མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐ་སྙད་ངོས་འཛིན་འགྲན་བསྡུར།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

 

ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་བསྟན་པ་དར་རྒྱས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ཟླ་འདིེའི་ཕྱི་ཚེས་ ༡༤ ཉིན་ནས་ཉིན་གསུམ་རིང་རྔ་པ་རྫོང་རྒྱ་སྟོད་ཡུལ་ཚོ། རྩི་མདའ་གྲོང་ཚོ་རུ་ཡོད་པའི་༼ ཕ་སྐད་མྱུར་སྐྱོབ་ཚོགས་པ ༽ཞུ་བ་དེའི་གོ་སྒྲིག་འོག ༼རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད༽ ཅེས་པའི་ཚིག་མཛོད་སྟེང་གི་གསར་བྱུང་ཐ་སྙད་ངོས་འཛིན་དང་བེད་སྤྱོད་སྐོར་གྱི་འགྲན་བསྡུར་གྱི་ཚོགས་འདུ་ཞིག་བསྡུས་ཡོད་པ་དང་། འགྲན་ཚོགས་དེའི་སྟེང་རྨ་ཆུ་རྫོང་དང་རྔ་པ་རྫོང་། མགོ་ལོག་གཅིག་སྒྲིལ་རྫོང་། འཛམ་ཐང་རྫོང་། མཛོད་དགེ་རྫོང་། དམར་ཐང་རྫོང་བཅས་རྫོང་ཁག་དྲུག་གི་མི་སྣ་ ༡༠༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག

འགྲན་བསྡུར་དེའི་ཉིན་གཉིས་པར་མགོ་ལོག་ར་རྒྱ་ཤེས་རིག་ནོར་བུའི་གླིང་གི་དགེ་རྒན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་དང་ཀིརྟི་དགོན་པའི་དགེ་བཤེས་ཁག་ཅིག་གདན་འདྲེན་ཞུས་ཏེ། ཕྱོགས་མཐའ་ཁག་ནས་ཕེབས་པའི་འགྲན་ཞུགས་པ་རྣམས་ལ་བོད་སྐད་ཡིག་རྒྱུན་འཛིན་དར་སྤེལ་དང་འབྲེལ་ཐོག་གཏམ་བཤད་གནང་ཡོད་ཅིང་། ཕ་སྐད་རྒྱུན་འཛིན་ཚོགས་པས་ཐེངས་འདིའི་འགྲན་བསྡུར་གྱི་གོ་སྐབས་དང་བསྟུན་ཏེ། མ་འོངས་པར་གཅིག་རྗེས་གཉིས་འབྲང་གིས་ཆོལ་གསུམ་བོད་རིགས་ཡོངས་ཀྱིས་ཕ་སྐད་རྒྱུན་འཛིན་དང་། དར་སྤེལ་ཐད་རང་ནུས་ཡོད་དགུ་རྩལ་འདོན་གྱིས་འབད་པ་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

ཐེངས་འདིའི་ཚོགས་ཐོག་ཏུ་བྱེས་བཞུགས་བོད་མིའི་སྤྱི་ཚོགས་ནང་གི་བོད་སྐད་ཡིག་རིག་གཞུང་གི་གནས་བབ་སྐོར་ལ་ཡང་གླེང་སློང་རགས་ཙམ་རེ་བྱུང་ཡོད་འདུག་ལ། སྐབས་དེར་ཕ་སྐད་རྒྱུན་འཛིན་ཚོགས་པའི་ངོས་ནས། བྱེས་སྡོད་བོད་མི་ཚོས་བོད་པའི་སྐད་དང་ཡི་གེ་རྒྱུན་འཛིན་དར་སྤེལ་ཐད་ནུས་པ་གང་ཡོད་འདོན་རྒྱུར་ངེད་ཚོགས་པའི་ངོས་ནས་ལག་གཉིས་ཐལ་མོ་སྦྱར་ཏེ་རེ་སྐུལ་ནན་གྱིས་ཞུ་བཞིན་ཡོད། ཅེས་སྐད་སྐུར་གྱི་ཚུལ་དུ་བརྗོད་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

ཆུ་ཚོད་ ༡༩ སྔོན་ལ།
ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 
Mobile App

ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 

ཆུ་ཚོད་ ༡༩ སྔོན་ལ།
བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

༢༠༢༦/༠༧/༠༤
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢

མཆན། 5

  1. གཟི་མིག་༣པ says:
    ལོ་ 15 སྔོན།

    རྨོངས་སྒྲོན་ལགས་ཀྱིས་གུས་པར་དག་ཆ་ནོར་བ་ནོར་་བཅོས་བྱས་པར་ཐུགས་རྗེ་ཞུ་བཞིན་ཡོད་་ནོར་བ་ངོས་ལེན་ཡོ་བསྲང་བྱ་དགོས་པ་ནི་ལས་འགན་ཡིན་

    Reply
  2. གཟེར་མ། says:
    ལོ་ 15 སྔོན།

    ཐ་སྙད་ངོས་འཛིན་གྱི་འགྲན་བསྡུར་ཞིག་སྤེལ་བར་རྗེས་སུ་ཡི་རང་དང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དངོས་ནས་བོད་རིགས་ཡིན་པའི་འགན་ཁུར་བ་་རེད

    Reply
  3. རྨོངས་སད་སྒྲོན་མེ། says:
    ལོ་ 15 སྔོན།

    གཟི་མིག་གསུམ་པ་ལགས་ཀྱིས་ཐ་སྙད་གསར་སྤྱོད་ཀྱི་འགྲན་ཚོགས་ལ་བསྔགས་བརྗོད་ཞུས་འདུག་པར། རྗེས་སུ་ཡི་རངས་ཡོད་མོད། ཁྱེད་ཉིད་ཀྱིས་བཏབ་པའི་ཟིན་བྲིས་འདིའི་གོང་འོག་བར་གསུམ་ནས་ཡིག་ནོར་མང་པོ་མངོན་འདུག་པས་རྗེས་སུ་ཡིད་གཟབ་གནང་རོགས་ཞུ་རྒྱུ་ཡིན། ཁྱེད་ཀྱིས་སྤྱད་པའི་ཡིག་ནོར་ནི།
    ༡་སློབ་པྲུག་་་་་་་་་་་་་སློབ་་ཕྲུག
    ༢ སྐུ་མངལ་་་་་་་་་་་་་་སྐུ་ངལ།
    ༣ མཛད་མེད་་་་་་་་་་་་་འཛད་མེད
    ༤་ཐུགས་བརྗེ་་་་་་་་་་་ཐུགས་རྗེ་
    ༥་ཆབ་ཅིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཆབས་ཅིག
    ༦་ མཚམས་པའི་་་་་་འཚམས་པའི
    ༧ ཀྱི་ཀྱང་་་་་་་་་་་་་་་་་་་་་་་ཀྱིས་ཀྱང་
    ༨ ཡོངས་དང་ཅིག་་་་་་་་་་་་་་གཅིག
    ༩་གོམས་འགྲོད་་་་་་་་་་་་་གོམ་བགྲོད
    ༡༠ སྐད་གསར་སྤྱད་་་་་་་་་་་་་་གསར་བཅད
    ༡༡ ཐ་སྙད་བརྟན་འབེབས་་་་་་་་་་་གཏན་འབེབས།
    གལ་ཏེ་ངས་བཅོས་པའི་ནང་ཡིག་ནོར་ཡོད་མེད་དག་ཡིག་སོགས་ལ་ཞིབ་གཟིགས་གནང་ནས་མ་དག་་པ་ཡོད་ཚེ། སྐྱོན་བརྗོད་དང་དགོངས་འཆར་ཡོད་པའི་རེ་བ་དང་བཅས།

    Reply
  4. རིགས་བཟང་། says:
    ལོ་ 15 སྔོན།

    རྔ་ལུ་ཚང་དངོས་ནས་ཡག་པོ་འདུག ཆེ་ཆུང་ཚང་མའི་ཁ་ནས་ཁ་ཕོ་ཆེ་ནའང་། སྒང་པ་བོད་པའི་ལས་དོན་ཕྱོགས་ལ་འབད་པ་མི་སྨད་པ་བྱེད་ཀྱིན་འདུག ཧྲ་ཀི་ཡ

    Reply
  5. གཟི་མིག་༣པ says:
    ལོ་ 15 སྔོན།

    ངས་བཙན་བྱོལ་བོད་མི་ཡོངས་ཀྱི་ངོ་ཚབ་ཞུས་ནས་ཁྱེད་ལྷ་ལྡན་ཞིང་ཁམས་སུ་བཞུགས་པའི་མཁས་དབང་ཡོངས་དང་སློབ་པྲུག་ཡོངས་དེ་བཞིན་རྒྱ་ཆེའི་མི་དམངས་ཡོངས་ལ་སྔ་ཕྱི་བར་གསུམ་དུ་སྐུ་མངལ་མཛད་མེད་གནང་བར་ཐུགས་བརྗེ་ཆེ་ཞུ་བ་དང་ཆབ་ཅིག་བསྔགས་བརྗོད་ཞུ་བཞིན་ཡོད་།།།།།ལྷག་པར་ཁྱེད་ཤེས་ལྡན་པ་ཚོས་དུས་དང་མཚམས་པའི་བྱ་བ་འདི་ལྟ་བུ་ལ་བོད་མི་ཡོངས་ཀྱི་ཀྱང་བསྔགས་བརྗོད་ཞུ་འོས་པ་རེད་ད་དུང་ཡང་ཁྱེད་ཤེས་ལྡན་པ་ཚོས་བོད་ཀྱི་མཁས་དབང་ཡོངས་དང་ཅིག་ཚོགས་ཐོག་བོད་ནང་དུས་ཀྱི་གོམས་འགྲོད་དང་བསྟུན་ནས་སྐད་གསར་སྤྱད་དང་ཐ་སྙད་བརྟན་འབེབས་ཐེངས་གཅིག་བྱ་ཐུབ་ན་དངོས་ནས་བརླབས་ཆེན་བོད་ཀྱི་རྩ་དོན་ལ་རིག་གཞུང་ལ་ལྷན་པ་ཆེན་པོ་ཤིག་ཡོང་སོ་འདུག་པས་ཁྱེད་རྣམ་པས་ཐུགས་ཞིབ་ཡོད་པ་ཞུ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese