མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཟའ་ཆས་མཛད་སྟོང་གི་འཇིཊ་པ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༢ ཉིན་གོ་ལའི་གནས་བབ་ཉམས་ཞིབ་ཚོགས་པའི་ཚོགས་གཙོ་ལེ་སི་ཁྲིར་བྷོ་རོན་ Lester Brown ལགས་ཀྱིས་༼ གྲུ་ཟུར་གྱི་འཇིག་རྟེན། ཇི་ལྟར་ཁོར་ཡུག་དང་དཔལ་འབྱོར་ཉམས་ཉེས་སྔོན་འགོག་བྱ་ཐབས། ༽ཞེས་པའི་ཉམས་ཞིབ་ཀྱི་དེབ་ཅིག་དཔར་འགྲེམ་བྱས་ཏེ།  དུས་རབས་ཉེར་གཅིག་པའི་འཛམ་གླིང་གི་ཉེན་ཁ་ནི་རྡུལ་མཚོན་དམག་འཁྲུག་མ་ཡིན་པར་བཟའ་ཆས་མཛད་སྟོང་གི་འཇིགས་པ་རེད་ཅེས་བརྗོད་འདུག 

ཁོང་གི་དེབ་དེའི་ནང་། འཛམ་གླིང་དངུལ་ཁང་ཁག་དང་འབྱོར་ཕྱུག་ལྡན་པའི་བཟོ་ཚོང་སྡེ་ཁག་དག་གི་དཔལ་འབྱོར་རིག་པ་བ་རྣམས་ཀྱིས། ཕྱི་ལོ་ ༢༠༡༡ ལོར་འཛམ་གླིང་གི་ཆ་སྙོམས་དཔལ་འབྱོར་འཕེལ་ཚད་བརྒྱ་ཆ་ ༣ འཕར་སྣོན་འབྱུང་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད། ཡིན་ནའང་། ཁོ་ཚོས་དེ་ལྟའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ལ་རམ་འདེགས་བྱ་ནུས་པའི་ཆུའི་ཐོན་ཁུངས་འདང་ངེས་ཤིག་ཡོད་མེད་དང་། དེང་སྐབས་འཛམ་གླིང་གི་བཟའ་འབྲུ་མཛད་སྤྱོད་ཚད་སྔར་ལས་ལྡབ་འགྱུར་གྱིས་འཕར་བཞིན་པ་འདིས། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཐད་ཤུགས་རྐྱེན་ཅི་ཙམ་ཐེབས་མིན། མ་འོངས་པར་ཕོན་ཆེ་བའི་བཟའ་འབྲུའི་འབྱུང་ཁུངས་དེ་ལྟ་བུ་ཞིག་གང་ཞིག་ནས་མཁོ་འདོན་བྱ་དགོས་མིན་སོགས་ལ་དབྱེ་ཞིབ་རྩ་བ་ནས་བྱས་མེད།  དེ་ནི་ཁོ་ཚོས་ད་ལྟའི་འཛམ་གླིང་རང་བཞིན་གྱི་བཟའ་ཆས་མཛད་སྤྱོད་ཀྱི་འགྱུར་ལྡོག་གནས་བབ་མ་མཐོང་བས་ཡིན་པ་གསལ་བཤད་བྱས་ཡོད་པ་རེད། ཅེས་བཀོད་འདུག

འཛམ་གླིང་ཁོར་ཡུག་ཉམས་ཞིབ་པ་ལེ་སི་ཁྲིར་བྷོ་རོན་ལགས་ཀྱིས།  འདས་པའི་ལོ་བཅུའི་རིང་ལ། མིའི་རིགས་ཀྱིས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྱུང་རྩར་གྱུར་བའི་རང་བྱུང་ཁོར་ཡུག་གི་མཐུན་རྐྱེན་ལ་གནོད་སྐྱོན་བཟོས་ཏེ། ཤིང་ནགས་དང་། རྩྭ་ཐང་། ས་འོག་གི་རྒྱུགས་ཆུ།  ས་ཞིང་བཅས་གནས་བབས་ལ་འགྱུར་ལྡོག་ཆེན་པོ་ཐེབས་སུ་བཅུག་ཡོད་པ་དང་།  དེ་ལ་བརྟེན་ནས་འཛམ་གླིང་གི་ས་ཕྱོགས་གང་སར་ཆུ་ལོག་དང་། ཐན་པ་སོགས་ཀྱི་རང་བྱུང་གནོད་སྐྱོན་སྣ་ཚོགས་འབྱུང་བཞིན་པས་རྐྱེན་གྱིས། ཕྱི་ལོ་ ༢༠༠༧ ནས་ ༢༠༠༨  ལོར་འཛམ་གླིང་གང་སར་འབྲས། གྲོ་ཕྱེ།  མ་རྨོས་ལོ་ཏོག  སྲན་མ་བཅས་ཀྱི་རིན་གོང་འཕར་ཚད་གྱིས་འཛམ་གླིང་ལོ་རྒྱུས་ཟིན་ཐོ་ལས་བརྒལ་ཡོད།  ལྷག་པར་དུ་རྒྱ་ནག་དང་རྒྱ་གར། ཧིན་རྡུ་ཉི་ཞི་ཡ་བཅས་སུ་བཟའ་ཆས་ཀྱི་རིན་གོང་འཕར་བཞིན་པ་དེས།  མ་འོངས་པའི་འཛམ་གླིང་གི་དཔལ་འབྱོར་དང་ཆབ་སྲིད་བདེ་འཇགས་ཀྱི་ཐད་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་བརྗོད་ཡོད། 

ཡང་དེབ་དེའི་ནང་དེང་སྐབས་བཟའ་ཆས་ཀྱི་རིན་གོང་ལྡབ་འགྱུར་གྱིས་འཕར་བཞིན་པའི་རྒྱུ་རྐྱེན་གཙོ་བོ་གསུམ་བགྲང་ཡོད་པ་དག་ནི། གཅིག  འཛམ་གླིང་གི་མི་འབོར་ལོ་རེ་བཞིན་ས་ཡ་ ༨༠ རེ་འཕར་བཞིན་ཡོད་པ། གཉིས།  ཤ་དང་འོ་མ། སྒོ་ང་སོགས་ཀྱི་བཅུད་ལྡན་ཟས་རིགས་སྤྱོད་མཁན་གྱི་འབྱོར་ལྡན་པ་ཇེ་མང་དུ་ཕྱིན་ཞིང་། རྒྱ་གར་གྱི་མི་གཅིག་གིས་ལོ་རེར་ཟས་རིགས་སྤྱི་རྒྱ་ ༡༨༢ དང་། ཨ་རིའི་མི་གཅིག་གིས་ལོ་རེར་སྤྱི་རྒྱ་ ༧༢༧ བཅས་ཀྱི་ཧེ་བག་ཆེན་པོ་ཤོར་བ། གསུམ། འབྲུ་རིགས་ཀྱིས་རླངས་འཁོར་སོགས་ཀྱི་སྣུམ་རིགས་བཟོ་བའི་ཚད་ལོ་རེ་ནས་ལོ་རེར་ཇེ་མཐོར་སོང་སྟེ། ཕྱི་ལོ་ ༢༠༠༧ ནས་ ༢༠༠༨ བར་ལྕགས་ཟོ་ས་ཡ་ ༢༠ ནས་ ༥༠ ལ་འཕར་ཡོད་པ་བཅས་བཀོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༣ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༦ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 6

  1. ཞྭ་ནག་བློ་གྲོས། says:
    ལོ་ 16 སྔོན།

    གསར་འགོད་པ་ཚོ་ཁྱེད་རང་ཚོ་སེམས་ཤུགས་མ་ཆག སྔོན་མ་རྡི་སྦིས་དགེ་བཤེས་ཚང་གིས། ཚེ་ཏུན་ཞབས་དྲུང་ཚང་ལ། ཁྱོས་ཡར་གི་དེ་མི་འགྲིག མར་གི་དེ་མི་འགྲིག་ལབ་ནས། ད་ཁྱེད་རང་གིས་བྲིས་པའི་དག་ཡིག་དེའི་ཁ་ཡིག་བྲིས་ཡོད་ནོ་ནོར་བསྡད་ཡོད་ཀི་ཞེས་གསུངས་པ་འདྲ་པོ་རེད། ཤུ་རེ་བྱོས་དང་། ཡར་རྒྱས་འགྲོ་ནི་རེད། ངོ་མ། ཆང་འཐུང་ནས་ཀླད་རྡིབ་བྱུང་ཡོད་ནི་ཡིན་ན། དེ་མི་ཧྲ་ཡ།

    Reply
  2. རིགས་བཟང་། says:
    ལོ་ 16 སྔོན།

    གྲོགས་ཚེ་རིང་རྒྱལ་ལགས།
    ཕྲན་ཆུང་ངས་ཐེངས་མང་བཤད་པ་ཡིན་ཅི་ཞིག་བྲིས་རུང་ཁ་བྱང་འཆུག་གི་མ་འཇུག་ཟེར་གྱིན་ཡོད། ཡང་ནས་ཡང་དུ་བཤད་ན་ཡང་ནས་ཡང་དུ་འཆུག་གི་འཇུག་གི
    དོན་ཁོ་ལ་ཡང་བཤད་པ་ཡིན། ཁྱེད་གཉིས་ཀྱིས་ཆང་འཐུང་བ་མང་དྲགས་པ་མ་རེད།

    Reply
  3. ཨ་ཕོ་མཐུ་ཆེན། says:
    ལོ་ 16 སྔོན།

    མ་གཞི་དེབ་ཀྱི་ནང་དོན་སྙིང་བསྡུས་ཡག་པོ་བྲིས་འདུག འོན་ཀྱང་མཛད་སྟོང་ཡིན་ནམ་འཛད་སྟོང་ཡིན། ད་དུང་ ཧིན་རྡུ་ཉི་ཞི་ཡ་ཟེར་བ་ལས་ཨིན་ཌོ་ནི་ཤི་ཡ་ཟེར་ན་ལེགས་པ་མི་འདུག་གམ།

    Reply
  4. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    འཛད་སྟོངས་ཞེས་འབྲི་དགོས། འཛད་ནི་ཉུང་དུ་འགྲོ་བའི་དོན་དང་། སྟོངས་ནི་ཤུལ་མེད་དུ་གྱུར་པའི་དོན་ཡིན།

    Reply
  5. རྒྱ་སྟག་དཀར་པོ says:
    ལོ་ 16 སྔོན།

    དུས་བབ་གསར་འགོད་པ་རྣམས་ལ་གུས་པ་སྤྲོ་སེམས་དང་ལྡན་པའི་ངང་ཐུགས་རྗེ་ཆེ་ཞུ་བ་ཡིན།
    ང་ཚོ་བོད་རིགས་མང་པོ་རྒྱལ་གཞན་སྐད་ཡིག་གི་ཆུ་ཚད་ཞན་པ་དང་མེད་པ་སོགས་ཀྱིས་སྤྱི་ཚོགས་ཀྱི་ཤེས་བྱ་སྣ་མང་ལ་བལྟ་བའི་མཐོང་ནུས་ཉམས་ནས་དེ་འབྲེལ་མཐོང་རྟོགས་ཀྱི་རྒྱ་ཁྱོན་ཡང་ཆུང་བས། ༼ དུས་བབ ༽ཀྱི་ལམ་ནས་རང་རིགས་དེ་དག་ལ་ཁྱེད་ཅག་གིས་སྤྱི་ཚོགས་ཤེས་བྱའི་རྨོང་མུན་སེལ་བ་ཅི་སྟེ་སྤྲོ་བས་མི་བསྟོད།

    Reply
  6. རིགས་བཟང་། says:
    ལོ་ 16 སྔོན།

    དཔྱོད་ཡངས་ལེ་སི་ཁྲིར་བྷོ་རོན་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད་དོ།།
    དངོས་ནས་ཕུགས་རྒྱང་རིང་པའི་གཏམ་བཤད་ཁ་ཚ་དགོས་གཏུགས་མ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese