ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་མ་རུ་ཡ་ཨོ་ཊེ་རོ་ལགས། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་དང་རྣམ་གྲོལ་གླིང་དགོན་པ། དེ་བཞིན་ཁུལ་དེའི་བོད་མིའི་སློབ་གྲྭ་ཁག་ལ་གཟིགས་སྐོར་དུ་བསྐྱོད་ཡོད་འདུག་ལ། ལྷོ་གཞིས་སུ་རྟོགས་ཞིབ་གནང་རྗེས་ཁོང་གིས་ཕྱི་ཚེས་ ༡༡ བར་རྒྱ་གར་དང་འབྲུག བལ་ཡུལ་བཅས་སུ་གཟིགས་སྐོར་གནང་རྒྱུ་ཡིན་པར་མ་ཟད། སྐབས་དེ་དག་ཏུ་རྒྱ་གར་དཔོན་རིགས་ཚོ་དང་ལྷན་དུ་གོ་ལའི་གནད་དོན་དང་བོད་མི་སྐྱབས་བཅོལ་བའི་གནད་དོན། རྒྱ་གར་འོས་བསྡུའི་ལས་རིམ་བཅས་ཀྱི་སྐོར་ལ་གྲོས་བསྡུར་གནང་འཆར་ཡོད་འདུག ལྕམ་མ་རུ་ཡ་ཨོ་ཊེ་རོ་ལགས་ནི་ ༢༠༠༩ ཟླ་ ༨ པའི་ནང་བཞུགས་སྒར་ངྷ་སར་ཕེབས་ཡོད་ནའང་ཐེངས་འདིར་ཁོང་ལྷོ་གཞིས་སུ་ཕེབས་པ་ཐོག་མ་ཆགས་ཡོད་འདུག
གསར་འགོད་པ། དཔལ་ལྡན།