མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝུན་གྱི་འཁྲབ་སྟོན།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༤ ཉིན་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་པེ་ཅིན་དབུས་སྤྱི་དམངས་ཞུ་གཏུག་ཁང་དུ་སོང་སྟེ། ཞུ་གཏུག་མང་ཚོགས་ཚོར་དངོས་སུ་ཐུག་འཕྲད་ཀྱིས་ཧ་ཅང་ཤ་ཚ་སྙིང་ཉེ་བའི་རྣམ་པའི་ཐོག་ནས་གླེང་མོལ་བྱས་ཡོད་པ་རེད། དེ་ནི་རྒྱ་ནག་གི་སྲིད་བློན་ཞིག་གིས་ཞུ་གཏུག་མང་ཚོགས་ལ་ལྟ་རྟོག་དང་། གཞི་རིམ་མང་ཚོགས་ཚོས་སྲིད་བློན་ལ་ཐད་ཀར་རང་ཉིད་ཀྱི་དཀའ་སྡུག་ཞུ་གཏུག་བྱས་པ་ཐོག་མ་དེ་ཆགས་ཡོད་སྟབས། གསར་ལམ་ཁག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོ་ཞིག་གིས་དོ་སྣང་དང་གླེང་སློང་ཤུགས་ཆེན་བྱས་འདུག

འོན་ཀྱང་ཕྱི་ཚེས་ ༢༦ ཉིན། ཧོང་ཀོང་༼ མཱེན་པའོ ༽གསར་ཤོག་གི་གསར་འགོད་པ་རྒྱ་ནག་དབུས་སྤྱི་དམངས་ཞུ་གཏུག་ལས་ཁུངས་ཀྱི་སྒོ་འགྲམ་ཏུ་བསྐྱོད་དེ། གཞི་རིམ་ནས་ཆེད་དུ་དབུས་གཞུང་ལ་དཀའ་ངལ་ཞུ་བྱེད་དུ་ཡོང་མཁན་འགར་གནས་ཚུལ་བཅར་འདྲི་བྱས་སྐབས། རྒྱ་ནག་གི་ཉེན་རྟོག་པ་ཡོང་སྟེ་གསར་འགོད་པའི་བརྙན་ལེན་འཕྲུལ་ཆས་དང་པར་ཆས་སོགས་བཙན་འཕྲོག་བྱས་ཡོད་པ་མ་ཟད། པར་ཆས་ནང་གི་བརྙན་རིས་ཡོད་ཚད་ནག་སུབ་བཏང་ཡོད་འདུག གསར་འགོད་དེས་རྒྱུས་ལོན་བྱུང་བ་ལྟར་ན། ཝུན་ཅ་པའོ་གཏུག་བཤེར་ལུས་ཁུངས་སུ་མ་བསླེབས་སྔོན་དགོང་མོ་དེར། གཏུག་བཤེར་ལུས་ཁུངས་དང་ཐག་ཉེ་བའི་པེ་ཅིན་ལྷོ་ཕྱོགས་མེ་འཁོར་ས་ཚིགས་སུ་ཉེན་རྟོག་པ་མང་པོ་བསླེབས་ཏེ། ཞིང་ཆེན་དང་ས་ཁུལ་འདྲ་མིན་ནས་འོང་བའི་ཞུ་གཏུག་མང་ཚོགས་ཚང་མ་པེ་ཅིན་གྲོང་ཁྱེར་ནས་བཙན་ཤུགས་ཀྱིས་ཕྱིར་འཕུད་བཏང་ཡོད་འདུག

ཕྱི་ཚེས་ ༢༤ ཉིན་ཝུན་ཅ་པའོ་དངོས་སུ་གཏུག་བཤེར་ལས་ཁུངས་སུ་ཡོང་སྟེ་ཁོ་ཚོས་གོ་སྒྲིག་བྱས་ཡོད་པའི་ཞུ་གཏུག་པ་འགར་ཐུག་སྐབས། ཉེ་འཁོར་གྱི་སྲང་ལམ་དག་ཏུ་དམག་མིའི་རླངས་འཁོར་ཆེ་ཆུང་ ༢༨ ཙམ་གྱིས་སྐོར་སྲུང་བྱས་ཏེ་མང་ཚོགས་ས་གནས་དེར་འགྲོ་སྐྱོད་བཀག་སྡོམ་བྱས་ཡོད་པ་དང་། ཝུན་ཅ་པའོ་ཕྱིར་སོང་ཤུལ་ཏུ་སྔར་བཞིན་ཞུ་གཏུག་མང་ཚོགས་ཚོར་ཡ་ལན་སྤྲོད་མཁན་མེད་པར་གྱུར་ཡོད་འདུག དོན་གྱིས་ཐེངས་འདིའི་ཝུན་གྱི་ལྟ་སྐོར་དེ་ནི་མང་ཚོགས་ཀྱི་དཀའ་སྡུག་ལ་སེམས་ཁུར་བྱས་པ་ཞིག་མ་ཡིན་པར་མགོ་སྐོར་གཏོང་ཐབས་ཀྱི་འཁྲབ་སྟོན་ཐེངས་གཅིག་ཡིན་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པ་ནི་མི་མང་ལ་ཤ་ཚ་ཅན་ཞིག་ཡིན་མདོག་གི་བསླུ་བྲིད་གཏོང་སླད། ཐེངས་འདིར་རྒྱ་གཞུང་གི་དཔོན་རིགས་ཚོས་ཆེད་དུ་མང་ཚོགས་ལ་འཁྲབ་སྟོན་བྱས་པ་ཞིག་རེད། དོན་གྱིས་དེང་སྐབས་པེ་ཅིན་གཙོས་པའི་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཁྲིམས་འགལ་གྱི་མུན་བཙོན་མང་པོ་བཙུགས་ཡོད་པར་མ་ཟད། ཉེས་མེད་ཀྱི་མང་ཚོགས་མང་པོ་བཀག་ཉར་མནར་གཅོད་གཏོང་བཞིན་ཡོད། ཅེས་ཝུན་ཅ་པའོ་ཡི་འཁྲབ་སྟོན་དེར་སྐྱོན་བརྗོད་བྱས་ཡོད།

རྒྱ་ནག་གི་སྤྱི་ཚོགས་གནད་དོན་ཆེད་མཁས་པ་ཧའོ་ཞིན་དིག་ལགས་ཀྱིས་ཀྱང་༼མེན་པའོ༽གསར་ཁང་ལ་བརྗོད་རྒྱུར། རྒྱ་གཞུང་གི་གཏུག་བཤེར་ལམ་ལུགས་ཀྱི་མགོ་མཇུག་ཚང་མ་རུལ་སུངས་སུ་གྱུར་ཡོད་སྟབས། གནད་དོན་དེ་གཙང་སེལ་ཡོང་བར་ངེས་པར་དུ་སྲིད་གཞུང་དང་ཁྲིམས་འཛིན་གཉིས་ཁ་ཁ་བཟོས་ཏེ། རང་དབང་ཅན་གྱི་ཁྲིམས་འཛིན་སྡེ་ཁག་བཙུགས་ཏེ་སྤྱི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་དང་ལྟ་རྟོག་བྱ་དགོས་པ་རེད། འོན་ཀྱང་དུས་ཡུན་གང་འཚམ་རིང་ལས་དོན་དེ་རྒྱ་ནག་ནང་མངོན་འགྱུར་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། ཅེས་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།  



འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༨ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༩ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 3

  1. འཁེར་སྐྱ། says:
    ལོ་ 16 སྔོན།

    རེད་རེད་་མཁས་བཙུན་གི་དེ་བདེན་པ་རེད་་་མི་འཁྲབ་དགུ་འཁྲབ་རྒྱ་མིས་འཁྲབ། མི་ཟ་དགུ་ཟ་བོད་པས་ཟ།།།།།

    Reply
  2. རྡོ་རྗེ་མཁའ་འགྲོ། says:
    ལོ་ 16 སྔོན།

    བཀུར་འོས་རྩོམ་སྒྲིག་པ་ལགས། གུས་མོས་དེ་སྔ་ནས་འདིར་ཟིན་བྲིས་ཆེད་ཐོ་འགོད་ཟིན་ཡང་། ད་བར་ཁྱེད་ཅག་ལ་འབྲེལ་བ་གནང་ཐུབ་མ་སོང་བས་ཟིན་བྲིས་བཟོ་རྒྱུ་ལུས།
    གུས་མོར་ཐོ་འདིའི་སྟེང་དུ་ཟིན་བྲིས་ཤིག་བཟོ་གནང་ཡོང་བ་ཞུ།

    Reply
  3. མཁས་བཙུན། says:
    ལོ་ 16 སྔོན།

    མི་འཁྲབ་དགུ་འཁྲབ་རྒྱ་མིས་འཁྲབ། མི་ཟ་དགུ་ཟ་བོད་པས་ཟ། མི་དྲན་དགུ་དྲན་རྒྱ་མིས་དྲན། མི་ཤེས་དགུ་ཤེས་བོད་པས་ཤེས། མི་ལས་དགུ་ལས་རྒྱ་མིས་ལས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese