མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཐན་སྐྱོན།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༨ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་ཞིང་དང་འབྲི་རིགས་དོ་དམ་ཚན་པས་ཉེན་བརྡའི་ཚུལ་དུ་གསལ་བསྒྲགས་ཤིག་བསྐྱངས་པའི་ནང་། རྒྱ་ནག་གི་འབྲུ་རིགས་ཐོན་སྐྱེད་ཀྱི་ས་ཁུལ་གཙོ་བོ་དག་ལ་འདས་པའི་ལོ་ ༦༠ ནང་བྱུང་མ་མྱོང་བའི་ཐན་པ་ཆེ་ཤོས་དེ་བྱུང་བར་བརྟེན། མ་འོངས་པར་འཛམ་གླིང་གི་བཟའ་འབྲུའི་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་སྐོར་བརྗོད་འདུག  

འདས་པའི་ཟླ་དྲུག་གི་རིང་རྒྱ་ནག་ནང་འབྲས་ཐོན་སྐྱེད་ཀྱི་ས་ཁུལ་གཙོ་གྲས་ཧྭི་ནན་དང་ཧྲན་ཏུང་། ཝན་ཧའེ། ཧྭི་པེ། ཧྲན་ཞི། ཅང་སུའུ། ཧྲན་ཞིས། ཀན་སུའུ་བཅས་ཞིང་ཆེན་ ༨ ནང་ཆར་ཆུ་དུས་སུ་མ་བབས་པར་ཐན་པ་ཆེན་པོ་བྱུང་སྟེ།  རྒྱ་ནག་རྒྱལ་ཡོངས་སུ་ས་ཞིང་མུའུ་དུང་ཕྱིར་ ༡།༡༢ ལྷག་ལ་ཐན་པས་བསྐམ་ཡོད་པ་དང་། མི་ཁྲི་ ༢༧༢ དང་ཕྱུགས་ཟོག་ཁྲི་ ༢༨༤ ལྷག་ལ་འཐུང་ཆུའི་དཀའ་ངལ་འཕྲད་ཡོད་པར་མ་ཟད། རྒྱ་ནག་གི་གྲོང་ཁྱེར་སུམ་ཆ་གཉིས་ནང་ཆུའི་དཀའ་ངལ་འཕྲད་མགོ་ཚུགས་ཡོད་པ་རེད། ཕྱི་ཚེས་ ༩ ཉིན་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་རྨ་འབྲིའི་བཞུར་རྒྱུན་ཁུལ་གྱི་ཞིང་སར་ཆུའི་དཀའ་ངལ་སེལ་ཆེད། རྨ་འབྲིའི་བཞུར་རྒྱུད་ཀྱི་ཆུ་རགས་ཆེན་པོ་གསུམ་གྱི་རགས་ཁ་གློད་དེ་ཆུ་གཏོང་མགོ་བཙུགས་ཡོད་འདུག 

ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གི་འབྲས་ཀྱི་ཐོན་ཚད་ཨ་རི་དང་ཨུ་རུ་སུ་ཡི་ལྡབ་གཉིས་དང་། ཨོ་སི་ཊོ་ལི་ཡའི་ལྡབ་ ༥ ཙམ་ཟིན་ཡོད་སྟབས།  སྤྱི་ཚོགས་དཔྱད་བརྗོད་པ་དག་གིས་ད་ལོ་རྒྱ་ནག་ལ་ཐན་པ་ཆེན་པོ་འབྱུང་བཞིན་པ་འདིས།  མ་འོངས་པར་འཛམ་གླིང་གི་བཟའ་འབྲུར་དཀའ་ངལ་འཕྲད་སྲིད་པའི་ངོས་འཛིན་གནང་གི་ཡོད་འདུག ཧྥི་ལི་པེན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཆུ་བེད་ཞིབ་འཇུག་ཁང་གི་མགོ་གཙོ་རོ་བྷེར་ཁྲི་རྫེ་ཇེ་ལའེ་ Robert. Zige Le ལགས་ཀྱིས། ཨ་རའི་ནེའུ་ཡོག་གསར་ཁང་གི་བཅར་འདྲིའི་སྐབས།  རྒྱ་ནག་གི་བཟའ་འབྲུ་ཐོན་སྐྱེད་དེ་འཛམ་གླིང་ས་ཁུལ་གཞན་དག་ལ་འབྲེལ་བ་ཆེན་པོ་ཡོད་པས། གལ་སྲིད་རྒྱ་ནག་གིས་རྒྱལ་ཁབ་གཞན་ནས་བཟའ་འབྲུ་ནང་འདྲེན་བྱ་དགོས་བྱུང་ཚེ། མ་འོངས་པར་རྒྱལ་སྤྱིའི་བཟའ་འབྲུའི་ཁྲོམ་རར་སྔར་མེད་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་སྲིད་པ་རེད། ཅེས་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

ཆུ་ཚོད་ ༡༤ སྔོན་ལ།
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧

མཆན། 7

  1. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    མགོ་ནག་སྐྱིད་སྡུག་གནམ་གྱི་ལག གོ་ཁ་དྲོན་པོ་རང་གི་ལག
    ཟེར་ཀྱང་ཟེར་ལ་བདེན་ཡང་བདེན།
    རང་བྱུང་ཁམས་ཀྱི་ཆད་པ་འདི། གཅིག་ལ་མ་ཡིན་ཀུན་ལ་ཡིན།
    ཀུན་གྱི་ལས་བསོད་བཟང་ངན་ལས། ལས་འབྲས་འདི་དག་ཆོས་ཉིད་དོ།

    གནའ་དུས་བསྐལ་བ་བཟང་རབས་གཏམ། གོ་ཡང་གོ་ལ་བདེན་ཡང་བདེན།
    དུས་ཀྱི་སྙིགས་མ་ཡིན་རབས་ཚུལ། མཐོང་བ་མངོན་འགྱུར་དག་གིས་དཔོག

    གོ་ལ་ཆག་གྲུམ་འཆོར་ས་ནས། གོ་ལག་ཅི་འདྲ་བཙན་ན་ཡང།
    གོ་བ་ཡོད་མེད་མི་རིགས་ཀུན། གོ་ཁ་བསྲོས་ནས་འདུག་ས་མེད།

    Reply
  2. གླིང་ཚང་བྱ་གླག says:
    ལོ་ 15 སྔོན།

    ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་བོད་མི་ཅིག་ཡོད་ན་ཡང་དགའ་དགོས་པ་ལས། དེ་ལ་དགའ་བྱ་བྱས་ན་འཚམ་པོ་ཞིག་ཨེ་ཡོད།
    གསར་འགྱུར་ནང་ཡིག་ནོར་རེ་ཟུང་མཐོང་བ་ཙམ་གྱིས “བོད་ཀྱི་དུས་བབ” ཅིག་ཅིག “བོད་ཀྱི་རིག་གཞུང” མིག་མིག་ཟེར་བ་འདི་ངས་བལྟས་ན་ཡག་པོ་རེད། འདི་ནི་བོད་མི་རིགས་ཀྱི་ཁེ་ཕན་ཀྱི་ཆེད་དུ་ཟེར་ཀྱིན་ཡོད་རེད། རྫ་ཚེ་རིང་བཀྲ་ཤིས་ལ་འདི་འདྲ་སྙིང་སྟོབས་ཡོད་པ་ཡག་པོ་རེད། རིག་གཞུང་ཀྱི་ཆེད་དུ་རེད།

    Reply
  3. ལྷག་པ་ཚེ་རིང་། says:
    ལོ་ 15 སྔོན།

    རྫ་ཚེ་རིང་བཀྲ་ཤིས་ཟེར་མཁན་འདི་ཡང་དག་ཆའི་ཕྱོགས་ནས་རང་མགོ་འཐོན་མཁན་ཞིག་མིན། གསར་འགྱུར་ནང་ཡིག་ནོར་རེ་ཟུང་མཐོང་བ་ཙམ་གྱིས “བོད་ཀྱི་དུས་བབ” ཅིག་ཅིག “བོད་ཀྱི་རིག་གཞུང” མིག་མིག་ཟེར་བ་འདི་ཡག་པོ་མ་རེད།

    Reply
  4. རྣམ་རྒྱལ་དོན་འགྲུབ། says:
    ལོ་ 15 སྔོན།

    ཨ་ལ་ལ་ད་ཐེངས་དུས་ནམ་ཡང་མེད་པའི་དུས་བབ་ཚང་གི་གྱི་སྒྲ་ཞིག། རྒྱ་ནག་གྱི་ཐན་སྐྱོན།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དྲ་གྲོགས་ཇོ་བོ་རྣམ་གཉིས་ལགས། ཇོ་བོ་རྣམས་གཉིས་ཞེས་པར་ཡང་འཇུག་ས་འབྲི་དགོས་དོན་གང་ཡིན་ནམ། སྤྱིར་རྣམ་པ་གཉིས་ཞེས་པར་ས་ཡིག་མེད་པས་དེ་ལ་དགོས་པ་རྒྱུ་མཚན་ཅི་ཞིག་ཡོད་གསུངས་དང་།

    Reply
  6. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    དེ་བཞིན་དུས་བབ་གསར་ཁང་གི་དག་ཆ་ལ་ཐན་པ་ཆེན་པོ་འབྱུང་བཞིན་པ་འདིས་བཙན་བྱོལ་གྱི་་་་་་་་་་་་་་་མ་་ཟད་་་་་་་་་་་་་་་་་་་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པའི་་་་་་་་་་་་་་མི་བདེན་ཟེར་ན་གསར་འགྱུར་འདིའི་ཁ་བྱང་ནས་མགོ་ཚུགས་ལ་གཟིགས་ཤིག

    Reply
  7. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    ཀྱེ་ཧུད་ ཡང་གཏམ་ངན་ཞིག་རེད་འདུག་ཡིན་ན་ཡང་བོད་དང་འབྲེལ་ཧ་ཅང་ཆེན་པོ་ཡོད་པས་ང་ཚོ་བོད་མི་ཚོས་ཀྱང་བསེམ་འཕྲལ་བྱེད་དགོས་ངེས་ཞིག་རེད་འདུག ལ་སྨོན་ལམ་ཀྱང་རྒྱབ་དགོས་ངེས་ཞིག་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese