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད།།
    མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབ་པ།།
    ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།
    ཅེས་བོད་ཀྱི་ཆོས་རྒྱུད་གཞན་དག་ལས་ལོགས་སུ་བཀར་ཏེ་གསུངས་པ་རེད།     གལ་ཏེ་ཇོ་ནང་ཆོས་རྒྱུད་གཞན་པའི་ཁོངས་སུ་འདུ་ཡི་ཡོད་ན་དེ་འདྲ་གསུངས་དོན་མེད།     
    ད་དུང་༧གོང་ས་མཆོག་གིས་མཛད་པའི་རིས་མེད་བསྟན་རྒྱས་སྨོན་ལམ་དུ་ཡང་།    
    ལུང་རྟོགས་བཀའ་བབ་བུ་ཇོ་ལུགས་ཟུང་གི།     ཞེས་རྒྱ་གར་བཙན་བྱོལ་བོད་མིའི་ཁྲོད་མ་དག་འརྒྱུན་འབྱམས་སུ་ཆགས་པའི་ཐ་སྙད་དེ་ལས་ལོགས་སུ་བཀར་ཏེ་གསུངས་ཡོད།
    བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཡོད་དོ་ཅོག་ཏུ་ཇོ་ནང་ཆོས་རྒྱུད་བཞི་ལས་ལོགས་སུ་བཀར་ཡོད་པ་མ་ཟད།   ཚིག་གི་བདག་པོ་༧གོང་ས་ཐམས་ཅད་མཁྱེན་པས་རྡོ་རྗེའི་བཀའི་ཚིགས་སུ་བཅད་དེ་ལན་གཅིག་མིན་པར་ཡང་ཡང་གསུང་གིན་ཡོད་པ།   མིག་དང་རྣ་བ་ཡོད་ཚད་ཀྱི་སྤྱོད་ཡུལ་དུ་གྱུར་ཡོད།
    འོན་ཀྱང་སྐབས་འཚོལ་བ་རེ་ཟུང་གིས།   རྒྱུ་མཚན་སྣ་གཅིག་མེད་པར་ཇོ་ནང་ས་སྐྱའི་ཁོངས་རེད་ཟེར་བ་ནི།   རྒྱུ་མཚན་དང་དམིགས་ཡུལ་གཞན་པ་ཞིག་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད།
    ཡང་གཞན་ཞིག་གིས།   ཁལ་ཁ་རིན་པོ་ཆེ་ཏཱ་ར་ནཱ་ཐའི་སྐུ་ཕྲེང་བཅུ་གཅིག་པ་རེད་ཟེར་བ་ནོར་བ་དེར།   ཁལ་ཁ་རིན་པོ་ཆེ་ཏཱ་ར་ནཱ་ཐའི་སྤྲུལ་སྐུ་ཡིན་པ་བདེན་མོད།   སྐུ་ཕྲེང་བཅུ་གཅིག་པ་མ་རེད།   ཁལ་ཁ་སྐུ་ཕྲེང་དང་པོ་རང་བྱུང་ཡེ་ཤེས་རྡོ་རྗེ་འམ་བློ་བཟང་བསྟན་པའི་རྒྱལ་མཚན་ཏཱ་ར་ནཱ་ཐའི་སྤྲུལ་སྐུ་རེད།   དེ་ནས་ད་བར་དུ་བརྩིས་པ་ཡིན་ན་སྐུ་ཕྲེང་བཅུ་བ་རེད།   ཡིན་ན་ཡང་ཁལ་ཁ་རྗེ་བཙུན་དམ་པའི་སྐུ་ཕྲེང་བརྩི་དུས་ཁལ་ཁ་སྐུ་ཕྲེང་དང་པོ་ནས་བརྩི་དགོས།   དེས་ན་ད་ལྟའི་ཁལ་ཁ་རིན་པོ་ཆེ་ཁལ་ཁ་སྐུ་ཕྲེང་དགུ་བ་རེད།  
    སྤོབས་པ་ལགས་ཀྱིས།   ཁལ་ཁ་རིན་པོ་ཆེ་ཇོ་ནང་གི་བསྟན་བདག་ལ་མི་འོས་ཚུལ་གསུངས་པ་རྒྱུ་མཚན་མེད་སྙམ།   ཁལ་ཁ་རིན་པོ་ཆེ་ཇོ་ནང་གི་བསྟན་བདག་ཏུ་༧གོང་ས་ཐམས་ཅད་མཁྱེན་པས་ཐད་བསྐོས་གནང་བ་མ་ཟད།   གཞིས་བྱེས་ཇོ་ནང་ཡོངས་ཀྱིས་བརྩི་བཀུར་བྱེད་བཞིན་ཡོད་པས།   དེ་ལས་ལྷག་པའི་སྒྲུབ་བྱེད་ཅིག་མི་དགོས།   གཞན་བཀྲ་ཤིས་རྒྱལ་མཚན་ཟེར་བ་དེ་སུ་ཡིན་གསལ་བོར་མི་ཤེས་ལ་ཁོང་ཇོ་ནང་གི་བསྟན་བདག་ལ་འོས་མིན་ཡང་མི་ཤེས།
    དེ་རིང་དེ་ཙམ་ཡིན།

    Reply
  7. རྒྱ་སྟག་དཀར་པོ says:
    ལོ་ 14 སྔོན།

    འུ་ཅག་བོད་རྒྱུད་གྲུབ་མཐའ་བཞི་ལས་ལོགས་སུ་གྱུར་པའི་ཇོ་ནང་ཆོས་རྒྱུད་རང་རྐྱ་བ་ཞིག་དགོས་པའི་དམིགས་འབྲས་ཇོ་ནང་པ་ཚོས་གང་དུ་བྱས་ཡོད་མིན་མི་ཤེས་ཀྱང་། བོད་ལ་ཆོས་རྒྱུད་ཐ་དད་པ་མང་མ་དྲག་ན་ཡང་ཉུང་མི་ཐལ་བའི་ཉམས་མྱོང་བོད་རིགས་བན་རྒན་རྣམས་ཀྱིས་དུས་རབས་དང་ལོ་རབས་ཀྱི་ཤ་ཁྲག་གི་འཁོར་བསྐྱོད་ནང་མྱོང་ཚོར་ཡོད་དགོས་རྒྱུ་ཡིན་པ་ལས། ད་དུང་ས་དགེ་ཀར་རྙིང་གང་གིས་མ་གྲོལ་བའི་གདུལ་བྱ་དམིགས་གསལ་བ་ཞིག་བསྒྲལ་བའི་ཉམས་བཟོ་འཆོས་པ་འདི་ལ་རྒྱལ་བ་རྣམས་ཀྱིས་ཐུགས་ཀྱི་ཀློང་ནས་དགྱེས་པའི་འཛུམ་བག་མངོན་མི་སྲིད།།

    Reply
  8. སྤོབས་པ་མཐའ་ཡས། says:
    ལོ་ 14 སྔོན།

    ཁལ་ཁ་རྗེ་བཙུན་ཟེར་བ་འདི་པཎ་ཆེན་བློ་བཟང་ཆོས་རྒྱན་ཡིན་ནམ་ཞིག་གིས་ཁོ་རང་གི་སློབ་མ་ཞིག་ཏཱ་ར་ན་ཐའི་སྤྲུལ་སྐུ་ཡིན་པར་ངོས་བཟུངས་རྗེས་སུ་ཁལ་ཁ་རིན་པོ་ཆེའི་སྐྱེ་ཕྲེང་དུ་སྒྲོ་བཏགས་པ་ཞིག་བྱུང་བ་རེད། དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་སོག་པོ་དམར་ཤོག་ཏུ་གྱུར་རྗེས་སོག་པོའི་གཞུང་གིས་ཁལ་ཁའི་དབང་ཆ་མེད་པ་བཟོས་པ་མ་ཚད་ཕྱིན་ཆད་ངོས་འཛིན་བྱེད་མི་ཆོག་པ་བཟོས་པ་རེད། སྤྱིར་ན་སྐྱེ་ཕྲེང་དུ་བཏགས་པའི་ཁལ་ཁ་རྗེ་བཙུན་སྔོན་མ་ཚང་མ་དགེ་ལུགས་པའི་བླ་དཔོན་ཤ་སྟག་ལས་ཇོ་ནང་པ་ལ་འབྲེལ་བ་སྤུ་ཙམ་ཡང་མེད་པ་རེད། གཅིག་བྱས་ན་ཇོ་ནང་པ་བསྣུབ་དགོས་ཟེར་མཁན་གྱི་གྲས་ཡིནའགྲོ། སྐུ་གོང་མ་ཞིག་གིས་འཇམ་བཞད་ཡིག་ཆ་ཞིག་ལ་འགྲེལ་བ་ཡིན་ནམ་ཞིག་ཀྱང་བརྩམས་ཡོད་སྙམ། དེ་ཡིན་ན་གཞན་སྟོང་དགག་མཁན་ཞིག་ནི་ཡིན་པར་ཐག་ཆོད་པ་རེད། ད་ལྟའི་འདི་གང་ཞིག་བྱས་ནས་ཇོ་ནང་པའི་ནང་དུ་འཚངས་ཡོང་བ་ཡིན་གང་ཤེས།

    Reply
  9. བློ་བཟང་དཔལ་ལྡན། says:
    ལོ་ 14 སྔོན།

    དཔལ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་འཚོགས་གྲུབ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ

    Reply
  10. མངའ་རིས་བུ། says:
    ལོ་ 14 སྔོན།

    དཔལ་རྒྱལ་བ་ཇོ་ནང་པ་ལ་ཆོས་རྒྱུད་ཆོས་ལུགས་སྤྱི་མཚུངས་ཀྱི་སྤྱི་འཐུས་དང་བླ་ཆེན་སོགས་ཀྱི་གོ་གནས་འབུལ་རྒྱུར་རྒྱབ་སྐྱོར་ཡོད།
    འགའ་ཞིག་གིས་ཧམ་སེམས་ཀྱིས་གཞན་གྱི་བླ་མ་དང་ཆོས་རྒྱུད་ལ་སྡང་ཟུག་གིས་འགོག་རྐྱང་བྱེད་པ་ནི་མ་འོས་པ་རེད།
    སྔར་གྱི་གཏིང་ནད་རྣམས་རྟག་ཏུ་ཁོག་པར་བཅངས་ན་སོལ་བ་དང་འདྲ་བའི་སེམས་ལ་ནམ་ཡང་དཀར་འདོན་མི་སྲིད་དོ།
    ཇོ་ནང་པ་ཁྱེད་རང་ཚོ་ཡིན་ནའང་ཤུགས་རྒྱབ་དགོས།
    སྤྲེལ་ལད་འཁྲབ་སྟེ་མི་བསྡོད་པར་༧གོང་ས༧་མཆོག་སྙན་ཞུ་འབུལ་དགོས་ཁོང་གིས་སྐྱབས་གནང་གི་རེད།
    གཞན་སུ་གཅིག་གིས་བྱེད་ཀྱི་མ་རེད།
    ས་སྐྱ་བ་ཚོ་ཆབ་སྲིད་ལ་ཧ་ལས་པའི་འཇོན་པོ་རེད།
    རང་རིན་པོ་ཆེ་ཡིས་མ་འཇོན་ན།
    རོགས་རིལ་མ་མགོ་ཡིས་སྐྱོབས་ལུགས་མེད་དོ།

    Reply
  11. སྤོབས་པ་མཐའ་ཡས། says:
    ལོ་ 14 སྔོན།

    ཁལ་ཁ་རྗེ་བཙུན་སྐུ་གོང་མ་མི་ག་འདྲ་ཞིག་ཡིན་མིན་དང་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པ་དང་འགལ་བ་ག་འདྲ་ཞིག་སོང་མིན་དེ་སྲིད་དོན་རྒྱལ་རབས་ཀློག་དང་ཤེས་ཐུབ་ས་རེད། ངས་ལོ་རྒྱུས་ཀྱི་བདེན་པ་དཔང་དུ་བཙུགས་ནས་ཤོད་ཀྱིན་ཡོད། ངས་མི་སྒེར་ལ་སྐྱོན་འཛུགས་གང་ཡང་བྱེད་ཀྱིན་མེད། ཏྰ་ར་ན་ཐའི་སྐུ་སྐྱེ་ཡིན་པར་ཇོ་ནང་པའི་བླ་མ་སུ་ཞིག་གིས་ངོས་འཛིན་བྱས་པ་རེད། འདི་དགེ་ལུགས་པས་ངོས་འཛིན་བྱས་པའི་དགེ་ལུགས་པའི་བླ་དཔོན་ཞིག་རེད། ཁལ་ཁ་རྗེ་བཙུན་ཟེར་བའི་སྐྱེ་མིང་བ་དག་ལས་་ད་ལྟའིི་འདི་ཇོ་ནང་པའི་ནང་དུ་འཚངས་ཡོང་བ་མ་གཏོགས་སྔོན་མ་དེ་ཚོས་ཇོ་ནང་པ་ཟེར་བ་ཅི་ཞིག་ཡིན་ཡང་ཤེས་གི་ཡོད་རྒྱུ་མ་རེད། སྐུ་མཁྱེན་ཇོ་ནང་པས་ཁལ་ཁ་རྗེ་བཙུན་ལས་དྲག་ཅིག་བསྟན་པའི་བདག་པོར་བསྐོ་རྒྱུ་ལོས་རྙེད། བཀྲ་ཤིས་རྒྱལ་མཚན་ལས་དྲག་ཅིག་ལོས་རྙེད།

    Reply
  12. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    མ་གཞི་ཆོས་ལུགས་ཆོས་བརྒྱུད་ཀྱི་དབྱེ་བགར་ནི་ང་མཚོན་ན་ཕ་རིའི་ལ་རེད། ཡིན་ནའང་། སྤོབས་པ་མཐའ་ཡས་ལྟར་གང་བྱུང་མི་སྒེར་ལ་སྐྱོན་འཛུགས་བྱས་ན་དེ་ཡག་པོ་མཐོང་མ་སོང་། དེ་བཞིན་དུ། མི་སྒེར་ལ་སྐྱོན་འཛུགས་ཀྱི་ལས་འདི་དག་ལ་སྤྱི་སྙོམས་ཀྱི་ཐོག་ནས་སྟངས་འཛིན་བྱས་ན་ལེགས་པར་སེམས།

    Reply
  13. བསེ.ཀུན་དགའ་རྒྱ་མཚོ། says:
    ལོ་ 14 སྔོན།

    དཔལ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཟབ་རྒྱས་ངང་འཚོགས་པར་འཚམས་འདྲི་ཞུ་བ་དང་ཆབ་གཅིག་དྲ་གྲོགས་སྤོབ་པ་མཐའ་ཡས་ལགས་ལ་གསལ་བཤད་མདོར་བསྡུས་ཞིག་ཞུ་རྒྱུ་ཡིན།
    ཁལ་ཁ་རྗེ་བཙུན་དམ་པ་ཇོ་ནང་དང་འབྲེལ་བ་ཡང་ཡོད་པ་མ་རེད། ཅེས་ཁ་ཚོན་གཅོད་ནས་བཤད་པ་ཅུང་ཟད་ཐལ་ཨེ་ཡོད་ན་བསམ་གི། རྒྱུ་མཚན་ཁལ་ཁ་རྗེ་བཙུན་དམ་པ་འཇམ་དཔལ་རྣམ་གྲོལ་མཆོག་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་ཕྲེང་བཅུ་གཅིག་པ་ཡིན་པ་ཡོངས་གྲགས་ལྟར་དང་། ༸གོང་ས་མཆོག་གིས་ཁལ་ཁ་རྗེ་བཙུན་དམ་པ་མཆོག་ཇོ་ནང་བསྟན་པའི་བདག་པོར་མངའ་གསོལ་ནས་གཞུང་འབྲེལ་མཛད་སྒོ་སྤེལ་བ་སོགས་ལ་གཞིག་ན་ཇོ་ནང་དང་འབྲེལ་བ་གཅིག་ཀྱང་མེད་པ་ག་ལ་སྲིད། དེ་དག་ལ་བསམ་བློ་གཏོང་རོགས།

    Reply
  14. བསེ་རུ་ར། says:
    ལོ་ 14 སྔོན།

    དཔལ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་འཚོགས་གྲུབ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་གཅིག་རང་གི་བསམ་ཚུལ་མདོ་ཙམ་ཞུ་འདོད་བྱུང།
    གོང་དུ་དྲ་གྲོགས་གནམ་ལྕགས་ལགས་དང་རྒྱ་མཚོ་སོགས་ཀྱིས་ཀྱང་ཇོ་ནང་པའི་གནས་སྟངས་ལ་གཟིགས་ནས་སྐད་ཆ་དྲང་མོར་བཤད་འདུག ངས་ཀྱང་དེ་དག་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་མ་ཟད། ང་ཚོས་ངོས་ནས་ངེས་པར་དུ་འདིའི་ཕྱོགས་ལ་བསམ་བློ་གཏོང་རན་རེད་བསམ་གི
    གོང་ས་མཆོག་གིས་ཇོ་ནང་བསྟན་པའི་བདག་པོ་མངའ་གསོལ་བ་དང་། དགོན་སྡེ་ཕུལ་བ་འདི་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཀྱིས་ཇོ་ནང་ཆོས་བརྒྱུད་ལ་བརྒྱབ་གཉེར་ཕུལ་བ་ཞིག་སྔོན་མ་ཞིག་ལ་དུས་བབ་ཚག་པར་སྟེང་དུ་བཀོད་སོང་། དེ་དག་ལ་གཞིག་ན་ད་མང་པོ་ཞིག་ལ་བསམ་བློ་གཏོང་ས་ལྷག་མི་འདུག་བསམ་གི
    ཆོས་བརྒྱུད་ཚང་མར་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་ན་ཇོ་ནང་པ་ལ་ཡང་ཆོས་བརྒྱུད་སྤྱི་འཐུས་སྤྲད་ན་འོས་ཤིང་འཚམས་པ་ཞིག་དང་། སྐབས་ལ་བབ་པ་ཞིག་ཡིན་པ་མ་ཟད་ཕྱིས་འདུག་བསམ་གི
    སྤྱིར་བཏང་ང་ལ་མཚོན་ན་ཆོས་བརྒྱུད་སྤྱི་འཐུས་མི་དགོས་གི་ཟེར་མཁན་གྱི་གྲས་ཡིན། འོན་ཀྱང་ཡོད་ན་ཡོད་མཚུངས་དང་མེད་ན་མེད་མཚུངས་དགོས་གི་བསམ་གི། དྲ་གྲོགས་ཚོ་རང་རང་སོ་སོས་འདིའི་སྐོར་ལ་བསམ་བློ་རེ་བཏང་ནས་བསམ་ཚུལ་རེ་འདོན་ན་ཡག་གི་འདོད་གི

    Reply
  15. GYAMTSO says:
    ལོ་ 14 སྔོན།

    ཇོ་ནང་བའི་བསྟན་པ་རྒྱས་གྱུར་ཅིག ཅི་བཤད་རུང་མ་བཤད་རུང་ཇོ་ནང་བ་བོད་ཀྱི་ཆོས་རྒྱུད་ཁག་གི་ནང་ཚན་གཅིག་རེད། སྐབས་བབས་དང་བསྟུན་པའི་ཇོ་ནང་པ་ལ་བོད་གཞུང་ནས་བསྒྲིག་གཞི་གཏན་ཁེར་གནང་གི་རེད། ཤེས་པ་དགོས་པ་ཞིག་ལ་རེ་ཟུང་གི་རྒྱུན་དུ་ཆོལ་ཁ་དང་ཆོས་ལུགས་ཕན་ཚུན་ལ་དཀྲུག་ཤིང་བྱེད་ཀྱིན་འདུག་པས་གཟབ་གཟབ་བྱེད་དགོས། དཔེར་ན་དོལ་རྒྱལ་ལྟ་བུ་སོགས་ཀྱི་ལག་ཆ་བྱེད་སྲིད་ཟེར་མཁན་ཁོང་ཚོས་ཁ་ལ་ཉན་རྒྱུ་མེད། ཁོང་ཚོ་དམར་དམག་གིས་ཕོག་ལེན་ཡིན་སྲིད་རྒྱུ་རེད།

    Reply
  16. སྤོབས་པ་མཐའ་ཡས། says:
    ལོ་ 14 སྔོན།

    ཁལ་ཁ་རྗེ་བཙུན་དང་བཀྲ་ཤིས་རྒྱལ་མཚན་ལྟ་བུས་ཇོ་ནང་པའི་བསྟན་པའི་བདག་པོ་ཡོང་གི་མ་རེད། ཁལ་ཁ་རྗེ་བཙུན་དམ་པ་ཟེར་བ་འདི་ཇོ་ནང་པ་དང་འབྲེལ་བ་གང་ཡང་ཡོད་པ་མ་རེད། འདི་སོག་པོའི་དགེ་ལུགས་པའི་བླ་དཔོན་ཞིག་རེད། ཁལ་ཁ་སྐུ་གོང་མ་ལྟ་བུ་ཡིན་ན་རྔོན་པ་ཐེབས་ཆག་ཅིག་ལ་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པ་དང་མ་མཐུན་མཁན་ཞིག་རེད། འདི་ཇོ་ནང་པའི་བསྟན་པའི་བདག་པོ་ག་འདྲ་བྱས་ནས་ཆགས་པ་ལ་ཞིབ་འཇུག་ཅིག་མ་བྱས་ན་འགྲིགས་གི་མི་འདུག

    Reply
  17. གནམ་ལྕགས། says:
    ལོ་ 14 སྔོན།

    ཇོ་ནང་བའི་གནད་དོན་འདི་ཆུང་ཆུང་ཞིག་མ་རེད། དྲང་ཐད་ནས་བལྟས་ཡོང་ན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་དག་གིས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དག་འདྲེན་སྐབས། དཔལ་རྒྱལ་བ་ཇོ་ནང་བ་གཡུག་འཇོག་གི་འདུག དེས་སེམས་ལ་ཤིན་ཏུ་མི་བདེ་བའི་ཚོར་བ་ཞིག་སྤྲོད་ཀྱི་འདུག

    ཡང་མི་ཁ་ཤས་ཀྱིས་ཧམ་སེམས་ཆེན་པོས་ཇོ་ནང་བ་འདི་གྲུབ་མཐའ་ག་གེ་མོའི་ཆ་ཤས་ཤིག་ཡིན་པར་སྨྲ་ཡང་། དེ་ནི་གཞུང་ཆེན་པོ་དག་ལ་ཐོས་བསམ་མ་བྱས་པའི་ངན་མཚང་ཡིན། དཔེར་ན་རི་བོ་དགེ་ལུགས་པའི་མཁས་ཆེན་འགའ་རེས་ཇོ་ནང་བའི་གཞན་སྟོང་སོགས་ལ་དགག་སྐབས། ས་སྐྱ་བ་ཟེར་གྱི་མི་འདུག དེ་ལ་ཇོ་ནང་བའི་གཞན་སྟོང་ཟེར་ནས་ཁ་གསལ་བོ་བྱེད་ཀྱི་འདུག་པ་དེ་གཅིག་བུས་ཀྱང་ཇོ་ནང་བ་འདི་གཞན་ཞིག་གི་ཆ་ཤས་མ་ཡིན་པ་སྟོན་ཐུབ།

    ད་ཇོ་ནང་བས་སྡུག་སྐད་འདོན་པ་ལས་ལག་ལེན་ལ་བསྟར་ན་ལེགས། དཔེར་ན་ཇོ་ནང་བའི་ཆོས་བརྒྱུད་འདི་བོད་གཞུང་གིས་ཁས་ལེན་མིན་ཕུ་ཐག་བཅད་ན་ལེགས། ༸གོང་ས་མཆོག་གིས་ཀྱང་ཇོ་ནང་བསྟན་འབར་མ་གསུང་ཚར་བའི་རྗེས་ལ་ད་དུང་ཁས་མི་ལེན་ན། ཡང་དོལ་རྒྱལ་ཚང་གི་ལམ་ཁ་དེ་མ་གཏོགས་གཞན་མེད་པ་གསལ་བོ་རེད།

    Reply
  18. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དཔལ་ཇོ་ནང་པའི་སྤྱི་འཐུས་སྐུ་ཚབ་ཐོབ་པ་དང་ནང་བསྟན་ཡུན་དུ་གནས་འགྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese