ད་ཆར་ངྷ་རམ་ས་ལ་ཁུལ་དུ་རྐུན་མ་ཇེ་མང་དུ་ཕྱིན་ཏེ་ལས་ཁུངས་དང་སློབ་གྲྭ། སྒེར་གྱི་ཟ་ཁང་དང་ཚོང་ཁང་སོགས་ནས་ཅ་དངོས་མང་པོ་རྐུ་ལ་ཤོར་བཞིན་ཡོད་པ་ལྟར། ཉེ་ཆར་དབུས་བོད་གཞུང་སྨན་རྩིས་ཁང་ནས་རིན་ཆེན་རིལ་བུ་མང་པོ་ཞིག་རྐུ་ལ་ཤོར་ཡོད་འདུག
ཕྱི་ཚེས་ ༢༡ ཉིན་གྱི་མཚན་གུང་ཆུ་ཚོད་ ༢ ཡས་མས་སུ་བོད་གཞུང་སྨན་རྩིས་ཁང་གི་ཡིག་ཚང་འོག་ཤོད་སྨན་མཛོད་ཁང་དུ་རྐུན་མ་འཛུལ་ཏེ། རིན་ཆེན་རིལ་བུ་ཤོག་སྒམ་གཅིག་དང་ཕྱེད་ཙམ་རྐུ་ལ་ཤོར་ཏེ་ཧིན་སྒོར་ཆིག་འབུམ་ལྔ་སྟོང་༡༠༥༠༠༠ ལྷག་གི་གྱོང་ཕོག་ཡོད་འདུག
གོང་གསལ་གནས་ཚུལ་འདི་དང་འབྲེལ་ཏེ་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟའི་ཆར་ངྷ་རམ་ས་ལ་ཁུལ་དུ་རྐུན་མའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཀྱི་ཡོད་འདུག་ལ། ཉེ་ལམ་བོད་གཞུང་བདེ་ལེགས་སྨན་ཁང་དང་ཤེས་རབ་དགའ་ཚལ་སློབ་གླིང་། དེ་བཞིན། བཞུགས་སྒར་གཡས་གཡོན་གྱི་དགོན་སྡེ་ཁག་དང་སློབ་གྲྭ་ཁག གཞུང་སྒེར་གྱི་ལས་ཁུངས་འགའ་རེ། སྒེར་གྱི་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་སོགས་སུ་རྐུན་མ་འཛུལ་བའི་གནས་ཚུལ་རབས་དང་རིམ་པ་བྱུང་ཡོད་པ་མ་ཟད། མི་སྒེར་གྱི་སྡོད་ཁང་དང་སྲང་བར་གྱི་ཅ་དངོས་རིགས་མང་པོ་རྐུ་ལ་ཤོར་གྱི་ཡོད་འདུག དེ་དག་མང་ཆེ་བ་ངྷ་ས་ཁུལ་གྱི་བོད་རིགས་གཞོན་སྐྱེས་ལས་མེད་ཚོ་དང་། བཙན་བྱོལ་སློབ་གྲྭ་ཁག་ནས་ཁོངས་མ་འཁྱོལ་མཁན། ཆང་རག་དང་མྱོས་རྫས་རིགས་བེད་སྤྱོད་ཀྱིས་མི་གཞི་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་མཁན་དག་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། ས་གནས་རྒྱ་གར་ཡུལ་མི་རེ་འགའ་དང་ཕྱོགས་མཐའ་ནས་ཡོང་བའི་རྒྱ་གར་སྤྲང་པོ་ཚོའི་ཁྲོད་དུ་ཡང་ཀུན་སྤྱོད་མི་ལེགས་པ་མང་པོ་ཡོང་གི་ཡོད་རབས་འདུག
དབུས་སྨན་རྩིས་ཁང་དུ་རྐུན་མ་འཛུལ་བའི་གནད་དོན་དེའི་ཐད། ཕྱི་ཚེས་ ༢༥ ཉིན་འདི་གའི་གསར་འགོད་པས་སྨན་རྩིས་ཁང་གི་དྲུང་ཆེ་རིང་ཕུན་ཚོགས་ལགས་སུ་ཞིབ་ཕྲའི་གནས་ཚུལ་བཅར་འདྲི་བྱས་པར། ཁོང་གིས་ངོ་སྤྲོད་གནང་དོན། བོད་གཞུང་སྨན་རྩིས་ཁང་དུ་རྐུ་མ་ཤོར་བ་ད་ཐེངས་གཅུག་པུ་ཙམ་མ་རེད། སྔོན་མ་ནས་དགུན་ཁའི་གནམ་གཤིས་དང་བསྟུན་ཏེ། འགྲེམས་སྟོན་ཁང་དང་སྨན་ཁང་། སྨན་རྩིས་ཁང་གི་ཡན་ལག་སོགས་སུ་རྐུན་མ་ཡང་ཡང་འཛུལ་ཏེ་ཅ་དངོས་དང་དངུལ་འབོར་ཆེན་རྐུ་ལ་ཤོར་བ་དང་། ལྷག་པར་དུ་འགྲེམས་སྟོན་ཁང་ནས་དངུལ་གྱིས་བཟོས་བའི་ཅ་དངོས་སོགས་རྩ་ཆེན་མང་པོ་ཁྱེར་མྱོང་བ་རེད། ཕྱིས་སུ་ང་ཚོས་མཚན་སྲུང་ཇེ་མང་དང་སྒོ་ཟྭ་སོགས་བརྟན་པོ་བཟོ་རྒྱུའི་ཐད་གྲོས་བསྡུར་བྱས་ཀྱང་། ད་བར་ལས་ཀ་དེ་དག་ལག་བསྟར་མ་ཐུབ་པར་ལྷག་སྟབས། ཐེངས་འདིར་ཡང་བསྐྱར་སྨན་རྩིས་ཁང་ཡིག་ཚང་འོག་ཤོད་ཀྱི་ཕྱི་སྒོ་དང་ནང་སྒོ་གཉིས་ཀྱི་ཟྭ་གཏོར་ཏེ་སྨན་མཛོད་ཁང་ལ་རྐུ་ཤོར་འདུག ཅེས་དང་།
ཁོང་གིས་མུ་མཐུད་དུ་བརྗོད་དོན། རྐུན་མས་སྨན་མཛོད་ཁང་ནས་རིན་ཆེན་རིལ་བུ་སྒམ་གསུམ་འཁྱེར་རྩིས་བྱས་འདུག་ཀྱང་། སྐབས་དེར་མཚན་སྲུང་བས་ཤེས་རྟོགས་བྱུང་ཡོད་སྟབས། སྒམ་གསུམ་ལས་གཅིག་དང་ཕྱེད་ཀ་ལྷག་གཡུགས་ཏེ་བྲོས་འདུག ཐེངས་འདིར་རྐུ་ལ་ཤོར་བའི་རིན་ཆེན་རིལ་བུ་དེ་དག་ལ་ཁྱོན་བསྡོམས་ཧིན་སྒོར་འབུམ་ ༡ དང་སྟོང་ཕྲག་ ༥༠༠༠ ཙམ་ལ་གནས་འདུག ཅེས་ངོ་སྤྲོད་གནང་བྱུང་།
ཡང་ཁོང་ལ་དོགས་ཡོད་ཉེས་ཅན་སུ་ཡིན་ཤེས་རྟོགས་བྱུང་ཡོད་མེད་དྲིས་པར། སྤྱིར་བཏང་ཅ་དངོས་རྐུ་ལ་ཤོར་བའི་གནད་དོན་དེ་བོད་པ་ཙམ་མིན་པར། རྒྱ་གར་གྱི་ལས་ཁུངས་ཁག་དང་ཁྱིམ་ཚང་སོགས་སུའང་དོན་དག་དེ་རིགས་འབྱུང་བཞིན་འདུག ཡིན་ནའང་། ཐེངས་འདིར་ང་ཚོ་བོད་པའི་སྤྱི་ཚོགས་ནང་རྐུ་བརྒྱབ་པ་དང་། ལྷག་པར་དུ་བོད་པའི་སྤྱི་ཚོགས་ལ་རྒྱུས་མངའ་ཡོད་མཁན་ཞིག་གི་བཟོ་ལྟ་ཡོད་སྟབས། ང་ཚོས་བོད་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། རྒྱ་གར་བ་ཚོས་ང་ཚོའི་ཅ་ལག་གང་དུ་བཞག་ཡོད་མེད་ཤེས་རྟོགས་ཐུབ་པ་མ་རེད་ལ། ལྷག་པར་དུ་རིན་ཆེན་རིལ་བུར་དམིགས་ཡོད་པ་འདིས་རྐུན་མ་བོད་པ་ཡིན་པ་བདེན་དཔང་བྱས་ཡོད་པ་རེད། དེ་རྐུན་མའི་ཅ་དངོས་ཁག་ཅིག་ལུས་ཡོད་པ་ལས་ཀྱང་ར་སྤྲོད་གསལ་བོ་ཐུབ་ཀྱི་འདུག ཅེས་དང་། ད་ལྟའི་ཆར་ང་ཚོས་རྒྱ་གར་ཉེན་རྟོག་པ་སོགས་ལ་གནས་ཚུལ་ཡར་ཞུ་བྱས་མེད་ལ་བྱ་འཆར་ཡང་མེད། ང་ཚོ་རང་ངོས་ནས་མ་འོངས་པར་ལས་ཁུངས་ཁག་དང་སྨན་མཛོད་ཁང་། དེ་བཞིན་སྨན་ཁང་སོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ཇེ་ལེགས་སུ་གཏོང་རྒྱུ་དང་། མཚན་སྲུང་བ་ཇེ་མང་དུ་བཏང་སྟེ་དོ་དམ་ཡག་པོ་བྱ་ཐབས་ལ་འབད་བརྩོན་བྱ་རྒྱུ་ལས། དམིགས་བསལ་ཉེན་རྟོག་པ་དང་བདེ་སྲུང་སོགས་ལ་སྐད་བཏང་སྟེ་ཞིབ་འཇུག་བྱ་རྒྱུའི་འཆར་གཞི་མེད། ཅེས་བརྗོད་བྱུང་།
ཡང་གསར་འགོད་པས་ཁོང་ལ། མ་འོངས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རྐུ་འཕྲོག་གི་ཉེས་འགལ་རིགས་མི་འབྱུང་ཆེད་ཐབས་ལམ་ག་འདྲ་གཟིགས་ཀྱི་ཡོད་མེད་དྲིས་པར་ཁོང་གིས། སྤྱིར་རྐུན་མའི་ལས་ཀ་དེ་ཆོས་དང་འཇིག་རྟེན་གཉིས་ཐད་ནས་ཡག་རྟགས་ཤིག་མ་རེད། སྤྱི་ཚོགས་ནང་ལས་མེད་མང་བ་དང་། ཟ་འཐུང་གི་ཆ་རྐྱེན་སྐྱོ་བ། ཆང་རག་དང་ཉལ་ཐའི་རིགས་སྤྱོད་མཁན་མང་བ་སོགས་སྤྱི་ཚོགས་ཀྱི་གནས་སྟངས་ཡག་པོ་མེད་པའི་དབང་གིས་ཡོང་གི་ཡོད་པ་རེད། ང་རང་གི་བསམ་པར། བོད་གཞུང་བཀའ་ཤག་ནས་བཟུང་སྟེ་ཚོགས་པ་ཁག་གིས་མ་འོངས་པར་ང་ཚོའི་སྤྱི་ཚོགས་ནང་ལས་མེད་ག་ཚོད་ཡོད་མེད་དང་སྐྱོ་བོ་ཉམ་ཐག་གི་གནས་སྟངས་གང་འདྲ་ཡིན་མིན་བཅས་ལ་ཞིབ་འཇུག་བྱས་ཏེ། བཟོ་གྲྭ་འཛུགས་པ་སོགས་ཀྱིས་མཚོན་པའི་ལས་མེད་ཚོར་ལས་ཀ་ཐབས་འཚོལ་དང་། མི་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པའི་རིགས་ལ་གཟིགས་རྟོག་འཐུས་ཤོར་མེད་པ་གནང་སྟེ། མང་ཚོགས་སྤྱི་བྱིངས་ཀྱི་འཚོ་བའི་གནས་སྟངས་ཇེ་ཡག་ཏུ་གཏོང་ཐབས་ལ་འབད་བརྩོན་གནང་ཐུབ་པ་ཡིན་ན། རིམ་བཞིན་རྐུན་མའི་རིགས་དེ་མེད་པ་ཆགས་འགྲོ་བ་རེད། དེ་ལྟར་མ་ཡིན་པར་སྤྱི་ཚོགས་ཀྱི་སྐྱོ་གནས་དེ་དག་རང་འཇགས་ལྷག་བསྡད་པ་ཡིན་ན། སྤྱི་ཚོགས་ནང་རྙོག་དྲ་ཇེ་མང་དུ་འགྲོ་བ་རེད་ལ། རྐུན་འཕྲོག་བཅོམ་གསུམ་གྱི་གནས་ཚུལ་ཡང་ཇེ་མང་དུ་འགྲོ་བ་ཆོས་ཉིད་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། དོན་གོ
བདག་པོ་ཡག་པོ་བརྒྱབ་དགོས་པ་རེད་ཞར་དུ་རེ་བབ་ཞིག་ལ་སྨན་རྩིས་ཁང་གི་ལས་བྱེད་དེ་ཚོ་དུས་ཐོག་དུ་ལས་དཀའ་ལ་འགྲོ་ཡི་མི་འདུག་པས་དགོངས་འཇག་ཡོང་བ་ཞུ།།
རྐུན་མ་དེ་སུ་ཡིན་ན་ཐུགས་རྗེ་ཆེ་ཞུ་ཡ་ཡིན་། གང་ཡིན་ཞུ་ན་། དེ་སྔོན་བོད་ནས་རྒྱ་གར་ལ་གནས་བསྐོར་བ་མང་པོ་གིས་ཚོང་རོག་ཟེར་ནས་ཞུ་བ་མང་པོ་ཞུས་ཡང་མི་རེ་ལ་རིལ་བུ་ལྔ་ལས་མང་བ་ཡོད་མ་རེད་ཟེར་། ད་ལས་རྒྱུ་འབྲེལ་འཁོར་རེད་ དེ་དགོ་ཧ་ཧ་ཧ་ཧ་ཧ་
ལོ་འགའི་སྔོན་དུ་ངའི་རོགས་པ་ཞིག་གིས་ཁོའི་ཁྱིམ་ཚེས་ཚང་གི་གྷེ་སི་རྫ་མ་བརྐུས་ནས་ང་ཚོས་ལོ་གསར་སྐྱིད་པོ་ཞིག་བཏང་པ་ཡིན། ངས་ངོ་བསྟོད་དང་དཔའ་དར་ཡང་འཕུལ་བ་ཡིན། རྗེས་སུ་ཁོས་ང་ལ་གྲོགས་པོས་བཅོལ་བའི་ཧིན་སྒོར་ཁྲི་དྲུག་ཡོད་པ་འཁྱེར་ཏེ་བྱ་འཕུར་འཕུར་བྱས་བས། ང་ལ་ཡང་བསྐྱར་དཔའ་དར་འཐེན་པའི་གོ་སྐབས་རག་མ་སོང་།
ཕྲན་ནི་རྡ་སར་སྡད་ནས་ཟླ་ཤས་ཕྱིན་སོང་། དུས་ཚོད་ཐུང་ངུ་འདིའི་རིང་རྐུ་མས་དོན་རྐྱེན་མང་པོ་ཞིག་ཐོན་སོང་། སྤྱིའི་ཆ་ནས་བཤད་ན་སྤྱི་ཚོགས་ཞིག་ཡིན་དུས་དོན་རྐྱེན་འདྲ་མིན་ཡོང་སྲིད་པ་དངོས་ཡོད་རེད། འོན་ཀྱང་རྡ་ས་ལྟ་བུའི་ས་གནས་ཆུང་ཆུང་འདི་འདྲ་ཞིག་གི་ནང་དུ་སྤྱི་སྒེར་གཉིས་ལ་དཀའ་ངལ་ཆེན་པོ་འདི་འདྲ་སྤྲད་པ་ནི་ཤིན་ཏུ་ནས་ཡིད་སྐྱོ་བའི་གནས་ཤིག་རེད། འཛམ་གླིང་གི་ས་གནས་གང་ས་ནས་འབྱོར་བའི་གནས་བསྐོར་བ་ཚོས་རྡ་ས་ནི་མཛེས་སྡུག་ལྡན་པའི་ས་གནས་གལ་ཆེན་ཞིག་ཏུ་བརྩི་གཞིན་ཡོད་པ་དང་མ་ཚད་༧གོངས་ས་མཆོག་བཞུགས་སའི་གནས་མཆོག་ཞིག་ཀྱང་ཡིན། དེ་བཞིན་ཁོང་ཚོའི་བོད་མི་ནི་ཡ་རབས་སྤྱོད་བཟང་ཅན་གྱི་མི་རིགས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། དེ་བརྟེན་ས་གནས་འགན་འཛིན་དང་བདེ་སྲུང་ལས་ཁུངས་ནས་ཆེད་དུ་འདིའི་ཐད་ཐུགས་གཟབ་གནང་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེ། དེ་མིན་ང་ཚོའི་རྡ་ས་འདི་མཐོང་མི་འདོད་པའི་གནས་ཤིག་མི་ཆགས་པའི་ངེས་པ་མེད།
་ང་ལ་དོགས་པ་མང་འདྲི་མང་པོ་་འཆར་གྱི་འདུག་གཅིག་སྨན་རྩིས་ཁང་གི་རིན་ཆེན་རིལ་བུའི་མཛོད་ཁང་གི་ལྕགས་སྒོ་དེ་ནུབ་གང་བྱས་ནས་བརྒྱབ་མེད་པ་རེད་པས་?
གཉིས་པ་ལས་ཁུངས་མདུན་སྒོ་ནས་རྐུ་མ་འཛུལ་ན་ཁང་སྲུང་གསུམ་གང་དུ་ཕྱིན་པ་ཡིན་ནམ་?
གསུམ་པ་རིན་ཆེན་རིལ་བུའི་ཁང་པའི་ནང་རྐུ་མས་ཨ་རག་བཏུང་ནས་ལྷོད་ལྷོད་འདི་འདྲ་བྱས་ཀྱང་སུས་ཀྱང་ཧ་མི་གོ་བ་ཅི་ཡིན་ནམ་?
རྐུ་ལ་ཤོར་ན་རྟག་རྟག་རེད། གསར་འབྱོར་བ་རྣམས་ལ་ཙོང་རོགས་སྐུ་ཆེ་བོད་ལ་ཁྱེར་དགོས་ཞེས་ལབ་ན།་རིལ་པུ་གཅིག་ལ་སྐད་ལུང་པ་རྒྱབ་ཀྱི་ཡོད།
ངས་དྲན་གསོ་ཞིག་ལ་སྔོན་དུས་ཞིག་ལ།
གུང་ཁྲན་གྱིས།
དྷ་རམ་ས་ལར་་་་་་་ཇག་པ་སེར་པོ་དང།་་་་་་བྷག་ས་ལ་རྐུན་མ་དམར་པོ་་་་་
ཟེར་བ་ཞིག་གོ་མྱོང།
ད་བྱེད་དུས་རྐུན་ཇག་ཚང་མ་དེར་སླེབས་ཡོད་ས་རེད།
རིན་ཆེན་རིལ་བུས་མཚོན་པའི་བོད་སྨན་བོད་ཀྱི་མཁོ་ཅ་འདི་དག་གོང་ཆེན་པོ་ཡིན་པས་ཉམ་ཆུང་ལ་དེ་ཙམ་ཕན་ཐོགས་མི་འདུག
བསགས་པ་བརྒྱ་དེ།
དགོས་པ་ཉིན་གཅིག་བྱུང་སོང།
རྐུན་མ་སུ་ཡིན་ནའང་ང་ལ་རིན་པ་ཆུང་ཆུང་བྱེད་དེ་འཚོང་རོགས་ཞུ་གི་ཡོད།
ཕྱུག་པོ་སེར་སྣ་ཅན་གྱི་རྒྱུ་རྫས་རྐུས་ནའང་ཉེས་པ་མེད་ཅེས་འདུལ་གཞུང་རེ་འགའི་ནང་དུ་གསུངས་པ་དྲན་སོང།
སྨན་རྩིས་ཁང་དུ་སྐུ་མ་ཤོར་བ་འདིའི་འཐད་ལ་ཕར་ཆེར་གྱིས་རྐུ་མ་ནང་ལ་བཞགས་སྒོ་ལྕགས་ཕྱི་ནས་བརྒྱབས་པའི་དཔེ་ལྟར་རེད་སྙམ་གྱི་ཡོད་པ་འདྲ། རྒྱུ་མཚན་གསལ་པོར་ཡོད་དམ།
སྨན་རྩིས་ཁང་དུ་སྐུ་མ་ཤོར་བ་འདིའི་འཐད་ལ་ཕར་ཆེར་གྱིས་རྐུ་མ་ནང་ལ་བཞགས་སྒོ་ལྕགས་ཕྱི་ནས་བརྒྱབས་པའི་དཔེ་ལྟར་རེད་སྙམ་གྱི་ཡོད་པ་འདྲ། རྒྱུ་མཚན་གསལ་པོར་ཡོད་དམ།
རྐུན་མ་མང་དག་ཞིག་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་པ་འདྲ།་
སྤྱིར་ན་གཞོན་ལས་མེད་དེ་ཚོ་གང་འདྲ་ཡོད་མེད་ས་གནས་བདེ་སྼུང་ལས་ཁུང་གི་ལས་བྱེད་རྣམས་ལྟ་རྟོག་བྱེད་རྒྱུ་གལ་ཆེན་པོ་རེད།
འདི་ནི་ས྄ྤྱི་ཚོགས་ཀྱི་གནད་དོན་ཞིག་ཡིན་པས། གཞུང་ས྄ྒེར་ཚོགས་པ་ཁག་གི་ལས་མེད་དག་ལ་བསམས་གཞིགས་ཀྱི་ལས་ཀའི་གོ་ས྄ྐབས་སོགས་ས྄ྐྲུན་ར྄ྒྱུར་འབད་ཐབས་བྱེད་དགོས་ས྄ྙམ།
ཡག་པོ་བྱུང་བ་རེད། ད་དུང་ཆ་ཚང་མ་བརྐུས་པ་གང་ཡིན་ནམ། རིན་ཆེན་རིལ་བུ་དང་ར་བཟིའི་སྨན་གཉིས་ལྤགས་པ་ལ་བལྟས་ཏེ་ནོར་བ་ཡིན་རྒྱུ་རེད། རིན་ཆེན་རིལ་བུ་སྔར་དང་མི་འདྲ་བར་རྒྱ་གཟུགས་ཀྱི་གཤོགས་འཐུམ་བྱས་འདུག་པ་ནི་དར་བ་ཕྱུར་ཁུར་བཟོ་རང་རེད། དེ་འདྲ་ནམ་ཡང་མེད་པར་སྨོན།
སྒོར་བརྒྱ་དང་ལྔ་བཅུ་རྐུ་ལ་ཤོར་ཡང་།་ཚོལ་བ་འདི་འདྲའི་གཏང་སྙོམས་པ་ཞིག་སྐོན་རྒྱུ་རེད
མིག་ཤེར་ཅན་པོ་དེའི་༡༥༠༠༠༠་རྐུ་ལ་ཤོར་ཡང་ཆེའི་སྤྱིར་བཏང་བ་ཞིག་ལ་བརྩིའི་འདུག་ལུགས་ལ་བལྟའི་ན་ནང་རྐུན་མང་རྒྱུ་རེད་
འོ་ཡ་ཚང་མ་རྐུན་ལ་ཤོར་སོང་ན་ཏག་ཏག་རེད
རིལ་བུ་དེ་ཚོ་རྒྱུ་ཆེན་དང་དཔོན་ཆེན་ཚོ་མིན་ན་ཉོ་རྒྱུ་མི་རག་ཡ
གསར་འགོད་ལགས་ ཡང་སྙིང་ཧིན་སྒོར་ག་ཚོད་གནས་ཡོད་དམ། གོང་འོག་གཉིས་གྲངས་ཀ་མཐུན་གི་མིན་འདུག། གསལ་པོ་བཟོ་རོགས། ཆིག་འབུམ་ལྔ་ཁྲི་༡༥༠༠༠༠ཡིན་དང་ཆིག་འབུམ་ལྔ་སྟོང་༡༠༥༠༠༠ཡིན། དེ་གཉིས་དབར་ཁྱད་པར་ཆེན་པོ་འདུག།
རྐུ་ཤོར་བའི་རིན་ཆེན་རིལ་བུ་སྒམ་གསུམ་དེ་ཆེ་ཆུང་ཅི་ཡིན་ནམ་རྒྱུན་ལྡན་རས་ཁུག་ཆེན་པོ་དེ་རིགས་ཡིན་ནམ་།།།་གལ་ཏེ་རས་ཁུག་དེ་རིགས་ཡིན་ན་དངུལ་སྒོར་འབུམ་གསུམ་གི་ག་པར་ཚད་གི་རེད་པས་
རིན་ཆེན་རིལ་བུའི་མཛོད་ཁང་ནང་སྒམ་ག་དུས་བསླེབས་པ་རེད་པས་/?།།།
དྲུང་ཆེས་མང་པོ་གསང་ཡོད་པ་ཚང་མས་ཤེས་ངེས་རེད་དངུལ་འབོར་དེ་ལས་མང་བ་རྐུ་ཤོར་ཡོད་ངེད་རེད་
རྡ་ས་ཁུལ་གྱི་རྐུན་མ་མང་ཆེ་བ་ངྷ་ས་ཁུལ་གྱི་བོད་རིགས་གཞོན་སྐྱེས་ལས་མེད་ཚོ་དང་། བཙན་བྱོལ་སློབ་གྲྭ་ཁག་ནས་ཁོངས་མ་འཁྱོལ་མཁན་ དང་ཆང་རག་དང་མྱོས་རྫས་རིགས་བེད་སྤྱོད་ཀྱིས་མི་གཞི་འཕྲོ་བརླག་ཏུ་འགྲོ་བཞིན་པའི་བོད་རིགས་ན་ཞོན་རྣམས་ལ་དོག་པ་ཤིན་ཏུ་ན་ཆེ།།
ངས་གཅིག་དྲན་སོང་། སྔོན་མ་དཔལ་འབྱོར་དྲུང་ཆེ་ཟུར་པ་ཚེ་རིང་བཀྲ་ཤིས་ལགས་སྨན་རྕིས་ཁང་གི་འགན་འཛིན་བྱེད་སྐབས་ཁོང་གིས་མཚན་སྲུང་བ་ཚོར་བཅོལ་བའི་ལས་ཀ་ཏག་ཏག་བྱེད་མིན་བལྟ་སྐོར་དུ་མཚན་དགུང་ལ་ཕེབས་པའི་དུས་ཤིག་ཏུ་མཚན་སྲུང་གཉིས་ནས་གཅིག་གིས་རང་གི་ལྷམ་ཕུད་དེ་མགོའི་འཁྲིས་དེར་བཞག ཧོར་་་ཧོར་་་་ཟེར་གཉིད་དུ་ཡུར་བ་དང་འཕྲད་པས་ཁོང་གིས་ག་ལེར་ལྷམ་ཡ་གཅིག་འཁྱེར་ཕྱིན་ནས་སང་ཉིན་དེར་མཚན་སྲུང་བ་དེ་ལས་ཁུངས་སུ་བཀུག་སྟེ་ཉེས་ཆད་བཅད་པ་རེད། དེ་དུས་སྨན་རྩིས་ཁང་ཚགས་ཤིན་ཏུ་ཚུད་པོ་ཡོད། སྔོན་མ་༡༩༩༥་་ཙམ་གྱི་ནང་དུ་སྨན་རྕིས་ཁང་གི་སྨན་གྱི་བཟོ་གྲྭ་ནས་ཁམ་པིའུ་ཀྲར་བརྐུས་པ་ནས་བཟུང་སྟེ་མཚན་སྲུང་བཞག་རྒྱུ་འགོ་བཙུགས་པ་རེད།
འོ་བརྐུ་མ་སྨན་རྕིས་ཁང་གི་རྭ་བའི་ནང་དུ་འཛུལ། ལས་ཁུངས་ཕྱོགས་སུ་ཡོང་། ནང་དུ་འཛུལ། སྒོ་སྟོར། སྒམ་གསུམ་བཀྱག གཅིག་དང་ཕྱེད་ཀ་འཁྱེར་ཐུབ་པའི་བརྒྱུད་རིམ་ནང་དུ་བལྟས་ན་་་་འོ་་་ཕལ་ཆེར་་་མཚན་སྲུང་བ་དེ་དག་་འཇུར་རྟ་ཕུད་ནས་་་ཧོར་་་ཧོར་་་ཟེར་ཉལ་བསྡད་པ་མིན་འགྲོ།
མ་གཞི་སྒང་ལ་སྡོད་མཁན་ཁྱེད་ཚོས་སང་གི་བྱ་བ་གནངས་ལ་བསྐྱལ། གནངས་ཀྱི་བྱ་བ་གཞེས་ལ་བསྐྱལ། ཉི་མ་འགྱངས། བདུན་ཕྲག་འགྱངས། ཟླ་བ་འགྱངས། ལོ་འགྱངས་ནས་་ད་ལྟའི་གནས་ཚུལ་དེ་བྱུང་བ་རེད། དྲྭ་གྲོགས་ཚོ། སྨན་རྩིས་ཁང་གི་དྲུང་ཆེའི་ལན་དུམ་བུ་འདིར་ཡང་བསྐྱར་གཟིགས་དང་། ༼བོད་གཞུང་སྨན་རྩིས་ཁང་དུ་རྐུ་མ་ཤོར་བ་ད་ཐེངས་གཅུག་པུ་ཙམ་མ་རེད། སྔོན་མ་ནས་དགུན་ཁའི་གནམ་གཤིས་དང་བསྟུན་ཏེ། འགྲེམས་སྟོན་ཁང་དང་སྨན་ཁང་། སྨན་རྩིས་ཁང་གི་ཡན་ལག་སོགས་སུ་རྐུན་མ་ཡང་ཡང་འཛུལ་ཏེ་ཅ་དངོས་དང་དངུལ་འབོར་ཆེན་རྐུ་ལ་ཤོར་བ་དང་། ལྷག་པར་དུ་འགྲེམས་སྟོན་ཁང་ནས་དངུལ་གྱིས་བཟོས་བའི་ཅ་དངོས་སོགས་རྩ་ཆེན་མང་པོ་ཁྱེར་མྱོང་བ་རེད། ཕྱིས་སུ་ང་ཚོས་མཚན་སྲུང་ཇེ་མང་དང་སྒོ་ཟྭ་སོགས་བརྟན་པོ་བཟོ་རྒྱུའི་ཐད་གྲོས་བསྡུར་བྱས་ཀྱང་། ད་བར་ལས་ཀ་དེ་དག་ལག་བསྟར་མ་ཐུབ་པར་ལྷག་སྟབས། ཐེངས་འདིར་ཡང་བསྐྱར་སྨན་རྩིས་ཁང་ཡིག་ཚང་འོག་ཤོད་ཀྱི་ཕྱི་སྒོ་དང་ནང་སྒོ་གཉིས་ཀྱི་ཟྭ་གཏོར་ཏེ་སྨན་མཛོད་ཁང་ལ་རྐུ་ཤོར་འདུག༽་་་་་རྐུན་མ་ཡང་ཡང་འཛུལ་་་་་ཅ་དངོས་དང་དངུལ་འབོར་ཆེན་རྐུ་ལ་ཤོར་།་་་་་་་་་་ ལྷག་པར་དུ་འགྲེམས་སྟོན་ཁང་ནས་དངུལ་གྱིས་བཟོས་བའི་ཅ་དངོས་སོགས་རྩ་ཆེན་མང་པོ་ཁྱེར་མྱོང་བ་རེད།་་་་་་ གནས་ཚུལ་དེ་ཙམ་ལྷག་ཀྱང་སྒོ་བརྟན་དུ་བཏང་མ་ཐུབ་པ་དང་མཚན་སྲུང་མང་དུ་བཏང་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། དངུལ་མ་འདང་བ་ཡིན་ནམ། ལས་ཀ་བྱེད་མཁན་མ་འབྱོར་བ་ཡིན་ནམ། སྨན་རྩིས་ལས་བྱེད་པ་ཚོས་སྤྱི་དོན་སྨིན་མ་ཟིང་ཟིང་དང་རང་དོན་ཧུར་ཐག་རྦད་ཐག་དོར་ཏེ་་གནས་ཚུལ་དངོས་ལ་རྒྱུས་ལོན་བྱས་ཏེ་འཐུས་ཤོར་དུ་གཏོང་མཁན་དག་ལ་སློབ་གསོ་རྟིང་ཚུགས་པ་ཞིག་སྤྲོད་པ་ལ་རེམས་ཤིག །
ད་སྡོད་དྲ་སྐེ་ཚིགས་ནང་ནས་རྔ་མ་སྐྱེ་གི མྱིག་གི་མི་རིག་ཚོ ཧ ཧ ཧ
སྨན་རྩིས་ཁང་གི་རིན་ཆེན་རིལ་བུའི་ཚབ་དུ་སོ་སོའི་སྒེར་གྱི་རྒྱུ་དངོས་ཕོན་ཆེ་ཞིག་རྐུ་ཤོར་བྱུང་ཡོད་ན། དེ་སྔ་དང་ད་ལྟ་བཞིན་རྒྱ་གར་སྐོར་སྲུང་ལ་འབྲེལ་གཏུགས་མ་བྱས་པར་འགྲིག་པ་གནང་གིན་ཡིན་ནམ། རྒྱུ་མཚན་ཡང་དག་ཅིག་ཡོད་ན་ལས། དེ་མིན་བོད་པའི་སྤྱི་ཚོགས་ལྷིང་འཇགས་ཡོང་བར་ངན་པ་ལངས་ཤོར་ལ་ངེས་པར་དུ་འགོག་ཐབས་གནང་དགོས་སྙམ།
ནང་རྐུན་མིན་འགྲོ།
རྐུ་མ་ལ་ནང་གི་རྐུ་མ། ཕྱི་ཡི་རྐུ་མ་དང་། གསང་བའི་རྐུ་མ་གསུམ་ཡོད་རེད། གསུམ་པ་དེ་ནི། ལྐོག་ཟ་རུལ་སུངས་ལ་གོ་དགོས། གཟབ་དགོས། ཚང་མས་རྐུ་མར་གཟབ་དགོས།
སྨན་རྩིས་ཁང་གི་དྲུང་ཆེའི་བཀའ་མོལ་གནང་སྟངས་ལ་བལྟས་ན་གཞུང་ནོར་རྐུན་མས་འཁྱེར་བ་འདི་ཁོ་རང་ལ་གོམས་འདྲིས་ཡོད་པའི་བཀའ་མོལ་གནང་འདུག་་་་གཟིགས་དང།དྲུང་ཆེའི་བཀན་མོལ་་(སྨན་རྩིས་ཁང་གི་ཡན་ལག་སོགས་སུ་རྐུན་མ་ཡང་ཡང་འཛུལ་ཏེ་ཅ་དངོས་དང་དངུལ་འབོར་ཆེན་རྐུ་ལ་ཤོར་བ་དང་། ལྷག་པར་དུ་འགྲེམས་སྟོན་ཁང་ནས་དངུལ་གྱིས་བཟོས་བའི་ཅ་དངོས་སོགས་རྩ་ཆེན་མང་པོ་ཁྱེར་ཡོང་བ་རེད། ཕྱིས་སུ་ང་ཚོས་མཚན་སྲུང་ཇེ་མང་དང་སྒོ་ཟྭ་སོགས་བརྟན་པོ་བཟོ་རྒྱུའི་ཐད་གྲོས་བསྡུར་བྱས་ཀྱང་། ད་བར་ལས་ཀ་དེ་དག་ལག་བསྟར་མ་ཐུབ་པར་ལྷག་སྟབས། ཐེངས་འདིར་ཡང་བསྐྱར་སྨན་རྩིས་ཁང་ཡིག་ཚང་འོག་ཤོད་ཀྱི་ཕྱི་སྒོ་དང་ནང་སྒོ་གཉིས་ཀྱི་ཟྭ་གཏོར་ཏེ་སྨན་མཛོད་ཁང་ལ་རྐུ་ཤོར་འདུག )དངོས་གནས་ཐབས་རྡུགས་རང་རེད།་་་སྒོ་དང་སྒེའུ་ཁུངས་སོགས་བསྲ་བརྟན་གཏོང་རྒྱུར་ལོ་མང་བསྡད་ན་བརྟིང་སོར་མེས་པོ་མང་པོས་རང་གི་སྲོག་ལྟར་འཛིན་པའི་དབུས་སྨན་རྩིས་ཁང་འདི་ཐོད་པ་དཀར་པོ་ཁྱེད་ཚོའི་དུས་སུ་རླུང་ལ་བསྐུར་རྒྱུ་རང་རེད།་
རིན་ཆེན་རིལ་བུ་ཡིན་དུས་རང་རིགས་སྤུན་ཟླ་ཞིག་ཡིན་པ་ཐག་གཅོད་ཐུབ་ཀི། ཁ་སང་འགྲམ་ན་རིན་ཆེན་རིལ་བུ་མང་བོ་བཙོང་གིན་འདུག་ཟེར་མྱུར་ཏུ་བརྒྱུག་ན་རྗེས་ཟིན་ན་ཐང་། ཧེ་ཧེ། གཙོ་བོ་བདག་ཡག་པོ་མ་བརྒྱབས་པའི་སྐྱོན་ཡང་རེད།
རྐུན་མ་སྐྲག་ཤོར་ཞིག་རེད། དངོས་བོ་དེ་འདྲ་ཞིག་ཁྱེར་བ་ལས་མ་ཁྱེར་ན་ཡག་པ།
ཡིན་ན་ཡང་སྦྱོང་བརྡར་ཐེངས་གཅིག་བྱས་པ་འགྲིག་བྱ།
མུ་མཐུད་དུ་དངོས་རྫས་རྐུ་བའི་སྟེང་ཤུགས་རྒྱག་རོགས།
འདིར་རྟིང་སྐུལ་གྱི་བྱ་དགའ་ཧིན་སྒོར་༡༠༠༠༠ཡོད་།
ང་ལ་འབྲེལ་བ་གནང་རོགས།
ད་གཟབ་གཟབ་བྱོས་ཡ། རྐུན་མ་ཤོར་ས་དེ་ཁྱེད་ཚང་གི་ཁྱིམ་མཚེས་མ་རེད་པེ།
སྨན་མཛོད་ཁང་འདིའི་ནང་ནས་རྐུ་མ་ཤོར་ན་ནང་མཁུལ་ཡིན་པ་རྒྱ་ཆ་བརྒྱད་བཅུ་ཙམ་ཐག་མཆོད་ཟིན་པ་རེད་།།།།།།།།།།།།ལྕགས་སྒོ་ཆེན་པོ་གཅིག་དང་ཤིང་སྒོ་གཅིག་དེ་བཞིན་སྒམ་སྟོར་དགོས་པས་།།།།།།།ཧ་ཧ་ཡ་ཚན་དངོས་ནས་རེད་།།།།།་
གནས་ཚུལ་ཚབས་ཆེན་འདི་འདྲ་བྱུང་ནས་ད་དུང་རྒྱ་གར་བདེ་སྲུང་དང་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་འདོད་མེད་པ་དེར་
རྒྱུ་མཚན་གཉིས་ཡོད་ངེས་རེད་།།།།།།།།།།།།།གཅིག་།།།།།ངན་པ་ལག་འབྲེལ་གྱིས་སྨན་རྩིས་ཁང་ལས་བྱེད་ནང་མཁུལ་ཡིན་ངེས་རེད་།།།།།ཡང་ན་།།་སྨན་རྕིས་ཁང་ལ་དངུལ་མང་དྲགས་པས་རྐྱེན་གྱིས་མ་དངུལ་ཕོན་ཆེན་འདི་འདྲའི་ཟོག་དངུས་ལ་སྣང་ཆུང་དང་བོད་མི་སྤྱིའི་སྤྱི་ཚོགས་ཀྱི་བདེ་ཆགས་ལ་དོ་སྣང་མ་བྱས་པ་ཞིག་ལས་གཞན་པའི་རྒྱ་གར་བདེ་སྲུང་ལ་བརྩིས་མི་སྤྲོད་པའི་རྒྱུ་མཚན་ཅི་ཡང་མེད་པ་རེད།།།།།།།།།།།།།།
གོང་ད་་དྲུང་ཆེས་་དངོས་ནས་འབྲེལ་བརྗོད་ཡ་ཚན་ཅན་བྱས་བཞག་འདུག་།།།
ད་དུང་སྤྱིར་སྨན་རྩིས་ཁང་གིས་ལུགས་སྲོལ་ལ་ས་གནས་གང་དང་དོ་བདག་སུས་ཟོག་དངོས་བོར་བླགས་བྱུང་ཚེ་མ་དངུལ་དོ་བདག་མཉམ་ཆུང་ཁོ་ན་ལ་ཉེས་པའི་ཚུལ་དུ་བསྒྲུབ་དགོས་པའི་གནས་ཚུལ་རིམས་པ་བྱུང་ཡོད་པས་།།།།།།།ད་རེད་གནས་ཚུལ་འདི་ནས་བསལ་པོ་ཤེས་ཐུབ་པས་།།།།།གསར་འགོད་པས་སྣ་བ་ཟེངས་ཤིག་་
དུས་བབ་ཚང་ལ་ཡག་ཉིན་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་རྐུ་ཤོར་གྱི་རིན་བབ་
ཆིག་ཁྲི་ལྔ་སྟོང་རེད་པས་སྟོང་ཕྲག་ལྔ་བཅུ་རེད་པས་དེ་ཁ་གསལ་བཟོ་རོགས་གནང་
སྟོང་ཕྲག་ལྔ་བཅུ་རྐུ་ཤོར་དེ་ནི་ཚབ་ཆེན་གནས་ཚུལ་རེད།
དྲུང་ཆེ་མཆོག
བོད་ཀྱི་སྨན་རྩིས་ཁང་ནས་སྒོར་འབུམ་འགལ་བའི་ཅ་དངོས་རྐུ་མ་ཤོར་འདུག
རྒྱ་གར་སྐོར་བསྲུང་བ་ལབ་གྱི་མིན།
་་་་་ག་རེ་གསུང་གི་ཡོད་།
སྤྱི་པའི་ཅ་དངོས་རྐུ་ཤོར་གྱུར་ཡོད་རེད།་་་་རྩེད་བཅོས་དགོས་རེད་ད།
རྐུ་མ་བོད་པ་ཡིན་རུང་དམིགས་བསལ་མ་གཏོང་མ་གཞི་
འདི་འདྲ་བ་མང་དུ་འགྲོ་ནས་
ཕྱི་སུ་༧སྐུའི་ཕོ་གྲང་དུའང་འགྲོ་མ་སྲིད་པ་མ་རེད་དོ།
ཁྱད་མཚར་བོད་པའི་སྤྱི་ཚོགས་ནང་ཡིན་གཅིག་མིན་གཅིག་གནས་ཚུལ་གཉིས་གསུམ་མ་ལྷག་བར་སྒོ་དང་སྒེའུ་ཁུངས་སོགས་གང་ཅིའི་ཐད་ལ་དམ་འཛིན་མེད་པ་གང་ཡིན་ནམ།།།།།།།་དབུས་སྨན་རྩིས་ཁང་ལ་ཆ་བཞག་ན་སྒོ་དང་སྒེའུ་ཁུངས་སོགས་གང་ལེགས་བཟོ་རྒྱུའི་མཐུན་རྐྱེན་ཡོད་ཀྱང་ལོ་འགྱངས་ཟླ་འགྱངས་ཉིན་འགྱངས་བྱས་ཏེ་བསྡད་སྟབས་ཡོང་རྒྱུ་དེ་ལས་ཅི་ཡོད།།་་དུས་འབབ་གསར་འགོད་པས་གནས་ཚུལ་ཡག་པོ་སྤེལ་འདུག་པས་བཀྲིས་བདེ་ལེགས་ཡོད།་
ཕལ་ཆེར་ངས་བལྟས་ན་རྐུན་མ་འདི་ནད་ཆེན་དབུལ་ཞིང་ཕོང་བ་ཞིག་མིན་ནམ་སྙམ།་གང་སྲིད་དེ་འདྲ་ཡིན་ན་སྨན་ཤོག་སྒམ་གཅིག་དང་ཕྱེད་ཀས་ཁོའི་ནད་གཞི་རྣམས་གཙང་དག་ཏུ་སོང་སྟེ་ཕྱིས་སུ་མི་གསར་པ་ཞིག་ཡོང་བའི་རེ་བ་དང་སྨོན་ལམ་ཡོད།་