མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ནི་བཅའ་ཁྲིམས་ནང་གི་ངོས་ཀྱི་འགན་དབང་ལ་བསྒྱུར་བཅོས་གཏོང་རན་སོང་།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

༢༠༠༡ ལོ་ཙམ་ནས་བཀའ་བློན་ཁྲི་པ་དང་བཀའ་བློན་གཞན་ཚོས་འགན་ཆ་ཚང་བླངས་ཏེ་འགྲོ་བཞིན་ཡོད། འདས་པའི་ལོ་བཅུའི་ནང་འཐུས་ཤོར་གང་ཡང་ཕྱིན་མེད། ད་ལྟ་ངོས་ཀྱིས་ཡིག་ཆའི་འགྲོ་སྟངས་ཐོག་ལ་རྒན་ཡོལ་ཆ་ཚང་བྱས་པ་ཙམ་གྱིས་འཐུས་ཤོར་ལ་འགྲོ་རྒྱུ་གང་ཡང་མེད། དེའི་ཐོག་སེམས་འཁུར་རྩ་བ་ནས་བྱ་དགོས་པ་མ་རེད། ཅེས་༧གོང་ས་མཆོག་གིས་གསུངས་འདུག

གནས་མཆོག་ཝ་ར་ཎ་སི་རུ་ཉིན་ལྔའི་རིང་གི་༧གོང་ས་མཆོག་གི་བཀའ་ཆོས་ཀྱི་ཉིན་མཐའ་མ་སྟེ། ཁ་སང་ཕྱི་ཚེས་ ༡༦ ཉིན། དགེ་འདུན་པའི་དགོན་སྡེ་ཡོངས་ནས་ཐུན་མོང་ཐོག་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་ཅིང་། ཞོགས་པའི་ཆུ་ཚོད་ ༨ དང་ཕྱེད་ཀའི་སྟེང་ཝར་ཎ་གསུང་ཆོས་ར་བ་རུ་ལྡན་ཆོས་ཞུ་བ་སུམ་ཁྲི་ལྷག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྩོལ་སྐབས ༧གོང་ས་མཆོག་གིས་ཧི་མ་ལ་ཡའི་རྒྱུ་རྒྱུད་ཀྱི་ཆོས་ཞུ་བ་ཚོར་ཁོར་ཡུག་གཙང་གཉར་བྱ་དགོ་སྐོར་དང་། དེ་བཞིན་ཁོང་ཉིད་བགྲེས་ཡོལ་དུ་ཕེབས་འདུན་ཡོད་པའི་རྒྱབ་ལྗོངས་སོགས་ཐོག་ལ་གསུངས་བཤད་གནང་ཡོད།

༧གོང་ས་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་ཁག་ནས་ཕེབས་པའི་ཆོས་ཞུ་བ་ཚོར་དམིགས་ཏེ། ཁོར་ཡུག་སྲུང་སྐྱོབ་ཐོག་ཤུགས་རྒྱག་དགོས་སྐོར་གསུངས་དོན། ཧི་མཱ་ལ་ཡའི་མི་མང་ཚོས་ཁོར་ཡུག་ཐོག་ལ་དོ་སྣང་ཆེ་ཙམ་བྱ་རྒྱུ་གལ་ཆེན་པོ་རེད། རྒྱ་གར་ནང་གི་ཆུ་བོ་གལ་ཆེན་མང་པོ་ཞིག་བོད་ནས་ཡོང་གི་ཡོད། དེ་བཞིན་རྒྱ་ནག ཝི་ཏི་ནམ། ཁམ་པུ་ཌེ་ཡ། ལའོ་སི། དེ་དག་ལའང་བོད་ནས་ཡོང་བའི་གཙང་པོའི་ཆུ་རྒྱུན་དེ་གལ་ཆེན་པོ་ཆགས་ཡོད། བོད་ཀྱི་དོན་དག་དེ་ཁོར་ཡུག་གི་གནས་ཚུལ་དང་འབྲེལ་ནས་ཡོད་སྟབས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ཞིག་ཀྱང་ཆགས་ཡོང་གི་ཡོད། རྒྱ་དཀར་ནག་གཉིས་མི་འབོར་ཆེ་ཤོས་ཀྱི་ལུང་པ་ཞིག་ཆགས་ཡོད། དེ་གཉིས་དངོས་གནས་དམ་ཚིག་མཐུན་པོ་ཞིག་བྱུང་ན། ཡུལ་གྲུ་གཉིས་ལ་ཕན་པ་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ལའང་ཕན་ཐོགས་ཡོད་པ་ཞིག་ཆགས་ཀྱི་ཡོད། ཅེས་དང་།

བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་གུང་ཁྲན་གྱི་དམག་མི་བཙུགས་ཏེ་མནན་ཏེ་སྡོད་དགོས་པ་ཆགས་ཀྱི་ཡོད་སྟབས། རྒྱ་གར་གྱི་ས་ཐོག་ལའང་རང་བཞིན་གྱི་དོགས་པ་དང་མི་བདེ་བ་ཡོང་གི་ཡོད། ནམ་ཞིག་བོད་ནང་གི་གནས་ཚུལ་དེ་ཞི་འཇམ་ཡག་པོ་ཞིག་བྱུང་ན། བོད་ནང་རྒྱ་མིའི་དཔོན་པོ་འཇོག་དགོས་ཀྱི་མེད་ལ། སྐབས་དེར་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བར་བརྒྱ་ཆ་བརྒྱ་ཕན་ཐོགས་ཡོང་གི་རེད། ཅེས་དང་། བོད་ནང་གི་གནས་ཚུལ་དངོས་གནས་ལྷིང་འཇགས་པོ་ཞིག་ཡོང་རྒྱུ་དེ་གཙོ་བོ་རྒྱ་ནག་གུང་ཁྲན་གྱིས་དངོས་ཡོད་ཀྱི་གནས་ཚུལ་དང་རན་པའི་སྲིད་བྱུས་ཤིག་བཟུང་སྟེ། བོད་རྒྱ་གཉིས་ཀའི་བློ་འཇོག་ས་གཉིས་མོལ་ཞིག་བྱུང་ན་དཀའ་ངལ་དེ་སེལ་ཐུབ་རྒྱུ་ཞིག་རེད། གཉིས་མོལ་མིན་པར་ཕྱོགས་གཅིག་གིས་དབང་ཤུགས་ཀྱིས་མནན་བསྡད་ན་བོད་ཀྱི་དཀའ་ངལ་སེལ་ཐབས་མེད་པ་ཞིག་རེད། འདས་པའི་ལོ་དྲུག་ཅུའི་རིང་ལ་དཀའ་ངལ་དེ་སེལ་ཐུབ་མེད་ལ། འབྱུང་འགྱུར་ལོ་དྲུག་ཅུའི་རིང་ལའང་སེལ་ཐབས་མེད། ཅེས་བཀའ་གནང་འདུག

ཡང་༧གོང་ས་མཆོག་གིས་བོད་མི་ཚོར་དཔལ་འབྱོར་གལ་ཆེན་ཆགས་ཡོད་སྐོར་གསུངས་དོན། ང་ཚོ་བོད་པ་ཚོར་དཔལ་འབྱོར་ཡར་རྒྱས་དགོས་ཀྱི་འདུག རྒྱ་གར་ནང་ནས་བོད་པ་མང་པོ་ཞིག་ཨ་རི་དང་ཁེ་ཎ་ཌ། ཡུ་རོབ་སོགས་ལ་འགྲོ་བཞིན་ཡོད། མདོར་ན་ལྐོག་ཏུ་དངུལ་སྤྲད་ནས་ཁྲིམས་འགལ་བྱས་ནས་འགྲོ་ཡི་ཡོད། དེ་ལྟར་བྱས་ནས་འགྲོ་མཁན་དེ་དག་ནུབ་ཕྱོགས་ལུང་པར་ཆོས་དོན་གཉེར་བྱེད་དུ་འགྲོ་བ་མ་རེད། ཨ་སྒོར་དོན་གཉེར་བྱེད་དུ་འགྲོ་བཞིན་ཡོད། དེས་རྟགས་ག་རེ་བསྟན་པ་རེད་ཅེ་ན། བོད་པ་ཚོར་དངུལ་དགོས་ཀྱི་ཡོད་པ་དེ་བསྟན་པ་རེད། དེར་བརྟེན་ང་ཚོའི་བོད་པ་ཚོར་དངོས་པོ་ཡར་རྒྱས་དགོས་ཀྱི་ཡོད། དངོས་པོ་ཡར་རྒྱས་འགྲོ་རྒྱུར་སྟོབས་ཆེན་རྒྱལ་ཁབ་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་བསྡད་ན། དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུར་ང་ཚོར་ཁེ་ཕན་ཡོང་གི་རེད། ཅེས་གསུངས་འདུག

 

༧གོང་ས་མཆོག་གིས་ཁོང་ཉིད་བགྲེས་ཡོད་ཆ་ཚང་ཕེབས་འདུན་ཡོད་པའི་རྒྱབ་ལྗོངས་སྐོར་གསལ་བཤད་གནང་དོན། ༢༠༠༡ ལོ་ནས་བཀའ་བློན་ཁྲི་པ་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པ་རེད། དེས་དངོས་གནས་ང་ཚོ་དམངས་གཙོའི་ཚད་དེ་གང་ཙམ་ཞིག་བསླེབས་པ་བསྟན་ཡོད། ངོས་རང་གིས་ནམ་རྒྱུན་༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་པའི་ལམ་ལུགས་དེ་ ༢༠༠༡ ལོ་ནས་རྫོགས་པ་རེད་ཅེས་ཤོད་ཀྱི་ཡོད། དེ་རྫོགས་རྒྱུ་དེ་དབང་ཡོད་ཀྱིས་རྫོགས་པ་ཞིག་མིན་པར་དང་བླངས་སྒོས་རྫོགས་པ་ཞིག་ཡིན། དུས་དེ་ནས་ང་ཡང་ཕྱེད་རྒན་ཡོལ་ཐོག་བསྡད་ཡོད། ད་ཆར་བཅའ་ཁྲིམས་ནང་གི་དམིགས་བསལ་གྱི་འགན་དབང་དེ་རིགས་བསྒྱུར་བཅོས་གཏོང་རྒྱུའི་མཚམས་ལ་བསླེབས་ཡོད། བར་སྐབས་ཤིག་ནས་ངོས་རང་རྒན་ཡོལ་ཆ་ཚང་ཐོག་བསམ་བློ་གཏོང་གི་ཡིན་ཞེས་ལབ་པ་ཡིན། སྐད་ཆ་དེ་བཤད་མ་ཐག་གདན་ས་ཁག་དང་གཞིས་ཆགས་ཁག ཚོགས་པ་སྐྱིད་སྡུག་ཁག སྤྱི་འཐུས། དེ་བཞིན་བོད་ནང་བཅས་ནས་སྙན་ཞུ་མང་པོ་ཞིག་འབྱོར་སོང་། དེ་ཡང་འགན་ལྕི་མོ་ཡིན་སྟབས། དེ་རིང་འདིར་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བ་ཡོད་སར་གསལ་བཤད་ཅིག་བྱས་ན་བསམ་སོང་། ཞེས་དང་།

གཞི་རྩའི་ཆ་ནས་ང་ཚོ་དམངས་གཙོའི་ཐོག་སྐྱོད་དོན་མི་རིགས་གྱི་ཁེ་ཕན་རེད། དུས་རབས་ཉེར་གཅིག་ནང་འཛམ་གླིང་སྤྱི་དང་མཚུངས་པ་ཞིག་དང་ང་ཚོ་མི་གྲལ་དུ་ཚུད་པ་ཞིག་དགོས་ཀྱི་ཡོད། ལོ་བརྒྱ་ཕྲག་ཁ་ཤས་ལ་ང་ཚོའི་ལུགས་སྲོལ་གཅིག་པུ་བཤད་བསྡད་ན་འགྲིག་གི་མེད། རྒྱུ་མཚན་དེ་ལ་བརྟེན་ནས་ངོས་རང་ཕྱེད་རྒན་ཡོལ་ཞེས་པ་དེ་ཕྱི་ལོ་ ༢༠༠༡ ནས་ཡིན་ལ། ད་ཆར་ད་དུང་ངོས་ཀྱིས་སྲིད་འཛིན་གྱི་མིང་འཛིན་ལྟ་བུ་བྱས་ཏེ། ཡིག་ཆ་དེ་འདྲ་ལ་མིང་རྟགས་འགོད་རྒྱུའི་མཚོན་པའི་ལས་འགན་རེ་འགའ་ཡོད་པ་དེ་དག་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག ཅེས་ངོས་རང་གི་བསམ་ཚུལ་དེ་རེད། ངོས་ཀྱིས་རྒན་ཡོལ་ཟེར་བ་དེ་བོད་སྤྱི་པའི་དོན་དག་ལ་རེ་བ་བྲལ་ཏེ་སེམས་ཤུགས་ཆག་པ་ལྟ་བུ་དང་། བོད་བསྟན་སྲིད་དོན་དག་ངོས་ཀྱིས་བློས་གཏོང་བྱས་པ་དེ་འདྲ་རྩ་བ་ནས་མིན་སྟབས། ཁྱེད་རང་ཚོ་བློ་བདེ་བོ་བྱོས། ངོས་ཀྱིས་བོད་བསྟན་སྲིད་དོན་དུ་བསམ་བློའི་ཐོག་ནས་འགན་ལེན་གྱི་རེད་ལ་གནས་ཚུལ་གལ་ཆེ་བ་དེ་དག་ལ་ངོས་ཀྱིས་བསམ་བློ་གཏོང་གི་རེད། སྒྲིག་འཛུགས་ཀྱི་འགྲོ་སྟངས་ཆ་ནས་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག ཅེས་འཆད་ཀྱི་ཡོད། ཞིབ་ཕྲའི་གནས་ཚུལ་ཕལ་ཆེར་ཕྱིི་ཟླ་ ༣ པའི་གྲོས་ཚོགས་ནང་ཡོང་གི་རེད། སྐབས་དེར་ངོས་ཀྱིས་ཡིག་ཐོག་ནས་གསལ་པོ་བྱས་ཏེ་ཞུ་རྩིས་ཡོད།

དེ་སྔ་ཧ་ལམ་བཀའ་བློན་ཚོ་དང་མཉམ་དུ་བདུན་ཕྲག་རེ་རེའི་ནང་ཚོགས་ཏེ་གོ་བསྡུར་བྱས་ཏེ་གཏན་འབེབས་བྱེད་ཀྱི་ཡོད། བཀའ་བློན་ཁྲི་པ་འོས་འདེམས་བྱུང་བའི་རྗེས་ལ་ང་ཚོ་བཀའ་ཤག་ལྷན་རྒྱས་མཉམ་དུ་ཚོགས་རྒྱུ་དེ་མཚམས་མཚམས་མ་གཏོགས་ཚོགས་དགོས་ཀྱི་མེད། ༢༠༠༡ ལོ་ཙམ་ནས་བཀའ་བློན་ཁྲི་པ་དང་བཀའ་བློན་གཞན་ཚོས་འགན་ཆ་ཚང་བླངས་ཏེ་འགྲོ་བཞིན་ཡོད། འདས་པའི་ལོ་བཅུའི་ནང་འཐུས་ཤོར་གང་ཡང་ཕྱིན་མེད། ད་ལྟ་ངོས་ཀྱིས་ཡིག་ཆའི་འགྲོ་སྟངས་ཐོག་ལ་རྒན་ཡོལ་ཆ་ཚང་བྱས་པ་ཙམ་གྱིས་འཐུས་ཤོར་ལ་འགྲོ་རྒྱུ་གང་ཡང་མེད། དེའི་ཐོག་སེམས་འཁུར་རྩ་བ་ནས་བྱ་དགོས་པ་མ་རེད། ཅེས་བཀའ་སློབ་བསྩལ་འདུག

དོན་འགྲུབ་བཀྲ་ཤིས་ཀྱིས་བོད་གཞུང་དྲ་རྒྱ་ལས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༡༠ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༡༢ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

མཆན། 12

  1. དམ་ཆོས་རབ་འབྱོར། says:
    ལོ་ 15 སྔོན།

    ང་ཚོའི་ནམ་ཡིན་ཡང་རང་གི་ཁེ་ཕན་ལས་༧གོང་ས་མཆོག་གི་ཁེ་ཕན་ལ་བསམ་བློ་གཏོང་གི་མེད།དབང་ཆེན་དང་ཚོགས་སྡེ་ཁ་ཤས་ནས་ཁང་པ་ཆུང་ཆུང་ཞིག་གསར་རྒྱག་དང་ཚོགས་འདུ་རྒྱས་བསྡུས་གང་ཡིན་ཡང་༧གོང་ས་མཆོག་གདན་འདྲེན་ཞུ་རྒྱུ་ཁོ་བ་ཚོའི་ཁེ་ཕན་ལས་ད་༧གོང་ས་མཆོག་དགོང་ན་མཐོ་བས་མང་ཙམ་སྐུ་ངལ་གསོ་དགོས་ངེས་ལ་ཁྱོན་ནས་བསམ་བློ་བཏང་མྱོང་མེད།ཕྱི་རྒྱལ་དང་རྒྱ་གར་གང་སར་ཕེབས་དགོས་པ་དམིགས་བསལ་མ་གཏོགས་བོད་པ་རྣམས་ནས་ཁོང་ལ་སྐུ་ངལ་མང་ཙམ་གསོ་འཇུག་རྒྱུར་བསམ་བློ་གཏོང་རོགས་ཞུ་རྒྱུ་ཡིན།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    ཨ་རོ་དུས་བབ་ཚང། འདང་དགོང་མཚོ་སྔོན་བརྙན་འཕྲིན་ནང་ན་༼བླ་བྲང་རིག་གནས༽་ཟེར་བའི་དཔེ་ཚོགས་ཤིག་པར་དུ་བསྐྲུན་པའི་གནས་ཚུལ་འདུག་ལ། དོར་ཞི་རིན་པོ་ཆེར་བཅའ་འདྲི་ཐུང་ཐུང་ཞིག་ཀྱང་འདུག་པས་གསར་འགྱུར་དེ་ཅིག་བཙལ་ནས་ཁུངས་ལྡན་ཞིག་དགོད་ཐུབ་ན་ཕན་ས་རེད།

    Reply
  3. གནས་ཚང་། says:
    ལོ་ 15 སྔོན།

    ཀླུ་མཁར་བྱམས་ནས༼ དེ་རིང་གི་ཏཱ་ལའི་བླ་མ་དང་། གནའ་བའི་ཕོ་བྲང་པོ་ཏཱ་ལ། ད་དུང་ཡུམ་བུ་བླ་སྒང་སོགས་ནི་ལོ་རྒྱུས་ཀྱི་སྐྱོ་གར་རམ། ཡང་ན་གཟི་བརྗིད་དུའང་དྲངས་ཆོག་པའི་དད་བརྟེན་ཙམ་ལས་སེངས་ཉིན་གྱི་རེ་བ་བརྒྱག་ སོ་མིན་སྟབས། བགྲོས་ཡོལ་གྱི་སྐད་ཆ་འདི་གསར་འགྱུར་ཙམ་ཞིག་ལས། བོད་ཀྱི་དོན་ཆེན་ཞིག་ལ་བརྩི་རིན་མི་འདུག ཡིན་ནའང་། ༸གོང་ས་མཆོག་བགྲོས་ཡོལ་ལ་ཕེབས་དགོས་ཕྱིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་པ་ འགྱུར་བ་གཏོང་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། བཅའ་ཁྲིམས་ནང་འཁོད་པའི་ཁོང་གི་སྐུ་དབང་ཆེན་པོ་བརྒྱད་དགུ་ཞིག་ཡོད་པ་དེ་རེ་ རེ་བཞིན་བཟོ་བཅོས་བརྒྱབས་ན་མ་གཏོགས། བླ་རྒན་ལ་བགྲོས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་པོ་རེད། འོན་དེ། འུ་ཚང་གི་སྤྱི་འཐུས་ཚོའི་མཚོན་པས་ལས་ཀྱི་སྣེ་མོ་བ་རྣམས་ལ་འདིར་ལག་པ་འཆིངས་ རྒྱུའི་བློ་ཁོག་འདུག་གམ། ངས་བལྟས་ན་ཕར་རིའི་སྤང་རྒྱན་རེད་དོ་་་་་་༽ ཅེས་པ་འདི་དངོས་གནས་དྲང་གནས་གོང་ས་མཆོག་གི་དགོངས་གཞི་དངོས་ལག་ལེན་ནང་འཇུག་ཐབས་སུ་གྱུར་འདུག་པས། གོང་ས་རྒྱལ་ལོ། ཀླུ་མཁར་རྒྱལ་ལོ། བོད་རྒྱལ་ལོ།

    Reply
  4. མི་ says:
    ལོ་ 15 སྔོན།

    འདི་ཡང་ཁོང་ལ་རྒྱ་ནག་པོས་གནོད་ཤུགས་ཕོགས་ཡོད་པས་རྟགས་རེད། རྒྱ་ནག་ལ་ག་ཚད་བསྟུན་ན་ཡང་བོད་ལ་རེ་བ་ཡོད་པ་མ་རེད། དེ་ལས་རྒྱལ་བ་རིན་པོ་ཆེ་བོད་རྒྱལ་ཁབ་ཀྱི་བདག་པོའི་མཚན་གནས་མཇུག་སྐྱོང་ན་ཡག་པོ་རེད། རྒན་ཁོག་དད་པ་དག་སྣང་ཡོད་མཁན་ཚོས་རྒྱལ་བ་རིན་ཆེ་མཁྱེན། ཁོང་གིས་ཅི་གསུངས་ན་དེ་ཡིན་ཟེར་གི་ཡོད་མོད། དེང་སང་གཞོན་སྐྱེས་གསར་བརྗེ་བ་ཡིན་ཟེར་མཁན་ཚོས་ཡང་རྒྱལ་བ་རིན་པོ་ཅི་གསུང་དེ་བྱེད་དགོས་ཟེར་བ་ནི་དགོད་བྲོ་བ་ཞིག་རེད།

    Reply
  5. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    མགོན་པོ་གང་གི་གསུང་ལ་མངོན་པར་བསྟོད་ཅིང་བཞེད་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གྱི་ཐོག་དྲངས་ཏེ་ཚང་མར་ཞུ་རྒྱུར། དུས་བསྟུན་གྱི་གལ་ཆེའི་ལེགས་བཅོས་དང་འགྱུར་བ་འདི་རིགས་ལག་ལེན་བསྟར་མིན་ནི་ཐད་ཀར་བོད་དོན་དང་ཕན་གནོད་འབྲེལ་བའི་བྱ་བ་ཞིག་ཡིན་པས། བླ་མའི་བཀའ་བཞིན་སྒྲུབ་མཁན་ཚོས་ངེས་པར་ཡིག་ངག་གཉིས་ནས་ངོས་ལེན་དང་རྒྱབ་སྐྱོར་གནང་འོས། ལྷག་པར་དུ་བོད་མི་དམངས་སྤྱི་འཐུས་ནང་ནས་འདི་ཐད་ལ་དགོངས་འཆར་འདོན་གལ་ཆེ། ཆབ་བྲག་ལྷ་མོ་སྐྱབས་ལགས་མ་གཏོགས་སྤྱི་འཐུས་ནང་དགོངས་གཞི་འདི་ལ་རྒྱབ་སྐྱོར་གནང་མཁན་ཡོད་མེད་དོགས་པ་རེད། གལ་ཏེ་མེད་སོང་ན་སྤྱི་ཟླ་གསུམ་པའི་གྲོས་ཚོགས་དེ་ཡང་བླ་མའི་དགོངས་པར་འགལ་བའི་གྲོས་ཚོགས་ཤིག་ཆགས་རྒྱུ་མ་རེད་དམ།

    Reply
  6. འཇམ་དབྱངས། says:
    ལོ་ 15 སྔོན།

    བོད་གཞུང་དམངས་ཚང་མས་༧གོང་ས་མཆོག་གི་ཐུགས་བཞེད་བཞིན་གནང་རྒྱུ་ལས་དེ་ལྟར་མི་གནང་བའི་གསོལ་འདེབས་མ་ཞུས་ན་དགའ། དྲྭ་གྲོགས་འགས་བཤད་པ་བཞིན་༧གོང་ས་མཆོག་གིས་དེ་ལྟར་ནན་གྱིས་གསུངས་པར་དགོས་པ་རྒྱུ་མཚན་ལོས་ཡོད།

    Reply
  7. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    གསར་འགོད་པ་ལགས།

    གསར་འགྱུར་ཚིག་ཉུང་དོན་འདུས་དཔེ་མི་སྲིད་པ་ཞིག་བསྡུས་འདུག རྗེས་སུ་ཡི་རང་ཡོད།
    གཤམ་གྱི་འདི་ཚོར་བཟོ་བཅོས་རེ་ཐུགས་འདོགས་འཚལ།

    ༡༽དེའི་ཐོག་སེམས་འཁུར་
    ༢༽ གསུང་ཆོས་ར་བ་རུ་ལྡན་ཆོས་ཞུ་བ་
    ༣༽ ཧི་མ་ལ་ཡའི་རྒྱུ་རྒྱུད་ཀྱི་
    ༤༽ ཁོར་ཡུག་གཙང་གཉར་བྱ་དགོ་སྐོར
    ༥༽ རྒྱབ་ལྗོངས་སོགས་ཐོག་ལ་གསུངས་བཤད་གནང་ཡོད།
    ༦༽ བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་གུང་ཁྲན་གྱི་དམག་མི་བཙུགས་ཏེ་མནན་ཏེ་སྡོད་དགོས་པ་ཆགས་ཀྱི་ཡོད་
    ༧༽ རྒྱ་གར་གྱི་ས་ཐོག་ལའང་རང་བཞིན་གྱི་དོགས་པ་དང་མི་བདེ་བ་ཡོང་གི་ཡོད།
    ༨༽ བོད་རྒྱ་གཉིས་ཀའི་བློ་འཇོག་ས་གཉིས་མོལ་ཞིག་
    ༩༽ གཉིས་མོལ་མིན་པར་ཕྱོགས་གཅིག་གིས་དབང་ཤུགས་
    ༡༠༽ ༧གོང་ས་མཆོག་གིས་ཁོང་ཉིད་བགྲེས་ཡོད་ཆ་ཚང་

    Reply
  8. རྣམ་དག says:
    ལོ་ 15 སྔོན།

    ༧གོང་ས་མཆོག་སྐུ་ཚེ་ཡུནརིང་བརྟེན་པ་དང་ཐུགས་བྱེད་ལྷུན་འགྲུབ་ཡོངས་བ་སྨོན་་་་ཁ་བ་གངས་ཅན་པ་མྱུར་དུ་བདེ་སྐྱིད་ཐོབས་པ་ཤོག་

    Reply
  9. འཁེར་སྐྱ། says:
    ལོ་ 15 སྔོན།

    གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱི་གནས་ཚལ་དང་པར་ཐུགས་རྗེས་ཆེ་་་་་་་དྲ་གྲོགས་མངའ་རིས་བུའི་གསུང་ནོ་དངོས་ནས་བདེན་པ་རེད་་ཕ་མ་ཡོད་པའི་དུས་སུ་བུ་ཕྲུག་གི་མི་ཚེ་སྐྱེལ་སྟངས་བཟོ་དགོས་རེད་་་ཚང་མའིཨུ་ཚུགས་མ་སྐྱོན་རོགས།

    Reply
  10. lakpatsering says:
    ལོ་ 15 སྔོན།

    གསར་འགྱུར་འདིའི་ཁ་བྱང་ལ་ནུས་པ་ཁྱད་པར་བ་ཞིག་འདུག་ཅིང་། ཁ་བྱང་དེ་བཀླགས་ཚར་མ་ཐག་ཤ་དང་རུས་པའི་གསེང་ནས་སེམས་འཚབ་ཅིག་སློང་ཡོང་གི་འདུག ” ངོས་རང་གིས་ནམ་རྒྱུན་༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་པའི་ལམ་ལུགས་དེ་ ༢༠༠༡ ལོ་ནས་རྫོགས་པ་རེད་ཅེས་ཤོད་ཀྱི་ཡོད། ” བཀའ་གསུང་འདི་ལ་བསམ་བློ་བསྐྱར་དུ་གཏོང་དགོས་པ་ཞིག་མི་འདུག་གམ།

    Reply
  11. མངའ་རིས་བུ། says:
    ལོ་ 15 སྔོན།

    ད་སྐུ་ངོ་མས་བཀའ་གནང་བ་དེར་དགོས་པ་དང་རྒྱུ་མཚན་ཆེན་པོ་ལོས་ཡོད།
    དེས་ན་ད་དུང་ཨུ་ཚུགས་མ་སྐྱོན་རོགས།
    ཕ་མ་ཡོད་པའི་དུས་སུ་བུ་ཕྲུག་གི་མི་ཚེ་སྐྱེལ་སྟངས་བཟོ་དགོས་རེད།
    ཉིན་གཅིག་ཕ་མ་མེད་པའི་དུས་སུ་ཅི་ཡོང་མི་ཤེས།
    དེས་ན་ཕ་མ་ཡོད་པའི་དུས་སུ་བུ་ཕྲུག་ལ་མི་ཚེའི་འདུན་ལམ་ཇི་ལྟར་བྱེད་མིན་སློབ་གསོ་འདྲ་གནང་ཕ་མ་ལ་འགན་དེ་ཙམ་མི་དགོས་པ་བྱེད་རྒྱུ་དེ་ནི་དུས་ལ་བབས་པའི་གནས་སྟངས་ཞིག་རེད།

    Reply
  12. བསེ་རུ། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གི་ཞལ་སྔ་ནས་”ངོས་ཀྱིས་རྒན་ཡོལ་ཟེར་བ་དེ་བོད་སྤྱི་པའི་དོན་དག་ལ་རེ་བ་བྲལ་ཏེ་སེམས་ཤུགས་ཆག་པ་ལྟ་བུ་དང་། བོད་བསྟན་སྲིད་དོན་དག་ངོས་ཀྱིས་བློས་གཏོང་བྱས་པ་དེ་འདྲ་རྩ་བ་ནས་མིན་སྟབས། ཁྱེད་རང་ཚོ་བློ་བདེ་བོ་བྱོས། ངོས་ཀྱིས་བོད་བསྟན་སྲིད་དོན་དུ་བསམ་བློའི་ཐོག་ནས་འགན་ལེན་གྱི་རེད་ལ་གནས་ཚུལ་གལ་ཆེ་བ་དེ་དག་ལ་ངོས་ཀྱིས་བསམ་བློ་གཏོང་གི་རེད། སྒྲིག་འཛུགས་ཀྱི་འགྲོ་སྟངས་ཆ་ནས་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག ཅེས་འཆད་ཀྱི་ཡོད། “ཅེས་གསུངས་སྟབས། ད་བར་གདན་ས་ཁག་དང་གཞིས་ཆགས་ཁག ཚོགས་པ་སྐྱིད་སྡུག་ཁག སྤྱི་འཐུས། དེ་བཞིན་བོད་ནང་སོགས་ཀྱི་བོད་མི་མང་པོ་ཞིག་གིས་ཐུགས་འཚབ་གནང་བཞིན་པ་དེར་བཀའ་ལན་ནན་གྱིས་བསྩལ་བ་ཞིག་མ་རེད་དམ།།

    ཧི་མ་ལ་ཡའི་རྒྱུ་རྒྱུད་ཀྱི་ཆོས་ཞུ་བ་ཚོར་ཁོར་ཡུག་གཙང་དགོ་སྐོར།

    ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་ཞུ་བ་ཚོར་ཁོར་ཡུག་གཙང་ཉར་བྱ་དགོས་སྐོར།
    རྒྱུ་རྒྱུད། རི་རྒྱུད།
    གཙང་གཉར། གཙང་ཉར།
    དགོ་སྐོར། དགོས་སྐོར།

    གསུངས་བཤད། གསུང་བཤད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese