མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་རྒྱལ་ཁབ་གསར་ཤོས།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་སུའུ་ཌན་ལྷོ་མའི་མི་མང་གི་རང་ཐག་རང་གཅོད་ཀྱི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པར། འོས་ཤོག་བརྒྱ་ཆ་ ༩༩ ཙམ་གྱིས་སུའུ་ཌན་ལྷོ་མར་རང་བཙན་འདོད་མཁན་ཆགས་ཡོད་འདུག

ཨ་ཧྥི་རི་ཀའི་སུའུ་ཌན་ལྷོ་བྱང་བར་ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་ནང་འཁྲུག་བྱས་མཐར། མི་ས་ཡ་གཉིས་ལྷག་གི་ཚེ་སྲོག་ཤོར་ཡོད་ཅིང་། ༢༠༠༥ ལོར་ལྷོ་བྱང་བར་ཞི་འགྲིག་གི་གྲོས་མཐུན་ཆིངས་ཡིག་བཞག་པ་ལྟར། འདི་ལོའི་ཕྱི་ཟླ་དང་པོའི་ནང་། སུའུ་ཌན་ལྷོ་བྱང་གཉིས་སོ་སོར་རང་བཙན་བྱ་རྒྱུ་ཡིན་ནམ། ཡང་ན་ལྷོ་བྱང་གཉིས་མཉམ་གནས་ཀྱིས་རྒྱལ་ཁབ་གཅིག་རྒྱུའི་གདམ་ཀ་དེ་གཉིས་ཐོག སུའུ་ཌན་ལྷོ་མའི་མང་ཚོགས་ལ་རང་ཐག་རང་གཅོད་ཀྱི་བསམ་ཤོག་བསྡུས་ཡོད།

རེས་གཟའ་ཉི་མའི་ཉིན་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་དོན་ལྟར་ན། སུའུ་ཌན་ལྷོ་མ་སུའུ་ཌན་བྱང་མ་ལས་ཁ་བྲལ་ཏེ་རྒྱལ་ཁབ་རང་བཙན་བྱ་འདོད་ཡོད་མཁན་གྱིས་བརྒྱ་ཆ་ ༩༩ ཙམ་ཟིན་ཡོད་འདུག ད་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༩ ཉིན་སུའུ་ཌན་ལྷོ་བྱང་གཉིས་ཀྱི་གནད་དོན་དེའི་མཐའ་མའི་ཐག་གཅོད་ཁྱབ་བསྒྲགས་བྱ་རྒྱུ་ཡིན་འདུག་ལ། དུས་ཡུན་དེའི་རིང་ལྷོ་བྱང་གཉིས་ཀྱི་རྒྱལ་མཚམས་ཐག་གཅོད་དང་། ས་ཁུངས་དང་མི་སེར་བགོ་བཤའ། དེ་བཞིན་རྙོག་དྲ་རིགས་གྲོས་མོལ་བརྒྱུད་ཐག་གཅོད་བྱ་རྒྱུ་ཡིན་འདུག སྐབས་དེར་སུའུ་ཌན་ལྷོ་མ་ནི་འཛམ་གླིང་གི་རྒྱལ་ཁབ་གསར་ཤོས་དེ་ཆགས་རྒྱུ་ཡིན་འདུག

 

ཐེངས་འདིའི་འོས་བསྡུའི་མཇུག་འབྲས་ཁྱབ་བསྒྲགས་བྱས་རྗེས། སུའུ་ཌན་ལྷོ་མའི་ལས་འགུལ་སྣེ་ཁྲིད་པ་དང་། སུའུ་ཌན་ལྷོ་མའི་མ་འོངས་རྒྱལ་ཁབ་གསར་བའི་སྲིད་འཛིན་དུ་འབོད་པ་སྐུ་ཞབས་སཱལ་བཱ་ཀེར་ Salva Kiir ལགས་ཀྱིས་སུའུ་ཌན་ལྷོ་མའི་མང་ཚོགས་འདུ་འཛོམས་ཐོག དེ་སྔའི་ཁ་གཏད་སུའུ་ཌན་སྲིད་འཛིན་ཨོ་མར་ཧཱ་སན་ Omar Hassan al-Bashir  ལ་བསྔགས་བརྗོད་དང་འབྲེལ། ད་ནི་སོ་སོའི་རྒྱལ་ཁབ་ནང་མི་མང་ལ་རང་དབང་ཐོབ་པ་འདི་ནི། མི་མང་ཚོས་རང་དབང་རང་བཙན་གྱི་མངོན་འདོད་ཐོག་འོས་ཤོག་བླུགས་པའི་གྲུབ་འབྲས་རེད། ངས་ཁྱེད་ཚོར་བསྔགས་བརྗོད་ཐེངས་ས་ཡ་གཅིག་ཞུ་ཆོག ཅེས་དང་།

ཁོང་གིས་མུ་མཐུད། ད་ལྟའི་སྲིད་འཛིན་ཨོ་མར་ཧཱ་སན་ལགས་ཀྱིས་ ༢༠༠༥ ལོའི་གྲོས་ཆོད་ཁ་དན་ལ་གནས་སྟེ། ཕྱོགས་གཉིས་བར་འཆམ་མཐུན་དང་། མི་དམངས་མང་ཚོགས་ལ་ཞི་བདེ་ཆེད་ཡོང་ཆེད་བློ་སྟོབས་ཆེན་པོས་གནད་དོན་ཞི་འགྲིག་གནང་བ་རེད། ཁོང་ནི་སྐྱེས་བུ་རླབས་ཆེན་ཞིག་རེད་ལ། ང་ཚོས་ཀྱང་ཁོང་ལ་རྒྱབ་སྐྱོར་བྱ་དགོས། ལས་དོན་ད་དུང་མཇུག་རྫོགས་མེད་སྟབས། དེ་རིང་སུའུ་ཌན་ལྷོ་མའི་རང་བཙན་ཁྱབ་བསྒྲགས་བྱ་ཐུབ་ཀྱི་མེད། ང་ཚོས་གྲོས་ཆོད་ལ་གཙི་སྲུང་བྱས་ཏེ། ཞི་ལྷོད་ངང་ལས་དོན་བསྒྲུབ་ན་ང་ཚོ་བསླེབ་དགོས་ས་དེར་རིམ་གྱིས་བསླེབ་ངེས་རེད། ཅེས་བརྗོད་འདུག

 

རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀེ་མོན་གྱིས་ཉིན་དེར་ཨ་ཧྥི་རི་ཀ་མཉམ་འབྲེལ་གྱི་ཚོགས་ཆེན་སྟེང་། ཐེངས་འདིའི་སུའུ་ཌན་མི་མང་གི་འོས་བསྡུ་དེ་དྲང་བདེན་དང་ཚགས་ཚུད་བྱུང་འདུག འོན་ཀྱང་། ད་དུང་བསྒྲུབ་དགོས་པའི་བྱ་བ་མང་པོ་ཡོད་པ་རེད། ང་ཚོས་སེམས་ཁུར་བྱ་ཡུལ་གཙོ་བོ་ཞིག་ནི་རྒྱལ་མཚམས་བདེ་འཇགས་དང་། རྒྱལ་ཁོངས་མི་སེར་གྱི་བདག་དབང་། རྒྱུ་དངོས་བགོ་བཤའ་བྱ་ཕྱོགས། རྒྱལ་ཁོངས་ས་ཐིག་གཏན་འབེབས། ལྷག་པར་དུ་ས་ཁུལ་ཁག་ཅིག་རྒྱལ་ཁོངས་གང་གི་ཕྱོགས་སུ་འགྲོ་དགོས་མིན་ཐད་བཀའ་བསྡུར་བྱེད་ཕྱོགས་བཅས་རེད། ཅེས་བརྗོད་འདུག ཐེངས་འདིའི་བསམ་ཤོག་གི་མཇུག་འབྲས་ཕྱིར་བསྒྲགས་བྱས་མ་ཐག སུའུ་ཌན་ལྷོ་མའི་ས་ཕྱོགས་གང་སར་མི་མང་གིས་དགའ་འབོད་དང་སྤྲོད་སྐྱིད་གཏོང་བ་སོགས་ཀྱི་དུས་སྟོན་གཞི་རྒྱ་ཆེན་པོ་ཞིག་སྲུང་གཙི་བྱས་ཡོད་འདུག  

སྐབས་དེར་སན་ཊེ་ནོ་ Santino Anei ཟེར་བའི་སློབ་མ་རང་ལོ་ ༡༩ ཡིན་པ་ཞིག་གིས། ད་ནི་ང་རང་གི་སེམས་པ་ཧ་ཅང་སྐྱིད་པོ་འདུག སློབ་གྲྭར་འགྲོ་རྒྱུར་ཡང་ཞེད་སྣང་དང་འཁྲུག་རྩོད་མེད་པར་གྱུར་བ་རེད། བསམ་བློ་ཞིག་བཏང་ན། སོ་སོར་རྒྱལ་ཁབ་ཡོད་མཁན་གྱི་མི་དེ་ཚོར་རྣམ་འགྱུར་དང་སེམས་ཁམས་མ་འདྲ་བ་ཞིག་ཡོད་པ་ལྟར། ད་ནི་ང་ལ་ཡང་སྤོབས་པ་ཞིག་སྐྱེ་ཡོང་གི་འདུག ས་ཆ་འདི་ང་ཚོ་རང་གི་ས་ཆ་ཡིན་སྙམ་པའི་ཚོར་སྣང་ཞིག་ཡོང་གི་འདུག ཅེས་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

ཆུ་ཚོད་ ༡༢ སྔོན་ལ།
THE MONK AND THE GUN (དྲ་རྒྱའི་པར།)
Featured Blogger

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

ཆུ་ཚོད་ ༡༥ སྔོན་ལ།
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

ཆུ་ཚོད་ ༡༥ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

མཆན། 7

  1. དུག་མདའ། says:
    ལོ་ 16 སྔོན།

    རྒྱལ་ཚོགས་ཟེར་བ་འདིས་ཆུང་བ་ལ་ཐུབ་ཚོད་དང་། ཆེ་བ་ལ་ངོ་སྲུང་བྱེད་རྒྱུ་མ་གཏོགས་ཅི་ཡོད། ང་ཚོས་ཀྱང་མི་ས་ཡ་གཉིས་བཏང་ནས་རྒྱ་ས་ཡ་གཉིས་མེད་པ་བཟོ་ཐུབ་ན་རང་བཙན་ཟེར་བ་འོས་ཤོག་ཀྱང་མི་དགོས་པར་རེག་གི་རེད། ད་ཁག་པོ་འདུག་ག དེ་ལས་སྔ་ས་ས་ནས་རྒྱའི་རིགས་གཞུང་དང་སྦལ་བ་འབུ་སྲིན་གྱི་རིགས་དེང་ལེན་བྱས་ཏེ་ཤམ་པ་ལའི་དམག་དཔུང་མ་སླེབས་བར་དུ་འཆམ་མཐུན་དུ་གནས་ན་མི་ལེགས་སམ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    འཛམ་གླིང་གི་རྒྱལ་ཁབ་གསར་ཤོས་འདི་ཡང་། དཔལ་འབྱོར་སྐྱོ་ཤོས་ཀྱི་རྒྱལ་ཁབ་ཅིག་མི་ཆགས་པའི་ངེས་པ་མེད། འཛམ་གླིང་ནང་གི་རྒྱལ་ཁབ་ནང་ཁུལ་གཅིག་ལ་གཅིག་བརྟེན་གྱི་གནས་བབ་དེ་ལས་གྲོལ་ཐབས་མེད་གཅིག་ཡིན་པས་སོ། །

    Reply
  3. རང་རྟོན། says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བཞིན་ཡོད།འབྱུར་འགྱུར་བོད་མི་རིགས་ཀྱང་འདི་ལྟ་བུའི་རྨི་ལམ་མངོན་འགྱུར་ཡོང་བའི་སྨོན་འདུན་དང་རེ་བ་ཡོད།

    Reply
  4. རྣམ་རྒྱལ་དོན་འགྲུབ། says:
    ལོ་ 16 སྔོན།

    དུས་རབས་ཀྱི་འགྱུར་བ། སུ་ཝིའི་ཌེན་ལྷོ་མའི་མངོན་འདོད། བོད་མཐོ་སྒང་གི་ད་ལྟའི་རྨི་ལམ་དང་མ་འོངས་པའི་ཕུགས་རེ། འདི་ལྟར་བྱུང་ན་ཅི་མ་རུང་།

    Reply
  5. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    འཚམས་འདྲི་གྲངས་མེད་ཞུ།

    Reply
  6. འོས་ལངས། says:
    ལོ་ 16 སྔོན།

    བོད་ཀྱིས་རྨི་ལམ་འདི་འདྲ་མངོན་འགྱུར་བྱེད་མི་ཐུབ་དོན་ཅི་ཡིན་ནམ། བོད་རྒྱ་ལག་ལ་ཤོར་བའི་དུས་ཚོད་དེ་ནས་མི་རིགས་གཞན་མང་པོ་ཞིག་ལ་རང་བཙན་དང་ཚད་མཐོའི་རང་སྐྱོང་བཅས་ཅི་རིགས་ཐོབ་སོང་། བོད་ལ་ནི་ཆེ་ས་རྒྱལ་ཁབ་ཅིག་ཕར་ཞོག ཆུང་ས་ས་གནས་རང་སྐྱོང་ཐེབས་ཆག་ཅིག་ཀྱང་རེག་རྒྱུ་མི་འདུག མི་རིགས་ལ་ཞེན་ཁོག་མེད་པའི་བཀའ་ཁྲི་ཞིག་ཡོད་ཀྱང་ཡོད་གོ་ཅི་ཡང་མ་ཆོད།

    Reply
  7. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    རྒྱལ་ཚོགས་སྤྲང་ཚང་འདིས་བོད་པ་ཚང་ཡར་བར་འདོར་བ་འདི་ནི་ངོ་མ་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་རེད། རྒྱལ་ཚོགས་ལ་ནམ་ཡང་ཁ་རྡུང་གཏོང་དགོས། རྒྱལ་ཚོགས་སྤྲང་ཚང་ཡ། ཨོ། བལ་ཡུལ་སྣེ་ལེན་ལ་བཀའ་དྲིན་ཞུ་འོས། དེ་མིན་རྒྱལ་ཚོགས་སྤྲང་ཚང་འདིས་བོད་པ་ཚང་ལ་ཚང་བྱས་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese