མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མངའ་སྡེ་ལྔའི་ནང་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

སུ་ཇཱ་བོད་ཁྱིམ་གྱི་འཛིན་རིམ་བཅུ་བའི་སློབ་མ་ཚེ་ལོ་རྒྱལ་དང་ཚེ་རིང་རྡོ་རྗེ་གཉིས་ཟླ་འདིའི་ཚེས་ ༣༠ ཉིན་ལྡི་ལི་ནས་ལམ་ལ་ཆས་ཏེ། བོད་སྐད་ཡིག་སྲུང་སྐྱོབ་དང་གོང་སྤེལ་གཏོང་རྒྱུར་སྐུལ་སློང་ཆེད་ལྕགས་རྟ་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གྱིན་ཡོད་པ་ལྟར་ཁ་སང་ཅན་ངྷི་གྷར་དུ་འབྱོར་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཚེ་ལོ་རྒྱལ་ལགས་སུ་སྐད་ཆ་དྲིས་སྐབས། ངེད་གཉིས་ཀྱིས་ལྕགས་རྟའི་སྐོར་སྐྱོད་ཀྱི་ལས་འགུལ་མགོ་བརྩམས་པ་ནས་ད་བར་བོད་མི་ཡོད་སའི་ས་ཆ་གང་དུ་འབྱོར་ཡང་། བོད་པ་ཚོས་རྒྱབ་སྐྱོར་རོགས་རམ་ཡག་པོ་གནང་གནང་སོང་ལ། འདས་པའི་བདུན་ཕྲག་གཉིས་རིང་གི་སྐོར་སྐྱོད་སྐབས། རྒྱ་གར་གྱི་ཚགས་ཤོག་གསར་ཁང་དྲུག་དང་བརྙན་འཕྲིན་ཁང་གཅིག་བཅས་ཀྱིས་གསར་འགྱུར་སྤེལ་གཏོང་བྱས་སོང་ཟེར།

ཡང་ཁོང་གིས་ངེད་ད་བར་རྡེ་ར་རྡུན་དང་སེ་ལ་ཀོའུ། སྤོན་ཌ་སོགས་སུ་ཕྱིན་སྐབས་བོད་མིའི་གཞིས་ཆགས་ཁག་གི་མང་ཚོགས་ལ་བོད་ཡིག་གི་གལ་ཆེན་རང་བཞིན་དང་། ད་ལྟའི་བོད་ཡིག་གི་ཛ་དྲག་གནས་བབ་སྐོར་ལ་སྐད་ཆ་བཤད་པ་ཡིན། སྤོན་ཌ་སམ་བྷོ་ཊ་ཉིན་སློབ་ཏུ་སྐད་ཆ་བཤད་སྐབས། སློབ་ཕྲུག་ཚོས་ཧ་ཅང་དོ་སྣང་ཆེན་པོ་བྱས་སོང་བ་མ་ཟད། ནམ་རྒྱུན་གནད་ཡོད་མི་སྣ་ཚོས་སྐད་ཆ་བཤད་སྐབས། སློབ་ཕྲུག་ཚོས་དོ་སྣང་དེ་ཙམ་བྱེད་ཀྱི་མེད་མོད་ཐེངས་འདིར་ཚང་མས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག་ཟེར་བ་བཞིན་དེ་རུ་ཉིན་གཉིས་ལ་བསྡད་དེ་སློབ་ཕྲུག་ཚོ་དང་ད་ལྟའི་བོད་ཕྱི་ནང་གི་སྐད་ཡིག་གནས་བབ་དང་། བོད་སྐད་ཡིག་གི་ཉམ་ཆག་སྐོར་ལ་བགྲོ་གླེང་དང་གཏམ་བཤད་བྱས་པ་ཡིན་ཟེར།

ཁོང་གཉིས་ཀྱིས་ལྕགས་རྟ་སྐོར་སྐྱོད་ཀྱི་ལས་འགུལ་འདི་མུ་མཐུད་སྤེལ་རྒྱུ་ཡིན་པ་དང་། སང་ཉིན་ནས་བཟུང་པན་ཇབ་མངའ་སྡེའི་ནང་སྐོར་སྐྱོད་བྱ་འཆར་ཡོད་འདུག་ལ། རིམ་གྱིས་ཧི་མ་ཅལ་མངའ་སྡེའི་ནང་འཛུལ་ཏེ་སྦིར་དང་མུ་ན་ལི་ཕྱོགས་སུ་སྐོར་སྐྱོད་ཀྱིས་ཟླ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་ངྷ་རམ་ས་ལ་རུ་མཇུག་བསྒྲིལ་རྒྱུ་ཡིན་འདུག

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. ལྷ་ཐོག་སད་བུ། says:
    ལོ་ 15 སྔོན།

    སྐད་ཡིག་ལ་སེམས་ཁུར་བྱས་པར་རྗེས་སུ་ཡི་རང་ཡོད།།

    Reply
  2. སྣང་གསལ། says:
    ལོ་ 15 སྔོན།

    ཁྱེད་གཉིས་ལ་ འཚམས་དྲིན་བཀྲིས་བདེ་ལེགས་གྲང་མེད་ཞུ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese