འདས་པའི་མི་ལོ་ ༣༠ རིང་མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་བསྒྱུར་ལྟེ་གནས་ཁང་གིས་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་རིགས་སློབ་མ་ཁྲི་ ༧༠ ལྷག་ལ་བོད་ཡིག་གི་བསླབ་གཞིའི་རྣམ་གྲངས་ ༡༧༠༠ ལྷག་རྩོམ་བསྒྱུར་གནང་ཡོད་འདུག
མ་འོངས་པར་རྩོམ་བསྒྱུར་ལྟེ་གནས་དེས་བོད་ཁུལ་གྱི་སློབ་ཆུང་ནས་མཐོ་འབྲིང་བར་གྱི་བོད་ཀྱི་སྐད་ཡིག་དང་རྒྱ་ཡིག་ལས་གཞན་པའི་རིག་ཚན་ཚང་མ་རྒྱ་ནག་གི་གཅིག་གྱུར་བསླབ་གཞི་གཞིར་བཟུང་ཐོག་བསྒྱུར་འཆར་ཡོད་པར་མ་ཟད། བོད་རིགས་སློབ་ཆུང་གི་རྒྱ་སྐད་བཤད་རེས་བསླབ་དེབ་དང་་ “སྐད་གཉིས”ཀྱི་དགེ་རྒན་གསོ་སྦྱོང་བསླབ་དེབ། སློབ་ན་མ་སོན་པའི་བོད་རིགས་བྱིས་པའི་སློབ་གསོའི་བསླབ་དེབ་སོགས་རྣམ་གྲངས་ ༢༠ ཙམ་བསྒྱུར་འཆར་ཡོད་འདུག
ཉེ་བའི་ལོ་ ༣༠ རིང་མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་བསྒྱུར་ལྟེ་གནས་ཁང་གིས་ཡིག་འབྲུ་དུང་ཕྱུར་ ༡༌༨ ལྷག་ཡོད་པའི་བསླབ་གཞི་ ༡༧༠༠ ལྷག་རྩོམ་བསྒྱུར་གྱིས་ཞིང་ཆེན་དང་ལྗོངས་ལྔའི་སློབ་གྲྭ་ཁག་ ༦༣༠༠ ལྷག་ཏུ་བསླབ་དེབ་ཁྲི་ ༢༥༠༠ ལྷག་འགྲེམས་སྤེལ་བྱས་ཡོད་འདུག་ལ། བསླབ་དེབ་དེ་དག་གིས་བོད་ཁུལ་གྱི་བོད་རིགས་སློབ་མ་ཁྲི་ ༧༠ ལྷག་ལ་བོད་ཡིག་ཐོག་ནས་རིག་ཚན་གཞན་པར་སློབ་སྦྱོང་བྱ་ཐུབ་པའི་མཐུན་རྐྱེན་བསྐྲུན་ཡོད་ཟེར།
གསར་འགོད་པ་དོན་གོ