མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིས་བོད་འབྱོར་བ་ཚོར་གསུང་བཤད་གནང་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

 

བཀའ་བློན་ཁྲི་པ་མཆོག་གིས་བོད་ནས་ཕེབས་པའི་གནས་སྐོར་བ་ཚོར། འདས་པའི་ལོ་ངོ་ལྔ་བཅུའི་རིང་གཞིས་བྱེས་རྡོག་རྩ་གཅིག་སྒྲིལ་དང་༧གོང་ས་མཆོག་ལ་དད་དམ་གཡོ་བ་མེད་པའི་ཐོག སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱས་པར་བསྔགས་བརྗོད་དང་། ད་དུང་མུ་མཐུད་དུ་འཚེ་མེད་ཞི་བའི་ཐབས་ལ་བརྟེན་ཏེ་འབད་བརྩོན་གནང་དགོས་པའི་ལམ་སྟོན་གནང་འདུག

ཁ་སང་ཕྱི་ཟླ་ ༡ ཚེས་ ༡༢ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝ་ཎ་གཙུག་ལག་སློབ་ཁང་དུ་གསར་བཞེངས་བྱས་པའི་སམ་བྷོ་ཊ་ཁང་གསར་དབུ་འབྱེད་གནང་ཡོད་པ་དང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༥ དང་ཕྱེད་ཀའི་ཐོག་གཙུག་ལག་སློབ་གཉེར་ཁང་དེའི་ཨ་ཏི་ཤ་ཚོགས་ཁང་དུ་བོད་ནས་གསར་དུ་ཕེབས་པའི་ཆོས་ཞུ་བ་ ༡༨༠༠ ཙམ་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་འདུག

 

སྐབས་དེར་བཀའ་ཁྲི་མཆོག་གིས་གཞིས་བྱེས་གཉིས་ཀྱི་འབྲེལ་བའི་སྐོར་གསུངས་དོན། དེ་རིང་ཁྱེད་ཚོར་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བ་བསྐལ་པ་བཟང་པོར་བརྩིས་ཀྱི་ཡོད། གནས་མཆོག་ཝ་ར་ཎ་སི་ནི་སྟོན་པ་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པས་ཆོས་འཁོར་བསྐོར་སའི་གནས་ཁྱད་པར་ཅན་ཞིག་ཡིན་ལ། ཐེངས་འདིར་༧གོང་ས་མཆོག་ཞབས་སོར་འཁོད་དེ་འཛམ་གླིང་མི་མང་ལ་སྤྱོད་འཇུག་དང་སྒོམ་རིམ་བར་མའི་ཆོས་ཀྱི་བདུད་རྩི་སྩོལ་བཞིན་ཡོད་པའི་སྐབས་འདིར། གཞིས་བཞུགས་བོད་རིགས་སེར་སྐྱ་མང་པོ་ཞིག་ཕེབས་ཐུབ་པ་དེར་༧གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་པར་མ་ཟད། ང་ཚོ་ཡང་ཤིན་ཏུ་དགའ་པོ་བྱུང་ཡོད། ཚང་མའི་མཁྱེན་གསལ་ལྟར། བོད་ཆོས་ལྡན་གྱི་སྤྱི་ཚོགས་དེ་གཞིས་བྱེས་གཉིས་ལ་ཁ་གྱེས་ཏེ་ལོ་ ༥༡ ཕྱིན་པ་རེད། ལོ་ ༥༡ རིང་མི་རབས་གསུམ་ཙམ་ཕྱིན་ཡོད་ནའང་། ད་བར་གཞིས་བྱེས་བོད་མིའི་དམ་ཚིག་མ་ཉམས་པར་བསམ་བློ་ཆིག་སྒྲིལ་ངང་གནས་ཡོད་ལ། ༧གོང་ས་མཆོག་ལ་དད་པ་དམ་ཚིག་གཡོ་བ་མེད་པར་བསྡད་པ་འདི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་ཅིག་ཆགས་ཡོད། ཅེས་དང་།

 

གཞིས་བཞུགས་བོད་རིགས་ཚང་མར་ང་ཚོ་བྱེས་འབྱོར་བོད་རིགས་ཚོའི་ངོས་ནས་རྗེས་སུ་ཡི་རངས་དང་དགའ་བའི་མངོན་འདོད་མ་ཉམས་པར། དུས་རྟག་ཏུ་དོན་གྱི་བདག་པོ་བོད་ནང་དུ་ཡོད་པའི་མང་ཚོགས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ༡༩༥༩ རྗེས་སུ་སྐྱེས་ནས་ཚར་ལོངས་བྱུང་པའི་ན་གཞོན་ཚོས་༧གོང་ས་མཆོག་མཇལ་མྱོང་མེད་ལ། སྔ་མོའི་བོད་དུ་རང་དབང་ཡོད་སྐབས་ཀྱི་སྤྱི་ཚོགས་ཡང་མཐོང་ཐོས་གང་ཡང་མེད་ཀྱང་། བོད་མི་རིགས་ཀྱི་ལར་ཞེན་དང་༧གོང་མཆོག་ལ་ཡིད་ཆེས། བོད་ཀྱི་ཆོས་དང་རིག་གཞུང་། གོམས་གཤིས་བཅས་མི་ཉམས་རྒྱུན་འཛིན་གནང་ཡོད་ལ། འདི་ལ་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་དམངས་ཀྱིས་ངོས་འཛིན་གསལ་པོ་ཐོབ་ཡོད། གནས་སྟངས་དེའི་དབང་གིས་འཇིག་རྟེན་ཡོངས་ལ་༧གོང་ས་མཆོག་གི་མཛད་འཕྲིན་ཁྱབ་ཐུབ་པ་དང་། རྒྱལ་ཁབ་མང་པོའི་ནང་བོད་ལ་ཤ་ཚ་ཡོད་པའི་རྒྱབ་སྐྱོར་བྱེད་མཁན་འབུམ་ཕྲག་མང་པོ་ཐོན་ཐུབ་པ་དེ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་དང་། གཞིས་བཞུགས་མང་ཚོགས་ཀྱིས་རང་གི་གནས་བབ་བརྟན་པོར་བཟུང་སྟེ་གནས་ཐུབ་པའི་དབང་གིས་རེད། ཅེས་གསུངས།

 

 

བཀའ་ཁྲིས་གཞིས་ལུས་མི་དམངས་ཀྱི་འཚེ་མེད་ཞི་བའི་བཟོད་སྒོམ་ལ་བསྔགས་བརྗོད་གནང་དོན། ཁྱེད་ཅག་བོད་ནང་གནས་བབ་ཧ་ཅང་ཞན་ལ། སྨྲ་བརྗོད་དང་བྱ་སྤྱོད་ཐོག་དུས་རྟག་ཏུ་ཉེན་ཁ་ཡོད་པ་དང་། བཟོད་དཀའ་བའི་གནས་ཚུལ་མང་པོ་ཡོང་གི་ཡོད་ཀྱང་། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་བརྟེན་ཏེ་འགྲོ་ཐུབ་པ་དེ་དམིགས་བསལ་མཛད་རྗེས་ཞིག་རེད། བཙན་གནོན་འོག་ཏུ་ཉིན་རེ་བཞིན་བསམ་བློའི་ནང་བཟོད་དཀའ་བའི་ཁོང་ཁྲོ་དང་བློ་ཕམ་སྐྱེ་གཞིའི་གནས་ཚུལ་ཡོང་གི་ཡོད་ཀྱང་། འཚེ་མེད་ཞི་བའི་ཐོག་བཞུགས་ཐུབ་པ་དེ་བོད་མི་རིགས་ཀྱི་དམིགས་བསལ་གྱི་གཟི་བརྗིད་ཅིག་ཆགས་ཡོད། མ་འོངས་པར་ཡང་བྱེད་སྟངས་དེ་ཉམས་རྒྱུན་འཛིན་དགོས་པ་རེད་ལ།  དེ་ནི་བོད་ཀྱི་རྩ་དོན་ཐོག་དམིགས་བསལ་གྱིས་གལ་ཆེ་བ་ཞིག་ཀྱང་ཆགས་ཡོད། ཕྱི་ལོ་ ༢༠༠༨ ལོར་སུས་ཀྱང་སྐུལ་སློང་མེད་པར་ཁྱེད་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་དུ་ཡར་ལངས་དང་། རང་གི་བསམ་ཚུལ་གསལ་སྟོན་བྱ་རྒྱུའི་ལས་འགུལ་དེར་འཛམ་གླིང་ཡོངས་སུ་དོ་སྣང་ཆེན་པོ་བྱུང་ཡོད། སྐབས་དེར་ང་ཚོ་འཚེ་མེད་ཞི་བའི་ཐོག་བསྐྱོད་པ་དེ་ནི། གྲངས་ཉུང་མི་རིགས་གཞན་ལས་ལྷག་པའི་སྤྱོད་ཚུལ་འབུར་དུ་ཐོན་པའི་བྱས་འབྲས་ཤིག་རེད། ཅེས་བསྟོད་བསྔགས་མཛད་འདུག

 

མཐའ་མར་བཀའ་ཁྲི་མཆོག་གིས་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུའི་སྐོར་གསལ་བཤད་གནང་དོན།  འབྱུང་འགྱུར་ཕྱི་ཟླ་ ༣ པའི་ནང་བགྲེས་ཡོལ་ཆ་ཚང་ཕེབས་རྒྱུ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་གནས་བབ་ཐོག་༧གོང་ས་མཆོག་མཆོག་གིས་ཐུགས་འགན་བཞེས་མི་དགོས་རྒྱུའི་བཀའ་བསྩལ་ཡོད། དེར་བརྟེན། བོད་ལ་བཞུགས་པའི་བོད་མི་མང་པོ་ཞིག་གིས་ཐུགས་འཚབ་ཆེན་པོ་དང་ཐུགས་ཁྲལ་གནང་སྟེ། ཚུར་ལན་གནང་མཁན་དང་བཀའ་འདྲི་གནང་མཁན་མང་པོ་ཞིག་བྱུང་སོང་། སྤྱིར་༧གོང་ས་མཆོག་གིས་ཉེ་ཆར་འབྲས་ལྗོངས་ཁུལ་དུ་ཆིབས་སྒྱུར་སྐབས། གནས་ཚུལ་དེའི་ཐོག་གསལ་བཤད་གནང་ཡོད། འཛིན་སྐྱོང་གི་ཉིན་རེའི་ལས་དོན་བྱེད་ཕྱོགས་ཐོག་འགྱུར་བ་གཏོང་རྒྱུ་མ་གཏོགས། བོད་མི་བརྒྱ་ཆ་ ༩༩ ང་ལ་ཡིད་ཆེས་བློས་འགལ་བྱེད་ཀྱིན་ཡོད་དུས་ང་དང་བོད་རིགས་མང་ཚོགས་གཉིས་ནམ་ཡང་བྲལ་ཐབས་མེད། རྩ་དོན་ཐོག་ཐུགས་འགན་མུ་མཐུད་དེ་བཞེས་རྒྱུ་ཡིན། ཞེས་བཀའ་སློབ་གསལ་པོ་གནང་ཡོད། དེའི་སྟབས་ཀྱིས་དམིགས་བསལ་ཐུགས་འཚབ་གང་ཡང་གནང་དགོས་དོན་མེད། ཅེས་གསུངས་ཡོད།  

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༦ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༧ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 7

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་པའི། བཀའ་སློབ་གསུང་བཤད་ལ། མངོན་པར་བསྟོད་དོ། །

    Reply
  2. སྙིང་རྩ་སྤར་འཛིན། says:
    ལོ་ 15 སྔོན།

    བཀའ་ཁྲིས་ཅིག་ཅིག་གསུངས་སོང་ཟེར་ལ་བཀའ་བློན་ཁྲི་བས་ཉུག་ཉུག་གསུངས་སོང་ཟེར། བཀའ་ཁྲི་དང་བཀའ་བློན་ཁྲི་བ་གཉིས་ཀས་སྐད་ཆ་བཤད་ཤེས་བ་ཡ་མཚན་རེད། ཕར་བལྟས་ཚོད་ཀྱིས་དེ་གཉིས་ཀའི་དབྱེ་བ་ཤེས་ཀྱི་མེད་པ་འདྲ་བས་འདིར་གོ་སླ་བའི་ཚིག་འགྲེལ་འདི་བྲིས་བ་ཡིན།
    བཀའ་ཁྲི་ནི་བཀའ་བློན་ཁྲི་བའི་རྐུབ་འཛུག་སའི་ཁྲིའམ་རྐུབ་སྟེགས་དེའི་མིང་དང་། བཀའ་བློན་ཁྲི་བ་ནི་ཁྲི་ཐོག་དེར་རྐུབ་འཛུག་མཁན་གྱི་མི་དེ་ལ་ཟེར། དཔེར་ན་དགའ་ལྡན་གསེར་ཁྲི་དང་། དགའ་ལྡན་ཁྲི་བ་ལྟ་བུ་རེད།

    Reply
  3. འཇམ་དབྱངས། says:
    ལོ་ 15 སྔོན།

    སྤྱིར་བཏང་ཡིག་ནོར་ལ་གཟབ་དགོས་པ་ལོས་བདེན་ཡང་། གནས་ཚུལ་འདི་ལྟ་བུ་འགོར་འགྱངས་མེད་པར་དྲྭ་ཐོག་ཏུ་གཏོང་ཐུབ་པར་བཀའ་དྲིན་ཆེ་ཞུ། སྐབས་འདིར་བཀའ་ཁྲི་མཆོག་གིས་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ཆར་ཐད་ལ་དམིགས་བསལ་འགྲིག་དང་མི་འགྲིག་གི་གསལ་བྱེད་གནང་མི་འདུག་མོད། གང་ལྟར་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ཆར་འདི་ངོ་མ་གནད་འགག་ཡིན་པས། བོད་གཞིས་བྱེས་ཡོད་དོ་ཅོག་གིས་ཁོང་ལ་དེ་ལྟར་མི་གནང་རྒྱུའི་སྙན་གསན་མི་ཞུ་བར། ༧གོང་ས་མཆོག་དང་དེ་མིན་པའི་ཉམས་མྱོང་ཅན་གང་མང་སྐུ་འཚོ་བཞུགས་ཀྱི་གོ་སྐབས་འདི་བཟུང་ནས་འབྱུང་འགྱུར་གྱི་བཀའ་ཤག་གསར་པ་དང་སྤྱི་འཐུས་ལྷན་ཚོགས་སོགས་ལ་འགན་སྤྲོད་རྒྱུ་གལ་ཆེ་བར་མཐོང་།

    Reply
  4. ཁ་བའི་གྲང་ངར། says:
    ལོ་ 15 སྔོན།

    གསར་འགོད་པ་དཔལ་ལྡན་ལགས། གནས་ཚུལ་བཟང་པོ་འདི་བཀོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ། འོན་ཀྱང་ཡིག་འབེབ་ལྔ་པའི་ཡིག་ཕྲེང་ལྔ་པའི་ནང་དུ་ཚིག་གཅིག་ཆད་ལུས་གྱུར་འདུག དེ་བཞིན་ཡིག་འབེབ་དྲུག་པའམ་མཐའ་མའི་ཡིག་ཕྲེང་གཉིས་པའི་ནང་དུ་ཚིག་གཅིག་ཉིས་ལྡབ་བྱུང་འདུག འབྱུར་འགྱུར་ཡིག་ནོར་རིགས་ལ་དམིགས་བསམ་གྱིས་ཐུགས་སྣང་གནང་རོགས།།

    Reply
  5. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ཁ་སང་གསར་འགྱུར་གྱི་མགོ་བརྗོད་དུ་ “རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་བཏང་མྱོང་མེད།” ཅེས་པའི་བཀའ་ཁྲིའི་གཏམ་བཤད་དེ་སྤེལ་བ་ནས་བཟུང་དུས་བབ་ཚང་གི་གསར་འགོད་པ་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་སྟོད་བསྔགས་གཏོང་མཁན་མང་དུ་ཕྱིན་པ་འདྲ་པོ་མཐོང་སོང། གང་ཡིན་ནམ་???

    Reply
  6. ལྷག་པ། says:
    ལོ་ 15 སྔོན།

    བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་གསར་པ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། ཉེ་བའི་དུས་ནས་བཟུང་དུས་བབ་ལ་གསར་གཏོད་དང་གསོན་ཤུགས་ཀྱི་རྣམ་པ་ཁ་ཤས་མཐོང་ཡོང་གི་འདུག་ལ། གསར་འགྱུར་གྱི་སྤུས་ཚད་གྲངས་ཚད་གཉིས་ཐད་ནས་མངོན་གསལ་གྱིས་ཡར་རྒྱས་ཤིག་མཐོང་གི་འདུག མུ་མཐུད་ཤུགས་རྒྱོབས། ང་ཚོས་བར་ཐག་རིང་ས་ནས་ཡི་རངས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད།

    Reply
  7. ཤག་སྒང་པ། says:
    ལོ་ 15 སྔོན།

    ཟམ་གདོང་བླ་མ་སྐུ་ཚེ་བརྟན་ཅིང་། བོད་གཞིས་བྱེས་མྱུར་མཇལ་ཡོང་པར་ཤོག ཁང་སང་བོད་ཀྱི་དུས་བབ་ངོར། རྒྱ་གཞུང་ནས༌༌༌༌༌༌༌༌༌༌གཞིས་སུ་བཞུགས་པའི་བོད་མི་རྣམས། རྒྱ་གར་དུ་གཞུང་འབྲེལ་གྱིས་འཁྲིད་ཆོག ཟེར་བའི་གནས་ཚུལ་གྱི་བབ་ལ་བལྟས་སྐབས། སེམས་འཚབ་སྐྱེས་སོང་། འོན་ཀྱང་དེ་རིང་བོད་ནས་ཆོས་མཇལ་སོགས་ཀྱི་ཞལ་གྲངས་ ༡༨༠༠ ཙམ་འབྱོར་ཐུབ་པ་འདིས་རང་ལ་ངལ་གསོ་ཆུང་ཆུང་ཞིག་ཀྱང་སྟེར། འདི་ནི་གཅིག་ནས་གཞིས་ལུས་བོད་མིའི་མངོན་འདོད་དང་། གཉིས་ནས་མ་འོངས་བཙན་བྱོལ་གྱི་མི་རབས་གནས་དང་མ་གནས་ཀྱི་དཀའ་གནད་ཅིག་དང་འབྲེལ་ནས་ཡོད་པས། དེ་རིང་དུས་བབ་ངོས་ཀྱི་གནས་ཚུལ་བཟང་ཤོས་འདི་རང་ལ་ངོས་འཛིན་གྱིས་དགའ་སྤྲོ་ཡང་ངང་གིས་འཕེལ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese