མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བློ་སེང་ཐེངས་འདིའི་འོས་སྒམ་ནང་མི་འོས། – སྐྱེས་སར་ཀླུ་སྒྲུབ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

 སྐབས་གསུམ་པའི་མི་དམངས་ཀྱིས་ཐད་ཀའི་འོས་འདེམས་བྱེད་རྒྱུའི་བཀའ་ཁྲིའི་སྐོར་གླེང་མགོ་བརྩམས་ནས་ཧ་ལམ་ལོ་ཤས་སོང་ཁར། ཟླ་ཤས་གོང་ནས་དམིགས་བསལ་གྱིས་ཚ་རླབས་ཤིག་འཕྱུར་ཏེ། དེ་སྔའི་འོས་བསྡུ་དང་མི་འདྲ་བའི་དོ་སྣང་གི་རྣམ་པ་ཞིག་བསླེབས། ཕྱོགས་གཅིག་ནས་བལྟས་ན་གནས་ཚུལ་འདི་ཉིད་ཕྱོགས་ལྷུང་དང་། མི་སྒེར་གྱི་ས་འོག་དར་ཐག་གི་ཚོང་ལས་དང་འབྲེལ་བ་མེད་ཚེ་རང་དབང་དང་། དམངས་གཙོའི་གོ་རྟོགས་ཤིག་ཏུ་ངོས་འཛིན་ཆོག་ཁར། ཕྱི་ལོ་ ༢༠༠༨ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ལྟར། ན་གཞོན་ཚོས་དམིགས་བསལ་གྱིས་ཆབ་སྲིད་ཐོག་འགན་ཁུར་བར་ངོས་འཛིན་བྱ་རུང་བ་ཞིག་ཡིན། 

ཡིན་ཡང་། ད་ལྟའི་བཀའ་ཁྲིའི་འོས་མི་དེ་ཚོར་ངེས་པར་ལྟ་ཞིབ་ནན་ཏན་ཞིག་བྱ་དགོས། དཔེར་ན། བློ་བཟང་སེངྒེ་ནི་བོད་ཀྱི་ཆོས་དང་རིག་གཞུང་ཐོག་སློབ་སྦྱོང་དང་མྱོང་བ་གང་ཡང་མེད་མཁན་ཞིག་ཡིན་པ་མ་ཟད། ཆ་རྐྱེན་གྱི་རྨང་གཞི་གཙོ་བོ་ཡིན་པའི་འཛིན་སྐྱོང་གི་མཉམ་མྱོང་ཡང་གཏན་ནས་མེད་པ་དེ་ནི། ཉེ་སྔོན་ཀུན་གླེང་ནས་བཅར་འདྲི་བྱེད་སྐབས་རྫུན་རྐུབ་བརྡོལ་བ་དེ་རེད། འདི་འདྲའི་མི་ཞིག་གིས་བཀའ་ཁྲི་ཇི་ལྟར་བྱེད་འོས་སམ། ཁོས་དེ་སྔ་རང་ལ་ཉམས་མྱོང་ཡོད་རབས་བཤད་པའི་རྫུན་རྐུབ་ཤར་གྱིས་བརྡོལ་བ་དེས། ཁོས་མི་དམངས་ལ་མགོ་སྐོར་གཏོང་གི་ཡོད་པ་གསལ་པོ་ཆགས་པ་མ་ཡིན་ནམ། རང་ལ་འོས་ཐོབ་ཆེད་བོད་རིགས་མི་དམངས་ལ་སྐྱག་རྫུན་འདི་ལྟར་ཤོད་ཕོད་མཁན་ཞིག་ད་དུང་ཡར་ཨུ་ཚུགས་ཀྱིས་བཀའ་ཁྲིར་འཇོག་དགོས་སམ། དེ་འདྲའི་ཨུ་ཚུགས་ཀྱིས་བཀའ་ཁྲིར་བསྐྱལ་དགོས་པ་དེ། ཡང་སྙིང་བོད་རིགས་མི་དམངས་ཀྱི་ཆེད་ཡིན་ནམ། ཡང་ན། བློ་སེང་ཁོ་རང་གི་མིང་གྲགས་ཆེད་ཡིན།

 

ཨ་རིར་གནས་སྡོད་བོད་རིགས་ན་གཞོན་ཞིག་གིས་ཁོ་ལ་བཀའ་ཁྲི་དང་འབྲེལ་བའི་དྲི་བ་ཁག་ཅིག་བཏང་པའི་ལན་འདེབས་ནང་། ནང་ཆོས་ཐད་ཁོ་རང་ལ་ཤེས་རྟོགས་གང་ལེགས་ཡོད་པའི་སྒྲུབ་བྱེད་དུ། ནང་མི་དེ་ཚོ་ཞལ་འདོན་འདོན་མཁན་ཡིན་ཚུལ་བཤད་པ་སོགས་ལ་ལྟོས་དང་། མི་འདི་བོད་ཀྱི་རིག་གཞུང་གི་ཐོག་སློབ་སྦྱོང་ཕར་ཞོག ཐ་ན་ནང་ཆོས་ཀྱི་སྤྱི་བབ་གནས་སྟངས་ཙམ་ཡང་མི་ཤེས་པར། ནང་མིས་ཞལ་འདོན་འདོན་པ་དེ་ཁོའི་ནང་ཆོས་ཀྱི་ཤེས་ཡོན་ཚད་འཛིན་བྱེད་ས་ལྟ་བུ་ཞིག་རེད། འདི་ལྟའི་ཤེས་རྟོགས་ཙམ་ལས་མེད་པའི་མི་ཞིག་བཀའ་ཁྲིར་བསླེབ་ན། དེས་བཀའ་ཁྲིའི་འོས་འགན་ཁུར་ཐུབ་བམ། དེས་བཙན་བྱོལ་སྤྱི་ཚོགས་ནང་གི་བོད་ཕྲུག་ཚོའི་ཤེས་ཡོན་ཐད་རང་རྟོགས་ཡོད་པའི་ངོས་འཛིན་དང་། ཡར་རྒྱས་ཤིག་གཏོང་ཐུབ་བམ། འདི་ལྟའི་མི་ཧམ་པ་ཅན་ཞིག་བཀའ་ཁྲིར་བསླེབ་ན། གཞན་དབང་སྟབས་བསྟུན་དང་། མཐོ་བཀུར་དམའ་སྐྱོང་བྱེད་ཤེས་སམ། ཡང་ན་ཅི་ཡང་མ་ཤེས་ཀྱང་རུང་། གང་ཡང་མ་འཇོན་ཡང་རུང་། མཐའ་གཅིག་ཏུ་བློ་བཟང་སེངྒེ་བཀའ་ཁྲིར་སླེབས་ཐབས་བྱ་དགོས་ཟེར་རྒྱུ་ཡིན་ནམ།

བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཆག་འཇིག་གི་གནས་སུ་སླེབ་པའི་དེ་རིང་། ང་ཚོར་ན་གཞོན་སྣེ་ཁྲིད་ཅིག་དགོས་སམ། ཡང་ན། ཤེས་འཇོན་མྱོང་གསུམ་འཛོམས་པའི་སྣེ་ཁྲིད་ཅིག་དགོས། འདི་རང་རེས་བསམ་གཞིག་བྱ་ཡུལ་གལ་ཆེན་ཞིག་ཡིན་ལ། ད་དུང་བཙལ་བྱོལ་སྤྱི་ཚོགས་ཀྱི་སྣེ་ཁྲིད་བྱས་དང་བྱེད་ཀྱིན་པའི་རྒན་རབས་པ་དང་། ཉམས་མྱོང་ཡོད་མཁན་ཚོས་བློ་བཟང་སེངྒེ་ལ་རྒྱབ་གཉེར་བྱེད་ཀྱི་འདུག་གམ། ཁོང་ཚོས་རྒྱུ་མཚན་ཅིའི་ཕྱིར་བློ་སེང་ལ་རྒྱབ་སྐྱོར་མ་ཐོབ་པ་ཡིན་ནམ། བློ་སེང་དུས་རྟག་ན་གཞོན་ཉམས་མྱོང་ཅི་ཡང་མེད་པ་ཤ་སྟག་ནང་ཉུལ་ནས། ཁོང་ཚོར་འུར་སློང་དོན་དེ་ཅི་ཡིན་ནམ།  མི་ཚེའི་མཚར་སྡུག་གི་མེ་ཏོག་སྤྱི་དོན་གྱི་གླིང་ཀར་བཞད་པའི་མྱོང་བའི་བདག་པོ་རེ་ཇིའི་ཕྱིར་རྒྱབ་གཉེར་དུ་མ་བསླེབས་པ་རེད།  འདི་ལྟར་གནད་དོན་གཅིག་ནས་གཉིས་སུ་མཐུད་དེ་ཞིབ་འདང་བརྒྱབ་སྐབས། བློ་སེང་ད་དུང་རྒྱང་ཐག་ཅུང་རིང་བའི་འབྱུང་འགྱུར་གྱི་བཀའ་ཁྲི་ཞིག་ལས། དེ་རིང་གི་འོས་སྒམ་ནང་འཕེན་རུང་བའི་འོས་མི་དེ་མིན་ལ། སང་ཉིན་གྱི་འགན་དབང་སྤྲོད་སའི་བཀའ་ཁྲི་དེ་དེ་བས་ཀྱང་མིན་པར་སེམས་སོ།།

མཆན། 54

  1. པད་བསྟན། says:
    ལོ་ 12 སྔོན།

    ྯཤེས་དང་མི་ཤེས་པའི་བར་ནས་སྐད་ཆ་རྗིག་པོ་བཤད་མཁན་དག་ལ་གྲོས་འདེབས་ཞུ་རྒྱུ་ཞིག་ལ། གོང་ནས་རྔ་བའི་ཚེ་སྐྱིད་ཅེས་པ་འདིས་ཁ་འཇམ་ཁོག་ཡག་གི་ཚུལ་གྱིས་རང་ཉིད་ལས་གཞན་ཞིག་གིས་འདིས་ཐད་དུ་བསམ་ཚུལ་བཤད་ན་མི་འོས་པ་འདྲ་ཞིག་གསུངས་མི་འདུག་གམ།

    Reply
  2. མདོ་སྨད་པ་རིག་རྒོད། says:
    ལོ་ 12 སྔོན།

    ཚེ་རིང་བཀྲ་ཤིས་ལགས།
    ་ངས་བཀྲས་མཐོང་བཀའ་ཁྲིར་མི་འོས་པའི་རྒྱུ་མཚན་བགྲང་ཡོད་པ་དེ་ཁྱེད་ཀྱིས་གསལ་པོ༷་མཐོང་མ་བྱུང་ངམ། གལ་ཏེ་མཐོང་ཡོད་ན། རྒྱུ་མཚན་དེ་གཉིས་འགྲེལ་བཤད་གསལ་པོ་ཞིག་དགོས་པ་ལས།

    བློ་སེང་་་ལ་མི་བཟོད་པའི༨་འགྲན་བྱེད་ན་ཕན་ཐོག་ཡོད་དམ།

    Reply
  3. tsering tashi says:
    ལོ་ 12 སྔོན།

    ༢༽ སྟག་སྨྱོན་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢༧ གི་ཆུ་ཚོད་ ༩ སྐར་མ་ ༡༠

    ཉེ་དུས་ཤིག་ལ་༧ གོང་ས་མཆོག་གིས་སུ་གཅིག་ལ་རྒྱབ་སྐྱོར་མེད། རྒྱལ་བ་རིན་པོའི་བཀའ་དགོངས་རེད་ཟེར་ནས་ཁྱེད་ཚོས་གང་བྱུང་མང་བྱུང་བཤད་ནས་མི་ མང་གི་རང་དབང་འཕྲོག་ཐབས་མ་བྱེད་ཅེས་གསུངས་པ་དྲན་སོང་ངམ། ༼གསུངས་ཚིག་ཇི་བཞིན་མི་དྲན་ཡང་ནང་དོན་དེ་རེད་འདུག༽ སེང་གེ་འདེམས་ན་ཁོ་རང་ལ་བཀའ་ཁྲིར་དགོས་པའི་ཤེས་འཇོན་གང་ཡོད་རྩལ་དུ་བཏོན་ནས་ ངོ་སྤྲོད་བྱེད་དགོས་པ་ལས། རང་གིས་ལན་མི་རྙེད་ས་ཡར་མར་ཚང་མ་༧རྒྱལ་བ་རིན་པོ་ཆེའི་མཚན་སྤྱད་ནས་བསྒྲུབ་ ཐབས་བྱེད་བཞིན་པ་འུ་ཐུག་པའི་རྟགས་རེད།
    ངས་སེང་གེར་རྒྱབ་སྐྱོར་ མི་བྱེད་དོན། དང་པོ། རྒན་གཞོན་གྱི་དབྱེ་བ་ཤུགས་ཆེན་པོ་བཤད་ནས་ཧ་ལམ་གྲལ་རིམ་འཐབ་རྩོད་ཀྱི་ཐོག་ལ་ འགྲོ་གི་འདུག ནུས་པ་སུ་ཡོད་ན་དེ་འདེམས་དགོས་པ་ལས་ལོ་ཚོད་གལ་ཆེན་པོ་མ་རེད། ལོ་ཆེ་དྲགས་ནས་ཕྱག་ལས་ལ་གནོད་འགྲོ་བ་དེ་འདྲ་ནི་མ་རེད། གཙོ་བོ་མི་མང་ལ་མགོ་སྐོར་ཆེད་ལོ་རྒན་པ་རེད་ཟེར་ནས་བཤད་ཀི་ཡོད་རེད།
    གཉིས་པ། བློ་སེང་གིས་སྐད་ཆ་ཚང་མ་ཉན་དུས་ཁོས་སྐབས་ཐོག་སྐབས་ཐོག་གི་ཁེ་ཕན་ཙམ་ལས། ལྟ་གྲུབ་གཅིག་ལ་གཞི་བཅོལ་ནས་བཀའ་མོལ་གནང་གི་མེད་པ་དངོས་ཡོད་རེད། མི་གཅིག་གི་བཤད་པ་རེད་ལབ་ན་ཡིད་ཆེས་དཀའ་བ་དེ་འདྲ་མང་པོ་བཤད་ཀི་འདུག དཔེར་ན་ཁོས་ཕོ་མོ་དང་ཆོས་ལུགས། ཆོལ་ཁ་དབྱེར་མེད་ཀྱིས་ཆིལ་སྒྲིལ་བྱེད་རྒྱུ་གལ་ཆེ་ཡིན་ལུགས་ཁ་བཤད་ཀྱི་འདུག་ མོད། འོན་ཀྱང་བློ་བཟང་གིས་རྒན་གཞོན་བར་དབྱེ་བ་ཆེན་པོ་ཕྱེ་སྟེ། སྐབས་འདི་ནས་བོད་མིའི་སྤྱི་ཚོགས་ནང་གསུབ་ཐབས་བྲལ་བའི་རྒན་གཞོན་གྱི་དབྱེ་བ་ དང་རྒན་གཞོན་བར་གྱི་འཐབ་རྩོད་ཆེན་པོ་ཞིག་བཟོས་སོང་། ཆིལ་སྒྲིལ་དགོས་ན་རྒན་གཞོན་དབྱེ་མེད་ཡིན་རྒྱུ་དེའང་ཧ་ཅང་གལ་ཆེན་པ་ཡིན་པ་མ་ ཤེས་པའམ། ཤེས་ནའང་འོས་ཤོག་གི་དབང་གིས་རྩིས་མེད་བཏང་བ་གང་ལྟར་ཡང་། ཕ་མ་རྒན་རྒོན་ཚོ་རྩིས་མེད་གཏོང་བའི་གོམས་གཤིས་ངན་པ་དེ་བོད་པའི་སྤྱི་ཚོགས་ ནང་ཤུགས་ཆེན་པོ་སྣ་འདྲེན་བྱེད་གཏེ་བློ་བཟང་སེང་གེ་ཆགས་སོང་དྲན་གི།

    ༣། སེང་གེས་རང་ཉིད་ལ་མིང་གྲགས་ཐབས་ཀྱི་ཐབས་རྩལ་མཆོག་ཏུ་གྱུར་བ་འདུག དཔེར་ན་ཨོ་བྷ་མའི་མིང་སྤྱད་ནས་རང་ཉིད་ཆེན་པོ་བཟོ་ཐབས་བྱས་པ་སོགས་ཕུགས་གཏན་ མེད་པའི་བྱབ་ཆུང་གི་ལས་ཀ་མང་པོ་ལས་ཀི་འདུག

    Reply
  4. བསྟན་འཛིན་འཕགས་པ། says:
    ལོ་ 12 སྔོན།

    སྤུན་གྲོགས་ཚོའི་གཟིགས་དང་
    སྐྱེས་སར་ཀླུ་སྒྲུབ་དང་ཨ་མའི་ཟེར་བ་སོགས་ཀྱིས་སྔར་ནས་ད་ལྟར་བར་དུ་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེའི་སྐོར་བསམ་ཚུལ་དང་ཟིན་བྲིས་རྩོམ་ཡིག་རེ་ཡོད་ཚེ་མ་ཉེས་སྐྱོན་འཛུག་རེ་མ་བྱེད་ན་སྡོད་མི་ཐུབ་པ་གང་ཡིན་ནམ་།བཀའ་ཁྲིའི་འོས་མིག་གཞན་གཉིས་ལ་ཡོན་གཏན་ལས་སྐྱོན་མེད་པ་ཡིན་ནམ་གང་ཡིན་བཤད་དཀའ།

    ༡༽གཟིགས་དང་ཁ་སང་དེ་རིང་མཚར་པར་དང་དུས་དེབ་དྲ་རྒྱ་སོགས་ནང་།མཁས་དབང་བློ་་བཟང་སེང་གེ་མཆོག་ལ་ཉེས་མེད་ཉེས་འདོགས་བྱེད་མཁན་རྒྱ་དམར་ཀླ་ཀློའི་དཔོན་ངན་འགའ་དང་བཙལ་འབྱོར་གཞུང་གིས་ཀླད་སྟོང་སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོ་ལས་གཞན་ཕལ་ཆེར་མེད་ཟེར་ཆོག་།རྒྱ་དམག་ཀླ་ཀློའི་དཔོན་ངན་ཚོའི་སྔར་ནས་གོང་༸ས་མཆོག་དང་དེའི་ཕྱོགས་ཏོག་མི་རྒན་རེ་གཟུང་རྫོགས་ན་རྩལ་འབྱོར་གཞུང་ལ་གང་ཡང་མེད་བསམ་གྱི་ཡོད་་།ཡིན་ན་ད་ལྟར་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་གྱི་མཁས་དབང་བློ་སེང་སྔོན་འགྲོའི་བཀའ་ཁྲིའི་འོས་བསྡུའི་གྲུབ་འབྲས་རྒྱལ་ཁ་ཆེན་པོ་ཐོབ་པ་ལ་འཇིགས་སྣང་དང་རྔམ་སྐྲག་བྱས་ནས་།ཉེས་མེད་ཉེས་འདོགས་སོགས་བྱེད་ཀྱིས་ཡོད་་།སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོའི་་།ཆང་རང་གི་འཐུང་དུས་ར་གཟི་་།གཞན་གྱིས་འཐུང་དུས་མིག་མཚར་ནས་ཁོ་ཚོའི་ཐབས་ཐང་དབང་ཤུགས་སོགས་སྤྲང་ཕྲུག་ཞིག་ལ་ཤོར་ཉེན་གྱིས་་།མ་ཉེས་བསྐྱོན་འཛུགས་སོགས་མང་དག་བྱེད་ཀྱི་ཡོད་པས་།ཆོལ་གསུམ་སྤུན་ཟླ་སེར་སྐྱ་རྒན་གཞོན་ཚང་མས་སྔར་བཞིན་རྒྱབ་སྐྱོར་དང་ཡིད་གཟབ་གནང་གལ་ཆེ་བ་མཐོང་།བོད་འདི་ཤི་གསོན་གྱི་དུས་ངན་འདི་ལ་རང་རྒྱལ་གཞན་ཕམ་སོགས་ཀྱིས་རྩོད་གླེང་བྱས་པ་དགོས་དོན་མེད་།གུས་པ་ནི་སྐུ་དྲག་དང་དཔོན་ངན་འབྱོར་ལྡན་ཚོའི་བྱེད་སྟངས་ལ་ཞེན་པ་གཏིང་ནས་ལོག་སོང་།

    ༢༽ང་ཚོའི་མ་འོང་བཀའ་ཁྲི་གསར་པའི་སྔོན་འགྲོའི་རྩེ་ཏོག་མཁས་དབང་བློ་བཟང་སེང་གེ་མཆོག་ལ་རྒྱལ་ཁ་ཆེན་པོ་འདི་འདྲ་ཞིག་ཐབས་པ་ནི་།ཕྱོགས་རེས་དང་ཐེན་འཁྱེར་སོགས་དོར་ནས་ཆོལ་གསུམ་ཆིལ་བསྒྲིགས་ཀྱིས་ནུས་པ་གསལ་སྟོན་བྱེད་པ་དང་།གཞིས་བྱེས་གཉིས་ཀའི་བློ་མཐུན་གྱིས་གསལ་ཁ་དངོན་པ་རང་ལས་མ་ཏོག་འབར་མ་དང་རྒྱ་ནག་ལྟར་བུའི་འཇིགས་བསྐུལ་དབང་ཤུགས་སོགས་ཀྱིས་ག་ལ་ཡིན་། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་བཀའ་ཁྲིའི་གསེར་ཁྲི་བདག་པོ་མེད་།

    ༣ ༽གཟིགས་དང་སྐབས་གཉིས་པའི་བཀའ་ཁྲིའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས་། གོང་༸ས་མཆོག་གིས་གསར་འགོད་པ་ཞིག་གི་དྲིས་ལན་དུ་། ངས་བཀའ་ཁྲི་གསར་པ་དེ་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་ཤིག་ལ་རེ་བ་བྱས་ཀྱང་། སྟབས་མ་ལེགས་པ་ཤིག་ལ་བླ་རྒན་མགོ་དཀར་དེ་ཡང་བསྐྱར་འདེབསའདུག་ཅེས་། གོང་༸ས་མཆོག་གིས་དེ་དུས་ནས་གཞོན་སྐྱེས་ཤིག་ལ་ཐུགས་རེ་གནང་བའི་གསལ་ཁ་དེ་སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོའི་ཤོ་བག་རྒྱན་རྩད་ལ་མགོ་ཁོར་ནས་ཤེས་མེད་པ་འདྲ་།
    མ་ཚད་ཡང་དེའི་རྗེས་སུ་གོང་ས་མཆོག་གིས་འདི་ལྟར་གསུང་ཡོད་། ངས་མ་འོང་བཀའ་ཁྲི་དེ་གཞོན་སྐྱེས་ཤིག་ལ་རེ་བ་བྱས་པ་མ་ཚད་བུ་མེད་ཤེས་འཇོན་གཉིས་ལྡན་ཞིག་ལ་ཡང་རེ་བ་བྱས་ཀྱི་ཡོད་ཅེས་གསུངས་མྱོང་།
    འདི་ངན་པར་དུ་སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོའི་ཤེས་གལ་ཆེ་བ་མ་ཏོག་། སྟག་འཆམས་ས་ཝ་འཆམས་ན་ཝ་མོའི་རྐད་ཚིག་རྙལ་བ་ལས་གཞན་ཕན་ཐོག་གང་ཡང་མ་མཐོང་ལགས་།།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist