མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གདོད་མ་ནས་རྒྱ་ནག་གི་ཆ་ཤས་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཐང་ཏན་ཧོང་གིས་བརྩམས་དོན་གོས་བོད་བསྒྱུར་བྱས།

རྒྱ་ནག་གི་མི་མང་པོ་ཞིག་གིས་བོད་དེ་གདོད་མ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་འདུ་ཤེས་བཅངས་ཡོད་ཀྱང་། བོད་མི་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ས་བཙན་བཟུང་མ་བྱས་པའི་ཡར་སྔོན་དུ་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཞིག་དང་། རྒྱ་ནག་དང་ཁ་ཁར་གནས་པའི་རྒྱལ་ཁབ་ཅིག་ཡིན་པའི་གནས་ལུགས་དེ་རྒྱུན་འཁྱོངས་བྱེད་ཀྱི་ཡོད།   

ད་ལྟའི་བར་མིའི་འཇིག་རྟེན་འདིར་ཁུངས་ལུང་མེད་པའི་ཁྱད་མཚར་གྱི་བཤད་ཡམས་རྒྱུན་ཆད་མ་མྱོང་ལ། ལྷག་པར་དུ་འཛམ་གླིང་ཤར་ཕྱོགས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི་ ༩༠༠ ལྷག་ཡོད་པའི་དམར་པོའི་སྲིད་གཞུང་དུ་མི་མང་ལ་བརྒྱུད་སྒྲོག་བྱེད་ཀྱིན་པ་ནི། དོན་ངོ་མའི་བོད་དེ་སུ་ལ་དབང་མིན་གྱི་གནས་ཚུལ་ཙམ་ལས། གདོད་མ་ནས་བོད་རང་གི་ས་ཐོག་ཏུ་འཚོ་ཞིང་གཞེས་པའི་བོད་མའི་བཤད་རྒྱུན་སྣང་མེད་དུ་བཏང་སྟེ། ༡༩༤༩ ལོ་ནས་བཟུང་རྒྱ་ནག་གི་སྲིད་དབང་བདག་བཟུང་བྱེད་མཁན་ནམ། གུང་ཁྲན་གཞུང་གི་སྐད་ཆ་བདེན་པར་འཛིན་དགོས་པའི་གནས་སྟངས་ཆགས་ཡོད། 

བོད་གདོད་མ་ནས་རྒྱ་ནག་གི་ཆ་ཤས་ཡིན་མིན་གྱི་གནད་དོན་ཐད། རྒྱ་ནག་གཞུང་གིས་ནུབ་ཕྱོགས་པའི་གནོན་ཤུགས་ལས་གཡོལ་ཆེད་རང་མཐོང་གཞན་གནོན་གྱི་ཚུལ་དུ་བསྡད་དེ། ཏཱ་ལའི་བླ་མའི་སྐུ་ཚབ་དང་ཐེངས་མང་འབྲེལ་མོལ་བྱས་པའི་ཁྲོད་ཆ་རྐྱེན་དེ་གལ་ཆེན་དུ་བརྩིས་ཏེ། འཛམ་གླིང་ནང་མཚན་སྙན་དང་མི་རིགས་ཆིག་སྒྲིལ་གྱི་ནུས་པ་ཡོད་པའི་བོད་མའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་གིས། བོད་གདོད་མ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱ་དགོས་པའི་རེ་བ་བཏོན་ཡོད། ཡིན་ཡང་། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་དེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་འདུ་ཤེས་ཡོད་པ་དང་། ༡༩༧༩ ལོ་ནས་རང་བཙན་དོར་ཏེ་ཆེས་མཐོའི་རང་སྲིད་རང་སྐྱོང་གི་དགོས་འདུན་འདོན་མཁན་ཏཱ་ལའི་བླ་མར་མཚོན་ན་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད། དེའི་རྒྱུ་མཚན་ཧ་ཅང་ལས་སླ་སྟེ། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་སྟབས། སུ་ཞིག་གིས་ཀྱང་བསྒྱུར་བཅོས་བྱ་མི་ཐུབ། ཅེས་པ་དེ་ཡིན་ལ། སངས་རྒྱས་ཆོས་ལུགས་ཀྱི་སྡོམ་ཁྲིམས་སྲུང་མཁན་ཞིག་དང་ངག་འཆལ་མི་སྨྲ་བའི་དགེ་སློང་ཞིག་གིས་རྫུན་གཏམ་ནི་བཤད་མི་སྲིད་པ་ཞིག་རེད།  

རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ཐེངས་མང་པོར་རྒྱལ་སྤྱི་དང་རྒྱལ་ནང་གི་འདུ་ཚོགས་ཁྲོད་སྐྱོན་བརྗོད་གནང་སྐབས། རྒྱུན་མཚན་དང་པོར། བོད་གདོད་མ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་མ་བྱས་པར། ཏཱ་ལའི་བླ་མས་ཡང་དང་བསྐྱར་དུ། རྒྱ་ནག་གི་མི་དམངས་བཅིང་འགྲོལ་དམག་བོད་ནང་བསླེབས་པའི་དུས་སྐབས་སུའང་བོད་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་ལ། ད་ལྟའི་ཆར་ཡང་བོད་དེ་ཁྲིམས་ལུགས་ཀྱིས་བཙན་དབང་འོག་ཡོད་པའི་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན། ཞེས་བརྗོད་ཀྱིན་ཡོད། ཡིན་ནའང་། ལོ་རྒྱུས་ཀྱི་རྒྱུན་ཤེས་ཅུང་ཙམ་ཡོད་མཁན་གྱི་མི་ཚང་མས་བོད་གདོད་མ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་རྟོགས་ངེས། དེ་ཡང་ཡོན་རྒྱལ་རབས་ནས་བཟུང་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་གནད་དོན་ཐད་རྩོད་གླེང་མེད་པ་དང་། གྲུབ་འབྲས་ལྡན་པའི་སྲིད་ཇུས་ལག་བསྟར་བྱས་ཡོད་ཚུལ་བཤད་ཡོད།

 ནག་ཉེས་གྲངས་མེད་བཟོས་པའི་རྒྱ་ནག་དབང་འཛིན་པའི་བྱེད་སྟངས་ལ་རྒྱ་ནག་མི་མང་ཁྲོད་ཁོང་ཁྲོ་ལངས་མཁན་དང་། རྒྱ་ནག་གཞུང་ཕྱོགས་གིས་ཁྱབ་བསྒྲགས་དེ་རྫུན་གཏམ་ཡིན་པའི་འདུ་ཤེས་འཛིན་བཞིན་ཡོད། ཡིན་ནའང་། བོད་གདོད་མ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་དེ་མིང་གྲགས་ཅན་གྱི་རང་དབང་འཐབ་རྩོད་པ་དང་དམངས་གཙོ་དོན་གཉེར་བ་སོགས་མི་མང་ཆེ་བས་ངོས་ལེན་གནང་གི་ཡོད་ལ། དེར་མ་ཟད། བོད་གདོད་མ་ནས་རྒྱ་ནག་གི་ས་ཁོངས་ཀྱི་ཆ་ཤས་ཡིན་པའི་ལོ་རྒྱུས་ཀྱི་རྒྱུན་ཤེས་དེའི་ཐོག ཁོ་ཚོ་ཚང་མའི་ལྟ་ཚུལ་གཅིག་གྱུར་ཆགས་ཡོད། འདི་ནི་རྒྱུ་མཚན་ལྡན་པ་ཞིག་དང་། བརྟག་དཔྱད་བྱ་དགོས་པའི་བསམ་བློའི་འཁྱེར་སོ་ཞིག་རེད།

 ལོ་རྒྱུས་ཀྱི་རྒྱུན་ཤེས་རེད་ཅེས་བཤད་མཁན་ཞིག་ཡིན་ནའང་། རྒྱུན་ཤེས་དེ་ཇི་ལྟར་བྱུང་མིན་དང་སུས་ང་ཚོར་བརྒྱུད་སྤྲོད་བྱས་མིན་སོགས་ལའང་ལྟ་དགོས། རྒྱ་ནག་ནང་ཁུལ་གྱི་མི་གྲངས་དུང་ཕྱུར་བཅུ་ལྷག་གིས་བོད་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱུན་ཤེས་ཏེ། སློབ་གྲྭའི་སློབ་གསོ་དང་གཞུང་ཕྱོགས་ཀྱི་ཁྱབ་བསྒྲགས་ལས་བྱུང་བ་ཞིག་ཡིན་པའི་ཐད་བསམ་ཚུལ་མི་མཐུན་པ་གཏན་ནས་མེད་ཅིང་། སློབ་གྲྭའི་སློབ་གསོ་དང་གཞུང་གི་ཁྱབ་བསྒྲགས་ཀྱི་སྨྲ་བརྗོད་རང་དབང་དེ་ཡང་རྒྱ་ནག་གཞུང་འཛིན་པའི་སྟངས་འཛིན་འོག་གནས་ཡོད། དེའི་དམིགས་ཡུལ་གཙོ་བོ་སྒེར་གཅོད་པའི་སྲིད་དབང་སྲུང་སྐྱོབ་དང་སྲ་བརྟན་ཡོང་ཆེད་ཡིན་པ་དེའང་། ང་ཚོའི་ཆེས་གཞི་རྩའི་རྒྱུན་ཤེས་ཤིག་ཆགས་ཡོད། བོད་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱུན་ཤེས་ཡོད་ཚད་ཀྱང་གནས་སྟངས་འདི་འདྲའི་འོག་ནས་རྒྱ་ནག་སྲིད་གཞུང་གིས་ང་ཚོར་བཤད་ཡོང་བ་ཞིག་རེད། གནད་དོན་ནི། རྒྱུན་ཤེས་དེ་འཛམ་གླིང་ཡོངས་ཁྱབ་ཀྱིས་ངོས་འཛིན་བྱེད་བཞིན་པའི་རྒྱུན་ཤེས་ཤིག་ཡིན་མིན་དང་། དེའི་ནང་བོད་མི་རིགས་རང་གི་རྗོད་ཀྱིན་པའི་རྒྱུན་ཤེས་ཚུད་ཡོད་མེད། ང་ཚོས་དངོས་ནས་བོད་མི་རིགས་རང་གི་རྒྱུན་ཤེས་ཅི་ལྟ་བུ་ཞིག་ཡིན་མིན་རྟོགས་ཐུབ་ཀྱི་ཡོད་མེད།  རྒྱ་རིགས་དང་བོད་རིགས་ཀྱི་རྒྱུན་ཤེས་ལས་གང་ཞིག་ནི་འཛམ་གླིང་ཡོངས་ཁྱབ་ཀྱིས་ངོས་ལེན་བྱེད་ཀྱིན་པའི་རྒྱུན་ཤེས་ཡིན་མིན། རྒྱ་ནག་དབང་འཛིན་པ་དང་བོད་མི་གང་གིས་ཀྱང་མ་ཡིན་པར། ཁུངས་ཐུབ་ཀྱི་རིག་གཞུང་ཞིབ་འཇུག་ལས་ཐོན་པའི་སྤྱི་མཐུན་གྱི་སྡོམ་ཚིག་ཅིག་ཡོད་མེད་བཅས་རེད།

 དངོས་ནས་བཤད་ན་རྒྱུན་ཤེས་ལའང་སྟབས་བདེ་འམ་ཡང་ན་མགོ་རྟིང་སློག་མི་ཐུབ་པའི་གཏན་ཚིགས་རང་བཞིན་ཞིག་འདུག་སྟེ། དཔེར་ན། ཡོན་རྒྱལ་རབས་དེ་རྒྱ་ནག་ཡིན་མིན་དང་། བོད་དང་ཡོན་རྒྱལ་རབས་སྐབས་ཀྱི་འབྲེལ་བ་དེ་བོད་སོག་འབྲེལ་བ་དང་། ཡང་ན་རྒྱ་ནག་བར་གྱི་འབྲེལ་བ་ཡིན་མིན། དེ་བཞིན། ཆིན་རྒྱལ་རབས་ནི་རྒྱ་ནག་ཡིན་མིན་དང་། སྐབས་དེའི་ཏཱ་ལའི་བླ་མ་དང་ཆིན་གོང་མའི་བར་གྱི་འབྲེལ་ལམ་དེ་ཏཱ་ལའི་བླ་མ་དང་རྒྱ་ནག་བར་གྱི་འབྲེལ་བ་ཡིན་མིན། རྒྱ་ནག་དང་ཀྲུང་ཧྭ་མི་རིགས། ཡན་ཧོང་མེས་པོའི་བུ་རྒྱུད་སོགས་ཀྱི་གོ་དོན་ངོ་མ་ཅི་ཞིག་ཡིན་མིན་དང་། སུས་དུས་ནམ་ཞིག་ལ་གོ་དོན་འདི་གཏན་འཁེལ་བྱུང་བ་དང་། སུ་ཞིག་གིས་འདི་ལ་ངོས་ལེན་བྱེད་ཀྱིན་ཡོད་མེད་སོགས་ཀྱང་རྟོགས་དགོས་པར་བསམ།

མོན་ཁྲེར་རེལ་རྒྱལ་སྤྱིའི་ཞིབ་འཇུག་སློབ་གླིང་གི་རྒྱལ་སྤྱིའི་ཁྲིམས་དོན་མཁས་དབང་དང་བོད་རིག་པའི་སློབ་དཔོན་ཆེན་མོ། ཝ་ཤིན་ཊོན་མངའ་སྡེ་དང་ལོན་ཌོན་རྒྱལ་སྤྱིའི་ཁྲིམས་རྩོད་པ་ཆེན་མོ་སྐུ་ཞབས་མེལ་ཁེལ་སེ་ཝན་ཕུ་རེལ་གྷི་ Michael C.Van Walt Van Praag ཡིས་གསུང་རྩོམ༼བོད་ཀྱི་གནས་བབ།༽རྒྱལ་སྤྱིའི་ཁྲིམས་དོན་གྱི་ལོ་རྒྱུས་དང་ཐོབ་ཐང་། མདུན་ལམ་བཅས་ཀྱི་དོན་གནད། ཞེས་པའི་དཔེ་དེབ་ནང་རྩོམ་པ་པོས་བོད་དང་འབྲེལ་ཡོད་ཀྱི་ཡིག་ཆ་འཚོལ་བསྡུ་དང་ཁུངས་གཏུགས།  བོད་ཀྱི་འདས་སོང་དང་ད་ལྟའི་ཁྲིམས་དོན་གྱི་གནས་བབ་བཅས་ལ་གཞུང་ལུགས་རང་བཞིན་དང་གཟབ་ནན་གྱི་སྒོ་ནས་ཁུངས་སྐྱེལ་རྒྱས་བཤད་ཡང་དག་བྱས་ཏེ། ང་ཚོར་རྒྱ་ནག་གིས་བཤད་པའི་ལོ་རྒྱུས་རྒྱུན་ཤེས་དང་མི་མཐུན་པའི་ལོ་རྒྱུས་རྒྱས་བཤད་ཀྱི་ཀློག་དེབ་ཞིག་མཐུན་སྦྱོར་བྱས་ཡོད། 

དཔེ་དེབ་དེ་རྒྱ་ནག་གི་ལོ་རྒྱུས་རྒྱུན་ཤེས་ཡོད་མཁན་ཚོའི་བློ་ཡིད་དུ་ཤོང་གི་མེད། ཡིན་ནའང་། རྒྱ་ནག་གཞུང་གི་ལག་འོག་ཏུ་ལོ་རྒྱུས་སྨྲ་བ་དང་བོད་རིག་པའི་ཆེད་མཁས་པ་མང་པོ་ཞིག་ཡོད་ལ། དེ་བཞིན་འབྲེལ་ཡོད་ཡིག་ཆ་སྣ་ཚོགས་ཀྱི་མཐུན་རྐྱེན་འཛོམ་པོ་ཡོད་ཀྱང་། ཞིབ་ཚགས་པའི་སྒོ་ནས་རིག་གཞུང་དང་ཁྲིམས་ལུགས་ཀྱི་ངོས་ཐད་ནས་དེབ་འདིའི་ལྟ་ཚུལ་ལ་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་དགག་ལན་ཞིག་ཅིའི་ཕྱིར་མེད་སོང་བ་རེད།

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

སྐར་མ ༣༣ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༣ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༦ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

མཆན། 2

  1. དུག་མདའ། says:
    ལོ་ 16 སྔོན།

    བོད་རྒྱ་ཁོངས་ཡིན་པའི་བདེན་དཔང་ཆེ་ཤོས་ཞིག་ནི་རྒྱ་དུང་ཕྱུར་བཅུ་དཔུང་དུ་བསྒྲིགས་ནས་མགྲིན་གཅིག་ལན་གཅིག་གིས་༼བོད་ནི་གདོད་མ་ནས་རྒྱ་ནག་གི་ཆ་ཤས་ཞིག་ཡིན།༽ཞེས་བཀླགས་པ་དེ་ཡིན་ལ། འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ནང་དེ་རྒྱུ་མཚན་དུ་མི་འགྲོ་བར་བཤད་མཁན་སུ་ཡང་བྱུང་མེད། ནམ་ཞིག་འགྲོ་ལུགས་མི་ཤེས་བ་ཞིག་གིས་དེ་ཙམ་མི་ཆོག་པར་ཁུངས་ཐུབ་ཡིག་ཆ་དགོས་ཟེར་ཚེ། རྒྱ་ནག་པས་ང་ཚོ་ལ་ཁོངས་ཐུབ་ཡིག་ཆ་རྡུལ་ཕྲན་མཚོན་ཆ་སུམ་ཅུ་བཞི་བཅུ་ཡོད་ཟེར་བར་འགྱུར་ལ། དེ་དཔྱད་སྡུར་བྱས་ནས་གཏིང་ཐག་གཅོད་མཁན་ཞིག་མི་སྲིད་དོ། དེའི་ཕྱིར་རྒྱལ་བའི་དབང་པོས་ཀྱང་ང་ཚོའི་བར་དུ་སྐབས་ཀྱི་གནད་དོན་ཐག་གཅོད་པ་ལས་ལོ་རྒྱུས་ཀྱི་གནད་དོན་ནི་ལོ་རྒྱུས་སྨྲ་བ་རང་ལ་བཞག་ཞོགས་གསུངས་དགོས་བྱུང་བ་ཡིན་ནོ།

    Reply
  2. གནས་ཚང་། says:
    ལོ་ 16 སྔོན།

    བཀའ་ཤག་གིས་འཐབ་ཕྱོགས་གཅིག་གྱུར་ཁང་ལ་སྤྱན་ཕུལ་ཞུས་པའི་འཚང་སྙན་གསང་བ་མ་དེ་བོད་གདོད་མ་ནས་རྒྱ་ཁོངས་ཡིན་པར་ངོས་ལེན་བྱེད་པའི་སྔོན་འགྲོ་ལྟ་བུ་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese