མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དཔའ་བོའི་རྡོ་རིང་དང་ལོ་རྒྱུས་དེབ་ཐེར་ནང་གསེར་ཡིག་འགོད་ངེས་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་ཨ་རིའི་མངའ་སྡེ་ཧྤོ་ལོ་རེ་ཌའི་ནང་བོད་དོན་གོམ་བགྲོད་བྱེད་སྐབས། རླངས་འཁོར་ཞིག་གི་བརྡེགས་ཏེ་སྐུ་གྲོངས་ཡོད་པའི་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མྱ་ངན་ཞུས་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་ཨ་རིའི་དགོང་དྲོའི་ཆུ་ཚོད་ ༧ དང་ཕྱེད་ཀའི་ཐོག་རྒྱལ་གཅེས་བོད་དོན་འཐབ་རྩོད་པ་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་ཉེ་ཆར་ཐའེ་ཝན་ནང་གི་བོད་དོན་དྲིལ་བསྒྲགས་ཀྱི་གོམ་བགྲོད་མཇུག་སྒྲིལ་ཏེ།  ཁ་སང་ཡང་བསྐྱར་ཨ་རིའི་མངའ་སྡེ་ཧྤོ་ལོ་རེ་ཌའི་ནང་མར་ལེ་ ༣༠༠ ལྷག་གི་བོད་དོན་གོམ་བགྲོད་ཞིག་མགོ་འཛུགས་བྱས་ཏེ། ཉིན་དང་པོའི་གོམ་བགྲོད་མཇུག་སྒྲིལ་མཚམས་སུ་རླངས་འཁོར་ཞིག་གི་བརྡབ་སྐྱོན་འོག་སྐུ་གྲོངས་ཡོད་འདུག

རང་ལོ་ ༤༥ ཡིན་པའི་སྲས་འཇིགས་མེད་ནོར་བུ་ལགས་ནི། སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གི་སྲས་གསུམ་གྱི་ཆུང་ཤོས་ཡིན་ལ། འདས་པའི་དུས་སུ་ཁོང་ཕ་དམ་པ་དང་མཉམ་དུ་ཐེངས་མང་པོར་ཨ་རིའི་མངའ་སྡེ་ཁག་མང་པོའི་ནང་བོད་རང་བཙན་གྱི་གོམ་བགྲོད་གནང་མྱོང་ཞིང་། ༢༠༠༨ ལོའི་ཟླ་ ༩ པའི་ཚེས་ ༥ ཉིན་ཁོང་སྙུང་གཞི་ཞིག་གི་དབང་གིས་སྐུ་གཤེགས་ཡོད་ཅིང་། སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་ཕ་དམ་པའི་དགོངས་གཞི་ལྟར་རླབས་ཆེན་གྱི་བྱ་བཞག་མཇུག་སྐྱོང་བའི་དམ་བཅའ་བརྟན་པོ་བཅངས་ཏེ། སྔ་ཕྱི་ཨ་རིའི་མངའ་སྡེ་ཁག་ཅིག་དང་ཁེ་ཎ་ཌའི་མངའ་སྡེ་ཁག དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༢ པའི་ནང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ནས་གྲོང་ཁྱེར་ཀོ་ཞོན་བར་ཉིན་གྲངས་ ༡༣ རིང་གོམ་བགྲོད་གནང་ཡོད་ལ། ཁ་སང་ཨ་རིའི་མངའ་སྡེ་ཧྤོ་ལོ་རེ་ཌའི་ནང་གི་གོམ་བགྲོད་མགོ་འཛུགས་གནང་སྟེ། ཉིན་གཅིག་ལས་ཕྱིན་མེད་པའི་མཚམས་སུ་སྟབས་མ་ལེགས་པར་རླངས་འཁོར་ཞིག་གི་བརྡབ་སྐྱོན་བྱུང་སྟེ། བོད་རང་དབང་རང་བཙན་སླར་གསོའི་ཞབས་རྗེས་མཐའ་མ་དེ་བཞག་ཡོད།

 

དེ་རིང་ཞོགས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་གཅེས་རང་བཙན་གོམ་བགྲོད་པ་ཁོང་གི་ཆེད་དུ་བསྔོ་སྨོན་མཆོད་འབུལ་ཞིག་གོ་སྒྲིག་གནང་འདུག་ལ། དེ་དང་མཉམ་དུ་དམ་པ་ཁོང་གི་ནང་མིར་ཐུགས་གསོའི་འཚམས་འཕྲིན་ཞིག་ཀྱང་ཕུལ་སོང་། སྐབས་དེར་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་རྒྱལ་གཅེས་པ་ཁོང་གི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་གསུང་བཤད་གནང་དོན། ཁ་སང་རྒྱལ་གཅེས་རང་བཙན་འཐབ་རྩོད་པ་འཇིགས་མེད་ནོར་བུ་ལགས་འདས་གྲོངས་སུ་ཕྱིན་ཡོད་ཅིང་། དེ་ནི་རང་དགར་སྐུ་སྲོག་གྲོངས་པ་ཞིག་མ་ཡིན་པར། བོད་རང་དབང་རང་བཙན་ཐད་ཞི་བའི་གོམ་བགྲོད་བྱེད་སྐབས་སྐུ་སྲོག་ཤོར་ཡོད་པ་རེད། འདི་ལ་ང་ཚོ་གཞོན་ནུའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོང་དང་ཁོང་གི་ནང་མིར་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་ཡོད་ལ། ང་ཚོའི་ངོས་ནས་ཁོང་གིས་ཕ་དམ་པའི་དགོངས་གཞི་གཞིར་བཟུང་ཐོག་ཁ་ཞེ་གཉིས་མེད་ཀྱིས་བོད་རང་བཙན་གྱི་གོམ་བགྲོད་མུ་མཐུད་སྤེལ་བཞིན་པའི་སྐབས་སུ་སྐུ་སྲོག་གྲོངས་ཡོད་པ་འདིར་ཁོང་ཉིད་རྒྱལ་གཅེས་དཔའ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ང་ཚོ་བོད་རིགས་མི་མང་ཡོངས་ཀྱི་ངོས་ནས་ཀྱང་ཁོང་ཉིད་རླབས་ཆེན་གྱི་མི་སྣ་ཞིག་ལ་བརྩི་དགོས་པ་རེད། ཅེས་བརྗོད་བྱུང་།

 

ཡང་ཁོང་གིས། རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་འདས་པའི་མི་ལོ་ ༥༠ ལྷག་གི་ནང་བོད་གངས་ཅན་གྱི་རྒྱལ་གཅེས་རང་བཙན་འཐབ་རྩོད་པ་མང་པོ་ཞིག་གིས་རྒྱུ་ནོར་དང་གཉེན་ཉེ། རང་གི་གཅེས་པའི་ཚེ་སྲོག་ཀྱང་བློས་བཏང་བའི་བཀའ་དྲིན་ལ་བརྟེན་ཏེ། འཛམ་གླིང་གི་མི་འབོར་མང་ཤོས་དང་བཙན་རྒྱལ་རིང་ལུགས་ཆེ་ཤོས་རྒྱ་ནག་གི་བཙན་གནོན་འོག་བོད་དོན་མ་ཤི་གསོན་གནས་ཐུབ་ཡོད་པར་མ་ཟད། བོད་རང་བཙན་གྱི་བདེན་མཐའ་སེལ་བའི་སྐྱ་རེངས་ཀྱང་ཇེ་གསལ་དུ་འགྲོ་བཞིན་ཡོད། རྒྱལ་གཅེས་རང་བཙན་འཐབ་རྩོད་པ་རྣམས་ཀྱི་ཚེ་སྲོག་དང་འཚོ་གནས་ནི་བོད་རྒྱལ་ཁབ་དང་མི་མང་གི་རྩ་ཆེའི་རྒྱུ་ནོར་དང་སྟོབས་ཤུགས་ཡིན། ང་ཚོའི་སེམས་པ་ཧ་ཅང་ཉེ་ཞིང་རེ་བ་ཟབ་པའི་རྒྱལ་གཅེས་བོད་རང་བཙན་འཐབ་རྩོད་པ་འཇིགས་མེད་ནོར་བུ་ལགས་བོད་རང་བཙན་གྱི་གོམ་བགྲོད་ཁྲོད་རླངས་འཁོར་གྱིས་བརྡེགས་ཏེ། རྩ་ཆེའི་སྐུ་སྲོག་ཤོར་བའི་གཏམ་ངན་ཐོས་པར་བློ་ཡུལ་ལས་འདས་པའི་སྐྱོ་གདུང་དང་ཕངས་སེམས་སྐྱེ་ཞིང་། དགུང་གྲངས་ ༤༥ སྟེང་སྐུ་སྲོག་ཤོར་བ་དེ་བོད་རང་བཙན་སླར་གསོའི་ལས་དོན་གྱི་གྱོང་གུད་ཆེན་པོ་ཞིག་དང་། ལྷག་པར་དུ་བོད་རང་འཐབ་རྩོད་ཀྱི་འགག་རྩའི་དུས་མཚམས་སུ་ཁོང་གི་སྐུ་སྲོག་ཤོར་བ་དེ་ནི་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་གོད་ཆག་ཆེན་པོ་ཞིག་ཆགས་ཡོད།

ང་ཚོའི་ངོས་ནས་ཁོང་གི་འདས་པའི་གོམ་བགྲོད་ཀྱི་བྱུང་རིམ་དང་ཐེངས་འདིའི་གོམ་བགྲོད་ཁྲོད་འདས་གྲོངས་སུ་ཕྱིན་པའི་ལོ་རྒྱུས་དེ་མ་འོངས་བོད་རྒྱལ་ཁབ་ཀྱི་དཔའ་བོའི་རྡོ་རིང་དང་ལོ་རྒྱུས་དེབ་ཐེར་ནང་གསེར་ཡིག་གི་རི་མོར་འགོད་ངེས་ཡིན་ལ། ང་ཚོས་ཁོང་གི་རྒྱལ་གཅེས་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་ཁོང་གི་བློས་གཏོང་དེ་བོད་རང་བཙན་གྱི་སྟོབས་ཤུགས་སུ་བསྒྱུར་ངེས་ཡིན། ཞེས་འཚམས་འཕྲིན་སྒྲོག་སྦྱོང་གནང་སོང་།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་རྒྱལ་གཅེས་བོད་དོན་གོམ་བགྲོད་པ་འཇིགས་མེད་ནོར་བུ་ལགས་ཀྱི་འདས་རྐྱེན་ཐད་མི་མང་ཁྲོད་རྒྱ་ནག་གི་ངན་ཇུས་ཡིན་མིན་གྱི་དོགས་གཞི་ཡོང་གི་ཡོད་ནའང་། ད་ལྟའི་ཆར་ཁོང་གི་སྐུ་སྲོག་བཀྲོང་ཁན་གྱི་རླངས་འཁོར་དེ་གཏོང་མཁན་རང་ལོ་ ༣༠ ཡས་མས་ཡིན་པའི་ཨ་རི་བ་ཁེལ་ཕུ་ཨོར་ཌེར་སི་ཟེར་བ་ཞིག་ཡིན་ཞིང་། ད་དུང་རླངས་འཁོར་དེའི་ནང་རང་ལོ་ ༥ ཡིན་པའི་བྱིས་པ་ཆུང་ཆུང་གཅིག་(གནས་ཚུལ་གཞན་ཞིག་ཏུ་བྱིས་པ་གཉིས་ཡོད་རབས་ཀྱང་བཤད།)ཡོད་ཚུལ་ཙམ་ལས། གཞན་གྱི་ལྐོག་ངན་བདེན་དཔང་གང་ཡང་བརྙེད་སོན་བྱུང་མེད་པ་དང་། ཨ་རིའི་ས་གནས་དེ་གའི་འབྲེལ་ཡོད་ལས་ཁུངས་ཀྱིས་ད་ཆར་བརྟག་དཔྱད་གཏོང་བཞིན་པའི་སྒང་ཡིན་འདུག   

གསར་འགོད་པ། དོན་གོ

མཆན། 21

  1. Ngawang Norbu says:
    ལོ་ 12 སྔོན།

    ༄༅། །བོད་རྒྱ་ཆེན་མི་མང་གི་རྩ་དོན་ལྷག་པར་བོད་རང་བཙན་ཆེད་རང་གི་སྲོག་བློས་བཏང་མཛད་མཁན་དཔའ་བོ་འཇིགས་མེད་ནོར་བུ་དམ་དེ་ཉིད་ཀྱི་སྣད་དོན་ཐད་རང་རེའི་བཙན་བྱོལ་གཞུང་གི་བཀའ་སྤྱི་གཉིས་ཀ་འཇམ་ཐིང་ཐིང་བཞུགས་པ་འདིའི་སྣད་འགག་གང་ཞིག་ཡིན་མིན་ཧ་མ་གོ མ་མཁྱེན་པ་དང་མ་གསན་པ་ནི་ག་ལ་ཡིན། ཡང་ན་ཁོང་ཉིད་བོད་རང་བཙན་གཙོད་མཁན་གྱི་གཞོན་ནུ་ཡིན་པ་དང་དབུ་མའི་ལམ་ལ་ངོས་ལེན་མི་ཞུ་མཁན་ཞིག་ཡིན་པར་ཡང་ག་ལ་ཡིན། ཡང་ན་ཁོང་ཉིད་ཡབ་གཞིའི་སྲས་ཡིན་པར་ཡང་ག་ལ་ཡིན། དེ་མིན་ན་མང་ཚོགས་དང་ལྷག་པར་དུ་གཟིམས་བཞུགས་རྣམ་པར་ཐུགས་གསོས་སྨོན་འདུན་ཞིག་ངེས་པར་དུ་དགོས་ངེས་ལ་མང་ཚོགས་མང་པོ་ཞིག་བློ་འཕམ་ངང་གནས་འདུག་པ་བཀའ་སྤྱི་གཉིས་ནས་མཁྱེན་པར་ཞུ། །

    Reply
  2. བཀྲ་ཤིས། says:
    ལོ་ 12 སྔོན།

    རང་སྲོག་བློས་བཏང་གཞན་དོན་ཁུར་དུ་ཁྱེར་བའི་སྤུན་ཟླ་ཞིག་གི་ཚེ་སྲོག་ལ་བར་ཆད་བྱུང་བར་སྙིང་ཁོངས་རུས་པའི་སྐྱོ་བ་སྐྱེས་སོང་། འོན་ཀྱང་དམ་ཐུགས་ཀྱི་དགོངས་པར་ཇི་ལྟར་མངའ་བ་དེ་བཞིན་དུ་ཤ་རུས་ཁྲག་རྒྱུན་གཅིག་པའི་ང་དང་འདྲ་བ་དག་ཟ་ནས་ཉལ་སྡད་པའི་གནས་སྟངས་འདི་བསམ་དུས་ཁོང་དང་ཁོང་འདྲ་རྒྱལ་གཅེས་པ་དག་ནི་རྗེས་སུ་ཡིད་རངས་བྱེད་པའི་གནས་ལས་མ་འདས། ངས་གསལ་བོ་མི་ཤེས་ཀྱང་། ཚོད་དཔག་བྱས་ན་ཁོང་འདས་གྲོངས་སུ་ཕྱིན་པའི་ཤུལ་དུ་སྐུ་ཟླ་དང་ཕྲུག་གུ་སོགས་མང་དག་ཅིག་ཡོད་པ་སྨོས་མེད་ཡིན་པས། གཞན་ནུ་ཚོགས་པས་ངོས་ནས། སྒེར་སོ་སོས་ངོས་ཐུགས་གསོ་དང་རོགས་སྐྱོར་གང་ཐུབ་བྱེད་དགོས་པ་ཆོས་སྲིད་གང་གི་ཐད་ནས་ལྟས་ཀྱང་གནད་འགག་ཆེན་པོ་རེད། ཁོང་གི་མི་རབས་ནས་བརྒྱུད་དེ་རང་གི་ཕ་དམ་པའི་མཛད་རྗེས་མཐའ་སྐྱོངས་ཐུབ་མཁན་གྱི་བུ་ཕྲུག་དག་གི་སྐུ་ཚེ་བརྟེན་ཅིང་མཛད་འཕྲིན་རྒྱས་པར་སྨོན།

    Reply
  3. ཚ་རོང་བུ། says:
    ལོ་ 12 སྔོན།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    དཀའ་བ་བརྒྱ་ཕྲག་སྤྱད་པའི་སྐྱེ་བོ་རྣམས། །
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
    ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔

    Reply
  4. ཁམས་པའི་ཕོ་རྒོད། says:
    ལོ་ 12 སྔོན།

    ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔
    ང་ཚོའི་ཚངས་མས་སྲས་འཇིགས་མེད་ནོར་བུ་ཁོང་ལྟ་བུ་སྙིང་སྟོབས་དང་ལྷག་བསམ་བོད་དོན
    ་ཁོ་ན་ཁྱེད་དུ་སྐུ་སྲོག་ལ་མ་སྟོས་པར་ལས་དོན་ཞིག་སྒྲུབ་ན་རང་དབང་ཞིག་ཐོབ་སྲིད་
    ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔
    ཨོྂ་མ་ཎི་པདྨེ་ཧཱུྂ་ཧྲཱི༔

    Reply
  5. གཟུ་གནས་བློ་ལྡན། says:
    ལོ་ 12 སྔོན།

    གངས་ཅན་བོད་ཀྱི་དོན་དུ། །ཕྱོགས་བཅུར་གོམ་བགྲོད་གནང་བའི། །གཅེན་པོ་ཟླ་བ་དཀར་པོའི། །རིགས་མྱུག་གསེར་གྱི་མི་ཏོག །བར་ཆད་སེར་བས་བཅོམ་པར། །གངས་ཅན་གཞོན་ནུ་ཡོངས་ཀྱི། །ཡིད་ལ་སྡུག་གིས་གང་སོང། །ཁྱེད་ཀྱིས་གཅིག་ཏུ་བསམ་པའི། །གངས་ཅན་བོད་ཀྱི་རང་བཙན། །མྱུར་དུ་འཐོབ་པར་ཤོག་ཀྱེ། ཡིད་བཞིན་ནོར་བུས་མཁྱེན་ནོ། །

    Reply
  6. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 12 སྔོན།

    ཤི་བ་རླབས་ཆེ་ཞིང་གསོན་པ་དོན་དང་ལྡན།

    Reply
  7. ནད་པ says:
    ལོ་ 12 སྔོན།

    གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །
    འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་། །
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །

    ཅེས་སྨོན་ལམ་དང་བཅས་རྒྱ་གཅེས་དཔའ་བོ་ཁོང་ལ་མྱ་ངན་གུས་བཏུད་ཞུ།

    Reply
  8. གདོང་དམར་བོད་པ། says:
    ལོ་ 12 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔

    Reply
  9. གདོང་དམར་བོད་པ། says:
    ལོ་ 12 སྔོན།

    ཨོཾ་མ་ཎི་པདྨེ་ཧྰུཾ་། ཨོཾ་མ་ཎི་པདྨེ་ཧྰུཾ་། ཨོཾ་མ་ཎི་པདྨེ་ཧྰུཾ་།

    Reply
  10. རླུང་རྟ་རྒྱལ། says:
    ལོ་ 12 སྔོན།

    ཀྱེ་ཧུད།གནམ་རྒན་མ།འདི་ཅི་ཞིག་རེད།ང་ཚོ་བོད་པའི་མགོ་ལ་འདི་འདྲའི་རྐྱེན་ངན་ཞིག་ལྷུང་དོན་ཅི་ལགས།ང་ཚོ་བོད་པའི་ཚེ་བསོད་ཅི་འདྲའི་ཉག་ཕྲ་བ་ལའང་།

    Reply
  11. ཤིང་ལོ། says:
    ལོ་ 12 སྔོན།

    ཁོང་ཡང་ཕེབས་རྗེས་་་་་་་ད་ང་ཚོས་ངེས་པར་དུ་གྲ་སྒྲིག་གང་ཞིག་བྱེད་དགོས་སམ། འགྲོ་འདུག་གང་གི་སྐབས་སུའང་རང་ཉིད་ལ་ངེས་པར་དུ་དྲི་བ་འདི་འདྲི་དགོས། ང་ཚོ་མི་རིགས་ཤིག་གི་ཚབ་མཚོན་ཡིན། རྒྱལ་གཅེས་པ་ཞིག་ངེས་པར་དུ་བྱེད་དགོས།

    ༸སྟག་འཚེར་དཔའ་བོའི་རིགས་རྒྱུད་ཀྱིས།།
    མཛད་རྗེས་དེབ་ཐེར་ངོས་ལ་བཞག།
    ལོ་རྒྱུས་མི་རིགས་སྙིང་ལ་ཕབས།།
    སྟག་གི་ལོ་འདི་རྗེད་དུ་མེད།།

    Reply
  12. སྨར་དྷཱིཿཟེར། says:
    ལོ་ 12 སྔོན།

    དོན་གྱི་རྒྱལ་གཅེས་པ་ཁོང་འཇིག་རྟེན་ཕྱི་མའི་ལྔ་ལམ་དུ་གཤེགས་པར་ཡིད་སྐྱོ་གནས་ཚུལ་འདི་ནི་ཐོས་མ་འདོད་ཀྱང་དབང་མེད་རྣ་བར་ལྷུང་། ད་ནི་དམ་པ་གང་གི་ཐུགས་བཞེད་བཞིན་བོད་རང་བཙན་མྱུར་དུ་འཐོབ་སྟེ་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་ཐུབ་པའི་སྨོན་འདུན་དང་དམ་པ་དེ་ཉིད་ཀྱིས་ཚེ་རབས་ནས་བྱས་བསགས་སྡིག་ལྟུང་མ་ལུས་པ་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་མྱུར་དུ་འཐོབ་པའི་ཐུགས་སྨོན་རྒྱ་མི་ཆུང་བ་གནང་རོགས།

    Reply
  13. ལྷ་མོ་དོན་གྲུབ། says:
    ལོ་ 12 སྔོན།

    ཡབ་དང་སྲས་དག་་མི་རིགས་རང་དབང་ཆེད། ལུས་སྲོག་ལོངས་སྤྱོད་ཤོར་བ་དོན་སྙིང་ཆེ།
    ཡིན་ཡང་ཆག་སྒོ་འདི་འདྲ་གནམ་ལྷུང་ངམ། རྒྱུ་རྐྱེན་ཅི་ཡིན་གསང་བ་ལྐོག་གྱུར་འདྲ།

    གསེར་གྱི་མཚན་བྱང་འཁོད་འོས་རྒྱལ་གཅེས་པ། གང་ན་སུ་མཆིས་གཟུ་བོས་འཚོལ་བར་རིགས།
    ཡབ་གཞིས་སྐུ་འཁོར་རིགས་རྒྱུད་གཙོ་བོ་མིན། སྲིད་ཀྱི་ལངས་ཕྱོགས་ཕྱོགས་རིས་དེ་བས་མིན།

    Reply
  14. སྣང་གསལ། says:
    ལོ་ 12 སྔོན།

    ཨོཾ་མ་ཎི་པདྨེ་ཧྰུཾ་།ཨོཾ་མ་ཎི་པདྨེ་ཧྰུཾ་།ཨོཾ་མ་ཎི་པདྨེ་ཧྰུཾ་།ཨོཾ་མ་ཎི་པདྨེ་ཧྰུཾ་།ཨོཾ་མ་ཎི་པདྨེ་ཧྰུཾ
    ཨོཾ་མ་ཎི་པདྨེ་ཧྰུཾ་།ཨོཾ་མ་ཎི་པདྨེ་ཧྰུཾ་།ཨོཾ་མ་ཎི་པདྨེ་ཧྰུཾ་།ཨོཾ་མ་ཎི་པདྨེ་ཧྰུཾ་།ཨོཾ་མ་ཎི་པདྨེ་ཧྰུཾ
    ཨོཾ་མ་ཎི་པདྨེ་ཧྰུཾ་།ཨོཾ་མ་ཎི་པདྨེ་ཧྰུཾ་།ཨོཾ་མ་ཎི་པདྨེ་ཧྰུཾ་།ཨོཾ་མ་ཎི་པདྨེ་ཧྰུཾ་།ཨོཾ་མ་ཎི་པདྨེ་ཧྰུཾ
    འཕགས་པ་སྤྱན་རས་གཟིགས་ཀྱི་དྲུང་དུ་སྐྱེ་བར་ཤོག།།

    Reply
  15. སྣང་རྒྱལ་ཤེར་དགེ says:
    ལོ་ 12 སྔོན།

    སྲས་ལགས་གྲོངས་པར་སྙིང་ནས་མྱ་ངན་ཞུ། གསེར་ཡིག་ནང་འགོད་རྒྱུ་གཞན་པའང་ལྷག་འདུག་སྙམ། དེར་དགོངས་བཞེས་གནང་རོགས།

    Reply
  16. ཨ་གཙང་གནས་རྒྱམ། says:
    ལོ་ 12 སྔོན།

    ཨ་ཧ་ཧ་ད་ལོ་ཡང་བོད་ཚང་ལ་ཤི་གྲངས་མང་བའི་ལོ་ཞིག་རེད། དེའི་ནང་ནས་ཀྱང་འདི་ལྟ་བུའི་སྟག་ཐིག་ལེ་ཅན་རེ་ནགས་ལ་མཆོངས་ན་ཅི་བྱེད།
    བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
    མ་སྐྱེས་པ་རྣམས་སྐྱེ་བ་དང་།།
    སྐྱེ་བ་ཉམས་པ་མེད་དང་།།
    གོང་ནས་གོང་དུ་འཕེལ་བར་ཤོག།
    སྟག་འཚེར་གྲོང་གི་སྟག་ཕྲུག་དཔའ་འཛངས་ཅན།།
    འཇིགས་མེད་ཡབ་གཞིས་སང་གི་བུ་རྒྱུད་ཅིག།
    ནོར་བུའི་ཟླ་གཅིག་ནུབ་ཕྱོགས་མཁའ་ལ་བསྐྱོད།།
    གློ་བུར་ནུབ་པ་མྱ་ངན་རྗེས་དྲན་ཞུ།།

    Reply
  17. རིག་འཛིན། says:
    ལོ་ 12 སྔོན།

    ཡིད་སྐྱོ་བའི་གནས་ཚུལ་འདི་ཐོས་མ་ཐག་བློ་ཕམ་ཞེ་དྲག་བྱུང་།
    དེ་མ་ཐག་ཏུ་་་་་་མགོན་པོ་འོད་དཔག་མེད་ལ་གསོལ་འདེབས་བྱས་ཡོད་ལ།།
    འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་སྔགས་ཀྱང་བགྲང་ཡོད།།
    ད་དུང་རུ་་་་་༁ྃ་མ་ཎི་པདྨེ་ཧུྂྂྂྂ། ༁ྃ་མ་ཎི་པདྨེ་ཧུྂྂྂྂ།། ༁ྃ་མ་ཎི་པདྨེ་ཧུྂྂྂྂ།། ༁ྃ་མ་ཎི་པདྨེ་ཧུྂྂྂྂ། ༁ྃ་མ་ཎི་པདྨེ་ཧུྂྂྂྂ།།་ ༁ྃ་མ་ཎི་པདྨེ་ཧུྂྂྂྂ།། ༁ྃ་མ་ཎི་པདྨེ་ཧུྂྂྂྂ།། ༁ྃ་མ་ཎི་པདྨེ་ཧུྂྂྂྂ།། ༁ྃ་མ་ཎི་པདྨེ་ཧུྂྂྂྂ། ༁ྃ་མ་ཎི་པདྨེ་ཧུྂྂྂྂ།། ནུབ་ཕྱོགས་བདེ་ཆེན་གྱི་ཞིང་དུ་སྐྱེ་བར་ཤོག །

    Reply
  18. མཛེས་མ། says:
    ལོ་ 12 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ༔་་་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པར་ཤོག་་་་ཨོཾ་མ་ཎི་པདྨེ་ཧཱུཾ༔་་་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་ཨོཾ་མ་ཎི་པདྨེ་ཧཱུཾ༔་
    ་་དུས་བབ་ཚང་གི་གནས་ཚལ་དུས་ཐོག་གཏོང་ཐུབ་པའི་རེ་བ་ཞུ་་་་་་་ཕྱི་ཚེས་་༡༤་ཉིན་ཡིན་ན་་དེ་རིང་བར་དུ་མ་གོ་བ་ཡིན་ནམ་་་་་་

    Reply
  19. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    སྟག་མཚེར་༸གཅེན་པོའི་བསམ་དོན་སྒྲུབས། །
    གང་སྐུའི་༸སྐུ་ཚེ་ཡུན་བརྟན་ཤོག །
    འཇིགས་མེད་༸སྐུ་ཚའི་འཆི་བ་མེད། །
    ཡབ་གཞིས་༸སྐུ་འཁོར་དར་རྒྱས་ཤོག །

    Reply
  20. ཅོ་རི་ཉི་མ། says:
    ལོ་ 12 སྔོན།

    ཕ་རྒྱ་སྟག་འདྲ་བ་ཞིག་ལ་བུ་སྟག་ཕྲུག་འདྲ་བ་ཞིག་འཁྲུངས་པ་དེའི་འཛོམ་དྲུག་ས་ལ་ལྷུང་བ་འདི་བོད་རང་བཙན་འཐབ་རྩོད་པ་ཚོའི་ཆེད་དུ་ཧ་ཅང་གྱོང་ཆེན་པོ་རེད། སྲས་འཇིགས་མེད་མཆོག་ཁོང་ནི་རང་བཙན་འཐབ་རྩོད་པ་ཚོས་མིག་དཔེ་ལྟ་ས་ཞིག་དང་སྤོབས་པ་སྐྱེས་སའི་མི་བུ་ཚད་དང་ལྡན་ཞིག་ཡིན།

    ཁོང་བསད་ཚར་བ་རེད། ཤི་སྟངས་ཡང་གང་ཡིན་གསལ་པོ་ཞིག་ཤེས་ཀྱི་མེད་པ་རེད། མི་གཞན་གྱིས་དམིགས་སུ་བཀལ་ནས་བསད་ཡིན་སྟེ་དེ་མིན་པའི་རྐྱེན་ངན་པ་ཡོང་སྲིད་པའི་ཐོག་ནས་བསད་པ་ཡིན་གསར་ལམ་ཁག་ཏུ་ཁ་གསལ་མི་འདུག

    ཨ་རི་གཞུང་གིས་སྲས་འཇིགས་མེད་ཁོང་ཤི་རྐྱེན་གང་བྱུང་ཡོད་མེད་དང་དམིགས་སུ་བཀལ་ནས་བསད་པར་ཡིན་མིན་ཞིབ་འཇུག་ཡག་པོ་གནང་ནས་བོད་མི་དམངས་སུ་གསལ་བཤད་མ་གནང་ན་བོད་རྒྱ་ཆེན་མི་དམངས་དོགས་པའི་གནས་སུ་ལྷུང་ངེས་རེད།

    འཇིག་རྟེན་གྱི་གཏམ་དཔེར། ཤི་ན་རོ་བདག་དང་གསོན་ན་སྐྱབས་གནས་ཤིག་ཡོད་པ་ནི་བཙན་བྱོལ་བོད་གཞུང་དང་བོད་རྒྱ་ཆེ་མི་དམངས་རེད། བཙན་བྱོལ་བོད་གཞུང་གིས་ངོས་ནས་རང་མི་ཤི་བ་འདིར་རོ་བདག་ཡག་པོ་ཞིག་རྒྱབ་རོགས་བྱེད་པའི་རེ་བ་ཡོད།

    དྲ་རྒྱ་ཁག་དང་གསར་ལམ་ཁག་ཏུ་བོད་རང་བཙན་པ་ཚོ་གསོད་ཀྱི་ཡིན་དང་རྡུང་གི་ཟེར་ནས་ཁྱབ་བསྒྲགས་ལན་མང་བྱས་པ་རེད། ཁྱབ་བསྒྲགས་བྱས་པ་གཞི་བཟུང་གིས་བཙན་བྱོལ་སྤྱི་ཚོགས་ནང་དུ་ལག་ལེན་བསྟར་གྱི་ཡོད་པ་མ་རེད་དམ།

    ད་་་ང་རང་ཚོ་སེམས་ཤུགས་མར་ཆག་གི་ཡིན་སྟེ་ཡར་ལང་གི་ཡིན་ནམ།

    Reply
  21. འཇམ་དབྱངས། says:
    ལོ་ 12 སྔོན།

    ༄༅། །ཕྱི་སྡོད་བོད་མིའི་ཁྲོད་ནས་བོད་དོན་ཐད་རླབས་ཆེན་གྱི་ཕྱག་ལས་གནང་བའི་མི་སྣ་ཁོང་སྟབས་མ་ལེགས་པར་ལྔ་ལམ་དུ་གྱུར་བར་སྙིང་ནས་མྱ་ངན་ཞུ་རྒྱུ་དང་། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པའི་སྨོན་ལམ་ཡང་དྲག་ཏུ་བྱའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist