མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གི་འཐུས་མིས་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཚེས་ ༡༣ ཉིན་ཇེ་ནི་ཝར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྒྲིག་གཞི་གཏན་འབེབས་ཚོགས་འདུ་ཚོགས་ཡོད་འདུག་ལ། དེར་རྒྱལ་ཚོགས་ཀྱིས་ཉིན་དེའི་ཆུ་ཚོད་ ༢༢ གྱི་སྔོན་ལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལག་སྟར་གྲོས་དོན་ཁག་གཏན་འབེབས་ཐུབ་བྱ་དགོས་པའི་བཀོལ་ཁྱབ་བཏང་ཡོད་པ་རེད།  འོན་ཀྱང་ཚོགས་འདུའི་གྲོས་དོན་ཁག་ཅིག་ལ་རྒྱ་ནག་གི་འཐུས་མིས་ངོ་རྒོལ་བྱས་པར་བརྟེན། ཉིན་དེའི་སྔ་དྲོ་ཚོགས་འདུ་མུ་མཐུད་འགྲོ་མ་ཐུབ་པར་མཚམས་འཇོག་དགོས་བྱུང་ཡོད་འདུག   

རྒྱལ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་བརྗོད་པ་ལྟར་ན། ཚོགས་འདུར་མཉམ་ཞུགས་གནང་མཁན་གྱི་རྒྱལ་ཁབ་ ༤༧ གྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གནས་སྟངས་ཉམས་ཞིབ་པ་ ༡༢ ཙམ་རྩ་འཛུགས་བྱས་པའི་ཐད་བསམ་ཚུལ་འགལ་ཟླ་བྱུང་ཡོད་པ་དང་། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མེག་སི་ཀོ་ཡི་མགྲིན་ཚབ་པས་བཏོན་པའི་གྲོས་དོན་ཁག་ལ་བཟོ་བཅོས་བྱ་དགོས་སྐོར་བརྗོད་ཡོད་འདུག ཡིན་ནའང་། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོས་གྲོས་དོན་ཁག་ལ་བསྒྱུར་བཅོས་གཏོང་མི་དགོས་སྐོར་སྔར་ནས་གསལ་བསྒྲགས་བྱས་ཡོད་འདུག

ཚོགས་འདུའི་སྐབས་ཀྱི་རྩོད་གཞི་གཙོ་བོ་ནི། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གྲོས་དོན་ནང་། འོས་ཤོག་བརྒྱ་ཆ་ ༥༠ ལས་མང་བ་ཐོབ་ཚེ་གྲོས་དོན་ཁག་ལག་བྱ་རྒྱུ་ཡིན་པ་གཏན་ཁེལ་བྱས་ཡོད་ཀྱང་། རྒྱ་ནག་གིས་འོས་ཐོབ་ཀྱི་གྲངས་ཚད་སུམ་ཆ་གཉིས་ལས་མང་བར་བསྐྱར་བཅོས་བྱ་དགོས་སྐོར་བརྗོད་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཝ་རྒྱལ་ཝ་ལ་སྡང་བའི་རྒྱ་ནག་དཔོན་རིགས་ཀྱི་ཕོ་རོགས་དཀར་པོ་ཐོན་པའི་རྒྱ་མའི་བླུན་པོའི་འཐུས་མི་ཚོས་རང་གཤིས་ངན་པ་སྟོན་པར་འཛམ་གླིང་སྣོད་བཅུད་ཡོངས་ནས་བགད་མོ་ཤོར་བའི་གནས་སུ་འགྱར་བ་ངའི་བློ་ལ་དགའ་སེམས་ཆར་སོང་།

    Reply
  2. གླིང་ཚང་བྱ་གླག says:
    ལོ་ 12 སྔོན།

    ཡག་པོ་ཞེ་དྲག་བྱུང་འདུག། མ་འོངས་པ་ཡང་རྒྱ་ནག་གིས་འོས་ཐོབ་ཀྱི་གྲངས་ཚད་སུམ་ཆ་གཅིག་ཙམ་ཡང་ཟིན་རྒྱུ་མ་རེད།
    ཡག་པོ་རེད།
    དངོས་གནས་རེད། རྒྱ་ནག་གི་སྡུག་རྩུབ་ལ་འོག་ལ་ཡོད་པའི་མི་རིགས་དེ་དག་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་གི་རེད།

    Reply
  3. ཁམས་པའི་ཕོ་རྒོད། says:
    ལོ་ 12 སྔོན།

    དཔེ་ཡག་པོ་བྱུང་འདུག་གང་ཞེ་ན་དམངས་གཙོ་འཕེལ་རྒྱས་ཡག་པོ་ཡོངས
    བའི་རྟགས་ཡིན་པ་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist