མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་རྐང་སྤོལ་རུ་ཁག་ལ་མགྲོན་བརྡ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་རྐང་སྤོལ་སྒྲིག་འཛུགས་ FIFA BOARD ཞེས་པའི་ནང་དེབ་སྐྱེལ་བྱས་མེད་པའི་རྒྱལ་ཁབ་ ༣༢ ཙམ་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་སི་པན་རྒྱལ་སར་རྐང་སྤོལ་སྒྲིག་འཛུགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་བདུན་པ་དེ་ཚོགས་ཡོད་པ་ལྟར། མཐུན་ཚོགས་དེས་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ལའང་ཚོགས་ཞུགས་ཀྱི་མགྲོན་བརྡ་བཏང་ཡོད་འདུག འོན་ཀྱང་བོད་པའི་རྐང་སྤོལ་རུ་ཁག་ལ་མཐུན་རྐྱེན་འཛོམ་མིན་གྱི་དབང་གིས་གནས་སྐབས་རིང་ཕྱིར་འཐེན་བྱ་དགོས་བྱུང་ཡོད་འདུག

གནས་སྟངས་དེའི་དབང་གིས་བོད་རྒྱལ་ཡོངས་རྩེད་རིགས་མཐུན་ཚོགས་ཀྱི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་ཀྱིས། ཚོགས་ཆེན་དེར་སི་པེན་བོད་ཁང་འགན་འཛིན་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་ཆེད་མངགས་བྱས་འདུག ཚོགས་འདུའི་སྟེང་དགེ་བཤེས་དབང་ཆེན་ལགས་ཀྱིས་བོད་རྒྱལ་ཡོངས་རྩེད་རིགས་མཐུན་ཚོགས་ཀྱི་ལོ་རྒྱུས་དང་། ཚོགས་པའི་ངོ་བོ་དང་གྲུབ་ཆ་སོགས་བརྙན་པར་བརྒྱུད་ཚོགས་བཅར་བར་འགྲེལ་བཤད་བརྒྱབ་ཡོད་འདུག

དེ་བཞིན་ཐེངས་འདིའི་ཚོགས་འདུ་བརྒྱུད་ ༢༠༡༢ ལོའི་ཝེ་ཝ་རྐང་སྤོལ་འགྲན་བསྡུར་ VIVA WORLD CUP དེ། ཁུར་ཌི་སི་ཐཱན་Kurdistan རྒྱལ་ཁབ་དུ་འཚོགས་རྒྱུུར་ཐག་གཅོད་བྱུང་ཡོད་པར་མ་ཟད། རྩེད་འགྲན་དེའི་སྟེང་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ཀྱང་མགྲོན་འབོད་བྱས་ཡོད་པ་རེད། རྐང་སྤོལ་འགྲན་བསྡུར་དེ་ལོ་གཉིས་རེའི་མཚམས་སུ་ཐེངས་རེར་གོ་སྒྲིག་བྱེད་ཀྱིན་ཡོད་འདུག་ལ། རྐང་སྤོལ་མཐུན་ཚོགས་དེ་ནི་རྒྱལ་སྤྱིའི་ནང་ངོས་འཛིན་མ་ཐོབ་པའི་རྒྱལ་ཁབ་དང་གྲངས་ཉུང་མི་རིགས་སོགས་ཚོགས་པ་ཁག་ ༣༢ ཙམ་གྱིས་གྲུབ་པ་ཞིག་ཡིན་འདུག

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

ཆུ་ཚོད་ ༡༣ སྔོན་ལ།
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧

མཆན། 6

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ད་ཐེངས་ང་ཚོ་བོད་ཀྱི་རྐང་རྩེད་པོ་ལའི་མགྲན་བསྡུར་དུས་ཚོད་དང་ཆོག་མཆན་དཀའ་ངལ་འདས་ནས། དགོས་དངུལ་ཙམ་གྱིས་འགག་བསྡད་པ་ཡིན་ན། ངེས་པར་དུ་སྤྱི་སྒེར་གཉིས་བརྒྱུད་ནས་ཞལ་འདེབས་བསྡུ་ལེན་ཐུབ་པ་ཞིག་ཡིན་པ་ངོས་འཛིན་གྱིས། ངས་ཀྱང་འདི་ནས་ཨ་སྒོར་༼༡༠༠༠༽གཅིག་སྟོང་ཐམ་པ་ཞལ་འདེབས་འབུལ་རྒྱུ་བློ་ཐག་བཅད་པ་ཡིན། ད་ཨ་སྒོར་༥༤༠༠༠ཙམ་གྱིས་དཀའ་ངལ་སེལ་མི་ཐུབ་ཅིག་རྩ་བ་ཉིད་ནས་ཡིན་བགྱིད་མ་རེད། ཚང་མས་དྭང་བླངས་ཞལ་འདེབས་གནང་འགོ་ཚུགས་རོགས་ཡོད་པ་ཞུ་ཡིག་ཏུ།
    kardorime@gmail.com
    00 36 30 90 39 788

    Reply
  2. རིགས་བཟང་། says:
    ལོ་ 15 སྔོན།

    སྤྱིར་བོད་གཞུང་གིས་རོགས་པ་བྱེད་དགོས་པ་ཞིག་ཆགས་ཡོད་མོད། ད་ལྟའི་ང་ཚོའི་གནས་སྟངས་ནི་བཙན་བྱོལ་བ་ཆགས་ཡོད་ཙང་། དོན་དག་ཆེ་ཕྲ་ཆུང་གསུམ་ཚང་མ་བོད་གཞུང་གིས་རོགས་པ་བྱས་ན་དེ་ཁག་པོ་ཞེ་གྲགས་་རེད། རྐང་སྤོལ་རུ་ཁག་ནས་ནུས་པ་ཡོད་དགུ་བཏོན་ནས་ཚོགས་འདུ་ལ་ཞུགས་ཐུབ་བྱེད་དགོས་པ་རེད། དངོས་ནས་སེམས་ཕམ་པ་ལ་ཕྱིར་འཐེན་བྱས་ན། བླ་ཆེན་མི་ཆེན་ཚོས་ལྷ་ཁང་ཞིག་བཞེངས་བ་ལས་རྐང་སྤོལ་རུ་ཁག་ལ་རོགས་པ་བྱས་ན་ཕན་ཐོགས་ཆེ་བ་ཡོད་པ་མ་རེད།
    སྤྱིར་རྐང་སྤོལ་རུ་ཁག་ནི་ར་མ་ལུག་གིས་གྲུབ་པ་ཞིག་ཡིན་པས། དེ་ཚོ་་་་་་་་་་་་་་་་་་་་་་་་་་་

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    དང་པོ་ཁ་བྱང་མཐོང་མ་ཐག་དགའ་ནས་དགོང་ལ་འཕུར་འགྲོ་ཁད་བྱས་སོང་། དེ་ནས་སྒོར་མོའི་དཀའ་ངལ་གྱི་གནོད་ཤུགས་རིག་ནས་སེམས་སྐྱོ་ནས་ས་ལ་ཟགས་སོང་།

    རྙིང་མའི་བླ་ཆེན་རྒྱུ་ཆེན་ཚོ་དང་དགེ་ལུགས་སོགས་ཀྱི་བླ་གྲྭ་ཕྱི་རྒྱལ་ན་ཕྱི་མའི་དོན་དུ་ཆོས་གསུངས་མཁན་ཚོ། སྒོར་མོ་རེ་ཡོད་ན་ཞལ་འདེབས་བརྒྱབས་ནས་ངེས་པར་དུ་ཞུགས་ཐབས་བྱེད་དགོས་པ་རེད། འདི་འདྲའི་གོ་སྐབས་བཟང་པོ་ཞིག་ཤོར་ན་ང་ཚོ་འཆི་ཐུབ་ས་མ་རེད། ནམ་རྒྱུན་བོད་དོན་ཁྱབ་བསྒྲགས་ཟེར་ནས་ལྷག་བསམ་ཡོད་མདོག་་དང་སྙིང་སྟོབས་ཆེ་མདོག གཏོང་སེམས་ཡོད་མདོག་བྱེད་ལ། བོད་དོན་ཁྱབ་བསྒྲགས་ལ་འདི་ལས་ལྷག་ཅིག་དགོས་ནི་མ་རེད། གཞོན་ནུ་ཚོགས་པའི་སྔོན་མའི་མི་མང་ཚོགས་ཆེན་ལས་འདི་ལ་འགྲོ་སོང་བཏང་ན་བཟང་གི གཞོན་ནུའི་སེམས་པ་གཙང་བ་དང་ལྷག་བསམ་རྣམ་དག་ཡིན་ཡང་། ཐག་ཉེའི་རྒྱ་གར་གྱི་གཞུང་འབྲེལ་གསར་ཤོག་ནང་དུ་སླེབས་ཐུབ་ཡོད་ནི་མ་རེད། འདི་ནི་བོད་དོན་ཁྱབ་བསྒྲགས་ཐད་ནས་དེང་དུས་དང་མཐུན་པའི་ཁྱབ་བསྒྲགས་སུ་འགྲོ་ངེས་རེད། གཞུང་སྒེར་ཟུང་འབྲེལ་བྱས་ཏེ་གོ་སྐབས་འདི་ཤོར་མི་ཉན་གི

    Reply
  4. ལངས་གཉིད། says:
    ལོ་ 15 སྔོན།

    དགའ་བ་ལ་དང་དགའ་བ་ལགས། །སྐྱོ་བ་ལགས་དང་སྐྱོ་བ་ལགས།

    Reply
  5. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    དེ་ནི་བོད་མི་རིགས་ཡོངས་ཀྱི་དགའ་འོས་པའི་གསར་འགྱུར་རང་རེད།
    བོད་རྒྱལ་ཡོངས་ཀྱི་རྐང་སྦོལ་རུ་ཁག་གིས་ངེས་པར་གོ་སྐབས་འདི་མ་ཤོར་བར་གྲ་སྒྲིག་ད་ནས་ཡག་པོ་གནང་རོགས་གནང་།

    Reply
  6. གཟེར་མ། says:
    ལོ་ 15 སྔོན།

    བོད་ཀྱི་རྐང་རྩེད་སྤོ་ལའི་རུ་ཁག་ཐེངས་འདི་ཞུགས་ཐོབ་པར་བློ་ཕམ་པོ་བྱུང་། རྗེས་སུ་ངེས་པར་ཞུགས་ཐོབ་རེ་ཡོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese