མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་དྲག་འཚོལ་བ། – བུ་རིག་ལྡན།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

 

བོད་ས་རྒྱ་དམར་གྱིས་ཁྲིམས་འགལ་ཐོག་བཙན་བཟུང་བྱས་པ་ནས་བཟུང་།  བོད་ནང་ལ་ “སྐུ་དྲགས་” རྩ་མེད་བཟོ་དགོས་པའི་ཚ་རླབས་ཤིག་འཕྱུར་བ་རེད། “བཤུ་གཞོག་གྲལ་རིམ་མེད་པར་བཟོས་ནས་དམངས་ལ་རང་དབང་སྤྲོད་”པའི་དར་ཆའི་འོག་ནས་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་གཏོར་རྒོལ་བློ་ཡུལ་ལས་འདས་པ་ཞིག་བཏང་བ་མ་ཟད། དུས་རབས་ཉེར་གཅིག་པའི་དེང་གི་དུས་སུ་ད་དུང་ཡང་གཏོང་བཞིན་ཡོད།

ལོ་རྒྱུས་ཐོག་ནས་བཤད་ན་བོད་ཙམ་དུ་མ་ཟད། རྒྱ་ནག་གཏོགས་པའི་འཛམ་གླིང་ཁྱོན་དུ་སྐུ་དྲག་རིང་ལུགས་བྱུང་མྱོང་ཡོད་པ་ནི་སུས་ཀྱང་སྦེད་ཐབས་མེད་པ་ཞིག་རེད།  དེ་ནི་ཁྱིམ་རྒྱུད་ཀྱི་རྒྱུ་ནོར་དང་།  དབང་གྲགས་སོགས་ཕ་ཤུལ་བུ་འཛིན་བྱས་ཏེ་འོང་བའི་ལམ་ལུགས་ཤིག་རེད་ལ།  དེར་ཕ་དཔོན་པོ་ཡིན་ན་དེའི་བུ་ཡང་དཔོན་པོ་ཆགས་འགྲོ་བ་ཞིག་དང་།  ཕ་གཡོག་པོ་ཡིན་ན་དེའི་བུ་རབས་ཚ་རྒྱུད་ཀྱང་གཡོག་པོ་རང་དུ་གནས་དགོས་པ་ཞིག་ལ་ད་གཟོད་སྐུ་དྲགས་ལམ་ལུགས་སུ་འབོད་པ་རེད།  འོན་ཀྱང་།  དེང་སྐབས་བོད་པའི་སྤྱི་ཚོགས་ཀྱི་སྐུ་དྲགས་ཟེར་བ་དེ་སུ་ཡིན་ནམ། ཅི་འདྲ་ཞིག་ཡིན་ནམ། 

རྒྱ་ནག་གིས་བཙན་བྱོལ་བོད་གཞུང་ལ་ “སྲིད་དབང་སྒེར་འཛིན་གྱི་སྐུ་དྲག་ལམ་ལུགས་བསྐྱར་སློང་བྱེད་ཀྱི་འདུག་” ཅེས་པའི་ཉེས་མིང་འགེལ་བྱེད་ཀྱི་ཡོད་མོད། དོན་དངོས་སུ་ ༡༩༥༩ ལོའི་ཡར་སྔོན་གྱི་སྐུ་དྲག་རིང་ལུགས་དེར་བཤད་ཀྱི་ཡོད་ན་ནི་གཟུགས་མེད་ཀྱི་གྲིབ་གཟུགས་ཡིན་པ་ལོང་བས་ཀྱང་མཐོང་ཚོད་ཡིན་ཏེ། བཙན་བྱོལ་བོད་གཞུང་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་དབང་གཅིག་སྡུད་ཀྱི་དྲག་སྤྱོད་ལམ་ལུགས་ནས་ཆེས་ཆེར་བརྒལ་བའི་དམངས་གཙོའི་གཞུང་ཞིག་ཏུ་གྱུར་ཡོད་པ་འཛམ་གླིང་སྐྱེ་བོ་ཀུན་གྱིས་མཐོང་ཡོད།

གལ་སྲིད་རྒྱ་དམར་གྱིས་བཤད་ཀྱིན་པའི་ “སྐུ་དྲག་རིང་ལུགས་” ནི་ཕ་ཤུལ་བུ་འཛིན་གྱི་ལམ་ལུགས་དེར་བཤད་པ་མ་ཡིན་པར། མིའི་བསམ་བློའི་འཁྱེར་སོ་ཞིག་སྟེ། སྔོན་གྱི་རྣམ་པ་འགྱུར་བའི་ “སྐུ་དྲག་”ལམ་ལུགས་ཤིག་ལ་རྗོད་ཀྱིན་ཡོད་ན། རྒྱ་ནག་སྲིད་གཞུང་རང་དང་དེའི་གནད་ཡོད་མི་སྣ་དག་ནི་རྣམ་པ་འགྱུར་བའི་ “སྐུ་དྲག་”གི་དཔེར་མཚོན་གསོན་པོ་གཅིག་པུ་དེ་ཆགས་ཡོད།

རྣམ་པ་འགྱུར་བའི་“སྐུ་དྲག་”ཟེར་བ་ནི་ཕ་ཤུལ་བུ་འཛིན་གྱིས་འོང་བ་ཞིག་ཡིན་མི་དགོས་པ་མ་ཟད། མཐའ་ན་དེ་སྔོན་གཡོག་པོ་ཡིན་ཡང་རྗེས་སུ་“སྐུ་དྲག་”ཏུ་འགྱུར་ཆོག་པ་ཞིག་སྟེ། མདོར་བསྡུས་ན་དེ་ནི་ “མི་ངན་ལ་དབང་ཐེབས་ན་ཁྱི་རྒན་ལ་སྒ་གཏོད་” ཅེས་པའི་དཔེ་ལྟ་བུ་ཞིག་རེད། ད་དུང་ཁ་གསལ་ཙམ་བརྗོད་ན།  ཡོད་ཚད་རང་ཉིད་ཀྱི་ཞེན་འདོད་ཁོ་ནར་བརྟེན་ནས་(ཆེ་ཆུང་ལ་མ་ལྟོས་པའི་)དབང་ཤུགས་བེད་སྤྱད་དེ། ཕ་རོལ་བའི་མགོ་གནོན་ཐབས་བྱེད་པ་ཞིག་ལ་ཟེར་བ་རེད།  དེའི་དཔེར་མཚོན་དུ་ཡང་རྒྱ་དམར་སྲིད་གཞུང་དང་དེའི་གནད་ཡོད་མི་སྣ་མང་ཤོས་འཇོག་ཆོག་པ་སྟེ།  མའོ་ཡིས་ཞིང་དབུལ་མི་དམངས་ངན་སློང་གིས་གོ་མིན་ཏང་སྲིད་གཞུང་གི་ལག་ནས་དབང་ཆ་འཕྲོགས་རྗེས། ཞིང་དབུལ་ཁྱིམ་ཚང་ནས་ཐོན་པའི་ “དཔོན་རིགས་” ཚོས་མི་མང་དམར་གསོད་ཀྱི་ཁྲག་གི་འཁོར་ལོ་བསྐོར་སོང་བ་ལྟ་བུ་རེད།

བསམ་བློའི་ཐོག་གི་“སྐུ་དྲག་”ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྱོན་དུའང་རྙེད་དུ་ཡོད་ལ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཁུངས་ཁག དགོན་སྡེ་དང་།  སློབ་གྲྭ།  མཐའ་ན་རྒན་གསོ་ཁང་སོགས་སུ་ཡང་ཡོད་ངེས་པ་ཞིག་རེད།  འདི་ནི་ཁྲིམས་ལུགས་ཀྱི་འདུ་ཤེས་དང་། མི་གཞིའི་རིན་ཐང་།  བསམ་བློའི་གོ་རྟོགས་ཞན་པའི་མིའི་(ཡི་གེ་འབྲི་ཀློག་ཙམ་གྱི་སློབ་སྦྱོང་ཙམ་མམ། ཡང་ན་བརྡ་ཙམ་ལས་དོན་གྱི་སྙིང་བོ་མ་ལོན་པའི་དཔེ་ཆ་བ་དང་རང་ཚུགས་ཐུབ་ཀྱི་ལྟ་བ་དང་རང་ཚུགས་ཐུབ་ཀྱི་བསམ་བློ་མེད་པའི་)རིགས་ཀྱི་ཞན་ཆ་གཙོ་བོ་དེ་རེད།

འདི་ལྟའི་སྐུ་དྲག་ནི་དུས་རབས་འདིའི་མིའི་རིགས་སྤྱི་དང་། ཁྱད་པར་དུ་ཡང་རང་ཡུལ་དགྲ་ལག་ཏུ་ཤོར་བའི་འཐབ་རྩོད་པ་ཚོའི་ “དགྲ་བོ” ངོ་མ་དེ་ཡིན།  དགྲ་བོ་འདིར་མི་རིགས་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པས། དགྲ་བོ་འདིར་ང་ཚོ་གང་ནས་ཐུག་ཀྱང་མཐའ་གཅིག་ཏུ་ངོ་རྒོལ་དང་འཐབ་རྩོད་བྱ་དགོས།  འདི་ནི་མིའི་རང་དབང་དང་རྣམ་དཔྱོད་ཀྱི་སྐྱེ་སྒོ་འགོག་མཁན་གྱི་གཏེ་བོ་དེ་རེད།  

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

སྐར་མ ༣༣ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༣ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༦ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

མཆན། 5

  1. tsering tashi says:
    ལོ་ 16 སྔོན།

    ༸གོང་ས་ཆོག་དང་ཁོང་གྱི་སྐུ་འཁོར་ཚོ་ཡང་བརྐུ་དྲག་ཡིན་གྱི་རེད་པ།

    Reply
  2. ཨ་ཕོ་མཐུ་ཆེན། says:
    ལོ་ 16 སྔོན།

    དག་ཆ་མ་དག་རྒྱུན་འབྱམས་སུ་སོང་བ་རེད། སྐབས་དེའི་ཚེ་དམངས་ཀྱིས་བརྐུ་དྲག་ཅེས་འབོད་ཀྱི་ཡོད་ཀྱང་ཡི་གེ་མཐོ་རིམ་མི་སྣ་ཚོས་འབྲི་ཤེས་པས་ཁོ་ཚོས་ངག་གི་བརྗོད་པའི་བརྐུ་དྲཾག་དེ་ཡི་གེར་སྐུ་དྲག་ལ་བཟོས་པ་རེད།

    Reply
  3. གནས་ཚང་། says:
    ལོ་ 16 སྔོན།

    མངོན་པར་བསྟོད་དོ། རྐུབ་སྟེགས་མི་སྤྲོད་པའི་སྐུ་དྲག་གསར་བ་ཚོར་དེ་ལས་ཀྱང་རྒོལ་རྡུང་ནན་ཙམ་གཏོང་དགོས་པ་མིན་འགྲོ། ལོ་ལགས་སོ། ད་སྡོད་ཞོག་ཅེས་པར་བསྒྱུར་བྱུང་ན་ཡག་འགྲོ

    Reply
  4. སྒྲོལ་མ་མེ་ཏོག says:
    ལོ་ 16 སྔོན།

    མ་གཞི་ནས་”སྐུ་དྲགས་གསར་པ་”དེ་ཚོར་ངོས་ལེན་མེད། དེ་ཁོ་རང་ཚོ་མི་ཁ་ཤས་ཀྱིས་མིང་བཏགས་ནས་བཤད་བཞག་པ་དེ་འདྲ་རེད།
    སྐུ་དྲགས་ངོ་མ་དེ་ཚོ་ས་འོག་གི་གྲོག་མ་ཡན་ཆོད་ཀྱིས་ངོ་ཤེས་ཀྱི་རེད། འོན་ཀྱང་ལེའུ་དེ་རྫོགས་ཚར་བ་རེད། ད་ལྟ་མང་གཙོའི་ལམ་ལུགས་ཐོག་བསྐྱོད་བཞིན་ཡོད་པས་སྐུ་དྲགས་སམ་སྤྲང་པོ་སུ་ཡིན་རུང་། མི་གཅིག་ལ་འོས་གཅིག་གི་ཐོབ་ཐང་འདྲ་མཉམ་ཡོད། རྒྱལ་ཁབ་གཞན་དག་ནང་”Elite Group”ཞེས་པ་དེ་ཐལ་རྡུལ་ཁྲོད་འཕངས་ཟིན་པ་བཞིན། ང་ཚོའི་སྐུ་དྲགས་མི་དྲགས་ཟེར་བ་དེ་ཡང་དེ་བཞིན་དུ་ལེའུ་རྫོགས་ཟིན་པ་ཞིག་རེད། ད་དུང་འགའ་ཤས་ཀྱིས་ལུང་ཆུང་གི་དཔོན་ཆུང་ཡིན་མདོག་མདོག་བྱེད་མཁན་དེ་འདྲ་ཡང་འདུག་པས་་་་་་་་་་་་་་སྙིང་རྗེ།

    Reply
  5. མཁས་བཙུན། says:
    ལོ་ 16 སྔོན།

    སྐུ་དྲག་ཡག་པོ་ཞིག་བརྙེད་ཤག འོན་ཀྱང་མིང་དེ་སྐུ་ཞན་བཏགས་ན་ཡག་པ་མེད་འགྲོ།
    སྐུ་དྲགས་ཞེས་པ་ནི་དངོས་མིང་རྗེས་གྲུབ་སྟེ། སྐུའི་དབང་འབྱོར་ཅི་རིགས་ཀྱི་སྒོ་ནས་དྲག་པའམ་་ཡག་པ་དེ་ལ་ཟེར་ཀྱི་ཡོད་ཚོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese