མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་ཇིབ་མི་མང་ཡར་ལངས།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆེར་ཊའུ་ནེ་ཤེཡ་ Tunisia མང་ཚོགས་ཀྱི་ཡར་ལངས་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དེས་ཨི་ཇིབ་མི་མང་ལ་སེམས་ཤུགས་དང་སྐུལ་འདེད་ཆེན་པོ་ཐེབས་ཏེ། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་རྒྱལ་ཡོངས་གུང་སེང་གི་གོ་སྐབས་དང་བསྟུན་ཏེ། ཨི་ཇིབ་མི་མང་སྟོང་ཕྲག་མང་པོ་རྒྱལ་ས་ཁའེ་རོ་ Cairo རུ་འཛོམས་ཏེ། སྲིད་གཞུང་གི་གཉའ་གནོན་དང་ཉེན་རྟོག་པའི་གདུག་རྩུབ། དབུལ་ཕུངས་ཚོར་བརྙེས་བཅོས་བྱེད་པའི་བྱ་སྤྱོད་ལ་ངོ་རྒོལ་གྱི་ཡར་ལངས་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པར་མ་ཟད། ཉིན་དེར་གྲོང་ཁྱེར་དང་ས་གནས་གཞན་དག་ཏུ་ཡང་གཅིག་མཚུངས་ཀྱིས་ཡར་ལངས་མགོ་འཛུགས་བྱས་ཡོད་འདུག

ཡར་ལངས་བྱས་ཏེ་ཆུ་ཚོད་འགའི་རྗེས་སུ་གཞུང་དམག་དང་དྲག་ཆས་ཉེན་རྟོག་པ་ཕོན་ཆེན་ཡོང་སྟེ། མང་ཚོགས་ཁྲོད་དུག་རླངས་གཏོར་བ་སོགས་དྲག་གནོན་བྱས་ཡོད་འདུག་ལ། དེ་ལ་མང་ཚོགས་རྣམས་སྔར་ལས་ཁོང་ཁྲོ་ཆེན་པོ་ལངས་ཏེ་གཞུང་དམག་དང་གདོང་ཐུག་གིས་འཐབ་འཛིང་བྱས་པར་བརྟེན་ཕན་ཚུན་ལ་ཤི་རྨས་ཚབས་ཆེན་ཐེབས་ཡོད་འདུག ཉིན་དང་པོའི་ངོ་རྒོལ་སྐབས་མི་མང་ཚོས་གཞུང་གི་ལས་ཁུངས་འགར་མེར་བསྲེག་གཏོར་སྐྱོན་བཏང་ཡོད་འདུག་ལ། ཁོང་ཅག་གི་འབོད་ཚིག་གཙོ་བོ་ནི། ལོ་ངོ་སུམ་ཅུའི་རིང་བཀས་བཀོལ་རྒྱུན་འཛིན་ལམ་ལུགས་ལག་བསྟར་བྱེད་མཁན་དང་། སྲིད་དབང་སྒེར་གཅོད་པ་མུ་བྷ་རཀ་ Mubarak སྲིད་འཛིན་ལས་གནས་ནས་གནས་དབྱུང་གཏོང་དགོས་པ་དང་། ཕྱི་ཚེས་ ༢༥ ཉིན་ནི་ “མི་མང་གྱེན་ལངས་ཉིན་མོ” ཡིན་པར་བསྒྲགས་ཡོད།

ཉིན་དེའི་གནས་ཚུལ་རྣམས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་། ངོ་དེབ་དང་ཌི་ཝེ་ཊར་སོགས་སུ་སྤེལ་གཏོང་བྱས་ཡོད་སྟབས། ཕྱི་ཚེས་ ༢༦ ཉིན་ནས་ངོ་དེབ་སོགས་དྲ་རྒྱ་ཁག་ཅིག་ཨི་ཇིབ་གཞུང་གིས་བགག་སྡོམ་བྱས་ཡོད་འདུག དེའི་ཐད་བྷི་བྷི་སི་ས་གནས་གནས་ཚུལ་མཁོ་སྤྲོད་པ་མཱར་ཀི་ངྒིརེ་ཇོ་རའེ་ Mark Gregory ཡིས་བརྗོད་པར། ཨི་ཇིབ་གཞུང་གིས་མང་ཚོགས་ཐོག་དྲག་གནོན་བྱེད་སྐབས། གནས་ཚུལ་ཕྱི་ཕྱོགས་སུ་མི་གྱར་བའི་ཆེད་དམ་དྲག་ཤུགས་ཆེན་བྱས་ཡོད་པར་མ་ཟད། གསར་འགོད་པ་དང་གནས་ཚུལ་མཁོ་གཏོང་བ་ཚོར་ཡང་དཀའ་ངལ་དང་ཉེན་ཁ་མི་ཉུང་བ་ཞིག་འཕྲད་ཡོད་འདུག

འདིའི་ཐད་ཨེ་བྷེ་ AP གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཐེངས་འདིར་ཁོང་ཚོའི་གསར་འགོད་པ་ཚུད་པའི་གསར་འགོད་པ་ ༨ ཙམ་གཞུང་གི་བཀག་ཉར་འོག་ཚུད་ཡོད་འདུག་ལ། ཨ་རིའི་དྲུང་ཆེ་ལྕམ་ཧེ་ལཱ་རེ་ཡིས་ཀྱང་། ང་ཚོས་ཨི་ཇིབ་གཞུང་ལ་ཞི་རྒོལ་བ་ཚོར་དམ་དྲག་མི་བྱ་བ་དང་གསར་འགྱུར་བརྒྱུད་ལམ་ཁག་ལའང་དམ་དྲག་མི་བྱ་བའི་འབོད་སྐུལ་དང་སྦྲགས། ཨི་ཇིབ་གཞུང་ལ་མཚོན་ན། ཐེངས་འདིའི་དོན་རྐྱེན་ནི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅོས་བསྒྱུར་སོགས་ཨི་ཇིབ་མང་ཚོགས་ཀྱི་དགོས་འདུན་ལྟར་ལེགས་བཅོས་བྱ་བའི་གོ་སྐབས་ཡག་པོ་ཞིག་ལ་ངོས་འཛིན་དང་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ཁ་སང་ཕྱི་ཚེས་ ༢༦ ཉིན་སྲིད་གཞུང་གི་དྲག་གནོན་ལ་མ་ལྟོས་པར་མི་མང་ཚོས་བསྐྱར་དུ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་འདུག ཐེངས་འདིའི་ཨི་ཇིབ་མི་མང་གྱེན་ལངས་ཁྲོད་ཁ་ཆེ་དང་ཡེ་ཤུ་ཆོས་ལུགས་པ་གཉིས་ཀ་ཚུད་ཡོད་སྟབས། གྱེན་ལངས་ཁྲོད་ཚེ་སྲོག་ཤོར་བ་དག་ལ། གཟའ་པ་སངས་ཉིན་ཡེ་ཤུ་དང་ཁ་ཆེ་ལྷ་ཁང་ཁག་ཏུ་མཆོད་འབུལ་སྨོན་ལམ་རྒྱག་འཆར་ཡོད་ཅིང་། ཉིན་དེར་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་མཱོ་ཧམེ་ཌི་ Mohamed EIBaradei མཆོག་ཕེབས་རྒྱུ་ཡིན་པར་མ་ཟད། འདི་དང་མཉམ་དུ་མང་ཚོགས་ཕོན་ཆེན་མཉམ་ཞུགས་ཀྱིས་སླར་ཡང་གཞུང་ལ་ངོ་རྒོལ་བྱ་འཆར་ཡོད་འདུག

གཞུང་ཕྱོགས་ནས་ཟིང་འཁྲུག་འདིའི་ཁྲོད་ད་བར་མི་ ༨༠༠ ལྷག་འཛིན་བཟུང་བྱས་ཡོད་འདུག་ལ། ད་དུང་གནས་ཚུལ་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པར་མ་ཟད། ལྷག་པར་དུ་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་མཱོ་ཧམེ་ཌི་མཆོག་མང་ཚོགས་ནང་མཉམ་ཞུགས་བྱ་རྒྱུ་དེས་གྱེན་ལངས་བ་ཚོར་སྐུལ་འདེད་དང་སེམས་ཤུགས་ཆེན་པོ་སྤར་རྒྱུ་ཡིན་པའི་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༡ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 1

  1. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    ཡེ་མིན་མི་དམངས་ཀྱིས་ཀྱང་གཞུང་ལ་ངོ་རྒོལ་ཛ་དྲག་བྱེད་བཞིན་འདུག ད་ཡིན་ན་ཨེ་ཤི་ཡའི་གཞུང་སྐོར་ཞིག་གིས་ཅིག་དཀའ་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese