མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གི༼znews༽སོགས་ལ། – ཤར་ཕྱོཊ་ཁུག་རྟ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

 མཆོག་སྤྲུལ་ཀརྨ་པ་མཆོག་ནི་བོད་ཀྱི་སྤྲུལ་སྐུའི་ལམ་སྲོལ་སྲོལ་འབྱེད་ཀྱི་ཤིང་རྟ་བ་ཡིན་ལ། ཁོང་ནི་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་བླ་སྤྲུལ་ལོ་རྒྱུས་རིང་ཤོས་དེ་ཆགས་ཡོད་པ་མ་ཟད། བོད་མིའི་བྱུང་རབས་ཀྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད། ཁོང་གི་ཡང་སྲིད་ཕེབས་སྟངས་ནི་འདའ་ཁའི་ཞལ་ཆེམས་གཞིར་བཟུང་ཡབ་ཡུམ་གྱི་རིགས་རུས་དང་། ཁྱེའུའི་ལོ་ཁམས། ས་དབྱིབས་སོགས་མངོན་རྟོགས་ཁྱད་པར་ཅན་ལ་བརྟེན་ནས་ངོས་འཛིན་གནང་སྲོལ་ཡོད་པ་ནི། བོད་མི་ཚོས་བརྩི་བཀུར་དང་ཡིད་ཆེས་ཞུ་འོས་པའི་ལམ་ལུགས་མཆོག་གྱུར་ཞིག་ལ་ངོས་འཛིན་གནང་གི་ཡོད།

མཆོག་སྤྲུལ་བཅུ་བདུན་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་ནི་འདའ་ཁའི་ཞལ་ཆེམས་གཞིར་བཟུང་༧གོང་ས་མཆོག་གིས་ངོས་འཛིན་གནང་བ་ཞིག་ཡིན་ལ། ཁོང་གིས་རྒྱ་ནག་གཞུང་གི་འཇམ་རྩུབ་ཀྱི་ཐབས་ཤེས་ཡོད་རྒུས་ཁོང་ཉིད་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་གི་ཁ་གཏད་དུ་བེད་སྤྱོད་གནང་རྒྱུར་ངོ་རྒོལ་གྱིས་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་པ་ནི། བོད་བསྟན་སྲིད་ཞབས་ཞུའི་ལོ་རྒྱུས་ནང་གསེར་མདོག་གིས་དགོད་འོས་པ་ཞིག་ཡིན་ཞིང། བཙན་བྱོལ་ཏུ་འབྱོར་བ་ནས་ཁོང་གི་སྐྱོང་ཡུལ་ཀམ་ཚང་ལས་བརྒལ་ཏེ། ཁོང་ལ་དགའ་མོས་དང་ཡིད་ཆེས་བློ་གཏད་ཞུ་མཁན་གྱི་བོད་རིགས་གྲངས་ཀྱིས་ངལ་བའི་རང་བཞིན་དུ་སོང་། ཁོང་ནི་༧སྐུ་མདུན་གྱིས་མངོན་གསལ་དོད་པའི་རེ་བ་རྒྱགས་ས་ཞིག་དང་། བོད་མི་རིགས་ཀྱི་གནས་བབ་ཐད་ལས་འགན་དམིགས་བསལ་བ་ཡོད་པའི་གང་ཟག་ཞིག་ཏུ་གྱུར་ཡོད།

ཉིན་འགའི་སྔོན་བྱུང་བའི་ཤོག་སྒོར་གྱི་གནས་ཚུལ་དེ་ནི་ཁོང་གི་སློབ་སྟོན་པ་སྐུ་ཞབས་ཀརྨ་སྟོབས་ལྡན་ལགས་དང་ཁྲིམས་རྩོད་པ་ནཱ་རེ་ཤུམ་ཏྲིར་གཉིས་ཀྱིས་གསུངས་པ་ལྟར། “ ཧིན་སྒོར་དངུལ་ཁང་ལ་འཇོག་རྒྱུར་རྒྱ་གར་དབུས་ལྷན་ཁང་ Enforcement Department and Income Department ་ཆོག་མཆན་ཞུས་ཡོད་ཀྱང་། ད་བར་རྒྱ་གར་གཞུང་གིས་ཡ་ལན་སྤྲད་མེད་སྟབས། ཕྱི་དངུལ་རིགས་བླ་བྲང་ནས་མི་ཉར་ཐབས་མེད་བྱུང་ཡོད། དེའི་ཐད་རྒྱ་གར་གཞུང་ལ་ཡང་འགན་ཡོད་པ་རེད” ཡང་། “ བླ་བྲང་གིས་རྒྱ་གར་གཞུང་དང་མངའ་སྡེ་གཞུང་ལ་སྙན་གསེང་ཞུས་ཏེ་ས་ཉོ་རྩིས་བྱས་ཤིང་། ས་རིན་ལྡི་ལི་ནས་ལུགས་མཐུན་ཐོག་བླ་བྲང་གི་དངུལ་གཉེར་བས་ས་བདག་རྒྱ་གར་བ་དེ་གཉིས་ལ་རྩིས་སྤྲོད་བྱས་ཟིན་པའི་བྱུང་འཛིན་ཁ་གསལ་ཡིན་སྟབས། ཧིན་སྒོར་འབུམ་ ༡༠༠ དེ་ཀརྨ་བླ་བྲང་ལ་འབྲེལ་བ་མེད་པ་ལྟ་བུ་རེད” དེ་དག་ཡུལ་མིའི་ཁྲིམས་ལྟར་ཐག་གཅོད་ཡོང་རྒྱུར་ཁོང་གི་བླ་བྲང་གིས་བཟང་སྤྱོད་ལྡན་པའི་ངང་དགའ་བསུ་ཞུ་བཞིན་ཡོད་པ་རེད།

སྐབས་དེར་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་བཀའ་བློན་མཆོག་ཆེད་ཕེབས་གནང་ཡོད་པ་དང་། ཁྲིམས་བཟོ་ལྷན་ཚོགས་ནས་གནས་ཚུལ་བྱུང་མ་ཐག་དངོས་ཡོད་འགྲེལ་བརྗོད་གནང་བ་དག་གིས་བོད་མི་ཚོའི་བདེ་སྡུག་དང་མཆོག་སྤྲུལ་ཀརྨ་པའི་ལས་དབང་ལ་འབྲེལ་བ་དམ་ཟབ་ཡོད་པ་མངོན་གསལ་བྱས་ཡོད།

གནས་ཚུལ་འདིའི་བྱུང་རིམ་ལ་ལྟོས་རྗེས། རྒྱ་གར་གྱི་གསར་ལམ་ཁག་གཅིག་ནས་གནས་ཚུལ་འདྲ་མིན་ཐོན་པ་དག་ནི། རུལ་སུངས་དང་ཚོང་ལས་ཀྱི་ངོ་བོར་ཁོ་ནར་ཕྱིན་པའི་སྤྱི་ཚོགས་ཤིག་གི་འགྲོ་སྲོལ་ཡིན་དུ་ཆུགས་ཀྱང་། བོད་མི་ཚོའི་བསམ་འདུན་དང་དོན་དངོས་ལ་སྐུར་འདེབས་བྱས་པ་དག་ལ་བློ་ཕམ་ཚད་མེད་བྱུང་། ང་ཚོས་ཕ་ཡུལ་གཉིས་པར་བརྩི་བའི་རྒྱ་གར་གཞུང་དང་ཡུལ་མིའི་བར་གྱི་བརྩེ་བ་གོང་དུ་སྤེལ་ཆེད། ནོར་འཁྲུལ་ཤོར་ཟིན་པའི་གསར་ལམ་དག་གིས་ཀྱང་རྗེས་སུ་བཟང་སྤྱོད་དང་མཐུན་པའི་རོགས་འདེགས་ཡོང་བར་ཡིད་ཆེས་བྱེད་བཞིན་ཡོད།

གནས་ཚུལ་དམིགས་བསལ་ཞིག་དང་། བཟོད་པ་བསྟེན་མི་ཐུབ་པ་ཞིག་ནི། བོད་མིའི་དབུ་ཁྲིད་མཆོག་ལ་༧རྒྱ་གར་གསར་འགོད་པས་གནས་ཚུལ་འདིའི་སྐོར་བཅའ་འདྲི་བྱས་པ་ནི་ཤིན་ཏུ་ནས་མ་རན་པ་དང་བོད་མི་མང་གི་སེམས་ལ་ཕོགས་ཐུག་བཏང་བ་ཞིག་རེད། ༧གོང་ས་མཆོག་ནི་ང་ཚོའི་དབུ་ཁྲིད་ཙམ་མ་ཟད། འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཡིན་ཁར། རང་ཅག་ཨེ་ཤ་ཡའི་མཁས་པའི་རྣམ་དཔྱོད་དང་བྱམས་བརྩེ་དག་གི་གཙུག་ལས་བརྒལ་ཏེ། འཛམ་གླིང་ཤར་ནུབ་ཀུན་ཏུ་བླ་ན་མེད་པའི་དབུ་ཁྲིད་ཞིག་ཡིན་པས། གསར་འགོད་པས་དོན་ཆུང་འདི་ལྟ་བུར་བཅའ་འདྲི་བྱས་པ་ནི་༧གོང་ས་མཆོག་ལ་བརྩི་བཀུར་མ་ཞུས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། རྒྱ་གར་གྱི་མཛེས་མ Katrina Kaif ལྟ་བུ་ཞིག་གིས་སྐར་མ་ཁ་ཤས་རིང་འཁྲབ་སྟོན་བྱས་ན་ཐོབ་པའི་དངུལ་འབོར་ཆུང་ཆུང་ཞིག་རེད། འཇིག་རྟེན་གྱི་འགྲོ་སྲོལ་དང་མཐུན་པའི་བཟང་པོའི་ལམ་ལུགས་ཐོག བོད་མི་ཚོ་དམིགས་བསལ་ཏུ་ཡོད་པ་ཞིག་ནི། ཡ་རབས་དང་བག་ཡོད། བརྩི་བཀུར། ཧམ་པ་མི་བྱེད་པ་སོགས་ཡིན་པས། ལར་ནས་བོད་དང་འབྲེལ་བའི་གནས་ཚུལ་ལ་ཞུགས་སྐབས། བོད་མི་རིགས་ཀྱི་ངོ་བོའི་རང་བཞིན་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས་ཀྱི་ཡོད།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 14

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ཀརྨ་རྣམ་རྒྱལ་གང་ནས་ཅིའི་ཕྱིར་བྱོན་མིན་གྱི་རེ་དོགས་བསྐྱུར་ནས། མི་ཞིག་ཡིན་པའི་གདེང་འཇོག་གིས་ཉ་ཉོག་ལས་དངོས་མ་ཞིག་སྨྲ་བར་སྤྲོ་སྟེ།

    དེ་ཡང་༼ མཆོག་སྤྲུལ་ཀརྨ་པ་ཐུགས་བསྐྱེད་སྨོན་ལམ་དུས་སུ་བབས་པའི་སྐྱེས་ཆེན་ཡིན་པར ༽་གསུངས་པ་ཁོ་བོས་སྔོན་མ་ནོར་གླིང་དུ་རིས་མེད་གྲུབ་མཐའི་ཚོགས་ཆེན་སྐབས་༧གོང་ས་མཆོག་གི་ཞལ་དྲོན་མོ་ནས་དངོས་སུ་ཐོས་པས།

    ར་རི་སྒྲིབ་པས་ཆོས་ཉིད་རྣལ་མ་མཐོང་རྒྱུར་རང་བློ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་ཡང། རིགས་པ་དང་མཐུན་པའི་གྲུབ་མཐའ་ཁས་བླངས་པ་བཞིན་ཁོ་བོར་གསུངས་འདི་ནི་བཅོམ་ལྡན་རང་གི་ཞལ་ནས་ཐོབ་པའི་ང་རོ་རྒོད་དོ།

    Reply
  2. ཀརྨ་རྣམ་རྒྱལ། says:
    ལོ་ 14 སྔོན།

    ཤར་ཕྱོཊ་ཁུག་རྟ་ལགས། ཁྱོད་ཀྱི་༼མཆོག་སྤྲུལ་བཅུ་བདུན་པ་ན་འཕྲིན་ལས་རྡོ་རྗེ་མཆོག་ནི་འདའ་ཁའི་ཞལ་ཆེམས་གཞིར་བཟུང་༧གོང་ས་མཆོག་གིས་ངོས་འཛིན་གནང་བ་ཞིག་ཡིན་ལ།༽ཞེས་བྲིས་འདུག་པ་ནི་ཅུང་ཧམ་པ་ཆེ་དྲག་འདུག ༡ ༧གོང་ས་མཆོག་གི་ངོས་ལེན་གནང་པ་མ་གཏོགས་ངོས་འཛིན་གནང་མེད་པ་ཡོངས་གྲགས་རེད། ༢ འདའ་ཁའི་ཞལ་ཆེམས་གཞིར་གཟུང་བྱས་ན་ཁུང་སྐྱེལ་ཐུབ་མིན་ཐེ་ཚོམ་གྱི་ངང་དུ་གནས་ཡོད་པའང་ཡོངས་གྲགས་རེད། གལ་སྲིད་ཁུང་སྐྱེལ་ཐུབ་པའི་གདེངས་ཚད་ཡོད་ན་མཁས་དབང་སྟོབས་དགའ་ལགས་ཀྱི་༼གཏམ་སྣ་ཚོགས་གི་རི་མོ་༽ཞེས་པ་དེ་ལ་ལན་པོ་ཞིག་བྲིས་ན་མི་ལེགས་སམ།

    Reply
  3. རྟོགས་སད་ཀྱི་སྨྱུ་བུ། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས་ཀྱི་གནས་ཚུལ་ཡག་པོ་ཞིག་བྲིས་འདུག་མུ་འཐུད་འདི་འདྲ་རེ་སྤེལ་གནང་ན་ཐེང་འདིས་དོན་རྐྱེན་དེ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཐོན་སྲིད།

    Reply
  4. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    འཇིན་རྟེན་གྱི་དཔེར། ཁྱི་ཆགས་ནས་མི་དཀྲི་རྔ་མ་མི་ཆགས་ས་ནས་དཀྲི་ཞེས་པ་ལྟར་རྒྱ་གར་བས་ཚག་དགོས་པའི་དངུལ་དེ་ཡི་བསྐོར་ལ་དྲི་གནས་གང་བཏོན་རྒྱལ་ཁབ་དེ་གི་རྒྱལ་ཁྲིམས་གཞིར་བཟུང་ཞིབ་དཔྱོད་བྱེད་དགོས་པ་ནི་ཉན་རྟོགས་པའི་ལས་ཀ་ངོ་མ་ཡིན་དང་ཡིན་བྱེད་ཀྱང་དགོས་དང་དགོས། དེ་འདྲ་མ་ཡིན་པར་༸རྒྱལ་དབང་ཀརྨ་པ་ཉིད་ཀྱི་སྐུ་དོན་ལྟ་བུ་ཞིག་ཡིན་ན་རང་གི་ཕ་ཡུལ་དྲོན་མོ་ནང་རྒྱ་མིའི་ཆེས་མཐོང་གི་བླ་ཆེན་དེ་གང་ལ་མེད་པའི་གུས་བསྐུར་ཚད་མེད་ཞིག་ཡོད་ས་ཡིན་ན་ཡང་མ་འོང་པའི་བོད་ཆོལ་གསུམ་གྱི་རེ་བའི་ཤིང་རྟ་གཅིག་ཏུ་དྲིལ་བའི་༸གོང་ས་ཡིད་བཞིན་ནོར་བུ་མཆོག་ལ་བཙན་བཀའི་སྒོ་ནས་མཚན་སྨོད་བཏང་དགོས་པ་དང་གཅིག པཎ་ཆེན་ཡང་སྲིད་མ་ཡིན་པ་ལ་ཡིན་པའི་མི་ཆོས་བླ་མའི་རྫུན་སྨྲ་མི་ཐུབ་པ་དང་གཉིས། རྒྱལ་དབང་གོང་མའི་དབང་ཁྲིད་མན་ངག་གི་བརྒྱུད་པ་འཁྲུལ་མེད་འཕགས་ཡུལ་འདིར་བཞུགས་པ་དེ་དག་ཉམས་མེད་བུམ་པ་གང་བྱོའི་ཚུལ་དུ་ནོད་ཐུབ་དགོས་པ་དང་གསུམ། ༸གོང་ས་ཡིད་བཞིན་ནོར་བུ་དང་གསེར་ཞལ་མཇལ་ལྷན་དུ་འཛོམ་པའི་དགའ་སྟོན་ནམ་རྒྱུན་སྐོམ་པ་ཆུ་འདོད་བཞིན་ཉིན་མཚན་ཀུན་ཏུ་ཡོད་པ་དེ་མངོན་སུམ་མྱོང་བའི་སྐལ་བཟང་ཐོབ་པའི་ཕྱིར་དང་བཞི། རིས་མེད་ཀྱི་བླ་མ་གོང་མ་རྣམས་དང་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་གཡུ་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་འཛིན་པའི་བླ་ཆེན་རྣམས་དང་ཟབ་རྒྱས་ཆོས་ཀྱི་སྒྲོ་འདོགས་མ་ལུས་པ་བཅད་ཅིང་ཕྱིའི་འབྱུང་གངས་ཅན་པའི་མི་རིགས་འདི་ལ་སྨན་པའི་ལས་དོན་ཞིག་སྒྲུབ་ཐུབ་ན་ཅི་རུང་སྙམས་པའི་མོས་བློ་དང་ལྔ་བཅས་ཀྱིས་རྒྱ་གར་ལ་ཕེབས་ཤིང་རྒྱ་དམར་བ་ཅི་བྱེད་འདི་བྱེད་མེད་པར་ཕྱི་ལ་བོད་ཀྱི་ཆོས་དད་རང་མོས་ཡོད་ཡོད་ཡོད་ཀྱི་སྐད་ཆ་ཐམས་ཅད་རྐུབ་དིབ ནང་ནས་ཆོས་ལུགས་ལ་མི་དགའ་མདོགས་བྱེད་པའི་མཚངས་བུད་ནས་ངོ་ཚ་ཁ་སྐྱེང་དུ་བཞག་ནས་སྐུ་སྲོག་ཀྱང་ཇི་མི་སྙོམ་པའི་སྙིང་སྟོབས་དང་ཆོད་སེམས་ཆེན་པོས་ཧི་མ་ལ་ཡིའི་རི་བརྒྱུད་བརྒལ་ནས་བཙན་བྱོལ་དུ་འབྱོན་པ་མ་ཚད་བྱེས་ཀྱི་བོད་མི་ཡོངས་དང་འཛམ་ཀླིང་ཤར་ནུབ་ཀུན་གྱི་དགའ་བསྐུར་འོས་པའི་སྐྱེས་བུ་ཆེན་པོ་བླ་ན་མེད་པ་ཞིག་ཡིན་པ་མ་ཚད་གངས་ཅན་བོད་པ་ཡོངས་ཀྱི་སྙིང་གི་ནོར་བུ་རིན་པོ་ཆེ་འདི་ལྟ་བུ་ལ་གཞི་མེད་པའི་སྙོན་འཛུག་ཚད་ལས་བརྒལ་བ་དང་གསང་ཉུལ་གྱི་སྐྱོན་འདོག་འདི་ནི་ཆེས་ཤིན་ཏུ་མི་འོས་པ་དང་བྱེད་དུ་མི་རུང་བ་ཞིག་ཡིན། མ་ཚད་རྒྱ་མི་ལྟ་བུ་ཡིན་ན་གོང་དུ་བཤད་པ་བཞིན་གནས་ཚུལ་དེ་འདྲ་ཞིག་གི་ཕན་ཚུན་འབྲེལ་བ་མེད་པའི་སྒང་ལ་ད་དུང་གསང་ཉུལ་གྱི་མིང་འདོགས་བྱེད་པ་ཡིན་ན་རྒྱ་མིའི་ཁོག་ཏུ་ཚི་དྲེགས་འཐུག་པོ་ཞིག་རྒྱ་གར་བས་དངོས་སུ་བསྐུས་པ་རེད། ཡིན་ན་ཡང་དོན་རྐྱེན་འདི་ད་དུང་མཐའ་གཅིག་ཏུ་ཕྱི་གསལ་ནང་གསལ་བཟོ་དགོས་པ་ནི་ཤིན་ཏུ་གལ་ཆེ་སྙམས།

    Reply
  5. གནམ་ལྕགས། says:
    ལོ་ 14 སྔོན།

    དངོས་གནས་བཤད་ན། ཁུག་རྟའི་ཁ་བརྡུང་འདི་རྒྱ་གར་གསར་འགྱུར་བརྒྱུད་ལམ་དག་ལ་འབབ་ངེས་ཤིག་རེད། འོན་ཀྱང་དེའི་སྐོར་ནས་ལས་འགུལ་འདྲ་སྤེལ་བ་ལ་མཇུག་འབྲས་ཅི་འབྱུང་མི་ཤེས་པ་ཞིག་ཏུ་མཐོང་། ཁུག་རྟའི་དགོངས་གཞི་བཞིན་ཚགས་ཤོག་ཁང་དང་བརྙན་འཕྲིན་ཁང་དག་ལ་གཞི་མེད་དཀྲོག་གཏམ་གྱི་ཁུངས་སྐྱེལ་ར་སྤྲོད་བྱེད་དུ་འཇུག་དགོས་པ་རེད། ནུས་པ་ཅན་རེ་ཡོད་ན་དེ་ལ་ཁྲིམས་གཏུགས་ཀྱང་བྱེད་ཆོག་གི་རེད།

    Reply
  6. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    རྒྱལ་དབང་ཀརྨ་བའི་སྒོར་གྱི་གནད་དོན་འདིས་ཐད་གོ་ཐོས་སུ་སྐད་འབོད་འདྲ་བོ་མང་དུ་བྱེད་ཀྱིན་པ་ཐོས།
    དེ་ཁྲིམས་དང་ཐུག་ཡོད་དུས་གཞན་བྱེད་ཡ་ཁག་པོ་རེད་དེ། བོད་པ་ཚོ་ལ་ཡང་དམིགས་གསལ་ཅིག་དགོས་ཀྱི་མེད་འགྲོ།
    དེ་ཡིན་ཕྱིན་རྒྱལ་བ་ས་སྐྱ་བ་དང་། རྒྱལ་བ་ཅོ་ནང་བ། རྒྱལ་བ་འབྲི་གུང་བ། སོགས་བོད་ཀྱི་བླ་ཆེན་ཀརྨ་པ་དང་མཉམ་པ་དག་གིས་རོགས་མགོན་རེ་ཞུས་ན་ཕན་གྱི་རེད།

    Reply
  7. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ལྷན་རྒྱས་ཕེབས་པར་དགའ་བསུ་ཞུ། ཡིན་ནའང། བསྟན་པ་ཡར་འཕེལ་ཟེར་བ་ཁྱེད་རང་ཚོར་བའི་དབང་དུ་མ་འགྲོ་རོགས། ངའི་མ་རྩོམ་ནང་དུ་རྒྱལ་དབང་དང་རྒྱལ་བ་ཟེར་བའི་མིང་དེ་མེད། ངའི་རྩོམ་ལ་མཆན་འབྲི་སྐབས་དེ་དག་ལ་བརྩི་བཀུར་བྱེད་དགོས་ཀྱི་རེད། ང་ཚོས་ས་མཚམས་ཡོད་པ་དང་རྩ་དོན་ཡོད་པའི་ཐོག་ནས་ཕྱག་ལས་གནང་དགོས་ཀྱི་འདུག

    ཨ་ཁུ་རྨོག་རུ་དང་སྤོབས་གཉིས་ཕེབས་པར་འཚམས་འདྲི་ཡོད།

    Reply
  8. བསྟན་པ་ཡར་འཕེལ། says:
    ལོ་ 14 སྔོན།

    རྒྱལ་སྤྱིའི་ཆབ་སྲིད་མཁས་དབང་ཞིག་གིས་རྒྱ་གར་གྱི་གསར་ཤོག Hindustan Times ཞེས་པར་རྒྱལ་དབངཀརྨ་པའི་སྐོར་རྒྱ་གར་གསར་འགོད་པ་ཚོས་མི་བདེན་རྫུན་སྒྲིག་བྱས་ཚུལ་གྱི་རྩོམ་ཡིག་ཅིག་སྤེལ་འདུག་པ་འདི་ནས་གཟིགས། http://www.hindustantimes.com/Buddha-s-not-smiling/Article1-657332.aspx

    Reply
  9. སྤོབས་པ་མཐའ་ཡས། says:
    ལོ་ 14 སྔོན།

    ཀརྨ་པའི་སྐུ་འཁོར་དེ་ཚོ་ཡུལ་་ཁྲིམས་ལ་ཐོགས་པ་ད་རེས་ཐེངས་དང་པོ་མ་རེད། སྔོན་མ་ཞིག་ལ་སྐུ་འཁོར་ནང་མ་གཅིག་རྒྱ་ནག་དང་འབྲེལ་ཡོད་དོག་གཞིས་ཆུ་ཚོད་བཞི་བཅུའི་ནང་ལ་རྒྱ་གར་ནས་ཕྱི་ལོགས་གཏན་འབུད་དགོས་པའི་བཀའ་རྒྱ་འབྱོར་བ་ཐོས་མྱོང་། དངུལ་བཅོལ་འཇོག་ལ་དཀའ་ངལ་ཡོད་པ་ཤེས་ན་དངུལ་དེ་འདྲ་མང་པོ་བསྡུས་ནས་ག་རེ་བྱེད་པ་ཡིན་ནམ། དངུལ་མི་དགོས་ལབ་ན་མི་ཆོག་པ་ཡིན་ནམ། དངུལ་ལེན་ཤེས་ས་ནས་ཉར་མི་ཤེས་པ་འདི་ཁྱད་མཚར་རེད།

    Reply
  10. རྒྱ་སྟག་དཀར་པོ says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས། གོང་གི་ལེའུ་དུམ་བུ་འདི་ཡི་ནང་འུ་ཅག་ཀརྨ་པ་འདི་ཡི་རྣམ་ཐར་འདྲ་པོ་ཞིག་བཤད་བཟོ་བྱས་འདུག་ཀྱང་། དེ་ལ་སྟོབས་དགའ་ཡིས་བྲིས་པའི་༼གཏམ་སྣ་ཚོགས་ཀུན་རྟོགས་ཀྱི་རི་མོ་༽ཡི་ས་བཅད་དང་པོ་དེས་ཚིག་འབྲེལ་བསྟན་ཟིན་པ་མ་ཡིན་ནམ།
    མ་ཟད་ད་ཐེངས་ཀརྨ་པ་མཆོག་གི་སོ་ཐར་སྡོམ་པ་དེ་ཁ་ཆག་སྣ་རལ་ཞིག་སོང་བ་མ་ཡིན་ནམ། དེ་ལ་དོག་དཔྱོད་ཞིག་བྱེད་རོགས

    Reply
  11. དུག་མདའ། says:
    ལོ་ 14 སྔོན།

    བདེན་པ་རེད། ད་ཐེངས་རྒྱལ་བ་ཀརྨ་པ་བེད་སྤྱད་པ་ཙམ་ལས་འབེན་ངོ་མ་ནང་པ་ཡིན་ཡང་སྲིད། གོང་ས་མཆོག་ལ་མཐོང་ཆུང་། ཀརྨ་པ་ལ་ཁྱད་གསོད། བོད་མི་མང་ལ་བརྙེས་བཅོས། ལ་དྭགས་དང་འབྲས་ལྗོངས་བ་ལ་སྣང་མེད་བྱེད་སྟངས་འདིས་ཡུན་རིང་ཁོང་དུ་ཉར་བའི་ཧིན་ནང་གི་ཕྱོགས་ཞེན་ཞིག་ཕྱི་རུ་བཏོན་པ་མིན་ནམ་སྙམ་གྱི་འདུག ད་ཧི་མ་ལ་ཡ་བ་ཚོས་ཀྱང་ག་ལེར་བསྡུ་གསོག་བརྒྱབ་ཏེ་ཡུལ་ངོ་མ་ཞིག་བཙལ་ན་དགའ་སྙམ།

    Reply
  12. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    འབྲུག་སྒྲ་སྐྱབས་ལགས། སེམས་ཁྲལ་གནང་སྟངས་ནོར་མི་འདུག་ཀྱང། རང་མིར་རང་མྱིའི་གནད་འགག་ཅིག་ངོ་སྤྲོད་བྱས་ན་བསམ་པས་འདིར་སྐད་ཡིག་ཐོག་བཀོད་པ་ལས། དབྱིན་ཡིག་ནང་ཁོང་ཚོ་བཏང་ཟིན་པ་ཡིན་ལགས།

    Reply
  13. འབྲུག་སྒྲ་སྐྱབས། says:
    ལོ་ 14 སྔོན།

    ཁྱོད་དུས་བབ་ནང་དུ་སྐད་ག་ཚོད་བརྒྱབ་ཀྱང་ཁོང་ཚོས་རྣ་བའི་ནང་དུ་གོ་གི་རེད་དམ།

    Reply
  14. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས།འདི་ལྟ་བུའི་སྐད་སྙན་མོ་རེ་བསྒྲགས་ན་ངོ་མ་བཟང་གི
    གནད་དོན་དབྱེ་ཞིབ་དང་འབྲེལ་བའི་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག
    ཁུ་བྱུག་གིས་ཁྱེད་ལ་ལེགས་གསོལ་གྱི་ཚབ་ཏུ་ཀུ་ཀོ་འཐེན།
    ཀུ་ཀོ་་་་་ཀུ་ཀོ་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese