མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་སེང་ཐེངས་འདིའི་འོས་སྒམ་ནང་མི་འོས། – སྐྱེས་སར་ཀླུ་སྒྲུབ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

 སྐབས་གསུམ་པའི་མི་དམངས་ཀྱིས་ཐད་ཀའི་འོས་འདེམས་བྱེད་རྒྱུའི་བཀའ་ཁྲིའི་སྐོར་གླེང་མགོ་བརྩམས་ནས་ཧ་ལམ་ལོ་ཤས་སོང་ཁར། ཟླ་ཤས་གོང་ནས་དམིགས་བསལ་གྱིས་ཚ་རླབས་ཤིག་འཕྱུར་ཏེ། དེ་སྔའི་འོས་བསྡུ་དང་མི་འདྲ་བའི་དོ་སྣང་གི་རྣམ་པ་ཞིག་བསླེབས། ཕྱོགས་གཅིག་ནས་བལྟས་ན་གནས་ཚུལ་འདི་ཉིད་ཕྱོགས་ལྷུང་དང་། མི་སྒེར་གྱི་ས་འོག་དར་ཐག་གི་ཚོང་ལས་དང་འབྲེལ་བ་མེད་ཚེ་རང་དབང་དང་། དམངས་གཙོའི་གོ་རྟོགས་ཤིག་ཏུ་ངོས་འཛིན་ཆོག་ཁར། ཕྱི་ལོ་ ༢༠༠༨ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ལྟར། ན་གཞོན་ཚོས་དམིགས་བསལ་གྱིས་ཆབ་སྲིད་ཐོག་འགན་ཁུར་བར་ངོས་འཛིན་བྱ་རུང་བ་ཞིག་ཡིན། 

ཡིན་ཡང་། ད་ལྟའི་བཀའ་ཁྲིའི་འོས་མི་དེ་ཚོར་ངེས་པར་ལྟ་ཞིབ་ནན་ཏན་ཞིག་བྱ་དགོས། དཔེར་ན། བློ་བཟང་སེངྒེ་ནི་བོད་ཀྱི་ཆོས་དང་རིག་གཞུང་ཐོག་སློབ་སྦྱོང་དང་མྱོང་བ་གང་ཡང་མེད་མཁན་ཞིག་ཡིན་པ་མ་ཟད། ཆ་རྐྱེན་གྱི་རྨང་གཞི་གཙོ་བོ་ཡིན་པའི་འཛིན་སྐྱོང་གི་མཉམ་མྱོང་ཡང་གཏན་ནས་མེད་པ་དེ་ནི། ཉེ་སྔོན་ཀུན་གླེང་ནས་བཅར་འདྲི་བྱེད་སྐབས་རྫུན་རྐུབ་བརྡོལ་བ་དེ་རེད། འདི་འདྲའི་མི་ཞིག་གིས་བཀའ་ཁྲི་ཇི་ལྟར་བྱེད་འོས་སམ། ཁོས་དེ་སྔ་རང་ལ་ཉམས་མྱོང་ཡོད་རབས་བཤད་པའི་རྫུན་རྐུབ་ཤར་གྱིས་བརྡོལ་བ་དེས། ཁོས་མི་དམངས་ལ་མགོ་སྐོར་གཏོང་གི་ཡོད་པ་གསལ་པོ་ཆགས་པ་མ་ཡིན་ནམ། རང་ལ་འོས་ཐོབ་ཆེད་བོད་རིགས་མི་དམངས་ལ་སྐྱག་རྫུན་འདི་ལྟར་ཤོད་ཕོད་མཁན་ཞིག་ད་དུང་ཡར་ཨུ་ཚུགས་ཀྱིས་བཀའ་ཁྲིར་འཇོག་དགོས་སམ། དེ་འདྲའི་ཨུ་ཚུགས་ཀྱིས་བཀའ་ཁྲིར་བསྐྱལ་དགོས་པ་དེ། ཡང་སྙིང་བོད་རིགས་མི་དམངས་ཀྱི་ཆེད་ཡིན་ནམ། ཡང་ན། བློ་སེང་ཁོ་རང་གི་མིང་གྲགས་ཆེད་ཡིན།

 

ཨ་རིར་གནས་སྡོད་བོད་རིགས་ན་གཞོན་ཞིག་གིས་ཁོ་ལ་བཀའ་ཁྲི་དང་འབྲེལ་བའི་དྲི་བ་ཁག་ཅིག་བཏང་པའི་ལན་འདེབས་ནང་། ནང་ཆོས་ཐད་ཁོ་རང་ལ་ཤེས་རྟོགས་གང་ལེགས་ཡོད་པའི་སྒྲུབ་བྱེད་དུ། ནང་མི་དེ་ཚོ་ཞལ་འདོན་འདོན་མཁན་ཡིན་ཚུལ་བཤད་པ་སོགས་ལ་ལྟོས་དང་། མི་འདི་བོད་ཀྱི་རིག་གཞུང་གི་ཐོག་སློབ་སྦྱོང་ཕར་ཞོག ཐ་ན་ནང་ཆོས་ཀྱི་སྤྱི་བབ་གནས་སྟངས་ཙམ་ཡང་མི་ཤེས་པར། ནང་མིས་ཞལ་འདོན་འདོན་པ་དེ་ཁོའི་ནང་ཆོས་ཀྱི་ཤེས་ཡོན་ཚད་འཛིན་བྱེད་ས་ལྟ་བུ་ཞིག་རེད། འདི་ལྟའི་ཤེས་རྟོགས་ཙམ་ལས་མེད་པའི་མི་ཞིག་བཀའ་ཁྲིར་བསླེབ་ན། དེས་བཀའ་ཁྲིའི་འོས་འགན་ཁུར་ཐུབ་བམ། དེས་བཙན་བྱོལ་སྤྱི་ཚོགས་ནང་གི་བོད་ཕྲུག་ཚོའི་ཤེས་ཡོན་ཐད་རང་རྟོགས་ཡོད་པའི་ངོས་འཛིན་དང་། ཡར་རྒྱས་ཤིག་གཏོང་ཐུབ་བམ། འདི་ལྟའི་མི་ཧམ་པ་ཅན་ཞིག་བཀའ་ཁྲིར་བསླེབ་ན། གཞན་དབང་སྟབས་བསྟུན་དང་། མཐོ་བཀུར་དམའ་སྐྱོང་བྱེད་ཤེས་སམ། ཡང་ན་ཅི་ཡང་མ་ཤེས་ཀྱང་རུང་། གང་ཡང་མ་འཇོན་ཡང་རུང་། མཐའ་གཅིག་ཏུ་བློ་བཟང་སེངྒེ་བཀའ་ཁྲིར་སླེབས་ཐབས་བྱ་དགོས་ཟེར་རྒྱུ་ཡིན་ནམ།

བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཆག་འཇིག་གི་གནས་སུ་སླེབ་པའི་དེ་རིང་། ང་ཚོར་ན་གཞོན་སྣེ་ཁྲིད་ཅིག་དགོས་སམ། ཡང་ན། ཤེས་འཇོན་མྱོང་གསུམ་འཛོམས་པའི་སྣེ་ཁྲིད་ཅིག་དགོས། འདི་རང་རེས་བསམ་གཞིག་བྱ་ཡུལ་གལ་ཆེན་ཞིག་ཡིན་ལ། ད་དུང་བཙལ་བྱོལ་སྤྱི་ཚོགས་ཀྱི་སྣེ་ཁྲིད་བྱས་དང་བྱེད་ཀྱིན་པའི་རྒན་རབས་པ་དང་། ཉམས་མྱོང་ཡོད་མཁན་ཚོས་བློ་བཟང་སེངྒེ་ལ་རྒྱབ་གཉེར་བྱེད་ཀྱི་འདུག་གམ། ཁོང་ཚོས་རྒྱུ་མཚན་ཅིའི་ཕྱིར་བློ་སེང་ལ་རྒྱབ་སྐྱོར་མ་ཐོབ་པ་ཡིན་ནམ། བློ་སེང་དུས་རྟག་ན་གཞོན་ཉམས་མྱོང་ཅི་ཡང་མེད་པ་ཤ་སྟག་ནང་ཉུལ་ནས། ཁོང་ཚོར་འུར་སློང་དོན་དེ་ཅི་ཡིན་ནམ།  མི་ཚེའི་མཚར་སྡུག་གི་མེ་ཏོག་སྤྱི་དོན་གྱི་གླིང་ཀར་བཞད་པའི་མྱོང་བའི་བདག་པོ་རེ་ཇིའི་ཕྱིར་རྒྱབ་གཉེར་དུ་མ་བསླེབས་པ་རེད།  འདི་ལྟར་གནད་དོན་གཅིག་ནས་གཉིས་སུ་མཐུད་དེ་ཞིབ་འདང་བརྒྱབ་སྐབས། བློ་སེང་ད་དུང་རྒྱང་ཐག་ཅུང་རིང་བའི་འབྱུང་འགྱུར་གྱི་བཀའ་ཁྲི་ཞིག་ལས། དེ་རིང་གི་འོས་སྒམ་ནང་འཕེན་རུང་བའི་འོས་མི་དེ་མིན་ལ། སང་ཉིན་གྱི་འགན་དབང་སྤྲོད་སའི་བཀའ་ཁྲི་དེ་དེ་བས་ཀྱང་མིན་པར་སེམས་སོ།།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༢༣ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༢༣ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 54

  1. མདོ་སྨད་པ་རིག་རྒོད། says:
    ལོ་ 14 སྔོན།

    ཟིན་བྲིས་འདིར་མཆན་བྲིས་པ་ཡོངས་ལ་འཆད་དོན།
    ངས་་་བཀྲས་མཐོང་གི་འཇོན་ཐང་དང། ཤེས་ཡོན། ཉམམ་མྱོང།
    སོགས་ཀྱི་ཐད་ནས་བཀའ་ཁྲིར་མི་་འོས་པའི་རྒྱུ་མཚན་སྣ་གཅིག་ཀྱང་མཐོང་་མ་མྱོང།
    འོན་ཀྱང། ཁོང་ལ་ད་དུང་བཀའ་ཁྲིར་ཚང་དགོས་པའི་གལ་གནད་ཅན་གྱི་ཆ་རྐྱེན་གཅིག་ཚང་གི་མེད་པ་དེ་གསལ་པོ་ཤེས་རྟོག་བྱུང།

    ཆ་རྐྱེན་གཅིག་དེ་ནི་་་ཆོལ་གསུམ་བསྒྲིལ་བྱ་རྒྱུ་དེ་ཡིན་ཡང་ཁོང་ལ་དེ་ཚང་གི་མི་འདུག།
    མ་ཟད་ཁོང་བཀའ་ཁྲིར་སླེབས་སོང་ན་འདས་ཟིན་པའི་འཁོན་ནད་དེ་དག་སྐྱར་ལངས་ཀྱིས་བཙན་བྱོལ་སྤྱི་ཚོགས་སུ་ཕན་མེད་གནོད་གཞི་
    ཆེ་བའི་གནད་དོན་ཡོང་བ་གདོན་མི་ཟ།

    ངས་དཔེ་མཚོན་གཅིག་བགྲང་གི་ཡིན། བཀྲས་མཐོང་གིས་་་ད་ལྟའི་དབུ་མའི་ལམ་དེ་ཕུགས་ཀྱི་དམིགས་ཡུལ་མིན་ཚུལ་ཡང་ཡང་ཤུགས་ཆེར་བཤད་བཞིན་པ་འདིས་ཆོལ་གསུམ་གཅིག་བསྒྲིལ་གྱི་བསམ་བློ་མེད་པ་ཁོང་རང་གིས་གསལ་སྟོན་བྱས་པ་་མ་རེེད་དམ།

    རྒྱུ་མཚན་ནི་ཁོང་གི་ཕུགས་ཀྱི་དམིགས་ཡུལ་དེ་ནི་་རང་བཙན་གཙང་མ་ཞེས་དེ་རེད་འདུག།
    དེ་ནི་དེ་སྔོན་གྱི་ས་མཚམས་དང། ཆུ་་མཚམས་ཏེ་འབྲི་ཆུ་ཡན་མིན་གྱི་སྐད་ཆ་མ་རེད་དམ།

    Reply
  2. བསྟན་འཛིན་ཚེ་འཚོ། says:
    ལོ་ 14 སྔོན།

    འདི་ཡང་གོ་སྐབས་ཤིག་ཡིན། གྲོས་གླེང་གི་བར་ནས་ང་ཚོས་འཚོལ་སྟངས་ཤེས་དགོས་ལ། འབྱུང་འགྱུར་ལ་རེ་ནས་བརྡར་ཤ་གཅོད་དགོས། དེ་མིན་ལ་ལས་དོན་མེད་ཁ་འཐབ་དང་རང་ཚུགས་མེད་པའི་ཐོག་ནས་ཕྱོགས་ཞེན་རང་བཞིན་ཅན་བཤད་བཞིན་འདུག ང་ཚོ་ལ་དགོས་པ་དེ་མིན་ལ་ང་ཚོ་ལ་ཆེས་མི་འོས་པ་ཡང་དེ་ཡིན། བཀའ་ཁྲི་སུ་ཞིག་ཡོང་ཡང་ཆོག་དེ་ལ་བརྡར་ཤ་གཅོད་རྒྱུ་གལ་ཆེ། སྐྱོན་འཛུགས་ཀྱི་རང་བཞིན་མིན་ལ་ཕྱོགས་ཞེན་གནས་བབ་ནས་ཀྱང་མིན་པར་བགྲོ་གླེང་གནང་སྟེ་བསམ་ཚུལ་བརྗེ་རེས་བྱས་ན་བཟང་།

    Reply
  3. མདོ་སྨད་པ་རིག་རྒོད། says:
    ལོ་ 14 སྔོན།

    དྲ་གྲོགས་ཡོངས་ལ་ཆེད་ཞུ།

    མཁན་པོ་བཅས་གདམ་གྱི་ཡོད་མ་རེད་ཅེས་བཀླག་རོགས

    Reply
  4. མདོ་སྨད་པ་རིག་རྒོད། says:
    ལོ་ 14 སྔོན།

    སྐྱེས་ས་ཀླུ་སྒྲུབ་ཀྱི་གཙོས་དགག་ཕྱོགས་པ་ཡོངས་ལ་སྤྲིང་བ།

    ཁྱེད་ཚོས་་་་མཁས་དབང་བློ་བཟང་སེངྒ་ལ་་་་ཉམས་མེད་ཚུལ་ཁ་ནང་མ་ནི་འདོན་འདོན་གྱི་་སྐྱོན་འདོག་གཅིག་པུ་དེ་རེད། སྐྱོན་འདོག་དེའི་རྒྱབ་ལྗོངས་དངོས་དེ་ནི། མཁས་དབང་ཁོང་ཆེས་མཐོའི་མཐོ་སློབ་ཐོན་མ་ཐག་ཏུ་ཆེས་གོང་ན་མེད་པའི་བཀའ་ཁྲིའི་ཞབས་སྟེགས་སུ་སླེབས་དོགས་ཀྱིས་མི་བཟོད་པའི་འགྲན་སེམས་ཙམ་དུ་གནས་འདུག།

    དེ་ནི་ད་བར་དུ་སྐུ་དྲགས་ཀྱི་ལམ་ལུགས་དང། དེ་མིན་པའི་ལམ་ལུགས་བཅས་སུ་ལས་ཀ་ལོ་མང་བྱས་མྱོང་བའི་རྒན་རབ་པ་ཁག་གཅིག་གིས་་་་བློ་སེང་་་ཐོད་རྒལ་་་གྱིས་བཀའ་ཁྲིར་སླེབས་དོགས་ཀྱིས་གཞན་ལ་རྒྱུད་བསྐུལ་དང། རང་གིས་དངོས་སུ་བཤད་ཀྱི་ཡོད་རེད། དེ་ནི་མང་གཙོའི་གོ་རྟོག་ཞན་པའི་སྐྱོན་མ་རེད་དམ།

    ཡང་ཀླུ་སྒྲུབ་སོགས་ཀྱིས།
    བློ་སེང་་་གིས་ནང་ཆོས་ཤེས་ཀྱི་མེད་པས་བཀའ་ཁྲིར་མི་འོས་ཟེར་ནི།
    གད་མོའི་གནས་ཏེ། བཀའ་ཁྲི་ནི་ཆབ་སྲིད་ཀྱི་འགོ་ཁྲིད་ཐུབ་མཁན་ཞིག་དགོས་ལས། གདན་ས་ཁག་གི་དཔེ་ཁྲིད་རྒན་དང། མཁན་པོ་བཆས་གདམ་གྱི་ཡོད་རེད།

    Reply
  5. སྣང་རྒྱལ་ཤེར་དགེ says:
    ལོ་ 14 སྔོན།

    གནད་དོན་འདི་འདྲ་ཞིག་ལ་ངེས་པར་དུ་བསམ་གཞིག་བྱེད་དགོས་པ་སྟེ ད་ལྟའི་ཆར་བཀའ་ཁྲིའི་འོས་དམིགས་ཀྱི་ཁུངས་སུ་ཡོད་པའི་ཉམས་མྱོང་ཅན་གཉིས་ཀ་རྒན་འཁོག་རེད། ཉམས་མྱོང་གིས་ཕྱུག་པ་བདེན་ན་ཡང་ཉམས་མྱོང་དེར་ཤེས་ཡོན་དང་འཇོན་ཐང་གིས་མཐུན་རྐྱེན་ཞིག་ངེས་པར་དུ་དགོས་པ་རེད། ཁོང་གཉིས་ལ་ཉམས་མྱོང་ཡོད་ནའང་བློ་སེང་ལ་ལྟོས་ཏེ་སྲིད་དོན་གྱི་ཤེས་རྟོགས་དེ་ཙམ་མི་འདུག་སྙམ། དེ་ནི་ཁོང་ཚོའི་གཏམ་བཤད་ལ་ཉན་པས་ཀྱང་ཤེས་ཐུབ། ད་འོ་ན་ཁོང་གཉིས་ཀྱིས་གཞི་ནས་ཆབ་སྲིད་ཀྱི་སློབ་སྦྱོང་བྱེད་རྒྱུ་རེད་དམ། དེ་ནི་ཡོང་མི་སྲིད་པ་དང་བྱེད་མི་སྲིད་པ་ཞིག་རེད། དེ་ལས་ལྡོག་སྟེ་བློ་སེང་ལ་མཚོན་ན་ཆབ་སྲིད་ཀྱི་གོ་རྟོགས་ཡོད་པའི་རྨང་གཞིའི་ཐོག་ཉམས་མྱོང་གསོག་རྒྱུའི་གོ་སྐབས་ཡག་པོ་ཞིག་ཀྱང་རེད། དེར་མ་ཟད་བོད་ཀྱི་འཐབ་རྩོད་འདི་མི་རབས་རྒན་པས་གཞོན་པར་རྩིས་སྤྲོད་པར་ངེས་པར་དུ་བརྒྱུད་དགོས་པའི་རིམ་པ་ཞིག་དང་རྩིས་སྤྲོད་ས་དེ་ལས་ལྷག་ཅིག་མེད་པའི་གནས་ཚུལ་ཞིག་ཀྱང་རེད། དེར་བརྟེན་རྒན་པ་ཚོས་ཉམས་མྱོང་གིས་རྒྱབ་སྐྱོར་བྱས། གཞོན་པ་ཚོས་ཤེས་འཇོན་གྱིས་ལས་འགན་སྒྲུབ་ན་གཏམ་དཔེར། ཕ རུབ་བུ་རུབ་བྱས་ན། ཐུག་པ་ལས་ཀྱིས་ཁོལ་ཡོང་། ཟེར་བ་ལྟར་རེད་དོ།

    Reply
  6. གངས་དཀར་རྒྱལ་སྲས says:
    ལོ་ 14 སྔོན།

    སྐྱེས་སར་བ། བསམ་ཚུལ་བརྗོད་པ་ནི་རང་དབང་ཡིན་ཀྱང། སྐད་ཆ་བཤད་སྟངས་ལ་གུས་ཞབས་མི་འདུག བསམ་བློ་རེ་བཏང་ན་ལེགས་སྙམ།

    Reply
  7. ཧེ་ར་བཀྲ་ཤིས། says:
    ལོ་ 14 སྔོན།

    ཀླུ་སྒྲུབ་ཀྱིས་མི་ཚེའི་མཚར་སྡུག་གི་མེ་ཏོག་སྤྱི་དོན་གྱི་གླིང་ཀར་བཞད་པའི་མྱོང་བའི་བདག་པོ་རེ་ཇིའི་ཕྱིར་རྒྱབ་གཉེར་དུ་མ་བསླེབས་པ་རེད་དམ་ཞེས་བཤད་པའི་སྐད་ཆ་འདིའི་ལན་དུ་གཟའ་ལྷག་པའི་དགོང་མོའི་ཨ་རིའི་བརྙན་འཕྲིན་ཁང་ནང་བློ་བཟང་སེངྒེ་ལགས་སུ་རྒྱབ་སྐྱོར་དུ་ཕེབས་པའི་བཀའ་ཟུར་ཁོང་གིས་ལན་གསལ་པོར་བརྒྱབ་ཡོད་པ་མ་རེད་དམ།།

    Reply
  8. འཇམ་དབྱངས། says:
    ལོ་ 14 སྔོན།

    མི་ལ་སྐྱོན་དང་ཤིང་ལ་འཛེར་བ་མེད་མཁན་ཡོད་ཀྱི་མ་རེད་སྙམ། དེའི་ཕྱིར་རྩོམ་ཡིག་གི་རིན་ཐང་དང་བརྗོད་དོན་ཐད་ནས་གླེང་བ་ལས། མི་གཞིའི་ཆ་ནས་བཤད་ན་མི་འགྲིག འུ་ཚོས་མ་འོངས་པའི་བཀའ་ཤག་སར་བས་བོད་ཀྱི་གནས་སྟངས་ཐག་གཅོད་མ་ཐུབ་ཀྱང་བཟང་ཕྱོགས་ཀྱི་རྣམ་འགྱུར་མང་པོ་བསྐྲུན་ཐུབ་པའི་རེ་བ་དང་ཡིད་ཆེས་བྱས་ཡོད་སྟབས། དྲྭ་གྲོགས་རྣམས་ཀྱིས་ཀྱང་བོད་མི་སྤྱི་མཚུངས་ལྟར་གྱི་སེམས་ཤུགས་རེ་འཁྱེར་ནས་རང་གི་བསམ་ཚུལ་རེ་ཟུང་དྲྭ་ཐོག་ཏུ་སྤེལ་བར། མི་གཞིའི་ཆ་ནས་སྡང་ཞུགས་བྱེད་པ་འོས་སུ་མ་མཐོང་། དེར་བརྟེན་དྲང་བདེན་གྱི་བགྲོ་གླེང་རེ་གནད་དུ་ཆེའོ།།

    Reply
  9. གཞིས་ཆགས་བུ། says:
    ལོ་ 14 སྔོན།

    དེང་གི་ཆར་བཙན་བྱོལ་བོད་མིའི་གནས་སྡོད་གང་སར་སླེབས་ལ་ཉེ་བའི་བཀའ་བློན་ཁྲི་པའི་འོས་བསྡུ་ཆེན་མོའི་སྐོར་ཤ་སྟག་རེད་འདུག ལ་ལས་བློ་སེང་ཡག་ག ལ་ལས་བཀྲས་མཐོང་འོས་པ། ལ་ལས་བཀྲིས་དབང་འདུད་བཟང་ང་བཅས་ཅ་ཅོ་འདྲ་མིན་སྒྲོག་བཞིན་འདུག་ལ། དོན་དུ་རང་ཉིད་ཀྱི་རྣམ་དཔྱོད་རྩལ་དུ་བཏོན་ནས། མ་འོངས་པའི་བོད་མི་རིགས་དང་བདེན་དོན་ལ་བསམ་ནས་བསམ་གཞིགས་བྱེད་མཁན་ནི་ཤིན་ཏུ་ཉུང་བས། ད་དུང་བླུན་པོས་རྒྱབ་སྐྱོར་བཟོ་འདྲའི་བཀའ་བློ་ཁྲི་པའི་འོས་མི་རྣམས་ཀྱི་སྐྱོན་མཚང་ཤ་སྟག་འཚོལ་བཞིན་སྡོད་མཁན་ཡང་འདུག་པས། དེ་ཚོའི་བྱེད་སྟངས་རྣམས་མཐོང་དུས་ངུ་མ་དགོད་ཀྱི་གནས་སུ་འགྱུར་གྱིན་འདུག་ གང་ལ་ཞེ་ན་། ད་དུང་ཡང་ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་སྤར་མོ་གང་ནང་དུ་ཆོས་ལུགས་དང་ཆོལ་ཁ། དེ་བཞིན་ལུང་ཚན་སོགས་ཀྱི་འཐེན་འཁྱེར་འདི་བཞིན་ཇེ་མང་དུ་འགྲོ་བཞིན་པའི་ཚོར་སྣང་བྱུང། འོས་སུ་ལ་འཕེན་དང་མི་འཕེན་ནི། གང་ཟག་སྒེར་གཅིག་གི་རང་དབང་དང་རྣམ་དཔྱོད་ཀྱི་རྩལ་ལས་ཡོང་དགོས་པ་ལས། གཞན་གྱི་གནོན་ཤུགས་དང་འུར་སྒྲོག་བྱེད་པ་ལས་ཡོང་ན། དེ་ནི་ངོ་མ་རང་ཉིད་ཀྱི་ཐོབ་ཐང་རང་ཉིད་ཀྱིས་འཕྲོ་བརླག་ཏུ་གཏོང་གིན་ཡོད།

    དེར་བརྟེན་མང་ཚོགས་ཀྱི་ནང་དུ་ཤེས་ལྡན་དང་གོ་གནས་ཅན་གྱི་མི་སྣ་རྣམས་ཀྱིས། འུར་སྒྲོག་དང་སྐྱག་རྫུན་མིན་པར། དངོས་ཡོད་བདེན་དཔང་གི་ཐོག་ནས་བཀའ་ཁྲིའི་འོས་མི་རྣམས་ཀྱི་བྱེད་རྗེས་དང་འཇོན་ཐང། ཤེས་ཡོན་ལྷག་བསམ་སོགས་བརྗོད་དགོས་པ་ལས། སྐྱོན་རྣམས་སྔོན་དུ་བཤད་པ་ནི་ཤིན་ཏུ་ནས་མི་འགྲིག་པའི་བྱ་བ་ཞིག་ཡིན། སྐྱོན་འཚང་ཁོ་ན་བརྗོད་མཁན་གྱི་མི་རྣམས་ནི་ཕལ་ཆེར། ང་རང་ཚོའི་བཙན་བྱོལ་གྱི་སྤྱི་ཚོགས་འདི་བཞིན་དཀྲུགས་འདོད་དང་ཆིག་སྒྲིལ་གྱི་ནུས་པ་ནུས་མེད་དུ་གཏོང་རྒྱུའི་འཆར་གཞི་ངན་པ་ཞིག་ཡོད་པ་བདག་གི་རྒྱུན་དུ་ཚོར་གྱི་ཡོད།

    དེར་བརྟེན་ཐེངས་འདིའི་བཀའ་ཁྲིའི་འོས་བསྡུ་ཆེན་མོ་འདི་བཞིན་ལེགས་གྲུབ་ཡོང་བ་དང། འབྱུང་འགྱུར་བཀའ་ཁྲི་སུ་ཞིག་སླེབས་ཀྱང་ཁོང་གི་མ་འོངས་པའི་ལས་དོན་མཐའ་དག་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ།

    Reply
  10. རྔ་བའི་ཚེ་སྐྱིད། says:
    ལོ་ 14 སྔོན།

    དེ་རིང་ངས། བློ་སེང་སྐོར་གྱི་བསམ་ཚུལ་དང་དེར་མཆན་བུ་འདེབས་མཁན་ཚང་མའི་བསམ་ཕྱོགས་ལ་ཞིབ་ལྟ་ཐེངས་གཅིག་བྱས་པའི་མྱོང་ཚུལ་ནི། དངོས་གནས་ཡིད་སྐྱོ་བ་ཞིག་དང་བློ་ཕམ་དགོས་པ་ལྟ་བུར་གྱུར་སོང་། གང་གིས་ཟེར་ན། ཕན་ཚུན་ལ་དམའ་འབེབས་དང་མཐོང་ཆུང་། གུ་དོག་དང་ཕྲག་དོག་གིས་བཟིས་ནས། རང་གཞན་ཚང་མ་ལ་མི་ཕན་པའི་དགོས་མེད་ཀྱི་རྙོག་གཏམ་སྣ་ཚོགས་ཤིག་འཕྲོས་བཤད་བྱས་འདུག་པས་རེད། དེས་ན། མ་འོངས་པར་དེ་འདྲ་མི་བྱེད་པར་གུ་ཡངས་དང་གུས་བརྩི་ཡོད་པའི་སྒོ་ནས་དཔྱད་བསྡུར་བྱེད་རྒྱུར་རེ་འདུན་ཡོད།

    Reply
  11. དཔོན་ཀ་སྟེང་ནས།།། says:
    ལོ་ 14 སྔོན།

    སྐྱེས་སར་ཀྱུ་སྒྲུབ་ཟེར་བའི་འཁྱོག་བཤད་ཅན། ཕྱོགས་ལྷུང་ཅན། རྒྱུ་མཚན་གྱིས་ཕོངས། ཁྱོད་ཀྱི་བཤད་སྟངས་ལ་བལྟས་ན་ཁྱོད་ཀྱིས་བོད་གཞུང་གི་བཅའ་ཁྲིམས་ནང་གི་བཀའ་བློན་གྱི་འོས་ཆོས་དེ་གསར་པ་ཞིག་བཟོས་ཡོད་ས་རེད། ཡང་ན་དབུས་འོས་བསྡུ་ལྷན་ཁང་གིས་ནོར་ཡོད་ས་རེད།། གར་ལྟར་བཀའ་བློན་ཁྲི་བའི་འོས་ཆོས་ལ་ཡིན་ཅིག་དགེ་བཤེས་བཏང་ཚར་མཁན་ཞིག་དགོས་པ་བྲིས་མིན་འདུག།།། བྱས་ཙང་ཁྱོད་ཀྱིས་བློ་སེང་མ་འོས་ཟེར་་བ་ཐལ་ཆ་ཆེ། ད་དུང་ཁྱོད་ཀྱི་བསམ་བློར་གཞོན་སྐྱེས་ཉམས་མྱོང་ཅི་ཡང་མེན་མཁན་ཚོ་མགོ་བསྐོར་གཏོང་སླ་བའི་ངང་ཚུལ་གྱིས་འོས་བྱུགས་པ་སྐྱོན་ལ་བལྟ་བ་ཤུགས་ལ་བསྟན་འདུག་པས།། ངོ་མ་བློ་ཕམ་ཆེ་ཁྱོད་ལ་སྨྱུ་གུ་འཛིན་པའི་སྤོབས་ཉམས་དེ་མིན་འདུག་ལོ།།།།

    Reply
  12. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ་ང་རང་ཉིད་ཁྱེད་ཚོའི་སེམས་ཀྱི་རྨ་ཁ་དེ་ཚོ་ཕྱི་ལ་བཏོན་མ་ཐག་སྙིང་རྗེའི་ཡུལ་མ་གཏོགས་གཞན་ཤེས་ཡོན་པ་ཅན་དག་རེད་བསམ་པའི་བསམ་བློ་ཞིག་གཏན་ནས་སྐྱེ་མི་སྲིད་ཀི
    བསམ་བློ་བརྗེ་རེས་བྱེད་པ་མ་གཏོགས་ཕྱོགས་ཞེན་དང་དམའ་འཕེབ་སོགས་ཀྱི་སྐད་ཆ་མ་བཤད་ན་མཛེས་སོ།

    Reply
  13. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    དྲ་བདག་ཁྱེད་ཚོའི་སྒྲིག་གཞི་ལྟ་བུ་༼མཆན་ལ་ཞིབ་བཤེར་བྱས་རྗེས་བརྗོད་གཞི་དང་འཚམ་པའི་རིགས་དྲ་ངོས་ལ་འདོན་འཇུག་རྒྱུ་ཡིན།༽ཞེས་པ་འདི་ལག་ལེན་བསྟར་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

    དེང་སང་མི་འགའ་རེས་དྲ་ནང་དུ་གང་བྱུང་མང་བྱུང་གི་མི་གཞན་ལ་སྐྱོན་བརྗོད་དང་སྤྱི་ཚོགས་དཀྲུག་ཤིང་སྐད་ཆ་མང་པོ་བཤད་ཀྱིན་འདུག

    དེ་ལ་ངེད་ཚོས་ངེས་པར་དུ་གཟབ་དགོས་དགྱ་གཞུང་གིས་བཙན་བྱོལ་ནང་ལ་དཀྲུག་ཤིང་བརྒྱབ་རྒྱུའི་གྲ་སྒྲིག་ཨང་གསར་བྱས་ཡོད།

    ༼ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་ནག་གཞུང་ཚབ་གཙོས་བའི་ཚོགས་པ་ཁག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་སུ་སིམ་འཛུལ་བྱས་ནས། བཙན་བྱོལ་བོད་མིའི་གཞུང་དང་དེའི་སྒྲིག་འཛུགས་ཀྱི་མ་ལག་ཁག་ཁ་ཐོར་གཏོང་ཐབས་ འཁོད་འདུག
    ཡིག་ཆ་དེའི་ཁོངས་སུ། པེ་ཅིང་གཞུང་གིས་བཙན་བྱོལ་བོད་མིའི་གཞུང་དང་དེའི་སྒྲིག་འཛུགས་བཅས་གཏོར་ཐབས་ཀྱི་ཐབས་ལམ་དྲུག་འཁོད་འདུག
    དང་པོ།
    ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ འཚར་ལོངས་བྱུང་བའི་བོད་མིའི་མི་རབས་གཉིས་པ་དང་གསུམ་པ་དག་ལ་དོ་སྣང་དམིགས་ བསལ་དང་ཁོང་ཚོ་རྒྱ་ནག་གཞུང་དང་ཐག་ཉེ་རུ་གཏོ་དགོས།

    གཉིས་པ།
    ཏཱ་ལའི་བླ་མའི་གཞུང་དང་ བསམ་ཚུལ་མི་མཐུན་པ་ཡོད་པའི་བོད་མི་སྒེར་བ་དང་ཚོགས་པ་ཁག་ལ་འབྲེལ་བ་ཇེ་ཟབ་ཏུ་ གཏོང་དགོས་བ་མ་ཟད། ཁོང་ཚོ་པེ་ཅིང་སྲིད་གཞུང་ལ་ངོ་རྒོལ་ཡོད་མེད་ལ་མ་བལྟས་པར། ཁོང་ཚོ་ང་ཚོའི་ལག་ཆར་བེད་སྤྱོད་གཏོང་ཐབས་ལ་ཤུགས་སྣོན་རྒྱག་དགོས།

    གསུམ་པ།
    ཕྱི་ལོ་༡༩༨༠ལོའི་རྗེས་སུ། བོད་ནས་བྲོས་བྱོལ་ལ་འགྲོ་མཁན་ཚོའི་མཉམ་དུ་འབྲེལ་བ་འཛིན་ཐབས་ལ་དམིགས་བསལ་གྱིས་ཤུགས་སྣོན་རྒྱག་དགོས།

    བཞི་པ།
    པེ་ཅིང་གཞུང་དང་ཐག་ཉེའི་ འབྲེལ་ལམ་ཡོད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་སྒེར་བ་ཚོར་རྒྱབ་སྐྱོར་དང་ ཁོང་ཚོས་སྤེལ་བའི་ལས་འཆར་དང་འཛུགས་བསྐྲུགས་ཁག་ལ་རོགས་རམ་བྱས་ནས་ཏཱ་ལའི་ ཕྱོགས་གཏོགས་གྱི་ནུས་བ་ཁ་འཐོར་ཏུ་གཏོང་དགོས།

    ལྔ་པ།
    ཏཱ་ལའི་བླ་མའི་ཉེ་འགྲམ་ དུ་ལས་ཀ་བྱེད་མཁན་དག་དང་འབྲེལ་ལམ་འཛིན་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁོང་ ཚོ་པེ་ཅིང་གཞུང་དང་ཐག་ཉེ་རུ་གཏོང་དགོས།

    དྲུག་པ།
    ཐག་ཉེ་བོ་དང་དུས་ཚོད་བབ་ བསྟུན་གྱིས། ཏཱ་ལའི་བླ་མའི་རྗེས་འཇུག་གཤའ་མ་ཚོས་སྤེལ་བའི་ཁ་བྲལ་གྱི་ལས་འགུལ་ཁག་ལ་བརྟག་ དཔྱད་དང་ཞིབ་འཇུག་བྱེད་དགོས་ཤིང་།
    དེ་དག་ཕྱོགས་ཡོངས་ནས་ནུས་མེད་དུ་གཏོང་ཐབས་ལ་འབད་དགོས། ༽

    Reply
  14. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    ཁྱེད་ཀྱི་རྩོམ་ཡིག་འདི་ཁ་རྩང་དུས་བབ་ཚང་ལ་ཐོན་མ་ཐག་ངས་ཞིབ་མོ་བྱས་ནས་བཀླགས་པ་ཡིན། ངེད་གཉིས་ཀྱི་བར་ན་མཐུན་ཕྱོགས་ཀྱི་ཆ་མང་པོ་ཞིག་ཡོད་པ་དང་མི་མཐུན་ཕྱོགས་ཀྱི་ཆའང་དེ་མཚུངས་ཀྱི་མང་པོ་འདུག དེར་བརྟེན་ངས་ཁྱེད་ལ་བསམ་ཚུལ་བརྗེ་རེས་ཚུལ་དུ་དུས་བབ་ཚང་ལ་རྩོམ་ཡིག་ཅིག་བསྐུར་ནས་ཆུ་ཚོད་17 བགོར་ཡང་ད་དུང་རིག་ས་ན་སླེབས་མི་འདུག

    Reply
  15. ཁྲུང་ཁྲུང་དཀར་པོ། says:
    ལོ་ 14 སྔོན།

    ཤེས་བཞིན་ཉེས་འཛུགས་མིན་ན་དྲ་ཚིགས་འདི་དག་གཟིགས་ན་གསལ་པོ་མཁྱིན་ཐུབ་ངེས་རེད་བཀའ་བློན་ཁྲི་པའི་དྲ་བར་། http://www.kalontripafortibet.org/
    བཀའ་བློན་ཁྲི་པའི་ཟིན་བྲིསhttp://potala.yolasite.com/ བཅས་ཀྱི་ནང་གཟིགས་ནས་གསུངས་ན་དོན་དང་བདེན་པ་རེད་།

    Reply
  16. ལྷ་ཆབ་སྦྱིན་པ། says:
    ལོ་ 14 སྔོན།

    ཁ་ལ་སྒོ་ཞིག་དང་མིད་པ་ལ་འཕྲང་ཞིག་དགོས་པ་རེད། གནས་ལུགས་བཤད་རྒྱུ་ཡོད་ན་ཤོད། གནས་ལུགས་བཤད་རྒྱུ་མེད་ན་ཁ་རྩོད་དང་ཚིག་རྩོད་ཀྱིས་ཡོང་རྒྱུ་མེད། རང་རེའི་སྤྱི་ཚོགས་ལ་སྤྱོད་ངན་འདི་རྒྱུན་འབྱམས་སུ་མ་སོང་ན་ལེགས།

    Reply
  17. གངས་ཆབ། says:
    ལོ་ 14 སྔོན།

    དྲང་བདེན་དང་དངོས་བྱུང་གནད་དོན་ལ་དཔྱད་གཏམ།
    དར་འབྱོར་གྱི་མི་ལུས་བཟང་པོ་ཞིག་ཐོབ་ནས་སྨ་ཤེས་དོན་གོ་མཁན་ཞིག་ཡིན་པའི་ཆ་ནས་ཞིབ་དཔྱད་ལེགས་པར་ཞིག་གནང་བ་ཡིན་ན།སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་དག་ནས་སྐུ་ངོ་བཀྲིས་དབང་འདུས་མཆོག་དང་མཁས་དབང་བློ་བཟང་སེངྒེ་གཉིས་ལས་གཞན་བཀའ་ཟུར་བཀྲས་མཐོང་ལྟ་བུར་ལ་ལེགས་པའི་ཡོན་ཏན་དང་ཀུན་སྤྱོད་ཀྱི་ཆ་ནས་བཀའ་ཁྲིའི་འོས་ཆོས་ཞིག་གཏན་ནས་ལྡན་མེད།རྒྱུ་མཚན་ནི།ཁོང་ལ་བོད་མི་རིགས་ལ་ཅང་བའི་བརྩེ་སེམས་དང་བོད་མི་རིགས་གི་ལ་རྒྱ་ནི་དེ་བས་ཀྱང་མེད།མ་ཚད་བོད་མི་རིགས་ཀྱི་རིགས་གཞུང་ཐོག་ལ་སྲུང་སྐྱོབ་བྱེད་རྒྱུ་ཕར་ཞོག་རིགས་གཞུང་གཏོར་གཤིགས་བཏང་མཁན་གྱི་གྲས་སུ་འཇོག་ཆོག
    བཀའ་ཟུར་བཀྲས་མཐོང་མཆོག་གིས་བོད་མི་རིགས་དང་རིགས་གཞུང་ཐོག་ལ་འགན་འགན་ཁུར་ཞིག་གནང་རྒྱུ་ཕར་ཞོག་ད་ལྟའི་དུས་སྐབས་འདི་ལ་ཁོང་གི་ཁྱིམ་ཚང་དང་ཁྱིམ་རྒྱུད་ཚང་མ་མགོ་སེར་མགོ་སེར་མིན་པ་དང།བོད་རིགས་བོད་རིགས་མིན་པ་ར་མ་ལུག་སྤྱར་རང་འཆགས་ཚར་ཡོད་པ་དེ་དག་གཟིགས་དང་།ད་དུང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་དེ་དག་ཡང་གཅིག་མཚུངས་དུ་གྱུར་ཡོད།དཔེ་ན།བཀའ་ཟུར་བསོད་ནམ་སྟོབ་རྒྱལ་ལགས་ཀྱི་བཟའ་ཟླ་བལ་པོའི་མི་རིགས་ཤིག་ཡིན་པ་དང་ཨ་ལ་འཇིགས་མེད་ནི་ལུས་ལ་གྲྭ་ཆས་ཞིག་གྱོན་ནས་བུད་མེད་བརྒྱ་ཕྲག་ཁ་ཤས་ཤིག་མཉམ་དུ་འཁྲིག་སྤྱོར་གྱིས་ལས་ལ་ཞུགས་ཚར་བ་རེད་ཟེར།
    དེ་སྔོན་མཁས་དབང་བློ་བཟང་སེངྒེ་མཆོག་ལ་སྐྱོན་བརྗོད་བྱེད་བཞག་པ་དེ་དག་ད་ལྟ་རང་མགོ་ཆུ་འདྲེན་དུ་གྱུར་ནས་བཀྲས་མཐོང་གི་མགོ་ལ་ལྷུང་མ་སོང་ངམ།གཟིགས་དང་།བོད་མི་རིགས་དང་སྤྱི་པའི་རྩ་དོན་ཐོག་དྲང་བདེན་དང་ལྷག་བསམ་གང་ཡང་མེད་མཁན་ཕྱོགས་ལྷུང་ཅན་གྱི་སྐྱེས་སར་ཀླུ་སྒྲུབ་ལགས་དང་བཀའ་ཟུར་བཀྲས་མཐོང་ལགས་སུ་རྒྱབ་སྐྱོར་མི་སྣ་ཁག་གཅིག་གིས་བཀྲས་མཐོང་ལགས་ཀྱིས་ལོ་ངོ་བཅུ་གྲངས་རིང་བཙན་བྱོར་བོད་མིའི་དང་བླངས་དཔྱ་དངུལ་བསྡུ་འབུལ་བྱས་མེད་པའི་སྐོར་དང་ཨ་རིའི་མི་སེར་རུ་བསྒྱུར་ཚར་ནས་བཟའ་ཟླ་ཡང་བལ་པོའམ་ཕྱི་རྒྱལ་ཞིག་ཡིན་པ་ལས་བོད་པ་གཙང་མ་ཞིག་མིན་པ་ཧ་གོ་ན་ཡང་།ད་དུང་མི་བདེན་བརྫུན་སྒྲིག་ཐོག
    གཞན་ལ་ངན་སྨད་ཆག་གཏམ་འདྲ་མིན་སྤེལ་ནས་ཕྱོགས་ལྷུང་གི་རྣམ་པ་འཛིན་ནས།བཀྲས་མཐོང་ལ་ཉམས་མྱོང་དང་།འཇོན་རབས་ཀྱིས་དྲིལ་བསྒྲགས་བྱེད་བབས་འདི་དག་ཚུལ་མཐུན་དྲང་བདེན་གྱི་བྱ་སྤྱོད་ཡིན་མིན་དཔྱོད་ལྡན་རྣམས་ཀྱིས་བརྟག་ཞིབ་ནན་པོ་ཞིག་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ།དེ་དོན་དྲ་གྲོགས་རྣམས་པ་ལྷན་རྒྱས་ཚང་མས་བཀྲས་མཐོང་གི་སྐོར་ལ་དཔྱད་པ་དང་བསམ་ཚུལ་རེ་སྤེལ་ན་གང་འདུག།

    Reply
  18. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    དྲ་གྲོགས་གང་མང་ཞིག་གིས་དྲ་རྒྱ་བརྒྱུད་དགྲ་དགའ་གཉེན་རྡུང་གི་གཏམ་
    རྙིགས་སྣ་ཚོགས་ཤིག་སྤེལ་བ་ནི་བོད་པའི་སྤྱི་ཚོགས་ནང་། ཆོལ་གསུམ་གཅིག་སྒྲིལ་གཏོར་བཤིག་དང་ཕན་ཚུན་དཀྲུག་ཤིང་ཁོ་ན་ལས་
    དགེ་མཚན་གང་ཡང་མི་འདུག༎
    རྒྱ་དམར་གཞུང་གི་དམིགས་ཡུལ་དང་ལས་འཆར་ནང་གལ་ཆེ་ཤོས་ཤིག་ནི་བོད་མི་ནང་ཁུལ་དཀྲུག་ཤིང་དང་བོད་མི་ནང་གཅིག་སྒྲིལ་མེད་པ་བཟོ་རྒྱུ་དེ་ཡིན་པ་ནི་གསལ་པོ་རེད༎
    བོད་མི་རེ་ཟུང་ནས་ཆབ་སྲིད་ཀྱི་ལྟ་བ་ཅུང་ཟད་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་དགེ་མཚན་ཡོད་མེད་དང་རང་གནོད་གཞན་ཕན་གང་ཡོད་གང་ཡང་མི་སེམས་པར༎དགྲ་ཕྱོགས་ནས་འགྲོ་གྲོན་གཏོང་མི་དགོས་པ་དང་འབོད་སྐུལ་
    དང་བཙན་བཀའ་གཏོང་མི་དགོས་པར་དགྲ་དགའ་གཉེན་རྡུང་གི་གཏམ་འཆལ་དང་དགྲ་བོའི་དམིགས་ཡུལ་ལྟར།ལས་ངན་གང་མང་ཞིག་རྩམས་པ་དང་ལས་འབྲས་ལས་བརྒལ་བའི་ཧམ་བཤད་དཔེ་ན་སྐྱེས་གསར་གླུ་སྒྲུབ་ཀྱི་རྩོམ་ཡིག་འཆར་གཏམ་དེ་དག་ནི་དགྲ་ཕྱོགས་ལ་དགོས་མཁོ་ཆེ་བ་ལས་རང་ཕྱོགས་ལ་ཆོས་སྲིད་གང་ལ་ཡང་ཕན་ཐོགས་ཡེ་ནས་མེད།ཚད་ལས་བརྒལ་བའི་དཀྲུག་ཤིང་དང་དེ་ལྟ་བུའི་སྐད་ཆ་ཁོངས་ལུང་མེད་པ་
    རྣམས་ཀྱིས་༸་གོང་ས་མཆོག་གི་ཐུགས་དགོངས་ཡང་དཀྲུག་གཉེན་ཡོད་ནི་དྲ་གྲོགས་དག་གིས་བསམ་ཤེས་དགོས།
    སྒྲུབ་པའི་མཆོད་པ་འབུལ་རྒྱུ་མེད་ན་ཡང་དེ་ལྟ་བུའི་དྲིན་ལེན་ལོག་འཇལ་གྱི་
    སྐད་ཆ་མ་བཤད་རོགས༎

    Reply
  19. ཁ་བའི་གྲང་ངར། says:
    ལོ་ 14 སྔོན།

    གངས་ཆབ་ལགས། གནད་འགག་ཧ་ཅང་ཆེ་བའི་གནད་དོན་འདིའི་ཐོག་ཁྱེད་ཀྱིས་གང་ཡང་ཤེས་ཀྱི་མི་འདུག ཁག་མེད། ཁྱེད་ཀྱིས་གཞུང་ཞིག་གི་ལོ་འཁོར་འགྲོ་གྲོན་འཆར་འབུལ་བཀའ་འཁྲོལ་ཞུ་རིམ་སྐོར་ལ་མི་ཤེས་པའི་དབང་གིས་ཡིན། དེ་ནི་རྩིས་རྙོག་ཅིག་ནམ་ཡང་མིན། དེ་ནི་རྒྱལ་ཁབ་ཚང་མའི་གཞུང་དང་། ལྷག་པར་བཙན་བྱོལ་བོད་གཞུང་ལ་ལོ་ལྟར་འཕྲད་བཞིན་པའི་ལོ་འཁོར་སྔོན་རྩིས་ཀྱི་འགྲོ་འཆར་དང་ཡོང་འཆར་ཁ་མ་འདུམ་པའི་གནས་སྟངས་ཁོ་ན་ཞིག་ལས་མིན། རང་བཙན་ཅན་གྱི་རྒྱལ་ཁབ་དང་མི་འདྲ་བར་བཙན་བྱོལ་བོད་གཞུང་ལ་ཡོང་འབབ་ཡོད་པའི་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་ (ཁྲལ་ཆ་ཚང་རིགས། གཞུང་འཛིན་བཟོ་གྲྭ་སྣ་ཚོགས། བྲགས་ཁང༌། མེ་འཁོར། སོགས་༌༌།) མེད་སྟབས། བཙན་བྱོལ་བོད་གཞུང་གི་ལོ་འཁོར་འགྲོ་གྲོན་འགྲོ་འཆར་ཆ་ཚང་ལ་ཕན་པའི་ཡོང་འཆར་ཞིག་མེད། ལྷག་པར་དུ་བོད་མིའི་གཞིས་ཆགས་ཁག་ཏུ་འཛུགས་སྐྲུན་ལས་གཞི་མང་དག་ཅིག་སྤེལ་གྱི་ཡོད་པ་དེ་ཚོར་སྒོར་འབུམ་ཕྲག་མང་པོ་དགོས་ཀྱི་ཡོད་པ་དེ་ཚོའི་འགྲོ་གྲོན་འགྲོ་འཆར་གྲོས་ཚོགས་སུ་ཐོག་མར་བཀའ་འཁྲོལ་ཞུ་དགོས་པ་དང༌། བཀའ་འཁྲོལ་ཐོབ་པའི་རྗེས་སུ་གཞི་ནས་ལས་གཞི་ཁག་གི་འགྲོ་གྲོན་རྣམས་ལ་ཕྱི་རྒྱལ་རོགས་ཚོགས་ཁག་ནས་དངུལ་འབོར་ཡོང་འཆར་ཐབས་ཤེས་བྱ་དགོས་ཀྱི་ཡོད། གལ་ཏེ་ལས་གཞི་གང་ཞིག་ལ་གྲོས་ཚོགས་ནས་བཀའ་འཁྲོལ་མ་ཐོབ་ན་ལས་གཞི་དེ་དག་ལག་བསྟར་ཆོག་གི་མེད། བཀའ་འཁྲོལ་ཐོབ་ཚེ་འགྲོ་གྲོན་ཐབས་ཤེས་ཞུ་དགོས་ཀྱི་ཡོད། བོད་མི་ཚོས་ལོ་རེར་དཔྱ་ཁྲལ་ལག་དེབ་ཆེད་དུ་སྒོར་ 56 འབུལ་གྱི་ཡོད་པ་དེས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གི་འགྲོ་གྲོན་ཐོག་ལ་ཆ་ཤས་ཤིག་ལས་ཕན་གྱི་མེད། དེའི་སྐོར་ལ་གནས་ཚུལ་ཆ་ཚང་བ་ཞིག་ཤེས་ཐ

    Reply
  20. ནགས་མེ། says:
    ལོ་ 14 སྔོན།

    བཀའ་ཁྲི་འགྲོ་བར་དཔེ་ཆ་དེ་འདྲ་ཤེས་དགོས་ཨེ་ཡོད་ན།དགའ་ལྡན་ཁྲི་པར་བསྐོ་ཡག་ནི་མ་རེད། གོང་ས་ལྔ་པ་ནས་བཟུང་ད་ལྟའི་བར་གྱི་བཀའ་ཁྲི་ཆ་ཚང་བར་དཔེ་ཆ་ཤེས་པས་མ་ཚད། ཉམས་ལེན་ཡང་གང་འཚམ་ཡོད་མཁན་རེད་དེ།བག་ཆགས་ག་རེ་བཞག་འདུགམདོ་དོན་ཆོས་ཁྲིར་འགྲོ་ན། ཆོས་ཤེས་དགོས་ལ། སྲིད་ཁྲིེར་འགྲོ་ན། སྲིད་ཤེས་དགོས་པ་རེད། སྲིད་ཁྲིར་འགྲོ་ན། སྲིད་པ་འདིའི་ཆབ་སྲིད་ཀྱི་གདན་ས་ཆེ་ཤོས་ཨ་རིའི་ཧ་ཝར་ནས་མིན་ན།གཞན་ག་ནས་འགྲོ་དགོས་པ་རེད་ཨ། ཁྱོད་ལྟར་ན།སྔ་ཕྱི་རིམ་བྱོན་གྱི་དགའ་ལྡན་ཁྲི་པ་ཚོ་ལའང་།ཆབ་སྲིད་ཤེས་ཀྱི་མ་རེད་ཅེས་པའི་ཀླན་ཀ་ངེས་པར་འཚོལ་དགོས་པའི་ཕྱིར། མ་གཞི་ནས་བཀྲས་མཐོང་གིས་ནང་ཆོས་དེ་འདྲ་ཤེས་ཀྱི་ཨེ་ཡོད་ན། སྐྱེས་སར་བུ། ཨ་ལན་ཞིག་ཤོག་དང་།

    Reply
  21. རིག་པའི་རལ་གྲི། says:
    ལོ་ 14 སྔོན།

    མི་སོ་སོར་བསམ་ཚུལ་རེ་ཡོད་པ་ནི། རྩ་ཁམས་སོ་སོར་གྲུབ་པས་ཡིན། ད་ལྟའི་སྐབས་བཀའ་ཁྲི་འོས་མི་གསུམ་སུ་ལ་ཐོབ་ནའང་། རང་རེའི་སྤྱི་ཚོགས་ཆུང་ཆུང་འདི་འཛིན་སྐྱོངས་ཐུབ་མིན་གྱི་སེམས་ཁུལ་ཁྱོན་ནས་མེད། གང་ཡིན་ཞུས་ན། ད་དུང་ཉམས་མྱོང་ཅན་གྱི་རྒན་རབས་རྣམས་རྒྱབ་ཏུ་བཞུགས་ནས་སྡད་ཡོད།
    སྐྱབས་མགོན་རིན་པོ་ཆེ་མི་མངོན་པའི་ཞིང་ལ་ཕེབས་པའི་སྐབས་སུ། གསར་སྐྱེས་གཞོན་ནུས་ལས་འགན་ཁྱེར་དགོས་པ་ཞིག་ཆགས་པའི་སྐབས་ཤིག་བྱུང་ན། དེ་སྐབས་གང་འདྲ་བྱེད་ན་བསམ་པའི་འཇིགས་སྣང་ཞིག་ལམ་གྱིས་ཡོང་གི་འདུག
    དེར་རྟེན་ད་ལེན་གུས་པའི་འོས་ཤོག་དེ་བློ་བཟང་སེང་གེ་རང་ལ་འཕེན་ངེས་ཡིན།
    དེ་འཕེན་པའི་རྒྱུ་མཚན་དང་པོ་དེ། ༡ ཆབ་སྲིད་ཀྱི་གཙོ་འཛིན་ཞིག་གདེམས་ཀྱི་ཡོད་མ་གཏོགས། ཆོས་ལུགས་ཀྱི་དབུ་ཁྲིད་ཤིག་གདེམས་ཀྱི་མེད།
    ཆབ་སྲིད་ཀྱི་དབུ་ཁྲིད་བྱེད་དགོས་ན་ཆབ་སྲིད་ལ་མཁས་པ་ཞིག་དགོས་ཀྱི་ཡོད་མ་གཏོགས་ཆོས་ལུགས་ལ་མཁས་པ་ཞིག་དགོས་ཀྱི་མེད། བློ་བཟང་སེང་གེ་ཆབ་སྲིད་ལ་མཁས་པ་ཡིན་པའི་རྒྱུ་མཚན་དང་།
    ༢ བོད་མིའི་བདེན་དོན་ལ་བརྩོད་སེམས་ཀྱི་གཡར་དམ་ཕྱི་གསལ་ནང་གསལ་ཡིན་པ་ཞིག་ཡོད་ན་ཡང་རབ་ཡིན་པས་། བློ་སེང་ལ་ཨ་རིའི་མི་སེར་གྱི་ལག་ཁྱེར་ཐོག་པའི་གོ་སྐབས་གཞན་དང་མ་འདྲ་བ་ཞིག་ཡོད་ནའང་། ལོ་ངོ་དེ་ཙམ་གྱི་རིང་དུ་ཨ་རིའི་ལ་བཞུགས་ཀྱང་། ད་དུང་བོད་ཀྱི་སྐྱབས་གཅོལ་གྱི་ལག་ཁྱེར་ཁོ་ན་བསྣམས་ནས་ཕེབས་པ་དེ་ནི། དངོས་གནས་ཡིད་རང་གི་གནས་དང་། བོད་དོན་ལ་གང་ཐུབ་འབད་འདོད་ཡོད་པའི་ཐུགས་བསམ་དང་དམ་བཅའ་གཏིང་ཟབ་ཡོད་འདུག་བསམ་པའི་ཡིད་ཆེས་བརྙེད་པའི་རྐྱེན་གཙོར་གྱུར་བ་དང་།
    ༣ དྲངས་པོར་ཞུས་ན་དེ་སྔོན་གསར་ཚར་ཞིག་གི་ནང་ལ། གཏམ་བཤད་དང་། རྒྱལ་ཁབས་ཕྱི་ནང་གི་གནས་ཚུལ་མཁྱེན་རྟོགས། བློ་བཟང་སེང་གེ་ནང་བཞིན་པ་མཐོང་མྱོང་མེད། བྱས་ཙང་ངས་བློ་སེང་ལ་འོས་ཤོག་འཕེན་རྒྱུ་ཡིན།

    Reply
  22. རྟ་ནག་སྐལ་བཟང་ལུང་རིགས། says:
    ལོ་ 14 སྔོན།

    རྩོམ་ཡིག་འདི་ཧྲིལ་གྱིས་བཀླགས་ཡིན། མི་གཞི་ལ་དམའ་འབེབས་བྱེད་དོན་མེད་གི སྔོན་མ་ཁྱེད་ཀྱིས་རྔ་བ་ཆོས་གྲགས་ལ་བྲིས་པའི་ཁུངས་མེད་ལུགས་མེད་ཀྱི་ཉོག་གཏམ་དེ་འདྲ་ཞིག་རེད། ངོ་མ་ཡིད་སུན་གི

    Reply
  23. གངས་ཆབ། says:
    ལོ་ 14 སྔོན།

    དྲ་གྲོགས་རྣམས་པ་ལྷན་རྒྱས།
    ཕྱོགས་ལྷུང་ཅན་གྱི་སྐྱེས་སར་ཀླུ་སྒྲུབ་ལགས་དང་བཀའ་ཟུར་བཀྲས་མཐོང་ལགས་སུ་རྒྱབ་སྐྱོར་མི་སྣ་ཁག་གཅིག་གིས་བཀྲས་མཐོང་ལགས་ཀྱིས་ལོ་ངོ་བཅུ་གྲངས་རིང་བཙན་བྱོར་བོད་མིའི་དང་བླངས་དཔྱ་དངུལ་བསྡུ་འབུལ་བྱས་མེད་པའི་སྐོར་དང་ཨ་རིའི་མི་སེར་རུ་བསྒྱུར་ཚར་ནས་བཟའ་ཟླ་ཡང་བལ་པོའམ་ཕྱི་རྒྱལ་ཞིག་ཡིན་པ་ལས་བོད་པ་གཙང་མ་ཞིག་མིན་པ་་ཧ་གོ་ན་ཡང་།ད་དུང་མི་བདེན་བརྫུན་སྒྲིག་ཐོག
    གཞན་ལ་ངན་སྨད་ཆག་གཏམ་འདྲ་མིན་སྤེལ་ནས་ཕྱོགས་ལྷུང་གི་རྣམ་པ་འཛིན་ནས།བཀྲས་མཐོང་ལ་ཉམས་མྱོང་དང་།འཇོན་རབས་ཀྱིས་དྲིལ་བསྒྲགས་བྱེད་བབས་འདི་དག་ཚུལ་མཐུན་དྲང་བདེན་གྱི་བྱ་སྤྱོད་ཡིན་མིན་དཔྱོད་ལྡན་རྣམས་ཀྱིས་བརྟག་ཞིབ་ནན་པོ་ཞིག་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ།

    Reply
  24. འབྲུག་སྒྲ་སྐྱབས། says:
    ལོ་ 14 སྔོན།

    སྐྱེས་སར་ལགས ཁྱོད་གང་དུ་ཡོད་ན་དེར་རྙོག་དྲ་འདུག ་རྐི་རྟི་དགོན་པའི་འགྲམ་ལྕག་ཚ་བོ་དེ་མ་འཁྱགས་གོང་ཡང་བློ་སེང་གིས་གཅིག་གཏེར་དགོས་ལེ་མ་རེ་བས།

    Reply
  25. tsering tashi says:
    ལོ་ 14 སྔོན།

    ངག་དབང་ནོར་བུ་ལགས་བློ་སེང་ལ་ས་གནས་བྷོས་ཊོན་མི་མང་ནས་རྒྱབ་སྐྱོར་རྩ་བ་ནས་མེད་པ་ཞེས་པ་དེ་ནི་རྩ་བ་ནས་བདེན་པ་མ་རེད། བྷོས་ཊོན་གནས་བསྡོད་བོད་མི་བརྒྱ་ཆ་ལྔ་བཅུ་འགལ་བའི་ནང་ནས་གནད་ཡོད་མི་སྣ་གང་མཚམས་ཤིག་ནས་རྒྱབ་སྐྱོར་ཞུས་ཡོད་པ་དེ་བདེན་པ་རེད། ཁྱེད་ཀྱི་ཡང་རྫུན་བཤད་ཀྱི་འདུག།

    http://www.tibetanpoliticalreview.com/project-updates/bostontibetanassoconkatriendorsement

    ཁ་བྱང་འདིར་ལྟོས་ཤིག་སྐྱག་ཕྲུག་ངག་དབང་ནོར་བུ་།

    Reply
  26. tsering tashi says:
    ལོ་ 14 སྔོན།

    བློ་བཟང་སེང་གེས་དང་པོ་འཇམ་དབྱངས་ནོར་བུ་ལགས་ནགས་པོ་ཟོ་ཐབས་བྱས་སོང་ཡིན་ནའང་སློབ་ཕྲུགས་ཞིག་ཡར་ལངས་ནས་དེ་འདྲ་མ་རེད་། ཁྱེད་ཀྱི་བཤད་པ་དེ་དངོས་གནས་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་སྒང་ལ་འདུག་ཞེས་སོང་བས་རྫུན་བརྐྱལ་གྱི་ཡང་བསྐྱར་རྫུན་ཞིག་བཤད་སོང།

    ༢
    དྲི་བ་གཉིས་པ་དེ་བློ་བཟང་ སེང་གེ་ལགས་སུ་ཁྱོད་ཀྱིས་སྔོན་ཆད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཨ་རིའི་ནང་གི་མི་རིགས་ནག་པོ་བཞིན་གནས་དགོས་ལ་ ཉིན་ཞིག་བོད་མི་ཞིག་གིས་རྒྱ་ནག་གི་སྲིད་འཛིན་གྱི་གོ་ས་འཛིན་ཐུབ་བམ་ཞེས་པའི་ བསམ་ཚུལ་འདོན་མྱོང་ཨེ་ཡོད་ལགས་ཞེས་དྲི་བ་བཀོད་པར།
    ཁོང་གིས་དེ་འདྲ་ཞིག་རྩ་བ་ ནས་གསུངས་མྱོང་མེད་ཚུལ་དང་འཇམ་དབྱངས་ནོར་བུ་ལགས་ ཀྱིས་ཁོང་རྒྱ་ནག་གི་ཨོ་བྷ་མ་བྱེད་རྒྱུ་ཡིན་ལབ་པ་དེ་རྫུན་མ་རེད།ཡང་གཅིག་བཤད་ ན་བོད་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་རང་སྐྱོང་ལ་རྩོད་ལེན་བྱེད་ དགོས་ཞེས་ཐོག་མར་གོང་ས་མཆོག་གིསགསུངས་པ་མ་རེད་དམ་ཟེར།
    སྐབས་དེར་འོག་གི་ཉན་མཁན་སློབ་མ་ཞིག་ཡར་ལངས་ནས་བློ་བཟང་སེང་གེ་ལགས་ཀྱིས་བཀའ་མོལ་དེ་འདྲ་ཞིག་གནང་མྱོང་བ་དངོས་གནས་རེད།བདེན་དཔང་“བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་”ཀྱི་ དྲ་ཐོག་ཏུ་ཁོང་གི་གསུང་བཤད་སྒྲ་འཛིན་འཁོར་ཐག་ཚང་མ་དངོས་སུ་བཞག་འདུག་ཅེས་ ཁུངས་སྐྱེལ་སོང་ལ།དེ་ལ་ཁོང་གིས་གཏམ་བཤད་དེ་ཨ་རིའི་མི་རིགས་ནག་པོའི་སྲིད་ འཛིན་ཐོག་མ་ཨོ་བྷ་མར་སྲིད ་འཛིན་གྱི་རྒྱལ་ཁ་ཐོབ་ལ་ཉེ་བའི་བདུན་ཕྲག་གཉིས་ལྷག་གི་སྔོན་ཡིན་པས།དུས་ཚོད་ དང་གནས་སྟངས་ལ་བལྟས་ནས་བཤད་པ་ཞིག་ཡིན་ལ་སྐབས་དེའི་ནང་དོན་ཡང་དངོས་གནས་མིན་ ཞེས་ལན་བསྐྱོན་སོང་།
    ༣ དྲི་བ་གསུམ་པ་དེ་བློ་བཟང་སེང་གེ་ལགས་ཀྱིས་སྔོན་ཆད་འགྲོ་བ་མིའི་ཐོབ་ཐང་གི་ བསྒྲགས་གཏམ་དེབ་ཆུང་དེ་བོད་ཡིག་ཏུ་བསྒྱུར་གནང་བ་མ་ཟད།བོད་ཀྱི་དུས་བབ་སོགས་ སུ་བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་རེ་ཟུང་ཡང་སླེབས་སོང་བས་དེ་དག་ཁོང་རང་ ཉིད་ཀྱིས་དངོས་སུ་བྲིས་པ་ཡིན་མིན་དྲིས་ལ།
    ཁོང་གིས་བོད་ཡིག་ནང་བྲིས་ པའི་རྩོམ་ཡིག་དེ་དག་ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པ་མིན་ཡང་འབྲི་མཁན་ལ་ནང་ དོན་ཞུ་དག་བྱེད་རོགས་སོགས་བྱས་པ་ཡིན།ཁོང་གི་བོད་ཡིག་ཤེས་ཚད་དེ་འདྲའི་སྐྱོ་ བོ་མིན་ལ་བོད་ཡིག་ཀློག་ཡག་པོ་ཐུབ་ཀྱིན་ཡོད་པར་མ་ཟད་བོད་སྐད་ཀྱང་ཡག་པོ་བཤད་ ཤེས་ཀྱིན་ཡོད་གསུངས་སོང་།

    Reply
  27. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    སྐྱེས་སར་ཀླུ་སྒྲུབ་ལགས། ཁྱེད་ཀྱི་བསམ་ཚུལ་གྱི་མཆན་དང་ཤོས་དེ་ཁོ་བོས་བཀོད་པ་བཞིན་ཁྱེད་ཀྱིས་སྐད་ཆའི་ཚིག་ཟུར་ལ་ཤི་འཐམས་རོ་འཐམས་བྱེད་བཞིན་བློ་སེང་རྒྱབ་ཏུ་མཐའ་གཅིག་ལངས་ཏེ་ཡོད་ཚད་ཁོ་ལ་རེ་བའི་བྱབ་ཆུང་དེ་ཚོས་ཁ་ངན་ཚིག་ངན་རེ་བྱེད་སྲིད་པས་དེ་ནི་བོད་ཀྱི་རྩ་དོན་མ་ཡིན་པ་མ་ཟད། ཐ་ན་སོ་སོའི་ལངས་ཕྱོགས་ཀྱང་མ་ཤེས་པའི་ཕྱོགས་ལྷུང་གི་ལོ་མས་སྒྲིབ་པའི་རྒྱུག་ཁྱི་དེ་ཚོའི་སྐད་ངན་རེད། དེའི་ཕྱིར་དེ་རྣམས་སྙིང་རྗེ་བྱ་ཡུལ་དུ་དགོངས་རོགས།་་་་་་་་་་་་་་་་་

    Reply
  28. tsering tashi says:
    ལོ་ 14 སྔོན།

    སྐྱེ་གསར་ཀླུ་སྒྲུབ་ལགས་ཐུགས་རྗེ་ཆེ་ཁྱེད་ཀྱི་དཔྱད་རྩོམ་ཡག་པོ་ཞིག་བྲིས་འདུག།

    Reply
  29. གངས་ཆབ། says:
    ལོ་ 14 སྔོན།

    གཟིགས་དང་སྐྱེས་སར་ཀླུ་སྒྲུབ་ཞེས་པ་དེར།
    མཁས་དབང་བློ་བཟང་སེང་གེ་ལྟ་བུ་ཞིག་སྐབས་གསུམ་པའི་བཀའ་ཁྲི་རུ་མི་འོས་པ་ཞིག་མཐོང་གི་ཡོད་པ་ཡིན་ན།བཀྲས་མཐོང་ཡང་བཀའ་ཁྲི་རུ་ནམ་ཡང་མི་འོས་པ་ཞིག་ཡིན།རྒྱུ་མཚན་ནི།བཀྲས་མཐོང་གི་དེ་སྔོན་གཞུང་དངུལ་འབུམ་བདུན་བརྒྱ་ཙམ་ལྐོག་ཟ་རུལ་སུངས་སུ་སོང་བའི་གནས་དོན་ཡོངས་གྲགས་ཏུ་གྱུར་ཡོད།གལ་སྲིད་བཀྲས་མཐོང་ལ་ལེགས་པའི་ཉམས་མྱོང་ཞིག་ཡོད་པ་ཡིན་ན།གོང་གི་ལྐོག་ཟ་རུལ་སུངས་ཀྱི་གནས་དོན་དེ་ལྷག་སྲིད་ཀྱི་མ་རེད།དེ་འདྲ་སོང་ཙམ་བཀྲས་མཐོང་ལ་ཉམས་མྱོང་ཡང་ཚད་ལྡན་ཞིག་མེད་པ་ནི་ཚང་མས་ཧ་གོ་དོན་གསལ་རེད།ད་དུང་བརྗོད་འདོད་པ་ཞིག་ལ།བཙན་བྱོར་བོད་གཞུང་གི་བཀའ་ཁྲི་བྱེད་རྒྱུ་ཕར་ཞོག་ལྷན་ཁང་ཞིག་གི་འཛིན་སྐྱོང་ཐོག་ལ་དེ་བས་ཀྱང་ཉམས་མྱོང་གང་ཡང་མེད་མཁན་ཞིག་ཡིན་པ་ནི་ཀུན་གྱི་ཤེས་གསལ་རེད།
    འོ་ན།བོད་ཀྱི་ཆོས་དང་རིག་གཞུང་ཐོག་ལ་ཉམས་མྱོང་ཡོད་མེད་ཀྱི་བསམ་བརྗོད་ཀྱིན་ཡོད་ན།བོད་ཀྱི་ཆོས་དང་རིག་གཞུང་ཐོག་ལ་བཀྲས་མཐོང་ལ་ཉམས་མྱོང་གང་ཡང་མེད་མཁན་ཞིག་ཡིན་པ་ནི་དེ་བས་ཀྱང་བརྗོད་མ་དགོས་པ་ཞིག་རེད།
    སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་རུ་ཡོད་པའི་བཀྲས་མཐོང་ལྟ་བུར་ཚང་མས་ལྟ་ཞིབ་ནན་ཏན་བྱེད་དགོས་པ་ནི་གལ་གནད་ཆེ་ཤོས་དེ་རེད།

    Reply
  30. ཁྲུང་ཁྲུང་དཀར་པོ། says:
    ལོ་ 14 སྔོན།

    བོད་རིགས་གནས་སྡོད་ས་གནས་ཁག་ཡོངས་རྫོགས་ལ་བློ་སེང་གི་སྐོར་བཤད་སྡོད་གྱི་འདུག་ལ་དྲ་ཚིགས་ནང་དེ་བས་དོ་སྣང་ཆེ་པོ་བྱེད་ཁུལ་གྱི་སྐྱོན་བརྗོད་སྣ་མང་སྤེལ་བཞིན་འདུག་པ་བལྟས་ན་མ་འོངས་བཀའ་ཁྲི་དེ་ཁོང་ལས་འོས་བབ་མེད་པ་མཐོང་ཐུབ་ངེས་རེད་། ཡིན་ཡང་དོགས་འཆར་འགའ་ཡོད་ན་དྲ་ཚིགས་འདིའི་ནང་http://potala.yolasite.com/བརྙན་འཁོར་གནད་ཡོད་འགའ་འདུག་པས་གཟིགས་རོགས་

    Reply
  31. Dawai Shonu says:
    ལོ་ 14 སྔོན།

    སྐྱེ་སར་ཀླུ་གྲུབ་ཞུ་བ་ཁོང་སྔོན་མ་གྲྭ་བ་བྱས། དེ་ནས་གྲྭ་པ་ལོག་པ་དེ་ཡིན་ནམ། སུ་ཡིནའང་ཁྱད་མིན་འདུག གང་ལྟར་རྩོམ་འདིས་ཁོ་རང་སྤྱི་ཚོགས་སྙིང་པའི་ནད་གཞི་ལྕི་བོ་དེ་ཕོགས་ནས་དྲག་སྐྱེད་མི་ཐུབ་པའི་གྲས་ཤིག་རེད་འདུག ད་དུང་ཐོམ་ཞ་གྱོན་མཁན་ཞིག་ང་ཚོའི་འགོ་འཁྲིད་ལ་དགོས་པའི་ངར་སྐད་འདོན་བཞིན་པ་དེ་འདྲ་རྩ་བ་ནས་མི་བྱེད་རོགས་ཞེས་དངོས་ནས་ངས་སྙིང་ཐག་པ་ནས་རེ་སྐུལ་ཞུ་གི་ཡོད། ཁྱེད་རང་བྱས་ན་དགའ་ལྡན་ཁྲིའམ། ཟློས་གར་དགེ་རྒན། དགེ་བཤེས། སྨན་རྩིས་ཁང་གི་ཨེམ་ཆི། གྲྭ་ལོག ཨ་ནེ་ལོག་པ། དེ་འདྲ་ཞིག་ང་ཚོའི་བཀའ་བློན་ཁྲི་པར་དགོས་པ་འདྲ། ཁྱེད་དངོས་གནས་དཔེ་རེད། ཁྱེད་རང་ད་འདི་ལས་ཛ་དྲག་པའི་གནས་སྟངས་གང་འདྲ་ཞིག་ལ་བོད་འདི་སྐྱེལ་འདོད་དམ།

    Reply
  32. བྱམས་རྒྱལ། says:
    ལོ་ 14 སྔོན།

    བློ་ཕམ་པ་ལ་བོད་མི་ན་གཞོན་ཞིག་བོད་མི་རིགས་ཆེད་དུ་ལངས་པ་ལ་དགའ་བསུ་མེད་ཀྱང་ཆོག་ འོས་མ་བླུག་ཀྱང་ཆོག་ དམའ་འབེབས་འདི་འདྲ་བྱེད་འོས་སམ།

    Reply
  33. བྱམས་རྒྱལ། says:
    ལོ་ 14 སྔོན།

    སྐྱེས་སར་ཀླུ་སྒྲུབ་ཁྱེད་ཀྱིས་བདམས་པའི་བཀའ་ཁྲི་སྐྱོན་མེད་དེ་སུ་ཡིན་ན་གཅིག་གསུངས་དང་། དེ་ནས་མི་མང་ལ་མཐོང་ཆུང་དང་ཧམ་པ་སུས་བྱས་འདུག་གཅིག་ལྟ་ སྙིང་བྲོ། དེ་མིན་ཁྱེད་ཀྱི་རྩོམ་དེ་དུས་རབ་ཀྱི་རྗེས་སུ་བསྙེགས་པའི་བློ་སེང་ལགས་ལ་དམའ་འབེབས་བྱེད་པ་ཁོ་ན་ལས་བོད་མགོ་ནག་ཡོངས་ཀྱི་ལས་དབང་ལ་བསམ་པ་ཞིག་ལ་ངོས་འཛིན་བྱེད་ཐབས་བྲལ་སོང་།

    Reply
  34. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །རིགས་བཟང་ནས་བློ་སེང་ལ་ས་གནས་བྷོས་ཊོན་མི་མང་ནས་རྒྱབ་སྐྱོར་རྩ་བ་ནས་མེད་པ་ཞེས་པ་དེ་ནི་རྩ་བ་ནས་བདེན་པ་མ་རེད། བྷོས་ཊོན་གནས་བསྡོད་བོད་མི་བརྒྱ་ཆ་ལྔ་བཅུ་འགལ་བའི་ནང་ནས་གནད་ཡོད་མི་སྣ་གང་མཚམས་ཤིག་ནས་རྒྱབ་སྐྱོར་ཞུས་ཡོད་པ་དེ་བདེན་པ་རེད། གཞན་ཡང་ན་གཞོན་ཀླད་སྟོང་ཞེས་པའི་ཚིག་ངན་བེད་སྤྱོད་བྱེད་མཁན་ཁོ་རང་ཀླད་སྟོང་ནང་ནས་ཀླད་རུལ་མཐོང་ཉེན་ལ་ཟབ་ཟབ་ཐོག་བཀའ་མོལ་གནང་གལ་ཆེ།

    Reply
  35. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ་སྐྱེས་སར་ཀླུ་སྒྲུབ་ཀྱིས་བཤད་པ་འདི་ལ་དྲང་བདེན་འདུག
    བློ་སེང་ཁོང་གིས་ཅི་བཤད་པ་དེ་ང་ཚོའི་མདུན་དུ་བཀོད་ན་ང་ཚོ་ངོ་ཚ་དགོས་བ་དང་སྤོ་ལངས་དགོས་བ་གཏན་ནས་མི་འདུག
    དྲང་བདེན་དང་གནས་ལུགས་ལམ་ནས་བཀའ་ཁྲི་ཕེབས་དགོས་བ་མ་གཏོགས་ཨུ་ཚུགས་རྒྱབ་ནས་འགྲོ་ས་གཏན་ནས་ཡོད་པ་མ་རེད།

    Reply
  36. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    དྲྭ་གྲོགས་སྐྱེ་སར་ཀླུ་སྒྲུབ་ལ་ཞུ་རྒྱུ་ཞིག་ནི་། ང་ཚོས་བོད་རྒྱལ་ཁབ་ཀྱི་ཆེད་བསམ་ཚུལ་
    འབྲི་བ་དང་ལས་ཀ་སོགས་གང་ཞིག་བྱེད་ཚེ་།རང་ཉིད་ལ་ཕྱོགས་ལྷུང་གི་སྐྱོན་ཇི་ཙམ་
    ཉུང་བ་བྱུང་ན་དེ་ཙམ་གྱིས་བོད་མི་རིགས་ལ་ཕན་ཆེ་བར་ཡོད་པ་ནི་ཁ་གསལ་
    ངོ་གསལ་རེད་།གྲོགས་པོ་ཁྱེད་ཀྱིས་བོད་མི་རིགས་ཆེད་དུ་བསམ་ཚུལ་ཞིག་བྲིས་པ་
    དེ་ནི་དགའ་འོས་པ་ཡིན་ཡང་། བྲི་སྟངས་ཆ་ལ་བལྟས་ན་སེམས་སྐྱོ་བའི་བསམ་
    ཚུལ་མང་པོ་ཞིག་འདུག་།
    ༡་ ང་ཚོ་ལ་བཀའ་ཁྲི་འགྲན་ཟླ་མེད་པ་ཞིག་དགོས་ཀྱང་བོད་ཀྱི་ཆོས་དང་རིགས་གཞུང་ལ་སློབ་སྦྱོང་དང་མྱོང་བ་ཡོད་པའི་བཀའ་ཁྲི་ཞིག་རག་མི་སྲིད་རེད། བློ་སེང་ལས་གཞན་པའི་བཀའ་ཁྲིའི་འོད་མི་གཉིས་ལ་དབང་དང་ལུང་བློ་སེང་ལས་མང་བ་ཐོབ་ཡོད་ཚོད་རེད་། དེ་མིན་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་དང་མྱོང་བ་ཡོད་མཁན་ཞིག་ཡིན་བཟོ་མི་འདུག་། གལ་སྲིད་དོགས་པ་ཡོད་ན་། འཕགས་པའི་བདེན་པ་བཞིའི་སྐོར་དྲི་བ་ཞིག་ཕུལ་ན་ཧ་གོ་གི་རེད་། མདོར་ན་སྐྱོན་བརྗོད་བྱེད་སྟངས་འདི་ནི་རྒེར་
    གྱི་ན་ཚ་འམ། ཆོལ་ཁའི་ན་ཚ་གང་རུང་ཞིག་ཡིན་པ་ལས་དྲང་བདེན་གྱི་སྐད་ཆ་སྣེ་གཅིག་མི་འདུག་།

    ༢་ཡང་གཞོན་པའི་ནང་ནས་བོད་མི་རིགས་ཆེད་དུ་འགན་ཁུར་ལེན་གྱི་ཡིན་ཟེར་མཁན་ཞིག་ལ་དེ་འདྲ་བའི་ཕྱོགས་ལྷུང་གི་བཤད་སྟངས་ལ་ལྟ་དུས་།
    གྲོགས་པོ་ཁྱེད་ལ་བོད་མི་རིགས་འདི་ཉིད་དཀའ་སྡུག་གི་འོག་ནས་ཐར་ཏེ་འཛམ་གླིང་མི་སྤྱི་མཚུངས་ལྟར་བདེ་སྐྱིད་ཀྱི་འཚོ་བ་ལ་ལོང་སྤྱོད་ཐུབ་ན་བསམ་པའི་རེ་བ་གཏན་ནས་མེད་པ་འདྲ་།
    ཡང་ཕྱོགས་གཞན་ནས་བཤད་ན། བཀའ་ཁྲི་མཁས་དབང་ཟམ་གདོང་སོགས་ཀྱིས་བཙན་བྱོལ་ནང་ལ་རྒྱ་མིའི་དངུལ་གྱི་རྗེས་སུ་འགྲོ་མཁན་གྱི་བོད་པ་འབྱུང་སྲིད་པ་དང་།དེའི་ཐད་སྤྱང་པོ་དགོས་ཚུལ་གསུང་ཡོད་། དེ་ཕྱིར་སྐུ་ཉིད་ཀྱི་བཤད་སྟང་འདིས། སྐུ་ཉིད་ལ་དྭོགས་པ་ཞིག་ཟ་དགོས་བྱུང་།

    Reply
  37. སྟོང་སྐོར་ཐུབ་བསྟན། says:
    ལོ་ 14 སྔོན།

    སྐྱེས་སར་སྐླུ་སྒྲུབ་ལགས་ཀྱི་རྩོམ་ཡིག་འདི་བཀླགས་པ་ཡིན། བློ་བཟང་སེངྒེ་ལ་བོད་ཀྱི་ཆོས་དང་རིག་གཞུང་ཐོག་སློབ་སྦྱོང་དང་ཉམས་མྱོང་གང་ཡང་མེད་མཁན་ཞིག་ཡིན་པར་བཤད་འདུག། ཁྱོད་ཀྱིས་འདི་དྲ་ལ་གཟིགས།་http://www.youtube.com/watch?v=29bimMrILp0&feature=player_embedded

    Reply
  38. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    གཞན་གྱིས་བྲིས་པའི་བསམ་ཚུལ་ཙམ་ཡང་ལེགས་པར་ཀློག་མ་ཐུབ་པའི་མཆན་འདེབས་རེ་ཟུང་འདུག ད་དུང་ཡང་དེ་ལས་མང་བ་ཡོང་ངེས་པས་དེ་རིགས་རྩ་བས་སྟོང་བའི་སྨོན་འདེབས་བྱེད། ད་དུང་མཆན་འདེབས་པོ་གང་མང་ཞིག་ནས་ཚིག་ཟུར་ཙམ་ཟུར་དེད་ཀྱིས་གཞན་ལ་འཕྱ་སྨོད་བྱེད་པ་ནི་དེ་བས་མེད་པར་སྨོན། གཞན་གྱིས་བྲིས་པའི་བསམ་ཚུལ་གྱི་གནད་གལ་ཤེས་པའི་ཐོག་ནས་ཆ་ཚང་བ་ལེགས་པར་ཀློག་ཏེ་ཤེས་པའི་ཐོག་ནས། གཡག་ཞྭར་བར་རྩ་བཟས་པ་ལྟར་མ་ཡིན་པར། མཆན་འདེབས་པ་ལས་ཞིག་གཅིག་གཉིས་ཀྱི་ཟུར་ལ་འགག་པ་བྱེད་པ་ནི་ཀླད་པར་སྐྱོན་ཡོད་པའི་རྟགས་རེད། ད་དུང་མཁྱེན་གསལ་ལྟར་ངག་དབང་ནོར་བུ་ཟེར་བའི་མཆན་འདེབས་པོ་དེས་སྐད་ག་རེ་ཤོད་ཀྱི་ཡོད་མེད་ངས་ནི་ཤེས་ཀྱི་མིན་འདུག་པས་ལྷན་རྒྱས་ཀྱིས་གོ་བ་རྙེད་ན་བཟོ་བཅོས་ཀྱི་སླར་འགོད་གནང་རོགས། ལ་ངག་དབང་ནོར་བུ་འབོད་པའི་མཆན་འདེབས་པོར་ཡང་བསླབ་བྱ་གནང་རོགས། ཁོ་ཕྱོགས་ལྷུང་གིས་སྒྲིབ་པས་བོད་ཡིག་ཡག་པོ་མཐོང་གི་ཡོད་ས་མ་རེད།

    Reply
  39. ཚྭ་སྒང་ཕོ་ཉ། says:
    ལོ་ 14 སྔོན།

    སྐྱེས་སར་ཀླུ་སྒྲུབ་ལགས་ལ་མཚམས་འདྲི་ཞུ།

    སྐུ་ཉིད་ནས་བོད་མི་རིགས་ཀྱི་ད་ལྟའི་སྐྱོ་གར་དང་མ་འོངས་མདུན་བསྐྱོད་སོགས་ལ་བསམ་ནས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དེ་སུ་འོས་དང་སུ་མི་འོས་རང་ཉིད་ཀྱིས་ལྟ་ཚུལ་གཙོ་བཟུང་ཐོག་རྩོམ་ཡིག་འདི་འདྲ་ཞིག་སྤེལ་བ་ལ་ཞུས་པའི་དགའ་གསུ་ཡོད། ཡིན་ན་ཡང་སྐུ་ཉིད་ནས་བློ་སེང་བཀའ་ཁྲི་མི་འོས་པའི་རྒྱུ་མཚན་འགའ་ཤས་བཀོད་འདུག་པའི་དེ་དག་ནི་རྒྱུ་མཚན་ཡང་དག་ཞིག་ལ་གུས་པས་ངོས་འཛིན་བྱེད་ཐབ་མི་འདུག དེས་ན་དེ་དག་རྒྱུ་མཚན་ཡང་དག་མ་ཡིན་པའི་གནས་ལུགས་སམ་རྒྱུ་མཚན་འགའ་ཤས་བཤད་འདོད་བྱུང།

    ༡ ༽ ཁྱོད་ཀྱིས་ཉམས་མྱོང་མེད་པའི་བཀའ་ཁྲི་མི་འོས་ཟེར་ཀྱི་ཡོད་པ་འདྲ།
    ལན༽ཉམས་མྱོང་ཞེས་པ་དེ་ལས་དོན་བཟང་པོ་བྱས་པའི་ཉམས་མྱོང་ཡང་ཡོད་ལ་ངོ་ཚ་ཁྲེལ་མེད་ཀྱིས་བྱ་ངན་རྩམ་པའི་ཉམས་མྱོང་ཡང་འདུས་ཡོད། དཔེ་ན་ཐེ་ཝཎ་ཀྱི་སྲིད་འཛིན་ཁྲིན་ཧྲི་པིན་ལྟ་བུ་ལ་མཚོན་ན་ཉམས་མྱོང་ཡོད་པའི་དབང་གིས་སྲིད་འཛིན་གྱི་ལས་དུས་གཉིས་པའི་སྐབས་སུ་སྤྱི་རྒྱུ་སྒེར་བདག་བྱས་པ་རེད། དེས་དབང་གིས་དེང་སང་ཁོང་བཙོན་ཁང་ནང་སྷུང་སོང་བ་རེད།
    ད་དུང་འཛམ་གླིང་ཐོག་སྤྱི་རྒྱུ་སྒེར་བདག་བྱེད་མཁན་གྱི་དབུ་ཁྲིད་མང་ཆེ་བ་གཞུང་གི་ལས་དོན་རྒྱུན་རིང་བྱས་པའི་ཉམས་མྱོང་ཡོད་པ་རྐྱང་རྐྱང་རེད།

    ༢༽ཁྱོད་ཀྱིས་བློ་སེང་ལ་ནང་ཆོས་ཀྱི་གོ་རྟོག་མི་འདུག་པས་བཀའ་ཁྲི་མི་འོས་ཞེས་བརྗོད་ཀྱི་ཡོད་པ་འདྲ།
    ལན༽ རྒྱལ་ཁབ་དེའི་སྲིད་འཛིན་གྱིས་རྒྱལ་ཁབ་དེའི་མི་མང་གིས་དད་པ་བྱེད་ཡུལ་ཀྱི་ཆོས་ལུགས་དེ་ཡག་པོ་ཤེས་མཁན་ཞིག་ངེས་པར་དུ་དགོས་པ་ཞིག་གང་ལ་ཡང་གནས་ལུགས་བཤད་རྒྱུ་མེད་པ་མ་ཚད་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལ་མཚོན་ན་ཡེ་ཤུའི་ཆོས་ལུགས་སོགས་ཨ་རིའི་མི་མང་གི་དད་པ་བྱེད་ཡུལ་ཀྱི་ཆོས་ལུགས་མཐའ་དག་ཡག་པོ་ཤེས་ཀྱི་མེད་པ་གསལ་པོ་རེད།
    ཡིན་ན་ཡང་ཨ་རིའི་མི་མང་གིས་ཨོ་བྷ་མ་སྲིད་འཛིན་འོས་འདེམས་ཀྱི་བགྲོ་གླིང་སྐབས་ཡེ་ཤུའི་ཆོས་ལུགས་ཡག་པོ་ཤེས་ཀྱི་མི་འདུག་ཞེས་སྐྱོན་བརྗོད་བྱས་པའི་ལོ་རྒྱུན་གང་ཡང་གོ་རྒྱུ་མེད། མ་གཞི་ནས་རང་གཞུང་གི་བཀའ་བློན་ནང་ཆོས་རིག་བཀའ་བློན་ཞིག་ཀྱང་ཡོད་པ་མ་རེད་དམ།

    དེས་ན་མ་འོངས་བོད་ཀྱི་བཀའ་བློན་ཁྲི་པ་དེ་ནི་ལོ་རྒྱུས་ལ་ནག་ཐིག་མེད་ཤིང་མདུན་སྐྱོད་ཀྱི་སྤོབ་པ་མངའ་ལ་ཆབ་སྲིད་ཀྱི་གོ་རྟོགས་ཕྱུག་པའི་ལྷག་བསམ་ཅན་གྱི་གཞོན་སྐྱེས་ཞིག་དགོས་པ་ནི་རྒྱལ་བའི་བཀའ་དགོངས་དང་གཞིས་བྱེས་གཉིས་ཀྱི་རེ་བ་ཚང་མ་དང་ཡོངས་སུ་མཐུན་པ་ཡིན་ནོ།

    Reply
  40. མངའ་རིས་ཕོ་ཉ། says:
    ལོ་ 14 སྔོན།

    སྐྱེས་སར་སྐླུ་སྒྲུབ་ལགས་ཀྱི་རྩོམ་ཡིག་འདི་བཀླགས་པ་ཡིན། ཁྲོན་པའི་ནང་གི་རུས་སྦལ། རྒྱ་མཚོའི་གཏམ་གྱིས་ཤི་ཟེར་བ་ལྟར། ། བློ་བཟང་སེངྒེ་ལ་བོད་ཀྱི་ཆོས་དང་རིག་གཞུང་ཐོག་སློབ་སྦྱོང་དང་ཉམས་མྱོང་གང་ཡང་མེད་མཁན་ཞིག་ཡིན་པར་བཤད་འདུག དེ་བློ་བཟང་སེངྒེ་ལ་དམའ་འབེབ་བྱས་པ་རེད། སྒྲོ་སྐུར་ཐོག་བོད་མི་རིགས་དབར་གཅིག་ལ་སྨད་ར་དང་གཞན་གཅིག་ལ་སྟོད་ར་གླེང་རྒྱུ་བཞག་ན་ལེགས། དང་པོ་ཁྱེད་རང་ལ་བོད་ཀྱི་ཆོས་དང་རིག་གཞུང་གི་གནས་བབ་ག་ཚོད་ཤེས་ཀྱི་ཡོད་དམ། ཚད་གང་ལ་འཛིན་གྱི་ཐུབ་ཀྱི་ཡོད། ཤེས་འཇོན་མྱོང་གསུམ་འཛོམས་པའི་གཞོན་སྐྱེས་སྣེ་འཁྲིད་ཅིག་ཁྱེད་ཀྱིས་འཚོལ་དང་། ངས་བལྟ་ཆོག དེ་མེད་ན་མི་རབས་གསར་པ་ཟེར་བའི་གླེན་པ་རྣམས་ཀྱིས་ངེས་པར་ཤེས་དགོས་ཟེར་བ་དེ་བཤད་རྒྱུར་ངོ་ཚ་བོ་རེད་ལ། དྲིན་ཅན་དཔུང་པ་རྡོ་ཡི་བརྡུངས། ཆང་གི་ལན་དེ་ཆུ་ཡིས་འཇལ་དེ་ཁྱེད་ཀྱི་གོ་མྱོང་ཡོད་དམ་མེད།

    Reply
  41. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །གོང་གི་རྩོམ་པ་པོ་སྐྱེས་སར་ཀླུ་གྲུབ་དང་མཆན་པ་པོ་འོད་ཡུག་པོ་མཁྱམས་པོ་གཉིས་མ་གཏོགས་བློ་སེང་ལ་འོས་ཤོག་གླུག་མི་ཉི་ཁྲི་འགལ་བ་ཚང་མ་དཀུག་པ་ཤེས་རྨོངས་སུ་བཏང་མཐོང་ཆུང་ཁྱད་སོད་བྱེད་ཀྱིན་འདུག་པས་ཚང་མས་བསམ་ཤེས་བྱ་དགོས་པ་མཐོང་། མ་ཙང་ནས་གོང་གི་མི་གཉིས་ལ་བོད་མིའི་ཡ་རབས་སྤྱོད་བཟང་གི་དྲི་མ་ཡང་གོས་མིན་འདུག་པས་ཐོག་མར་ང་ཚོའི་ཁ་རྒྱུན་བལྟར་ “གཞན་ལ་བལྟ་བར་མིག་ཡོད་ཀྱང་། རང་ཉིད་བལྟ་བར་མེ་ལོང་དགོས།” སར་བཞག་མེ་འབར་གྱི་བྱ་སྤྱོད་སྤངས་ཏེ་

    Reply
  42. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    གནས་ཚང་་ཟེར་བའི་དྲ་མཁན་དེས། སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་༼ན་གཞོན་ཚོར་སྨད་ར་བྱས་འདུག་༽ཟེར་བ་ནི་བློ་སེང་གི་ངན་ཇུས་སམ་གཡོ་ཇུས་ལས་ཤུགས་ཀྱིས་བགོས་པའི་བགོས་ནད་སྡུག་ཤོས་དེ་རེད་ལ་བོད་མི་ཁ་ཐོར་དུ་གཏོང་འདོད་པའི་ལག་ཆ་དེ་ཡང་དེ་ནས་མགོ་བཙུགས་བཞིན་འདུག་པས་དྲ་གྲོསག་ཚོས་གཟབ་གཟབ་གྱིས། གནས་ཚང་རང་ཡང་བོད་ཀྱི་ཆོས་དང་རིག་གཞུང་མ་ཡིན་པའི་ཕྱི་གྲགས་ཀྱི་མཁས་དབང་དེའི་རྐུབ་ལ་རྒྱུག་མཚམས་འཇོག བོད་ཀྱི་རྩ་དོན་ལ་བསམ་བཞེས་གྱིས། དེ་མིན་ཉྀན་གཅིག་མཛུབ་མོ་ཁ་ལ་རྒྱུས་ཏེ་བསྡོད་དགོས་བྱུང་ན་ཕྱིས་དྲག་པ་རེད།

    Reply
  43. སེམས་པ་གཉོམ་པོ། says:
    ལོ་ 14 སྔོན།

    བཀའ་ཁྲིའི་འོས་མི་སུ་ལ་ཡང་སྐྱོན་བརྗོད་བྱེད་པ་འདི་ཡག་རྟགས་ཤིག་ཁྱོན་ནས་མ་རེད། འདིས་མི་སེམས་པ་བག་ཆགས་ངན་པ་བསྒོ་གི་འདུག མི་སྐྱོན་མེད་འདམ་བུ་གླིང་ན་མེད་ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད་ཟེར་བ་ལྟར་སྐྱོན་ཕྲན་བུ་རེ་སུ་ལ་ཡང་ཡོད་རེད། རང་གི་མི་རིགས་རང་རྒྱལ་ཁབ་ཀྱི་མགོ་འདོན་མཁན་མི་བུ་སེམས་ཤུགས་ཅན་རེ་ནམ་བྱུང་ལ་དེར་སྐྱོན་བརྗོད་དང་དམའ་འབེབས་བྱེད་ཐུབ་ཚོད་ཅིག་བྱེད་ཀྱིན་བསྡད་ན། འོ་ན་སྐྱོན་གཅིག་ཀྱང་མེད་པའི་མི་ཞིག་གང་ནས་ཁྲིད་ཡོང་རྒྱུ་ཡིན་ནམ།
    སྐྱོན་ཞིག་མཐོང་བཞིན་དུ་སྤྱི་བོར་བཀུར་མི་འདོད་པ་འུ་ཅག་གི་གཤིས་ཀ་ཡིན་པ་བདེན་ཡང་འུ་ཅག་གི་ཁྲོད་དུ་ཁོང་རྣམ་པ་ཚོ་ལས་ཡག་པ་ཞིག་མེད་དུས་དེར་སྐྱོན་བརྗོད་བྱེད་ཀྱིན་བསྡད་ན་མ་འོངས་པར་དེ་གསུམ་གང་རུང་ཞིག་རང་གི་རྗེ་བོར་བཀུར་ནི་དགོས་ཀྱི་ཡོད་དུས་སྐྱིད་པོ་ཞིག་དང་བདེ་བོ་ཞིག་ཡིན་ནམ།
    འུ་ཅག་གིས་ངོ་མ་གླེན་རྟགས་ཤིག་སྟོན་གྱིན་མེད་དམ། འུ་ཅག་གིས་རང་གིས་རང་དམའ་འབེབས་ཀྱིན་མེད་དམ། རྩོམ་ཡིག་སྤེལ་མཁན་དང་ལས་འགུལ་སྤེལ་མཁན་ཚོས་རྗེས་ཕྱོགས་སུ་བསམ་བློ་གཏོང་གི་ཨེ་ཡོད།

    Reply
  44. སེམས་པ་གཉོམ་པོ། says:
    ལོ་ 14 སྔོན།

    རྩོམ་ཐུང་འདི་བཀླགས་ཟིན། བཀླགས་རྗེས་བསམ་ཚུལ་ཅི་བྱུང་ཟེར་ན། ཡིད་སེམས་རང་དབང་མེད་པར་སྐྱོ་དགོས་བྱུང་བ་དེ་རེད། རྩོམ་ཡིག་འདི་གཅིག་པོ་མ་རེད། ཉེ་ཆར་དཔལ་ལྡན་བཀའ་ཁྲིའི་སྐོར་ལ་རྩོམ་འཆལ་ཉ་ཉོག་མང་པོ་སྤེལ་འདུག ད་ལྟའི་ཆར་ད་དུང་འབྱུང་འགྱུར་གྱི་བཀའ་ཁྲི་མཆོག་བློ་སེང་ངམ་བཀྲིས་མཐོང་། བཀྲིས་དབང་གང་ཡིན་མ་ངེས་ཀྱང་། བཀུར་འོས་འབྱུང་འགྱུར་གྱི་དཔལ་ལྡན་བཀའ་ཁྲི་མཆོག་ལ་དམའ་འབེབས་ཚད་མེད་པར་བྱས་འདུག བོད་མི་རྩམ་ཟན་ཞིག་ཡིན་ན་དེ་ལྟའི་དམའ་འབེབས་བྱེད་སེམས་ཤིག་ཇི་ལྟར་སླེབས་པ་ཡིན་ནམ། དེ་ལྟའི་སྙིང་ཁམས་ཤིག་ཇི་ལྟར་བྱུང་བ་ཡིན་ནམ། བོད་མི་ཞིག་ཡར་ལངས་ཏེ་ངས་བོད་ཀྱི་ལས་དོན་བྱེད་ཧུར་ཐག་གིས་བྱེད་དོ་ཟེར་མཁན་ཞིག་བྱུང་ན་དེར་དགའ་འོས་པ་དང་བསྟོད་དགོས་པ་ལས་དེ་ལྟར་དམའ་འབེབས་བྱེད་སེམས་ཞིག་ཇི་ལྟར་སྐྱེས་སམ། སེམས་ཁམས་གདོན་གྱིས་བརླམས་པ་ལོས་ཡིན། མི་ལ་བཟང་ཞན་དང་ཤིང་ལ་རིང་ཐུང་ལོས་ཡོད། སྐྱོན་ཕྲན་བུ་ཞིག་བཏོན་ནས་འབྱུང་འགྱུར་གྱི་དཔལ་ལྡན་བཀའ་ཁྲི་མཆོག་གི་ཕེབས་ལམ་མ་བཀག་ན་མི་བཟང་ངམ། རང་ཉིད་ཀྱིས་བདམས་པའི་མི་དེ་བཀའ་ཁྲིར་ཕེབས་ཐུབ་པའི་རེ་བ་མེད་མཁན་སུ་ཡོད། འོན་ཀྱང་རང་གི་འདོད་པ་འགྲུབ་ཆེད་གཞན་གྱིས་བདམས་པ་དེར་སྐྱོན་བརྗོད་དང་དམའ་འབེབས་དོན་ཅི་ཡིན་ནམ། རང་མི་དགའ་ན་རང་གི་འོས་ཤོག་མ་བླུགས་ན་དེས་འགྲིག་གི་རེད། མི་མང་ལ་ངན་བསླུས་བྱེད་དགོས་དོན་ཅི་ཡིན་ནམ།
    འདི་ལྟར་མི་མང་གི་སེམས་སུ་བག་ཆགས་ངན་པ་བཞག་ན། མ་འོངས་བཀའ་ཁྲིར་མི་སུ་ཕེབས་ཀྱང་མི་མང་ཁྲོད་དུ་དེར་བརྒྱ་ཆ་བརྒྱ་ཐམས་པའི་ཡིད་ཆེས་དང་བློས་འགེལ་བྱེད་པའི་ཚད་དམའ་རུ་འགྲོ་རྒྱུ་ཡིན་པ་ཤེས་ཀྱི་མེད་དམ། འབྱུང་འགྱུར་བཀའ་ཁྲིར་སྐྱོན་བརྗོད་དང་དམའ་འབེབས་བྱས་ཡོད་པའི་རྩོམ་ཡིག་དག་དྲ་ལམ་དུ་མ་སྤེལ་ན་མི་བཟང་ངམ། ལས་ཀ་དེ་ཚོ་རང་གིས་རང་ལ་དམའ་ཕབས་པ་མ་རེད་དམ། ངོ་མ་ཐབས་སྡུག་རེད།

    Reply
  45. མཁའ་དབུགས་གསར་བ says:
    ལོ་ 14 སྔོན།

    བོད་ཀྱི་ཆོས་དང་རིག་གཞུང་ལ་མཁས་པ་ཞིག་བཀའ་བློན་ཁྲི་བར་ཕེབས་དགོས་ན་དགའ་ལྡན་ཁྲི་བ་ཁྱེད་ཚང་གི་བཀའ་བློན་ཁྲི་བ་བྱོས་ཡ།
    དཔྱད་བརྗོད་སྤེལ་མི་ཤེས་ན་ཤེས་ཐང་ཁུལ་མི་བྱེད་པར་མཁྱེན།

    Reply
  46. རིགས་བཟང་། says:
    ལོ་ 14 སྔོན།

    ཁྱི་སེར་ཀླུ་སྒྲུབ་ཀྱིས་བཤད་པ་དངོས་ནས་བདེན་པ་རེད། ངེས་དོན་གྱི་རྩོམ་པ་པོ་ནང་གི་གཅིག་རེད། ད་དུང་གལ་ཆེ་བའི་གནད་དོན་གཅིག་ཁྱི་སེར་ལགས་ཀྱིས་བཤད་མེད་པས། སྤྲང་ཕྲུག་ངས་བཤད་རྒྱུ་ཡིན།
    བློ་སེང་ལ་ཁོ་རང་སྡོད་སའི་ས་གནས་མང་ཚོགས་ཀྱིས་རྩ་བ་ནས་རྒྱབ་སྐྱོར་བྱེད་ཀྱི་མེད་པས། དེ་རྒྱུ་མཚན་གཞོན་སྐྱེས་ཀླད་སྟོང་ཚོས་ཤེས་བར་གྱིས། ས་གནས་མང་ཚོགས་ཀྱིས་ཅི་ཕྱིར་ཁོ་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་རེད། ཀླད་སྟོང་ཁྱོད་ཚོ་ལས་བློ་སེང་ལ་ས་གནས་མང་ཚོགས་ཀྱིས་ཆ་རྒྱུས་ཡོད་པ་སྨྲས་མེད་རེད། དོགས་པ་ཟ་ན་ཞིབ་འཇུག་བྱོས། ཉེན་ཕྲེང་ཅན་གྱི་དུས་འདིར་བྱུང་རྒྱལ་དུ་སྨྲ་མི་རུང་། གཞོན་སྐྱེས་ཀླད་སྟོང་ཚོས་གོ་བར་གྱིས།

    Reply
  47. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    སྐྱེ་སར་ཀླུ་སྒྲུབ་ལགས་བདེ་མོ། འོན་ཀྱང་། ཁྱེད་ཀྱིས་མི་ཞིག་གིས་ཡར་ལ་འགྲོ་རྒྱུ་ཟེར་ན་ཁྱོས་བསམ་བཞིན་དུ་ང་མར་ལ་འགྲོ་རྒྱུ་ཟེར་ཁུ། ངོ་མ་མྱི་མ་རབས་ཤིག་རེད། བསམ་ཚུལ་ལྟ་བུ་ཞིག་འབྲི་འདོད་ཡོད།

    Reply
  48. གླང་དར་མ། says:
    ལོ་ 14 སྔོན།

    གནས་ཚང་ལགས་ཀྱི་དོན་ལ་གནས་པའི་སྐད་ཆ་བཤད་འདུག་སྐྱེ་སར་ཀླུ་སྒྲུབ་ལགས་གནས་ཚང་ལགས་ཀྱི་བྲིས་པ་དེ་ཚོར་དོ་སྣང་བྱས་བསམ་བློ་ཡག་པོ་གཏང་དེ་ནས་ཅིག་བྲིས་ན་མ་རེད་པས།ཧཧཧཧ

    Reply
  49. གནས་ཚང་། says:
    ལོ་ 14 སྔོན།

    རྩོམ་ཡིག་འདི་ཀློག་པ་ཡིན། ཡིན་ནའི། གནད་ཟིན་མི་འདུག གཅིག་ནས་བཙན་བྱོལ་ན་གཞོན་ཚོར་དམའ་འབེབས་བྱས་འདུག གཉིས་ནས་ཆོས་དང་རིག་གཞུང་ཞེས་པ་གང་ཡིན་རྩོམ་འབྲི་མཁན་རང་ནས་ཀྱང་ཤེས་མདོག་ཁ་བོ་མི་འདུག

    ཆོས་རིག་བཀའ་བློན་ཆོས་འཛིན་སྐྱོང་གནང་མཁན་ཡིན་པ་དང་། ཤེས་རིག་བཀའ་བློན་རིག་གནས་འཛིན་སྐྱོང་གནང་མཁན་ཡིན་པས། བཀའ་བློན་དེ་གཉིས་མ་ནོར་བ་ཡིན་ན། ཆོས་རིག་གཉིས་ལ་གནང་དོགས་ཡོད་དགོས་པ་མ་རེད།

    གོང་ས་མཆོག་ནས་གཙོས་ཞལ་འདོན་མི་སྐྱོར་བའི་བོད་པ་ཞིག་ཡོད་ཀྱི་མ་རེད་ལ། ཞབས་རིམ་སྒྲུབ་པར་ཞལ་འདོན་མེད་ས་གཅིག་ཀྱང་ཡོག་མ་རེད། འདི་དག་ཀྱང་ཆོས་མི་ཤེས་མཁན་རེད་དམ།

    ཉམས་མྱོང་ཟེར་བ་དེ་གུས་པས་མཆན་སྔ་མ་དག་ཏུ་བཤད་ཟིན། ཉམས་མྱོང་ཟེར་བ་དེའང་བློ་འདོན་ལྷན་ཚོགས་ཡག་པོ་ཞིག་འཛུགས་ཐུབ་མིན་རེད་མ་གཏོགས་གཞན་གང་ཡང་མ་རེད། ཨ་རིས་གློག་བརྙན་འཁྲབ་སྟོན་པ་སྲིད་འཛིན་ལ་གདམ་ག་བྱེད་མྱོང་བ་རེད་ལ། དེར་ཉམས་མྱོང་གིས་ཕོངས་སོང་བ་ཞིག་སུ་ལ་བཤད་རྒྱུ་ཡོད། ཡོག་མ་རེད།

    གནས་ལུགས་ཀྱིས་དགག་ན་དགག་སྟངས་རེད་མ་གཏོགས་ཞེན་ཁོག་གམ། ཀླད་པ་གཞན་ནས་གཡར་ཏེ་ཁ་རང་ནས་གྲགས་ན་ངོ་ཚ་རེད་ལ། བྱབས་ཆུང་ཡང་རེད།

    Reply
  50. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    དྲ་གྲོགས་སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་གསུངས་པར་བདེན་པ་རི་ལས་ཆེ་བ་འདུག་མོད་ཀྱང་རྗེས་སུ་དེ་ལ་འགག་ལེན་རྒྱབ་མཁན་དེ་ཚོས་རྫུན་གྱིས་རི་རྒྱལ་ལག་ཆར་འཁྱེར་ངོ་ཚའི་ལྕགས་ལྤགས་གྱོན་ཏེ་ཁྱེད་ལ་ཡིན་པ་མ་ཡིོན་པར་སྒྲུབ་པ་དང་མ་ཡིན་པ་ཡིན་པར་སྒྲུབ་བཞིན་ཁྱེད་ལ་སྨད་ངེས་ན་ཡང་དེ་ནི་བོད་ཀྱི་རྩ་དོན་མ་ཡིན་པར་སེམས་རོགས།
    བློ་སེང་ཞེས་པའི་མི་དེས་ད་བར་རང་རེའི་སྤྱི་ཚོགས་ནང་ན་གཞོན་ཟེར་བ་དང་མི་རབས་གསར་པ། ཀླད་རྙིང་འཁྲེགས་བཟུང་མཁན་ཟེར་བ་སོགས་བོད་མི་རྣམས་དུམ་བུ་མང་པོར་བགོས་ཏེ་གཞོན་སྐྱེས་ཚོར་མགོ་བསྐོར་བཏང་བ་དེའི་ན་གཟུགས་དུས་ནམ་ཡང་ངེད་བོད་མི་རྣམས་ཀྱི་སྙིང་ན་ཡོད། ད་དུང་ཁོར་དགོས་རྒྱུའི་བོད་ཀྱི་ཐུན་མིན་རིག་གཞུང་ཁར་དེང་དུས་ཤེས་ཡོན་དང་ཉམས་མྱོང་སོགས་ཕུན་ཚོགས་མེད་པར་མི་དགོས་རྒྱུའི་མཁས་དབང་ཟེར་བའི་མིང་བྱང་སྟོང་པས་ངེད་བོད་མིའི་མགོ་ལ་བསྡོད་འདོད་པ་ངོ་ཚ་བྲལ་བའི་ལྕགས་སྡོང་རང་རེད། མཁས་དབང་ཟེར་བའི་གོ་དོན་ཙམ་ཤེས་ཀྱི་ཡོད་དམ། བཀའ་ཁྲིར་བྱེད་པར་ཆ་རྐྱེན་དང་པོ་ག་རེ་དགོས་མིན་ཡང་ང་ཚོ་བོད་མི་རྣམས་དང་ལྷག་པར་མི་རབས་གསར་པ་ཟེར་བའི་གླེན་པ་རྣམས་ཀྱིས་ངེས་པར་ཤེས་དགོས།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese