མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱུད་སྟོད་དགོན་པ་གཞུང་བཞེས།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

ཉེ་ཆར་རྒྱལ་བ་ཀརྨ་པའི་བླ་བྲང་གི་དངུལ་གྱི་དོན་རྐྱེན་བྱུང་བ་དང་མཉམ་དུ་བླ་བྲང་གིས་ངྷ་སའི་ཉེ་འཁོར་དུ་ས་ཆ་ཉོས་པའི་གནད་དོན་ཞིག་ཀྱང་ལྷག་ཡོད་སྟབས། ཐེངས་འདིའི་དོན་རྐྱེན་དང་བསྟུན་ཏེ། ཀཱང་ར་རྫོང་ཁྲལ་བསྡུ་ལས་ཁུངས་ཀྱི་ཚོགས་ཆུང་ཞིག་རྒྱུད་སྟོད་དགོན་པར་ཕྱིན་ཏེ། དེ་གའི་ས་ཆའི་བདག་དབང་དང་སའི་དཔྱ་ཁྲལ་ཕུལ་བའི་བརྒྱུད་རིམ་ལ་ཞིབ་བཤེར་བྱས་སྐབས། རྒྱུད་སྟོད་དགོན་པ་བཞེངས་སའི་ས་ཆ་དེ་ངྷ་སར་ཡོད་པའི་ཨ་རོན་རྡོ་རྗེ་ Arun Dorje ཞེས་པ་ཞིག་དང་། ཀུ་ལུ་མཱ་ནཱ་ལེ་ནས་ཡིན་པ་པི་རིམ་སིན་ Prem Singh ཞེས་པའི་མི་གཉིས་ཀྱི་མིང་ཐོག་ནས་དགོན་པ་བརྒྱབ་ཡོད་པ་ཞིག་ཆགས་ཡོད་འདུག ཁ་སང་རེས་གཟའ་མིག་དམར་ཉིན་ད་ལྟའི་ཀརྨ་པའི་བཞུཊ་གནས་རྒྱུད་སྟོད་དགོན་པའི་ས་ཆའི་བདག་དབང་དེ་ཧི་མ་ཅལ་མངའ་སྡེ་གཞུང་གིས་རྩིས་ལེན་གྱིས་མིང་བསྒྱུར་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱ་གར་དུས་བབ་ཐོག་གནས་ཚུལ་སྤེལ་བའི་ནང་། ཐེངས་འདིའི་ཀརྨ་བླ་བྲང་གི་དངུལ་གྱི་དོན་རྐྱེན་འདི་བརྒྱུད་དེ། མངའ་སྡེ་འབྲེལ་ཡོད་སྡེ་ཚན་ནས་ཞིབ་འཇུག་བྱས་སྐབས། ཀཱང་ར་རྫོང་ཁོངས་སུ་ཁྲིམས་མཐུན་མིན་པའི་ས་ཞིང་ཉོ་ཚོང་བདག་བཟུང་བྱས་ཡོད་པ་གྲངས་ ༡༠༠ ཡས་མས་ཤིག་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅིང་། དེའི་ཁྲོད་མངའ་སྡེ་གཞུང་གི་ཞིབ་འཇུག་ཚན་པས་བཙན་བྱོལ་བོད་གཞུང་ས་ཆའི་བདག་དབང་གི་ཐོ་གཞུང་ལ་ཞིབ་བཤེར་བྱས་སྐབས། བོད་རིགས་ཁྲོད་ཁྲིམས་མཐུན་མིན་པར་ས་ཞིང་ཉོ་ཚོང་བདག་བཟུང་བྱེད་མཁན་ ༧༣ ཙམ་བྱུང་ཡོད་སྐོར་བཀོད་འདུག

ཧི་མ་ཅལ་མངའ་སྡེ་གཞུང་གི་རྩ་ཁྲིམས་ཀྱི་ས་ཞིང་བདག་དབང་ཡིག་ཆའི་དོན་ཚན་ ༡༡༨ པའི་ནང་། ཧི་མ་ཅལ་གྱི་ཡུལ་མི་མ་གཏོགས་ཕྱི་མི་སུ་ལའང་མངའ་སྡེའི་ནང་ས་ཞིང་ཉོ་ཚོང་གི་ཐོབ་ཐང་མེད་ཅེས་བཀོད་ཡོད་འདུག་པས། ཁ་སང་ ཕྱི་ཚེས་ ༡༥ ཉིན་ཧི་མ་ཅལ་མངའ་སྡེ་བློན་ཆེན་པི་རིམ་ཀུ་མར་ Prem Kumar Dhumal གྱིས་གསར་ལམ་ཁག་ལ།  ས་བདག་ཞིང་བདག་གི་མིང་ཐོ་ཁ་གསལ་མེད་པ་དང་ཁྲིམས་མཐུན་མིན་པར་ས་ཞིང་ཉོ་ཚོང་བྱེད་མཁན་རིགས་ལ་ཐག་གཅོད་ནན་མོ་བྱ་རྒྱུ་དང་། ཐེངས་འདིར་ཞིབ་འཇུག་བྱེད་མཁན་འབྲེལ་ཡོད་ཚན་པ་ཁག་གིས་ཁྲིམས་འགལ་ཐོག་ས་ཞིང་ཉོ་ཚོང་བྱས་ཡོད་པའི་གནད་དོན་དག་ལ་ཞིབ་བཤེར་ཁ་གསལ་བཟོ་དགོས། ཞེས་བཀའ་རྒྱ་བཏང་ཡོད་འདུག ཅེས་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༣ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 33

  1. kthardoe says:
    ལོ་ 14 སྔོན།

    འོ་ཅག་ཚང་མས་དོ་སྣང་དགོས་པ་ཞིག་ལ། མི་ཡུལ་སྐྱིད་པོ་ཇི་ཙམ་བྱུང་ནའང་རང་ཡུལ་བརྗེད་མི་ཉན་ཟེར་བ་ལྟར་དོན་དངོས་ར་འཕྲོད་དགོས་པ་ཞིག་རེད།

    Reply
  2. ཡར་ཆབ་སྔོན་མོ། says:
    ལོ་ 14 སྔོན།

    བོད་པས་ཧི་མ་ཅལ་གྱི་མངའ་སྡེ་ནང་དུ་ས་ཉོས་པའི་སྙོག་གླེང་ཞིག་ཡོད་པ་དེ་ནི་ད་ལོ་གསར་དུ་ཐོན་པ་དེ་འདྲ་མ་རེད། སྔ་ས་ནས་ཡོད་རེད། དེ་བཞིན་ཉེ་ཆར་ཐོན་པའི་དཔལ་རྒྱལ་བ་ཀརྨ་པའི་བླ་བྲང་གི་གནས་ཚུལ་དེ་དང་འབྲེལ་ནས་བྱུང་བའང་མ་རེད། མངའ་སྡེ་འདིའི་ནང་དུ་མངའ་སྡེ་འདིའི་མི་མིན་ན་ས་ཉོ་མི་ཆོག་པའི་ཁྲིམས་ཡོད་པ་རེད། བོད་པ་ཚོ་ཁྲིམས་དེ་དང་འགལ་བསྡད་པའང་གསལ་པོ་རེད། དེས་ན་རྙོག་གླེང་འདི་གསར་དུ་ཐོན་པ་ཡིན་ནམ། གནས་ཚུལ་གྱི་འབྱུང་ཁུངས་མ་ཤེས་པར་བཤད་ན་ཕན་ཐོགས་མེད། དེ་ནི་མངའ་སྡེ་གཞུང་མང་གཙོ་ཚོགས་པས་བསྐྱངས་པའི་སྐབས་ཡིན་ལ། སྐབས་དེའི་སྤྱི་ཁྱབ་བློན་ཆེན་ཁུ་ནུ་རྒྱལ་པོ་གངས་སྐྱིད་དུ་ཕེབས་པའི་གནས་སྐབས་སུ་བོད་མི་ཁག་ཅིག་གིས། རང་ཉིད་ཀྱིས་ཁྲིམས་འགལ་བྱས་པའི་གནས་ཚུལ་སྙན་སྒྲོན་ཞུས་པ་དང་། དེ་ཁྲིམས་མཐུན་ཡོང་བར་རེ་བ་ཞུས་པ་དེ་ནས་འགོ་བཙུགས་པ་ཞིག་ལས། ཁ་སང་དེ་རིང་ཐོན་པ་རྩ་བ་ནས་མིན། སྒེར་པ་དང་ཚོགས་སྡེ་མང་པོ་ཞིག་གི་སའི་བདག་ཐོབ་མངའ་སྡེ་གཞུང་གི་དེབ་བཀོད་ཞུས་པ་དང་། མངའ་སྡེ་གཞུང་ནས་གཡར་བ་ལྟ་བུའི་སྲིད་ཇུས་ཤིག་ཡོད་པ་ཡིན་ལ། རྒྱུད་སྟོད་གྲྭ་ཚང་གི་གནས་ཚུལ་ཡང་འདི་ལས་གཞན་གང་མིན། དེ་ལ་འདྲོགས་དགོས་དོན་གང་ཡང་མེད་པར་སྣང་། རྙོག་གླེང་འདི་དང་བསྟུན་ནས་གནས་ཚུལ་དེ་ཉིད་བསྐྱར་སྒྲོག་བྱས་པ་ལས་གཞན་གང་ཡང་མིན་པར་མངོན།
    དེ་བཞིན་སྤྱི་ཁྱབ་བློན་ཆེན་གྱིས་བསྒྲགས་གཏམ་དེ་ཡང་བོད་པ་གཅིག་པུ་ལ་དམིགས་པ་གང་ལ་ཡིན། མངའ་སྡེ་འདིར་ཕྱི་མས་ས་ཉོས་པ་མང་བ་མ་ཟད། ཟ་ཁང་དང་ཚོང་ཁང་ཆེ་གྲས་གནས་ཚུལ་དེའི་ཐོག་བསྡད་ཡོད་པས། གནས་ཚུལ་འདི་དང་བསྟུན་ནས་དེ་དག་ལའང་ཚིག་གི་མདའ་མོ་ཞིག་འཕེན་བཞིན་ཡོད།

    Reply
  3. བོད་ཀྱི་བུ་རྒོད་པོ། says:
    ལོ་ 14 སྔོན།

    སྤྱིར་དགོན་པ་བླ་མ་ལ་བཞུགས་ས་དང་མཐུན་རྐྱེན་དགོས་ངེས་ཤིང།་དེ་དག་ཁོང་ཚོའི་སྐྱོན་རེད་ཞུ་མི་རུང་ཞིང།་དེ་རིང་འདི་ལྟར་ཆགས་པའི་རྐྱེན་རྩ་གཙོ་བོ་སྒེར་གྱི་ངོ་སྲུང་ནས་གནད་དོན་ཆུང་ཆུང་ཆེན་པོ་བཟོ་མཁན་ཚོགས་པ་ཁག་དང།་ལྷག་པར་བསྟན་འཛིན་བརྩོན་འགྲུས་ཟེར་བའི་རས་དམར་བཅིང་མཁན་མ་འཇོན་འཇོན་མདོག་བྱེད་མཁན་དེ་དང།་རྡ་ས་ས་གནས་གཞོན་ནུའི་ཚོགས་གཙོ་ནག་རིས་སྐབས་འཚོལ་པ་དེ་གཉིས་རེད།་ཁོང་གཉིས་ཀྱིས་མི་མང་དཀྲོགས་ཏེ་ངོ་རྒོལ་འདུ་འཛོམས་དེས་རྒྱ་གར་གཞུང་ལ་ཕོག་ཡོད་ངེས་རེད།་

    Reply
  4. སའིི་ལྷ་མོ says:
    ལོ་ 14 སྔོན།

    སྔོན་བྱོན་དམ་པའི་གསུང་སྒྲོས་ལས། ངལ་གསོ་སར་མཁར་མ་རྩིགས་ཞེས་པ་འདི་དངོས་གནས་ཆོས་དང་འཇིག་རྟེན་གཉིས་ཀ་ལ་ཕན་པའི་དམ་ངག་ཟབ་མོ་ཞིག་ཏུ་སྣང་།

    Reply
  5. གསར་འབྱོར། says:
    ལོ་ 14 སྔོན།

    ཡུལ་ཁྲིམས་དང་མི་མཐུན་པར་ཁྲིམས་འགལ་གྱི་སྒོ་ནས་དགོན་སྡེ་དང་ཚོགས་པ་གང་མང་ཞིག་རྡ་ས་གཙོས་པའི་བོད་མི་འདུས་སྡོད་ས་ཁུལ་གང་སར་བརྒྱབས་ཡོད་པ་ཧ་ཅང་གསལ་བོ་རེད། བླ་ཆེན་དང་མཁས་དབང་སོགས་ཀྱི་མིང་འཁུར་མཁན་ཚོས་འཇ༹མ་གླིང་ཞི་བདེ་དང་མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཟེར་བཞིན་རང་ཉིད་སྡོད་སའི་རྒྱལ་ཁབ་ཀྱི་ཁྲིམས་ཡོངས་རྫོགས་སྣང་མེད་དུ་གཏོང་ཇི་ཐུབ་བྱེད་ཀྱིན་ཡོད་པ་རེད། ཁོང་ཚོས་ཁ་ནས་བཤད་པ་དང་ལག་ལེན་གཉིས་བསྡུར་ཡོང་དུས་ང་དངོས་གནས་སྐྱུག་ལངས་ཀྱི་འདུག ད་ཐེངས་ས་གནས་རྒྱ་གར་གཞུང་གིས་འདི་ལྟར་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་ཞུབ་གཤེར་བྱས་ཡོང་དུས་ང་ཚོས་ལག་གཉིས་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། གང་ཡིན་ཟེར་ན་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་གོ་གནས་ཅན་འདི་ཚོར་གནས་ལུགས་རྒྱུ་མཚན་བཤད་པས་ཉན་གྱི་མ་རེད་ལ་དེ་ལྟར་བཤད་ཕོད་མཁན་ཡང་ཡོད་མི་སྲིད་པ་ཞིག་རེད། མ་རྩ་མི་དགོས་པར་རྒྱུ་ནོར་གྱིས་ཕྱུག་སྡད་པའི་ཁྲིམས་འགལ་མཁན་དང་ཆོས་ལུགས་བེད་སྤྱེད་ནས་མི་མང་ལ་མགོ་སྐོར་གཏོང་མཁན་འདི་ཚོར་མཇུག་འབྲས་འདི་ལྟ་བུ་ཞིག་མེད་ཚེ་ངས་བོད་མིའི་སྤྱི་ཚོགས་འདི་ག་འདྲ་ཞིག་ཆགས་ཡོང་སྙན་པའི་སེམས་འཁྲལ་རྒྱུན་ཏུ་ཡོང་གི་འདུག ཡིན་ཡང་ད་ཐེངས་ཡག་པོ་བྱུང་སོང་པས་འདི་དག་ལས་ང་ཚོས་བསླབ་བྱ་ལེན་དགོས།

    Reply
  6. ཤེས་རབ། says:
    ལོ་ 14 སྔོན།

    ད་རིང་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གྱིས་རྒྱལ་དབང་ཀརྨ་པ་ནི་རྒྱ་ནག་གི་སོ་པ་མ་ཡིན་པ་མ་ཟད་དཀར་པོ་དཀར་རྐྱང་ཡིན་པ་དང་། མཚུར་ཕུ་བླ་བྲང་གི་སྒོར་མོ་དང་ཁོང་ཉིད་འབྲེལ་བ་གང་ཡང་མི་འདུག ལས་བྱེད་རྣམས་ཀྱི་སྐྱོན་ཆ་རེད་འདུག་ཞེས་གསུངས་འདུག ལས་བྱེད་རྣམས་ལའང་ཁག་མི་འདུག་སྙམ། གང་ཡིན་ཞེ་ན་ ༢༠༠༡ ལོར་རྒྱ་གར་གཞུང་ལ་མཚུར་ཕུ་བླ་བྲང་གིས་སྙན་ཞུ་ཕུལ་ཏེ་དངུལ་བཅོལ་ལེན་ཆོག་པའི་ཆོག་མཆན་ཞུས་ཀྱང་ད་བར་གནང་མི་འདུག དེས་ན་ཐབས་ཤེས་མེད་པ་རེད་མི་འདུག་གམ། དྲྭ་གྲོགས་ཁག་ཅིག་གི་ཡག་པོ་མཁྱེན་ཚོད་མི་འདུག

    Reply
  7. ལྷག་པ་ཚེ་རིང་། says:
    ལོ་ 14 སྔོན།

    གསར་འགྱུར་གྱི་ཁ་བྱང་ལ་ཀློག་པ་པོ་ཚོའི་བློ་འགུག་ཐུབ་པ་ཞིག་བྱ་ཐུབ་མིན་དེ་གསར་འགོད་པའི་ནུས་རྩལ་རེད། ནང་དོན་གྱི་ཆ་ནས་ཀྱང་། རྒྱུད་སྟོད་དགོན་པ་གཞུང་བཞེས་བཏང་བྱས་བཀོད་ཡོད་ཀྱང་། གསར་འགྱུར་གྱི་དངོས་གཞིའི་ནང་” རྒྱུད་སྟོད་དགོན་པའི་ས་ཆའི་བདག་དབང་དེ་ཧི་མ་ཅལ་མངའ་སྡེ་གཞུང་གིས་རྩིས་ལེན་གྱིས་མིང་བསྒྱུར་བྱས་ཡོད་འདུག ” ཞེས་བཀོད་འདུག འདི་ལ་འགལ་བ་གང་ཡང་མེད།
    སྔར་ལོ་འཇར་མན་༼ ཕོ་ཉ ༽ གསར་ཤོག་ཐོག་ཁ་བྱང་ལ། ༼ གྲོས་ཚོགས་གོང་མའི་སྒོ་རྒྱབ་སོང་། ༽ ཟེར་བ་ཞིག་བཀོད་པ་རེད། ནང་དོན་གྲོས་ཚོགས་ནང་དངུལ་རྩིས་ཤིག་ལ་གནད་དོན་བྱུང་སྟེ། ནམ་རྒྱུན་ཕྱི་དྲོའི་ཆུ་ཚོད་ ༤ སྟེང་གྲོལ་གྱི་ཡོད་ཀྱང་། ཉིན་དེར་ཆུ་ཚོད་ ༣ དང་ཕྱེད་ཀའི་སྟེང་གྲོལ་དགོས་བྱུང་ཡོད་པ་རེད། གསར་འགྱུར་དེའི་ཁ་བྱང་འགོད་སྟངས་ལ་སྐད་དྲག་ཆགས་པ་རེད།

    Reply
  8. ཆུ་ཤུར་མིག་དམར་ says:
    ལོ་ 14 སྔོན།

    ༧རྒྱལ་བའི་བཀའ་དང་འགལ་ན་ཡོང་རྒྱུ་དེ་རེད

    ༧རྒྱལ་མཆོག་ཕྱག་ན་པདྨོས་དུས་རྒྱུན་དུ་མིའི་ལུང་པར་ཉམ་ཆུང་དང་་དྲང་བདེན་་ཡ་རབས་སྤྱོད་བཟང་་མཐུན་འབྲེལ་བྱེད་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་དེ་དག་་རྣ་རྒྱབ་ཀྱི་རླུང་པོར་བཏང་སྟེ་རང་སྣང་གང་དྲན་བྱས་པའི་འཇུག་འབྲས་ཤིག་རེད་སྙམ་

    ཡུལ་ཆུ་བཏུང་ན་ཡུལ་ཁྲིམས་འཁུར་དགོས་ཞེས་པའི་བོད་ཀྱི་གཏམ་དཔེ་རྙིང་པ་འདི་དྲན་པར་བྱོས་ཤིག

    ཟབ་ཟབ་མ་བྱས་ན་བོད་མི་རིགས་ཀྱི་རྩ་དོན་ལ་གནོད་གཞིའི་རྒྱུ་རུ་མི་འགྲོ་བའི་ངེས་པ་མེད

    Reply
  9. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    རྔམ་ཆེ་ན་སྟག་མོ་ཤ་གི་རྣོང་། རྒྱུག་ཆེ་ན་རྐྱང་དཀར་བོང་སྡུག་ཁུར། བརྗོད་པ་བཞིན་བཙན་བྱོལ་བའི་གཞིས་དགོན་གང་སར་ཕན་ཚུན་འགྲན་རྩོད་དངོས་མ་ཡིན་ན་ཡང་འགྲན་རྩོད་ལྟ་བུའི་བཙན་བྱོལ་བོད་པའི་ཡར་རྒྱས་འདི་ལ་སྤྱི་རྒེར་སུ་ཡིན་ན་ཡང་ཅུང་འགྱོག་དྲག་པ་དང་རྔམ་ཆེ་དྲག་པའི་རྣམ་པ་རང་བཞིན་གྱི་ཡོད་པར་བརྟེན། བྱ་བ་མང་ན་བྱུར་གཞི་ཡང་དེ་ཙམ་ཆེ་བར་འབྱུང་བ་ཆོས་ཉིད་ལ། རྒྱ་བལ་གཉིས་སུ་བོད་བརྒྱུད་དགོན་སྡེ་རྣམས་ཀྱང་གཅིག་ལས་གཅིག་ཆེ་བ་དང་གཅིག་ལས་གཅིག་རྫིག་པ་རྐྱང་གཅིག་ཡིན་པར་བརྟེན། གནས་སྡོད་ཡུལ་མི་རྣམས་ཀྱང་རང་བཞིན་གྱི་ཁོ་ཚོའི་ས་ནས་འཕྲོག་བཅོམ་བྱེད་པ་ས་ཁང་སྦར་མཐིལ་གང་མེད་ན་ཡང་སོ་སོའི་ཕ་ས་དྲོན་མོ་ཡིན་ཙང་། ཁོ་ཚོའི་སེམས་ལ་མི་དགའ་བ་དང་མི་སྤྲོ་བ་དེ་ངང་གི་འབྱུང་བ་འདི་ཡང་ཆོས་ཉིད་ཡིན། སྦྱིར་བོད་མི་ཡོངས་རྫོགས་ཁྲ་ཁྲ་འུར་འུར་གྱིས་འཚོ་བ་ལ་དགའ་སྣང་དང་། ནང་སྟོང་ཕྱི་རྫིག་གི་གསོན་ཉམས་ལ་སྤྲོ་བའི་མི་རིག་ཞིག་ཡིན་དུས་འགྲོ་འདུག་རྒྱན་སྤྲས་སོགས་ལྟ་བའི་ཐོག་ནས་ཀྱང་ཧེ་བག་ཆེན་པོ་རང་བཞིན་གྱིས་འབྱུང་གི་ཡོད་པ་དངོས་གསལ་རེད། སྔོན་༸གོང་ས་མཆོག་གིས་བཀའ་སློབ་ལས་ཀྱང་འདིར་གཞིས་དགོན་སུ་ཡིན་ཡང་སྡོད་གནས་ཆུང་ཆུང་ཞིག་ལ་མིང་ཆེན་པོ་ཞིག་འདོགས་ནས། རང་གི་ཆོས་རིག་ལ་དགོས་པའི་ཤེས་ཡོན་འདི་དག་མཐུས་ཤོར་མི་འགྲོ་བར་སྲ་ཁྲིག་ཁྲིག་བྱེད་པ་འདི་གནད་ཆེན་པོ་འདུག་གསུང་ནས་ད་ལྟ་སྐུ་མདུན་བཞུགས་གནས་ལ་གཟིགས་དང་དགོངས་གཞི་གནས་མ་དེ་ཕྱག་ལས་བསྟར་འདུག་དང་མི་འདུག་བོད་མི་ཀུན་གྱི་མཁྱེན་གསལ་རེད། སྤྱི་ནོར་ཆེན་པོའི་བཀའ་གསུང་འདི་ལས་བརྒལ་ནས་བཙན་བྱོལ་བའི་གཞིས་དགོན་གཉིས་ཀ་ཆེ་བ་དང་ཡག་པ་ལ་ཚོད་མེད་པ་མི་ཚེ་གང་པོའི་སྡོད་ས་བཞིན་ས་གནས་ཧི་མ་ཅར་དོག་པོར་བྱེད་པ་བཟོ་ཚར་དུས་ད་དངོས་གནས་ཀུན་གྱིས་གཟབ་གཟབ་མ་བྱས་ན་སྤྱི་སྒེར་ཡོངས་ལ་དོན་རྐྱེན་ཆེན་པོ་ཞིག་སློང་བ་ལས། རང་གར་གཡུག་བཞག་པའི་སྲིད་ཇུས་ཞིག་མི་འབྱུང་བ་དངོས་ཐག་ཆོད་སོང། སྲིད་དོན་ལ་སྙིང་རྗེ་ཞིག་ཡོད་ན་དེ་སྲིད་དོན་མི་ཤེས་པ་དང་། སྲིད་དོན་ལ་ཞིབ་གཤེར་མེད་ན་རྒྱལ་ཁབ་འཛུགས་མི་ཐུབ་པ་ཡིན་དུས། ཏིག་ཏིག་བརྗོད་ལུགས། འཇུག་མ་གྱུ་ཕྱོགས་གང་ལ་གཞིག་ན་ཉོག་གྲ་ཆེན་པོ་ཞིག་སློང་བ་ཁོ་ཐག་ཆོད་འདུག ཡིན་ན་ཡང་རྒྱ་གར་བའི་ཁྲིམས་སྲིད་འདི། ལི་ཚ་བརྡུང་། ཐོ་བ་ཕྱེད་གསུམ་ནི་མ་ཡིན་པར་ཀན་སེལ་ན་ཚ་བཞིན་རིམ་པར་ངང་སྲིང་ནས་མཇུག་ཁྲིམས་ལས་གཏུག་ས་ཞིག་ལས་འགྲོ་ལམ་མེད་པ་ཀུན་གྱི་མཁྱེན་གསལ་ལས་སོ་སོའི་ཁྱབ་ཁོང་ནས་དེ་ལན་གྲ་བསྒྲིགས་ཨང་སང་བྱེད་དགོས་པ་ལས། འདི་ལ་སྒྱིད་ལུགས་རྩ་བ་ནས་བཏང་མི་ཉན། སྤྱིར་དྲང་པོའི་ཁྲིམས་ཞིག་གལ་སྲིད་ཡོད་པའི་དབང་དུ་བཏང་ན། བཙན་བྱོལ་བའི་གཞིས་དགོན་གཉིས་ཆར་གྱི་ཡར་རྒྱས་འདི་དག་རྒྱ་གར་རང་གི་ས་ཆ་ལ་ཡར་རྒྱས་བཏང་བ་ཞིག་ལས་གཞན། པ་ཁི་སི་ཐན་དང་། བྷང་ལ་དྷེ་ཤིན་ལྟ་བུ་ལ་སྤྲད་རྒྱུའི་ཡར་རྒྱས་ཞིག་མིན་པར་བརྟེན་ངོ་མའི་ཁེ་སང་དེ་རྒྱལ་ནང་གི་མི་དང་རྒྱལ་ནང་གི་གཟི་བརྗིད་ལས། བོད་ལ་རང་བཙན་དང་རང་སྐྱོང་གང་བྱུང་ན་ཡང་བོད་པས་རྒྱབ་ཏུ་ཁེར་འགྲོ་རྒྱུའི་ཅ་ལག་ལྟ་བུ་ཞིག་མིན་པ་གསལ་པོ་རེད།
    ཡར་རྒྱས་ཀྱང་རྒྱ་གར་ནང་ཡིན་ལ་དངུལ་དམར་ཡང་རྒྱ་གར་མིའི་ལག་པ་ལས་གཞན་དུ་འགྲོ་ཁུང་མེད། དེར་བརྟེན་གནས་སྐབས་འཚོ་སྡོད་བྱ་ས་ཙམ་ལ་ཡར་རྒྱས་འདི་ལྟ་བུ་བཏང་བ་ལ་དགའ་འོས་པ་ཞིག་ལས་ཞེད་དགོས་པ་དང་ཉེན་ཆེ་བའི་བྱ་བ་ཞིག་གཏན་ནས་མི་འདུག་བསམ།
    ཡིན་ཡང་འཇིག་རྟེན་གྱི་དཔེ་ལ་མཐུན་འདོད་ན་ཞིབ་ཚག་ཟེར་བ་བཞིན་གཅིག་བྱས་ན་རྒྱ་གར་བས་བཟང་པོའི་སེམས་ཀྱིས་མི་དགའ་བ་དང་ལྟ་བ་ནོར་པའི་རིགས་ཐམས་ཅད་རྩད་གཅོད་ཀྱི་ཕྱིར་དུ་ཡིན་མི་སྲིད་པ་མིན། གང་ལྟར་ཀྱང་ལས་ཚར་བ་ནི་ཚར་སོང་། གསར་དུ་འགོ་འཛུགས་ཀྱི་ལས་འཆར་ལྟ་བུ་རྣམས། ལྟ་བ་ནམ་མཁའ་ལས་མཐོ་ཀྱང་། ལས་རྒྱུ་འབྲས་བག་ཕྱེ་བས་ཞིབ་ཟེར་བ་བཞིན་རྒྱུ་དངོས་ཡོང་འབབ་ག་ཚོད་ཙམ་ཡོད་ན་ཡང་། སྤྱི་ཚོགས་གང་སར་དོན་རྐྱེན་ཕྲ་མོ་ཙམ་ཡང་མི་འབྱུང་བའི་ཉམས་ཆུང་འགྲོ་ཤེས་འདུག་ཤེས་ཞིག་ཕྱག་ལས་གནང་བ་དང་། རྒྱ་དཀར་དཀར་ནག་གི་མི་ག་འདྲ་ཞིག་ཡིན་ན་ཡིད་ཆསེ་མི་སྔ་བར་ཁོག་གཟབ་ནན་པོ་བྱེད་དགོས་པ་ནི་བཙན་བྱོལ་བ་སྤྱི་ཡོངས་ཀྱི་སྲིད་དོན་དང་འབྲེལ་བའི་ལས་འགན་དངོས་མ། སྔ་ལྟས་ཕྱིས་དཔྱོད་གང་བྱས་ཀྱང་གལ་ཆེན་ཞིག་ཡིན་པར་མངོན་ནོ།

    Reply
  10. གཡག་རྒོད། says:
    ལོ་ 14 སྔོན།

    འདིར་དུས་བབས་དང་བང་ཆེན་གསར་ཤོག་གཉིས་ཀྱིས་གནས་ཚུལ་མི་མཐུན་པ་བཀོད་པ་ལྟ་བུ་བྱུང་འདུག དུས་བབས་ཀྱིས་རྒྱུད་སྟོད་དགོན་པ་གཞུང་བཞེས་བཏང་ཡོད་འདུག་ཅེས་བཀོད་ཡོད་ལ། བང་ཆེན་གྱིས་རྒྱུད་སྟོད་ཀྱི་ས་ཆ་བདག་དབང་མིང་བསྒྱུར་བྱས་འདུག་ཅེས་བཀོད་ཡོད། ཡང་སྙིང་འདིར་དོགས་པ་ཡོད་པ་ནི་རྒྱུད་སྟོད་གྲྭ་ཚང་རྒྱ་གར་མངའ་སྡེ་གཞུང་གིས་གཞུང་བཞེས་བཏང་ཡོད་མེད་དེ་ཡིན། གལ་སྲིད་དུས་བབས་གསར་ཁང་གིས་བརྗོད་པ་ལྟར་དངོས་གནས་གཞུང་བཞེས་བཏང་ཡོད་ན་རྒྱལ་དབང་ཀརྨ་པ་གཙོས་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་ཡོངས་རྫོགས་ད་ལྟའི་ཆ་ལ་འདུག་ས་མེད་པ་གྱུར་དགོས་པ་རེད། ང་ཚོ་བོད་པ་ཚོས་གཞུང་བཞེས་བཏང་ཟེར་དུས་གང་གཞུང་བཞེས་བཏང་ཡོད་པ་རྣམས་ལ་བདག་དབང་ཤོར་ཡོད་པ་གོ་ཡི་རེད། དེ་འདྲ་ཡིན་དུས་གནས་ཚུལ་འདི་ཧ་ཅང་ཛ་དྲག་ཅིག་ཏུ་མངོན་ཡོང་གི་འདུག གལ་ཏེ་བང་ཆེན་གསར་ཁང་གིས་བཤད་པ་ལྟར་རྒྱུད་སྟོད་ཀྱི་ས་ཆ་བདག་དབང་མིང་བསྒྱུར་བྱས་པ་ཙམ་ལས་རྒྱུད་སྟོད་དགོན་པ་རྒྱ་གར་མངའ་སྡེ་གཞུང་གིས་གཞུང་བཞེས་བཏང་མེད་ཚེ་དུས་བབས་ཚང་གིས་ངེས་པར་གནས་ཚུལ་གསལ་པོ་བཟོ་རོགས་ཞུ་རྒྱུ་ཡིན། ངས་མཐའ་གཅིག་ཏུ་དུས་བབས་གསར་ཁང་ནོར་བ་དང༌། བང་ཆེན་བདེན་པ་རེད་ཅེས་བརྗོད་ཀྱི་མེད། ང་ཚོ་རྒྱ་གར་གྱི་གསར་འགོད་པ་ནང་བཞིན་གནས་ཚུལ་ཆུང་ཆུང་ཆེན་པོ་བཟོ་མི་ཉེན་ལ། དེ་བཞིན་གནས་ཚུལ་ཆེན་པོ་ཡང་ཆུང་ཆུང་བཟོ་ཐབས་དང་སྦས་སྐོམ་བྱེད་རྒྱུ་མེད་པར་དངོས་ཡོད་གནས་ཚུལ་གཞིར་བཞག་ཐོག་འགྲོ་དགོས། མདོར་དོན་ངས་བརྗོད་འདོད་གཙོ་བོ་ནི། རྒྱུད་སྟོད་དགོན་པ་གཞུང་བཞེས་བཏང་ཡོད་མེད་གནས་ཚུལ་གསལ་པོ་ཞིག་འཕྲལ་དུ་བཀོད་རོགས་ཞུ་རྒྱུ་ཡིན།

    Reply
  11. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    རྒྱུད་སྟོད་དགོན་པ་གཞུང་བཞེས་པའི་འགོ་བརྗོད་འདི་ངས་བལྟས་ན་ཅུང་ཟད་ཐལ་ཆ་ཆེ་དྲག་འདུག ངས་གནས་ཚུལ་ཞིབ་ཕྲ་ཤེས་མ་སོང་། འོན་ཀྱང་གནད་དོན་ཆུང་ཆུང་ཞིག་ཆེན་པོ་བཟོས་ན་ཡག་པོ་མི་འདུག དེའི་ཐོག་གསར་འགོད་པ་ཚོས་གཟབ་གཟབ་གནང་རྒྱུ་དེ་བས་གལ་ཆེ།

    Reply
  12. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ངས་བལྟས་ན། གཙོ་གནད་དེ་ཡུལ་ཁྲིམས་དང་འགལ་ཡོད་མེད་དེ་རེད། ཡུལ་ཁྲིམས་དང་འགལ་ཡོད་ན་ཁྲིམས་ལུགས་གཞི་བཞག་གིས་ཐག་གཅོད་ཡོང་བ་བྱེད་དགོས། ཁྲིམས་ཀྱི་མདུན་ལ་ཐམས་ཅད་འདྲ་མཉམ་ཡིན་པས། ཁྲིམས་འགལ་བྱས་རྗེས་ང་བླ་མ་ཡིན། ང་གྲྭ་པ་ཡིན། ང་སྐྱབས་བཅོལ་བ་ཡིན་ཞེས་ལབ་ས་བསྡད་མེད།
    བོད་པ་ཚོས། སྐྱབས་བཅོལ་གྱི་གནས་བབས་བཟུང་སྟེ་ཁྲིམས་མཐུན་ངང་མ་བསྡད་པར་ཁྲིམས་འགལ་གྱི་ཐོག་ནས་དངུལ་ཉར། ཁྲིམས་འགལ་གྱི་ཐོག་ནས་ས་ཉོས། ཁྲིམས་འགལ་གྱི་ཐོག་ནས་ཡིག་ཆ་བཟོས། ཁྲིམས་འགལ་གྱི་ཐོག་ནས་དངུལ་སྤྲོད་ལེན་བྱས་པ་དེ་ཚོར། རྒྱ་གར་གཞུང་གིས་ཁྲིམས་ལྟར་ཞིབ་བཤེར་བྱས་ཡོང་དུས། ད་༸རྒྱལ་བ་རིན་པོ་ཆེ་བཞུགས་དུས་ནས་དེ་འདྲ་བྱས་ཡོང་ན། ཁོང་མ་བཞུགས་པའི་སྐབས་ལ་ཅི་བྱས་ཡོང་ཞེས་ཧང་སངས་སངས་དང་ཧོན་ཐོར་ཐོར་བྱེད་ཀྱིན་འདུག་ཀྱང་། ངས་བལྟས་ན་ནི། རང་རེས་ད་དུང་རི་ཁུག་ལུང་ཁུག་གི་སྤྱོད་ཚུལ་རྗེས་ལུས་དེ་ཚོ་སྤངས་མ་ཐུབ་པའི་རྟགས་ཙམ་ལས། གཞན་གྱི་ཉེན་ཁ་ཆེ་བ་ཅང་མ་མཐོང་།

    དེའི་ཐོག་ཁྲོམ་སྐོར་དང་སྐད་འབོད་བྱེད་རྒྱུར་ལོ་ངོ་ ༥༠ རིགས་གཅིག་རྐང་འཛིན་བྱས་པའི་བོད་པ་ཚོས་ཅུང་ཟད་འགྲིག་མ་འགྲིག་ཚང་མར། རྔ་རྡུང་དར་འཕྱར་གྱིས་སྐད་འབོད་བྱས་སྟབས། ཕ་རོལ་པོར་བརྡ་སྤྲོད་དགོས་པ་༸རྒྱལ་བ་ཀརྨ་པ་རྒྱ་ནག་གི་སོ་པ་མིན་ཞེས་པ་དེ་མ་འཕྲོད་པར། བརྡ་འཕྲོད་མི་དགོས་པ་རྒྱ་གར་གཞུང་གི་ཁྲིམས་མཐུན་ཞིབ་འཇུག་ལ་ངོ་རྒོལ་བྱེད་ཀྱིན་ཡོད་པའི་རྣམ་པ་འཛོར་པོ་ཞིག་བཤམས་པ་དེ་རེད། ད་གནས་སྐབས་དམ་དྲག་ཆེ་ཙམ་ཡོང་གི་རེད།

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    ངས་ཁ་སྔོན་ནས་གནས་ཚུལ་འདིའི་སྐོར་ལ་བོད་མི་ཚོས་ཚ་ཚ་འུང་འུང་ཞེ་དྲག་མ་བྱས་ན་བསམ་ཡོད། ད་དོན་དག་ཇེ་སྡུག་ཏུ་སོང་མི་འདུག་གམ། ཚོགས་པ་ཙག་ཙིག་རེ་གཉིས་དང་མི་སྣ་ར་བཟི་བ་འདྲ་བ་འགའ་རེས་རྟག་ཏུ་གོ་སྐབས་བཙཌྷ་ཏེ་ཚ་ཚ་འུར་འུར་འདྲ་བཟོ་གི་རེད་པས། དོན་གལ་གནད་ལ་ཐུགས་དུས་ཅི་དང་གང་ཡང་བྱེད་མི་ནུས་ལ་འཇོན་གི་ཡང་མ་རེད། ད་བལྟས་ཡོང་ན་དཀའ་ངལ་ཇེ་ཆེ་དང་གནས་ཚུལ་ཇེ་སྡུག་ཏུ་མི་འགྲོ་བའི་གདང་མེད་པས་གང་གཟབ་གཟབ་གནང་གལ་ཆེ་བར་སེམས།

    Reply
  14. རྐང་གསུམ། says:
    ལོ་ 14 སྔོན།

    གནས་ཚུལ་འདི་བདེན་པ་ཡིན་ན་ང་ཚོ་ཚང་མས་གཟབ་དགོས་པ་རེད།

    Reply
  15. གནམ་ལྕགས། says:
    ལོ་ 14 སྔོན།

    རྒྱུད་སྟོད་དགོན་པ་གཞུང་བཞེས་བཏང་བ་ཞེས་ལབ་ན་ཏག་ཏག་བསྡད་ཨེ་ཡོད་དམ། དེ་བས་རྒྱུད་སྟོད་ཀྱི་ས་ཆའི་བདག་དབང་གཞུང་བཞེས་བཏང་ཟེར་དགོས་པ་འདྲ་ཞིག་སེམས་ལ་ཤར་གི

    གནད་དོན་འདིའི་སྐོར་ནས་ལས་སླ་བོར་ཤེས་ཐུབ་པ་ཞིག་ནི། ད་མི་རིང་བར་རང་རེའི་བཙན་བྱོལ་བའི་ཚོགས་པ་སྐྱིད་སྡུག་ཁག་གིས་ཁྲིམས་མཐུན་མ་ཡིན་པའི་ཁང་བརྩེགས་འདྲ་མིན་བརྒྱབ་པ་དག་ཕྱིར་བསྡུ་བྱ་ངེས་པ་དེ་རེད། ད་འདིའི་ཐད་ལ་བསམ་བློ་བཏང་ན་ཡག་ས་རེད་འདོད་ཀི དེ་མིན་འདས་པའི་གནད་དོན་དག་ལ་རྨོངས་འཐོམ་འཐོམ་གྱིས་བགྲོ་གླེང་བྱེད་པ་ལས་མ་འོངས་པའི་སྐོར་ནས་གླེང་ན་དགེ་ཕན་ལོས་ཆེ་འདོད་ཀི

    Reply
  16. མངའ་རིས་བུ། says:
    ལོ་ 14 སྔོན།

    ༧གོང་ས་༧་མཆོག་ནས་རྟག་ཏུ་ཉམ་ཆུང་འདུག་ཤེས་ཀྱིས་བཙན་བྱོལ་པ་ཡིན་པའི་འདུ་ཤེས་བཟུང་དགོས་བཀའ་སློབ་ཡང་ཡང་གསུངས་ཡོད་ད་བྱེད་ཀྱི་འདུག་གམ།
    ང་ཚོ་བོད་རིགས་དེ་ཚོས་ཁ་ནས་ཅྃགཅིག་བཤད་ལག་ཏུ་ལེན་རྒྱུ་ཁ་ཁ་ཞིག་བྱེད་ཀྱི་ཡོད།
    བྱུང་འབྲས་དེ་ལས་གང་ཡོང།
    སྔོན་མར་འབྲུག་ལ་ཇི་ལྟར་བྱུང་སོང་།
    དེ་རྗེས་སྔོན་ལོར་བལ་ཡུལ་དུ་ཇི་ལྟར་བྱུང་སོང།
    ད་ལོ་རྒྱ་གར་ན་གང་བྱུང་སོང།
    སང་ལོ་བལ་ཡུལ་དང་ཨ་རི་སོགས་སུ་ཡོང་ངེས་རེད།
    བལ་ཡུལ་གྱི་གསར་ཤོག་གི་ཐོག་ཏུ་རྒྱལ་སར་ཡོད་པའི་བོད་ཀྱི་དགོན་པ་བརྒྱ་ལ་ཉེ་བ་ཞིག་གི་མིང་བསྒྲགས་ནས་དེ་ཡི་ནང་ནས་དགོན་པ་ཉེར་བཞི་ལ་ཞིབ་དཔྱོད་ནན་པོ་བྱེད་དགོས་ལུགས་ཀྱིས་ཁྱབ་བསྒྲགས་སོང།
    དགོན་པ་ཉེར་བཞི་དེ་དག་གི་གཙོ་བོ་ཀོ་ཕན་དགོན་པ་ཡིན་ལུགས་དང་བོད་ཀྱི་དགོན་པ་དེ་དག་གི་ནང་དུ་ཆབ་སྲིད་ཀྱི་སློབ་གསོ་བྱེད་ལུགས་དང་དགོན་པའི་ནང་དུ་མཚོན་ཆའི་རིགས་སྐུང་སྦས་བྱས་ལུགས་སོགས་ཤིན་ཏུ་འཇིགས་རུང་གི་གནས་ཚུལ་སྤེལ་ཡོད།
    དེ་ཡི་གཞི་རྩ་ནི་་་་དེ་སྔོན་བོད་ཀྱི་དགོན་པ་བཞེངས་དུས་་དགོན་པའི་རྨེང་འོག་ཏུ་མནན་པ་བྱེད་སྐབས་མཚོན་ཆའི་རིགས་མང་པོ་ཞིག་བཞག་པ་ཉུལ་མས་མཐོང་བ་ལ་བརྟེན་ནས་བྱུང་བ་ཡིན་ཚུལ་བཤད་ཀྱིན་འདུག
    ད་གཟབ་གཟབ་གནང་ན་མ་གཏོགས་རང་ཡུལ་ལ་འདུག་དབང་མེད།
    གཞན་ཡུལ་དུ་འདུག་ཤེས་མེད་ན་ཡོང་རྒྱུ་དེ་ལས་མེད།
    ད་དུང་དེ་ཡིས་ག་ལ་ཚད།
    ད་གཟབ་གཟབ་དགོས།
    དགོན་པ་གྲྭ་ཚང་དེ་ཚོར་རྒྱ་བསྐྱེད་བྱེད་དེ་སུ་དགོན་པ་ཆེ་ཆེ་གྲྭ་བ་མང་མང་དཔལ་འབྱོར་ཕྱུག་ཕྱུག་གིས་ལམ་བུར་བསྐྱོད་ན་ཉིན་མ་གཅིག

    Reply
  17. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ཧི་མ་ཅལ་མངའ་སྡེ་ནས་༧དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་རྩིས་བཞེས་གནང་བར་སྙིང་ནས་བློ་ཕམ་ཆེ། མ་གཞི་ཞུ་ལེ་མིན་ད་དུང་རྒྱ་གར་དབུས་གཞུང་དང་། མངའ་སྡེ་གཞུང་ཁག་ནས་བོད་རིགས་ལ་དབང་བའི་ཅ་དངོས་རིགས་ག་ཚོད་གཞུང་བཞེས་དང་ཟ་རྩིས་ཡོད་ན་? ཡིད་གཟབ་མཛོད་བོད་པ་ཚོ།
    །ཪང་བཙན་མེད་ན་རང་དབང་མེད། །རང་དབང་མེད་ན་བདེ་སྐྱིད་མེད། །དེར་བརྟེན་ཀླད་ལྡན་གངས་ཅན་རྣམས། །རང་དབང་བརྩོད་ལ་ཅིའི་མི་འབུངས།།

    Reply
  18. jangchub says:
    ལོ་ 14 སྔོན།

    སྤྱིར་སྟངས་བྱེད་ན་ཡུལ་ཁྲིམས་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བས་ཀྱང་ཡུལ་ཁྲིམས་སྲུང་རྒྱུ་གལ་ཆེ། ང་ཚོ་ག་པར་ཕྱིན་ནའང་ཁྲིམས་མེད་པའི་ས་མེད།་ང་ཚོ་སོ་སོའི་ལུང་པའི་ནང་ལ་ཡིན་ནའང་ཁྲིམས་མེད་པ་མིན། རང་བཙན་ཡོད་ནའང་ཁྲིམས་ཡོད། ཁྲིམས་ལས་འགལ་ཚེ་ཤིན་ཏུ་ནས་ནོར་བར་ཁས་ལེན་བྱེད་དགོས། དཔེར་ན་རྒྱ་གར་DELHI ནང་ཁྲིམས་འགལ་གི་ཁང་པ་ཐོགས་རྩེགས་མང་པོ་ཡོད་པ་དེ་འདྲ་ག་ཚོད་ཙམ་གཏོར་སོང། དེ་ཚོ་ཚང་མ་ཁོ་རང་ཚོའི་རྒྱལ་ཁབས་ཀྱི་མི་ཟེར་ཀྱང་ཀྱང་རེད། ང་ཚོ་ནི་ལུང་པ་གཞན་གྱི་མི་རེད། དེར་བརྟེན་ཡུལ་ཁྲིམས་དང་མཐུན་པ་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ་ངའི་སྙིང་གི་སྤུན་ཟླ་ཚོ། །

    Reply
  19. གདོང་དམར་བོད་པ། says:
    ལོ་ 14 སྔོན།

    མ་ལབ་ན་མ་ཤེས། ལབ་ན་མ་སྒྲིགས།
    མ་གཞི་ནས་ང་ཚོ་ནང་པའི་དགེ་འདུན་པ་ཚོས་མི་སྐྱ་ལས་ལྷག་པ་མི་ཚེ་སྐྱིད་པོ་གཏོང་རྒྱུ་ལས། ཚེ་ཕྱི་མ་དང་མཐར་སངས་རྒྱས་ཀྱི་གོ་འཕང་ཆེད་དུ་དལ་འབྱོར་གྱི་མི་ལུས་འབད་སྤྱོད་ཚད་ལྡན་གཏོང་གི་ཡོད་མེད་ཐེ་ཚོམ་རེད་བཞག
    རྒྱུད་སྟོད་གྲ་ཚང་དེ་སྔ་འབུམ་དེ་ལར་ཡོད་རེད། ཕྱི་སུ་རྡ་ས་ཉེ་སར་སྤོས་པ་རེད། དངོས་གནས་བྱེད་ན་གྲ་ཚང་དེ་ཚོ་ཆོས་ཐོས་བསམ་སྒོམ་གསུམ་བྱེད་ས་ཡིན་པ་རེད། ཕལ་ཆེར་སྦྱིན་བདག་ཚོས་ཡང་འདི་བསམ་ཡོད་ཞག་རེད། ཆོས་སྦྱང་སའི་ས་ཆ་འབུམ་དེ་ལ་ཡག་པོ་ཡོད་བཟོ་འདུག
    མ་གཞི་ནས་གྲ་ཚང་ཁག་རྒྱས་སྤྲོད་ཧ་ལས་པ་ཆེ་གྲགས་ཀྱི་འདུག བསམ་བློ་གཏོང་དགོས་ཡ་ཅིག་རེད་འདུག་ད།
    རྒྱ་གར་ནང་ཡོད་པའི་གྲ་ཚང་ཁག་ལ་བལྟས་ན། བོད་རང་བཙན་རགས་ནའང་བོད་ལ་ལོག་ཨ་ཡོང་བསམ་བསམ་འདུག
    འདི་ངས་ལྷག་བསམ་རྣམ་དག་ཐོག་བྲིས་པ་ཡིན་མ་ཏོགས། གྲ་ཚང་དང་ནང་ཆོས་ལ་དད་མོས་མེད་པ་རྩ་བ་ནས་མིན་ནོ།།

    Reply
  20. སའིི་ལྷ་མོ says:
    ལོ་ 14 སྔོན།

    ཆོས་རིག་ཁྱབ་ཁོངས་སུ་ཡོད་པའི་་ཆོས་སྡེ་ཞིག་དང་བླ་ཆེན་ཞིག་ལ་དཀའ་ངལ་འདི་འདྲ་ཕྲད་སྐབས་ཆོས་རིག་ལས་ཁུང་ནས་ག་རེ་གནང་འཆར་ཡོད་དམ།

    Reply
  21. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    གསར་འགྱུར་འདི་གཉིས་འགོད་སྟངས་ཅུང་མི་འདྲ་བ་འདུག
    དེ་ཡང་གལ་ལྟར་བོད་ཀྱི་བང་ཆེན་དུ་འདི་ལྟར་འཁོད་འདུག

    རྒྱུད་སྟོད་དགོན་གྱི་ས་ཆའི་བདག་དབང་མིང་བསྒྱུར
    ་རྒྱུ།
    རྒྱ་གར་བྱང་རྒྱུད་ཀྱི་ཧི་མ་ཅལ་མངའ་སྡེའི་གཞུང་གིས་དཔལ་རྒྱུད་སྟོད་གྲྭ་ཚང་གི་ས་ཁང་གི་བདག་དབང་དེ་མངའ་སྡེ་དེའི་གཞུང་གི་མིང་དུ་ཁྲིམས་སྲོལ་ལྟར་སྒྱུར་རྒྱུའི་གསལ་བརྡ་ཞིག་བཏང་ཡོད་འདུག

    ཟླ་འདིའི་ཚེས་༡༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ༧རྒྱལ་བ་ཀརྨ་པའི་གནས་སྐབས་ཀྱི་བཞུགས་གནས་རྒྱུད་སྟོད་གྲྭ་ཚང་དེ་ཕྱི་ལོ་༢༠༠༢ ལོར་མངའ་སྡེ་དེ་གའི་ཡུལ་མི་ལྡི་ལི་རམ་དང་པཱམ་སིང་གཉིས་ཀྱི་མིང་ཐོག་ནས་ས་ཁང་དེའི་བདག་དབང་དེབ་སྐྱེལ་བྱས་ཡོད་པ་དེ། ཟླ་འདིའི་ཚེས་༡༥ མངའ་སྡེ་གཞུང་གི་མིང་དུ་བསྒྱུར་རྒྱུ་ཡིན་ལུགས། རྒྱུད་སྟོད་གྲྭ་ཚང་གི་འབྲེལ་ཡོད་ལས་ཁུངས་སུ་སྔོན་བརྡ་ཞིག་བཏང་ཡོད་ཅེས་མངའ་སྡེའི་ཁྲལ་བསྡུ་འགན་འཛིན་རྒན་པ་སྐུ་ཞབས་ནཱ་རེན་ཤི་ཀུ་མར་གྱིས་བརྗོད་འདུག

    ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ཕྱི་ལོ་༢༠༠༦ དང་༢༠༠༧ ཙམ་ཀོང་རེ་སི་ཆབ་སྲིད་ཚོགས་པས་མངའ་གཞུང་གི་སྲིད་སྐྱོང་སྐབས། མངའ་སྡེའི་བློན་ཆེན་སྐུ་ཞབས་ཝིར་བྷ་དྷར་སིང་མཆོག་ལ་བོད་མིས་ཁྲིམས་འགལ་ཐོག་ནས་ས་ཁང་བདག་དབང་དེབ་སྐྱེལ་བྱས་པ་ཁག་༧༣ གྱི་ཐོ་གཞུང་རྣམས་དྭངས་བླང་གི་ཐོག་ནས་མངའ་གཞུང་ལ་སྤྲད་པའི་འབྲས་བུར། བློན་ཆེན་གྱིིས་སློབ་གྲྭ་དང་དགོན་སྡེ་ཁག་མངའ་སྡེའི་མིང་ཐོག་ནས་བདག་དབང་ལེན་རྒྱུ་དང། རྗེས་སུ་ས་ཁང་དེ་དག་ལོ་ངོ་སུམ་ཅུའི་རིང་ཕྱིར་བཙན་བྱོལ་གཞུང་གི་མིང་ཐོག་ནས་བོགས་མ་གཏོང་རྒྱུ་དང། བོགས་མ་གཏོང་གླ་ས་ཁང་གི་སྤྱིའི་རིན་འབབ་ཀྱི་བརྒྱ་ཆ་༡༠ མངའ་སྡེ་གཞུང་ལ་འབུལ་དགོས་པའི་ཞལ་བཞེས་བཟང་པོ་ཐོབ་ཡོད་པ་རེད།

    བཙན་བྱོལ་བོད་གཞུང་གིས་ཧི་མ་ཅལ་མངའ་གཞུང་ལ་རྩིས་འབུལ་ཞུས་པའི་གོང་འཁོད་ས་ཁང་༧༣ ནས་ས་ཁང་༤༠ བདག་དབང་མངའ་སྡེ་གཞུང་གི་མིང་ཐོག་ཏུ་བསྒྱུར་ཟིན་ལུགས་དང། རྒྱུད་སྟོད་གྲྭ་ཚང་གཙོས་པའི་འཕྲོས་ས་ཁང་རྣམས་ཀྱི་བདག་དབང་མིང་བསྒྱུར་གྱི་བརྒྱུད་རིམ་འགྲོ་བཞིན་ཡོད་ལུགས་སོགས་འཁོད་འདུག

    Reply
  22. JIGME says:
    ལོ་ 14 སྔོན།

    ད་དུང་ཡང་བླ་མ་དང་གྲ་པ་ཚོས་་རྒྱུ་དང་དངུལ་གྱི་སྡུག་ངལ་བཟོ་ཡི་ཡོད་པ་མཁྱེན་གྱི་མིན་འདུག་ ་ད་དངོས་གནས་གྲ་པ་གནང་ན་ཡག་པོ་འདུག་

    Reply
  23. JIGME says:
    ལོ་ 14 སྔོན།

    ཆུང་ཆུང་ཆེན་པོ་མ་བཟོ་ཞེས་ཐེངས་མ་མང་པོ་ཞུས་ཀྱང་ཉན་མཁན་མེད་ལ་ བསྟན་འཛིན་བརྩོན་སྒྲུས་ཀྱི་བཙོས་མི་མང་པོས་བཀའ་ཤག་ཀྱི་བཀའ་ལ་མ་རྩིས་པར་ཆུང་ཆུང་ཆེན་པོ་དེ་བཟོས་སོང་ ངས་བྱས་ན་ད་ལྟའང་ཆེན་པོ་དེ་ཙམ་མེན་པས་ ད་དུང་ཆུང་ཆུང་་ཆེན་པ་ོམ་བཟོས་ན་ཡག་པོ་འདུག་ གནས་ཚུལ་དེས་རྐྱེན་པས་བོད་མི་རྣམས་ཚོད་མ་ཟིམ་ན་དེ་ལས་ལྡབ་མང་པོས་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འདུག་ ཆུང་ཆུང་ཆེན་པོ་མ་བཟོ་ མ་མེའི་ཁྲོམས་མང་ན་རང་ཉིད་མེས་སྲེག་གི་རེད་

    Reply
  24. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    འདི་གནས་ཚུལ་གསར་པ་གང་ཡང་མ་རེད། དགོན་ཁྲིམས་ལས་ཡུལ་ཁྲིམས་གཟབ་དགོས་པའི་སྡིག་ར་ཙམ་ཞིག་རེད། ད་དུང་གཟབ་གཟབ་མ་བྱས་ན། དངུལ་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀར་རྩ་མེད་འགྲོ་མི་སྲིད་པ་མ་རེད། འདི་ནི་ང་ཀརྡོ་སྨྱོན་པའི་ལུང་བསྟན་ཡིན་གདའ།

    Reply
  25. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    རང་མི་རིགས་ལ་ཆག་སྒོ་རྒྱུན་མི་ཆད་པ་ཡོང་བཞིན་པར་འགའ་ཤས་ལ་ལྟས་མོ་ཆེ་བ་དངོས་གནས་ཡ་མཚན་རེད་ཡ།

    Reply
  26. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    གསར་འགོད་པས་གནས་ཚུལ་ཞིབ་ཕྲ་ཞིག་རྩད་གཅོད་ནས་གང་མྱུར་འགོད་པའི་རེ་བ་ཡོད། དེ་རིང་འདིར་༼ཁ་སང་རེས་གཟའ་མིག་དམར་ཉིན་ད་ལྟའི་ཀརྨ་པའི་བཞུཊ་གནས་རྒྱུད་སྟོད་དགོན་པའི་ས་ཆའི་བདག་དབང་དེ་ཧི་མ་ཅལ་མངའ་སྡེ་གཞུང་གིས་རྩིས་ལེན་གྱིས་མིང་བསྒྱུར་བྱས་ཡོད་འདུག༽ ཅེས་པའི་གནས་ཚུལ་སྦུག་སྦུག་ཅིག་ལས་བཀོད་མི་འདུག ད་ཆ་གཞུང་བཞེས་བཏང་ཟིན་ཡོད་ན་ད་ཡོད་དགེ་འདུན་པ་ཚོའི་བསན་བསམ་དང་འཚོ་བའི་ཁག་ཐེག་ཇི་ཡིན་དང་༧རྒྱལ་བ་ཀརྨ་པ་མུ་མཐུད་དེར་བཞུགས་ཆོག་མིན་སོགས་ཀྱི་གནས་ཚུལ་བཀོད་རོགས།

    Reply
  27. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 14 སྔོན།

    བྱེད་སྟངས་དེ་ཧ་ཅང་གི་ཐལ་དྲག་པ་རེད། དོན་ངོ་མར་རྒྱ་གཞུང་གི་དངུལ་རྔན་དེ་སུུས་ཟ་གི་ཡོད་མེད་ཐད་ལ་ཐེ་ཚོམ་རེད།

    Reply
  28. རྒྱ་སྟག་དཀར་པོ says:
    ལོ་ 14 སྔོན།

    སངས་རྒྱས་པའི་ཆོས་ལུགས་ནས་འོ་མ་རུལ་བ་ཞིག་གིས་ཀྱང་།། མ་རུལ་བ་རྣམས་རུལ་བ་བྱེད།། རྣལ་འབྱོར་ཉམ་པ་གཅིག་གིས་ཀྱང་།། མ་ཉམ་པ་རྣམས་ཉམ་པར་བྱེད།། ཅེས་པ་བཞིན་བོད་མི་རེ་ཟུང་གིས་ནོར་འཁྲུལ་བྱས་རྗེས་མི་རིགས་ཞིག་ལ་འགུལ་སྐྱོད་ཐུབ་པ་འདི་ཤིན་ཏུ་རླབས་ཆེན་གྱི་འཕྲིན་ལས་ཤིག་ཡིན་རྒྱུ་རེད།

    Reply
  29. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་བརྩི་དགོས་ཚུལ། ཅི་ཙམ་གསུངས་ཀྱང་ཉན་འཇོག་མི་བྱེད་པ།
    དམངས་གཙོ་ཡིན་ཡང་ཁྲིམས་ཀྱི་དབང་སྒྱུར་འདི། མ་བརྩིས་རང་ལས་ལེ་ལན་སུ་ལ་བདའ།
    རང་དབང་ལུང་པར་རང་ཚུགས་མ་ཐུབ་པར། རང་སྡུག་རང་གིས་ཉོས་འདི་གདམས་ངག་བྱོས།།

    Reply
  30. བསེ་རུ། says:
    ལོ་ 14 སྔོན།

    རྒྱུད་སྟོད་དགོན་པ་གཞཱུང་བཞེས་གཏོང་སྟངས་ལ་བལྟས་ན།
    བོད་མི་ཚོ་གཉིད་ལས་སད་དགོས་པའི་བརྡ་ཞིག་ཀྱང་རྒྱག་གི་ཡོད་པའི་ཚོར་སྣང་ཡང་སྟེར་བྱུང་།

    བོད་མི་ཚོ།
    ང་ཚོས་ཡུལ་ཁྲིམས་དང་བསྟུན་ཁུལ་བྱས་ཀྱང་དོན་ངོ་མར་ཡུལ་ཁྲིམས་ཀྱི་འགྲོ་ལུགས་འགྲོ་སྟངས་མ་ཤེས་ན། ནམ་ཞིག་གནད་དོན་འདི་དང་འདི་ལྟའི་རིགས་ཀྱིས་ང་ཚོ་ནམ་ཡང་མགོ་བོ་འདེགས་ཐབས་མེད་པ་བཟོ་ངེས་རེད།
    དེ་དོན་ཐུགས་གཟབ་མཛོད།

    Reply
  31. གླིང་ཚང་བྱ་གླག says:
    ལོ་ 14 སྔོན།

    ཡ་ཡ་ད་ཡིན་ན། རང་ཡུལ་དགྲ་ལག་ཏུ་ཤོར་ནས་མི་ཡུལ་ལ་སྐྱབས་བཅོལ་ནས་མི་ལོ་ལྔ་བཅུ་ང་གཅིག་ཕྱིན་སོང་། ཡང་བསྐྱར་གནས་ཚང་བདག་པོ་ཚང་གི་སྡོད་རུ་མ་བཅུག་ན། གང་ཞིག་ལ་འགྲོ་དགོས་ཀྱི་ཡོད་དམ། ངས་སྤུན་ཟླ་ཚོ། བསམ་བློ་ཞིག་བཏང་དང་། ང་ཚོས་གང་མགྱོགས་ཀྱི་རང་ཡུལ་རྩོད་ལེན་བྱས་ནས། རང་ཡུལ་ལ་ལོག་པ་མིན་ནམ། ང་ཚོས་ཅི་ནས་ཀྱང་མི་ཟད་ཕ་ལ་ཐུག་ཕ་ཟད་བུ་ལ་ཐུག་ཀྱང་། རང་ཡུལ་རྩོད་ལེན་བྱེད། ཁྱེད་ཚོས་ཅི་ནས་ཀྱང་རང་ཡུལ་གངས་རིའི་ལྗོངས་དེ་མ་བརྗེད་པ་གྱིས་ཨང་། ང་ཚོ་ཚང་མ་རང་ཡུལ་ལ་སླེབས་མཚམས་ནས། སུ་དང་གང་གིས་ཀྱང་གཉའ་གནོན་དང་བརྙས་བཅོས་ཁུར་མི་དགོས་ལ། སུ་གང་གིས་ཀྱང་ཐུབ་ཚོད་བཏང་མི་ཐུབ་པས། ང་ཚོའི་རང་ཡུལ་དགྲ་ལག་ནས་ལོན་ཐབས་བྱེད་དང་། ངས་སྤུན་ཟླ་ཚོ། ཁྱེད་ཚོས་གཉིད་ལས་སོད་དང་།

    Reply
  32. གནས་ཚང་། says:
    ལོ་ 14 སྔོན།

    ད་ཡིན་ན་རྒྱ་གར་གྱིས་རྒྱུད་སྟོད་རྩིས་ལེན་བྱས། རྒྱ་ནག་གིས་ལ་དྭགས་དང་འབྲས་ལྗོངས། འབྲུག་གསུམ་རྩིས་ལེན་བྱེད་རན་ལ་འཁེལ་ཡོད་པ་འདྲ། ལྟད་མོ་ཡོད་ས་རེད་ཡ།

    Reply
  33. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    ཨ་ལ་ལ་ཁ་བྱང་ལ་བལྟས་ན་རྒྱ་ནག་དྲན་བཅུག་གི་འདུག ཡིན་ནའང་། གཙང་མ་བཟོས་ན་ཡག་པོ་ཆགས་རྒྱུ་རེད་པ། རིག་གཞུང་གི་ཚོགས་སྡེ་དེ་དག་ལ་དཀའ་ངལ་སྤྲད་ན་གྱོང་ཆེན་པོ་རེད། དེ་ལས་ཕྱུག་པོ་གཏེར་བ་ཚོ་ལ་ཞིབ་འཇུག་མཐིལ་ཕྱིན་རེ་བྱས་ན་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese