མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རྒྱའི་དམག་དོན་འགལ་བ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་ཕྱི་ཚེས་ ༡༡ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡ ཙམ་ལ་ཟི་ཁྲོན་ཁྲིན་ཏུའུ་རུ་རྒྱ་ནག་གི་རིམ་པ་བཞི་བའི་ J-20 རྟགས་ཅན་གྱི་དམག་འཐབ་འཕུར་གྲུ་དེ་ཚོད་ལྟ་ཐོག་མ་བྱས་ཡོད་འདུག་ལ། དེ་ནི་ཨ་རིའི་རྒྱལ་སྲུང་བློན་ཆེན་རའོ་བྷིར་ཊི་(Robert Gates) ལགས་རྒྱ་ནག་ནང་དམག་དོན་གཟིགས་སྐོར་གྱི་སྐབས་དང་འཁེལ་ཡོད་འདུག ཁ་སང་ཕྱི་དྲོར་སྲིད་འཛིན་ཧུའུ་ཅིན་ཐའོ་དང་རའོ་བྷིར་ཊི་གཉིས་ཐུག་འཕྲད་སྐབས། ཧུའུ་ཡིས་ཐེངས་འདིའི་དམག་འཐབ་འཕུར་གྲུའི་ཚོད་ལྟ་དང་ཨ་རྒྱ་གཉིས་ཀྱི་དམག་དོན་གྲོས་མོལ་ལ་འབྲེལ་བ་གང་ཡང་མེད་སྐོར་བརྗོད་འདུག

ཨ་རིའི་རྒྱལ་སྲུང་བློན་ཆེན་རའོ་བྷོ་ཁྲི་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། སྤྱིར་ཡིན་ན་རྒྱ་ནག་གིས་དམག་འཐབ་འཕུར་གྲུའི་ཚོད་ལྟ་དེ་ཐེངས་འདིར་ཕྱིར་འཐེན་བྱ་དགོས་པ་ཞིག་ཆགས་ཡོད་ལ། རྒྱ་ནག་གི་སྲིད་དོན་དཔོན་རིགས་དང་དམག་དོན་དཔོན་རིགས་བར་གྱི་འབྲེལ་ལམ་ལ་བར་སྟོང་ངེས་ཅན་ཞིག་ཡོད་པ་མ་ཟད། རྒྱ་ནག་གི་དམག་དཔུང་གིས་སྐབས་རེར་གང་འདོད་དུ་འགུལ་སྐྱོད་བྱེད་ཀྱིན་ཡོད་པ་དེར་བློ་འཚབ་ཡོད་ལུགས་ཀྱང་བརྗོད་འདུག 

མིང་བརྗོད་འདོད་མེད་པའི་ཨ་རིའི་དཔོན་རིགས་ཤིག་གིས་གསར་ལམ་ཁག་ཏུ། ཐེངས་འདིར་ཨ་རིའི་རྒྱལ་སྲུང་བློན་ཆེན་རྒྱ་ནག་དུ་དམག་དོན་གཟིགས་སྐོར་དུ་སྐྱོད་བཞིན་པའི་སྐབས་དང་། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཨ་རིར་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུར་བདུན་ཕྲག་གཅིག་ལས་མེད་པའི་སྐབས་འདིར། གནས་ཚུལ་དེའི་རིགས་བྱུང་བ་དེར་ཨ་རིའི་དཔོན་རིགས་ཚོའི་ངོས་ནས་བློ་འཚབ་བྱེད་ཀྱི་འདུག ཅེས་བརྗོད་འདུག

ཐེངས་འདིར་ཆབ་སྲིད་དཔྱད་བརྗོད་པ་འགའ་རེ་ཡིས་ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་རྒྱལ་སྲུང་བློན་ཆེན་རའོ་བྷོ་ཁྲི་ལགས་ཀྱིས་ཡོང་ཁྱབ་གསལ་བསྒྲགས་སྤེལ་ཏེ། རྒྱ་ནག་གིས་ཕྱི་ལོ་ ༢༠༢༠ ལོའི་བར་དུ་དམག་འཐབ་འཕུར་གྲུ་བཀོལ་སྤྱོད་བྱེད་པའི་ནུས་པ་མེད་སྐོར་བརྗོད་ཡོད་པར་བརྟེན། ཐེངས་འདིར་ཁོང་རྒྱ་ནག་ནང་དམག་དོན་གཟིགས་སྐོར་དུ་ཕེབས་པའི་གོ་སྐབས་དང་བསྟུན་ཏེ། རྒྱ་དམག་གིས་རྐང་བཙུགས་ཏེ་ཁོང་ལ་རྒྱ་ནག་གི་ནུས་སྟབས་གསལ་འདེབས་དང་། ཨ་རིའི་དམག་དོན་སྒྲིག་འཛུགས་ལ་འགྲན་བསླངས་བ་ཡིན་སྐོར་བརྗོད་ཡོད།  

འདིའི་སྐོར་ལ་ཧོང་ཀོང་གི་དམག་དོན་དབྱེ་ཞིབ་པ་ཕེན་ཁི་ཧྥུ་ཡིས་བྷེ་བྷེ་སི་གསར་ཁང་ལ་བརྗོད་དོན། རྒྱ་ནག་གི་ J-20 རྟགས་ཅན་གྱི་དམག་འཐབ་འཕུར་གྲུ་དེ་ནི།  རྒྱ་ནག་རང་གི་དམག་འཐབ་འཕུར་གྲུ་རིམ་པ་བཞི་བའི་ཚད་གཞི་ཙམ་ལས། རྒྱལ་སྤྱིའི་ཚད་ལྡན་གྱི་དམག་འཐབ་འཕུར་གྲུ་རིམ་པ་བཞི་བ་ཅན་དག་དང་། ཨུ་རུ་སུའུ་དམག་འཐབ་འཕུར་གྲུ་རིམ་པ་ལྔ་བ་བཅས་དང་བསྡུར་ན། ད་དུང་སྒྲིག་འགོད་དང་ལག་རྩལ་གང་ཅིའི་ཐད་ཧ་ཅང་རྒྱང་ཐག་རིང་པོ་རེད། ཅེས་བརྗོད་འདུག

ཕྱི་ཚེས་ ༡༠ ནས་ཉིན་བཞིའི་རིང་ཨ་རིའི་རྒྱལ་སྲུང་བློན་ཆེན་ཀེ་ཚི་ལགས་ཀྱིས་ཨ་རྒྱ་གཉིས་ཀྱི་དམག་དོན་འགལ་བ་བསྐྱར་གསོ་དང་། བྱང་ཀོ་རི་ཡ་དང་སུའུ་ཊན་གྱི་རྡུལ་མཚོན་གནད་དོན་བཅས་ལ་གྲོས་མོལ་བྱས་ཡོད་ཀྱང་། ཨ་རྒྱ་གཉིས་ཀྱི་གཞི་རྩའི་དམག་དོན་གྱི་འགལ་བ་སེལ་ཕྱོགས་སྐོར་ལ་དོན་འབྲས་གང་ཡང་སོན་མེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༧ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༩ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

མཆན། 4

  1. ཁྱི་ལོ་པ། says:
    ལོ་ 16 སྔོན།

    ཨ་རྒྱ་གཉིས་ནི་དེང་དུས་འཛམ་གླིང་གི་འཇིགས་སྣང་སྐྱེས་དགོས་པའི་འགལ་སེལ་གྱི་མེ་ལྕེ་ཆེ་རུ་འབར་བཞིན་པ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་   

    Reply
  2. མངའ་རིས་བུ། says:
    ལོ་ 16 སྔོན།

    སྲིད་དོན་འདི་དག་ཧ་གོ་ས་ཞིག་ཡོད་པ་མ་རེད།
    ལྟོས་དང་ཁོག་ན་མེ་འབར་ཀྱང་ཁ་རུ་གྲོགས་པོ།
    དཔེར་ན།་ཉི་ཧོང་དང་ཨ་རི་གཉིས་བཞིན་ནོ།
    སྲིད་དོན་པ་འདི་དག་ནི་མཐར་ཐུག་ན་རང་རྒྱལ་གཞན་ཕམ་ལས་གཞན་བསམ་མནོ་གང་ཡང་མེད།
    ཨ་རི་ཡིན་ནའང་བོད་དོན་ནི་ཁོང་ཚོའི་ཚོང་རྫས་རེད།
    ངོ་མའི་བོད་ལ་རྒྱབ་སྐྱོར་ཡོད་ན།
    ཨི་རག་ལ་དམངས་གཙོའི་ཆེད་དུ་དམག་རྒྱབ་པ་ནང་བཞིན་རྒྱ་ནག་ལ་གཅིག་བྱོས་དང།་གཞི་ནས་ཧ་གོ་གི་རེད།

    Reply
  3. མིག་དམར་ཚེ་རིང་། says:
    ལོ་ 16 སྔོན།

    བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་ཡོངས་ལ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། མུ་མཐུད་འབད་བརྩོན་ལྷོད་གནང་རོགས་ཞུ་བཞིན་ཡོད། རྣམ་པ་ལྷན་རྒྱས་ཀྱི་ཕྱག་ལས་འདི་གཞན་སུ་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་ཕྱག་ལས་རླབས་ཆེན་ཞིག་ཡིན་ཞིང་། དེའི་ནང་ནས་ཀྱང་གསར་འགྱུར་གྱི་བརྒྱུད་ལམ་མང་པོ་ཞིག་ཡོད་པ་ལས་ལྷག་པའི་དུས་བབ་དྲ་རྒྱ་དང་ཚགས་པར་གཉིས་ཀྱི་གསར་འགྱུར་ལ་དམིགས་བསལ་གྱི་ཁྱད་ཆོས་མངོན་གསལ་ཞིག་མཐོང་གི་འདུག ཟླ་ཤས་གོང་དུས་བབ་ལས་ཁུངས་ཀྱི་ལས་ཀྱེ་སྣེ་མོ་བར་འགྱུར་བ་འགྲོ་སྤྱི་ཚོགས་ནང་དུས་བབ་གང་འདྲ་ཆགས་ན་བསམ་ཏེ་སེམས་འཚབ་བྱུང་ཡང་། ཁྱེད་ཅག་གིས་ཐང་ལྷོད་མེད་པར་སྔར་ལས་ཀྱང་ལྷག་པའི་ཡར་རྒྱས་ཤིག་འགྲོ་བཞིན་འདུག་པས་ན། རྒྱབ་སྐྱོར་དང་སྔགས་བརྗོད་གྲངས་མེད་ཞུ་བཞིན་ཡོད།

    Reply
  4. ཇ་མ་ says:
    ལོ་ 16 སྔོན།

    ཨ་རྒྱ་གཉིས་ལ་འབྲེལ་བ་སྡུག་ཏུ་སོང་ན་ཨ་རིའི་བོད་དོན་ལ་རྒྱབ་རོགས་ཤུགས་ཆེ་རུ་འགྲོ་བའི་རེ་བ་ཡོད། བོད་པའི་ངོས་ནས་བཤད་ན་འདི་དོན་དག་ཡག་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese