མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་བཟང་སེང་གེ་རྒྱ་ནག་ལ་ཕྱིན་པ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

དགེ་འདུན་རབ་གསལ།

དེ་རིང་འཇམ་དབྱངས་ནོར་བུའི་དྲ་རྒྱ་བསྔོགས་སྐབས།(www.jamyangnorbu.com) བློ་བཟང་སེང་གེའི་རྒྱ་ནག་འགྲུལ་བསྐྱོད་སྐོར་ལ་དྲི་བ་དང་དྲི་ལན་ཞིག་བྱས་པ་བཞག་འདུག ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་འདེམས་དེ་ནི་སྤྱི་ཚོགས་ཀྱིས་བགྲོ་གླེང་ཤུགས་ཆེ་ཤོས་བྱས་པའི་བགྲོ་གླེང་ཞིག་ཡིན་པ་དང་། དམངས་གཙོའི་ལམ་སྲོལ་ནང་གི་མི་མང་གིས་གཞུང་འདེམས་པའི་ཚད་རིམ་མཐོ་ཤོས་ཡིན་པ་དེ་ལ་ང་ཚོ་སུ་ཡིན་ཡང་དགའ་འོས་པ་ཞིག་དང་སྤོབས་པ་སྐྱེ་འོས་པ་ཞིག་རེད།

འོན་ཀྱང་། ང་ཚོ་བོད་ཤོར་ནས་ཡོང་སྐབས་དམངས་གཙོ་ལེན་དུ་ཡོང་བ་མིན་པ་དང་། ང་ཚོའི་ཕ་ཡུལ་དུ་མྱ་ངན་དང་མནར་གཅོད་རྒྱུན་ལྡན་དུ་གནས་བཞིན་ཡོད་སྟབས། དམངས་གཙོའི་བགྲོ་གླེང་གིས་བཙན་བྱོལ་མི་མང་གི་སེམས་ཁམས་བཟུང་སྟེ། བོད་ནང་གི་བདེ་སྡུག་ཐད་ལས་ཀ་བྱེད་པའི་ནུས་པ་ཉམས་ཆག་ཏུ་གཏོང་བཞིན་འདུག་བསམས་ནས། ངས་ བཀའ་བློན་ཁྲི་པའི་སྐོར་ལ་གླེང་སློང་བྱེད་རྒྱུ་ཇེ་ཉུང་དུ་བཏང་བ་ཡིན། འོན་ཀྱང་། གོང་གི་གཏམ་བཤད་ལ་ཉན་རྗེས་གཤམ་གྱི་ཚིག་འདི་དག་མ་བཤད་པར་སྡོད་ནུས་མ་སོང་།

བློ་བཟང་སེང་གེས་གསལ་བཤད་དེ་ནི་ བོད་ལ་འགྲོ་སྐབས་རྒྱ་ནག་གཞུང་གིས་སྤྲད་པའི་ལག་འཁྱེར་ཞིག་འཁྱེར་ནས་ཕྱིན་པ་ཡིན་པ་དང་། མ་འགྲོའི་གོང་ལ་བོད་གཞུང་ལ་ཞུས་པ་མ་ཟད་ཕྱིན་ནས་ཚུར་སླེབས་སྐབས་ཀྱང་བོད་གཞུང་ལ་ཞུས་ཡོད་པ་དང་། བོད་རིགས་མང་པོ་ཡང་དེ་ལྟར་ཕྱིན་པ་རེད་གསུངས་བྱུང་། རྒྱུ་མཚན་འདི་རྩ་བ་ཉིད་ནས་བློ་ལ་བབ་མ་བྱུང་། ཧམ་པ་ཆེ་བ་ཞིག་ལ། རྒྱ་ནག་གིས་སྤྲད་པའི་ལག་འཁྱེར་དེ་ རྒྱ་གར་གྱི་ལག་འཁྱེར་སེར་པོ་དང་ཨ་རིའི་ཤོག་བྱང་ལྗང་ཁུ་ལ་བསྡུར་གི་འདུག  རྒྱ་ནག་ང་ཚོའི་དགྲ་བོ་རེད། གཞན་དག་ནི་ང་ཚོའི་དགྲ་བོ་མ་རེད། རྒྱ་གར་གྱི་ལག་འཁྱེར་སེར་པོ་དེའི་ཐོག་ “ལག་འཁྱེར་འདི་ནི་མི་སེར་ལག་འཁྱེར་གྱི་དོད་དུ་འཁྱེར་ཆོག་པའི་ངོ་སྤྲོད་ལག་འཁྱེར་ཞིག་ཡིན་ལ། འདིས་ནམ་ཡང་འཁྱེར་མཁན་ནི་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་ངོ་བོ་གཏན་ནས་མཚོན་གྱི་མེད་”ཅེས་བྲིས་ཡོད།  བོད་མི་ཚོ་ལ་ལག་འཁྱེར་འདི་ཐོབ་པའི་ཐོག་མའི་ཆ་རྐྱེན་ནི། RC ཞེས་པ་དེ་དགོས་པ་ཡིན་ལ། དེ་ནི་ ཕྱི་རྒྱལ་གྱི་མིའི་ཁྲིམས་གཞི་ལྟར་སྤྲོད་ཀྱི་ཡོད། དེ་ནི་བོད་མི་འདི་རྒྱ་གར་གྱི་མི་མིན་པའི་ཁུངས་སྐྱེལ་ཏག་ཏག་དེ་རེད།  ད་འདི་དང་རྒྱ་ནག་གཞུང་གིས་སྤྲད་པའི་ལག་འཁྱེར་གཉིས་བསྡུར་དགོས་རྒྱུ་ཞིག་འདུག འོན་ཀྱང་། ངས་ལག་འཁྱེར་དེའི་སྐོར་བཙལ་ནས་རྙེད་མ་སོང་།  ཨ་རིའི་ཤོག་བྱང་ལྗང་ཁུ་དེ་ནི་ཆ་རྐྱེན་དང་གནས་སྟངས་འདྲ་མིན་ཐོག་ནས་སྤྲོད་ཀྱི་ཡོད་པ་རེད། དེ་ཡང་རྒྱ་ནག་གིས་སྤྲད་པའི་ལག་འཁྱེར་དེ་ལ་བསྡུར་དགོས་དོན་ཨེ་འདུག  དེས་ན། བློ་སེང་གིས་ལག་འཁྱེར་འདི་འཁྱེར་རྗེས་ ད་དུང་ནོར་མེད་ཅེས་པའི་ཨུ་ཚུགས་ཀྱི་དཔེ་མཚོན་དུ་འདི་འདྲ་མང་པོ་ཞིག་འཁྱེར་ཡོང་གི་འདུག 

བོད་ལ་གཉེན་འཕྲད་དུ་འགྲོ་བ་ནི་བཙན་བྱོལ་ནང་ཡོངས་གྲགས་ཡིན། བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས་འདིའི་ཐད་ལམ་སྟོན་ཡིག་ཆ་ཞིག་ཀྱང་གསར་བཟོ་གནང་ཡོད་དྲན། དེ་ཡང་གཙོ་བོ་དེ་ལ། འགེངས་ཤོག་ཅིག་ཡོད་པ་དེ་བཀངས་རྗེས་ དགག་བྱ་དང་དགོས་པ་རྒྱུ་མཚན་དུ་བྱས་ནས་རྒྱའི་ལག་འཁྱེར་དེ་བླངས་ན་འགྲིག་པ་ལྟ་བུ་ཞིག་ཡོད། གནད་དོན་འདི་ང་ཚོ་ལ་རྒྱུས་ཡོད། ང་ཚོའི་ངོ་ཤེས་པ་མང་པོ་ཡང་དེ་ལྟར་ཕྱིན་པ་རེད་ལ། ད་དུང་ཡང་དེ་ལྟར་ཕེབས་བཞིན་འདུག

ད་བློ་བཟང་སེང་གེ་ལགས་ཀྱི་ལན་དེས་ངའི་སེམས་ཁམས་འཁྲུགས་དོན་གང་ཡིན་ཞེ་ན། ཁོང་བཀའ་བློན་ཁྲི་པའི་འོས་མི་རེད། བཀའ་བློན་ཁྲི་པའི་འོས་མི་ཞིག་ལ། སེམས་ཤུགས་ཤིག་དགོས་ཀྱི་འདུག སེམས་ཤུགས་དེ་ནི་གནས་ཚུལ་དང་དུས་ཚོད་གང་འདྲ་ཞིག་གི་འོག་ཏུ་ཡང་། བོད་པ་ཡིན་ཞེས་པའི་ཆོད་སེམས་བརྟན་པོ་ཡོད་པ་ཞིག་དགོས་ཀྱི་འདུག རྐྱེན་ངན་པའི་འོག་ཏུ་ ཚེ་སྲོག་བློས་དགོས་ཀྱང་བོད་ཀྱི་ངོ་བོ་འཛིན་ཐུབ་པའི་སྙིང་སྟོབས་དགོས་ཀྱི་འདུག དགོས་པ་རླབས་ཆེན་གང་འདྲ་ཞིག་ཡོད་ཀྱང་ “ཕྱི་སྡོད་རྒྱ་མི་”ཞེས་པའི་མིང་འདི་ ཡིག་ཆ་བཟང་ངན་གང་ཞིག་ནས་ཀྱང་མི་ལེན་པའི་ཆོད་སེམས་ཤིག་དགོས་ཀྱི་འདུག

དེ་ལྟར་ན་རྩོད་པ་འདི་ འགྲིག་དང་མ་འགྲིག་གི་རྩོད་པ་ཞིག་མ་རེད། རྩོད་པ་འདི་མིའི་སྤུས་ཀ་དང་ཆོད་སེམས་ཀྱི་རྩོད་པ་ཞིག་རེད། ང་རང་སྒེར་ལྟ་བུ་ཞིག་ཡིན་ན་ཡང་། ཕ་གྲོངས་དུས་ དེའི་མྱ་ངན་ཆེད་འགྲོ་འདོད་ཆེན་པོ་ཡོད། འོན་ཀྱང་ རྒྱ་ནག་གཞུང་གིས་སྤྲད་པའི་ལག་འཁྱེར་ཞིག་བཟུང་ནས་ མྱ་ངན་ཆེད་འགྲོ་འདོད་རྩ་བ་ཉིད་ནས་མི་འདུག སེམས་ཁམས་དང་ཆོད་སེམས་འདི་འདྲ་བཟུང་ནས་ བོད་ལ་འགྲོ་མ་ཐུབ་པར་ཕ་མ་གསོན་བྲལ་བྱས་པ། བྱིས་པ་དང་གསོན་བྲལ་བྱས་པའི་ལོ་རྒྱུས་ང་ཚོ་ལ་ཁེངས་ཡོད།

སྐད་ཆ་འདི་ཧ་ཅང་ཚོར་ཤུགས་རྣོན་པོ་ཅན་གྱི་སྐད་ཆ་ཞིག་རེད། “ཕྱི་སྡོད་རྒྱ་མི་”ཟེར་བའི་ལག་འཁྱེར་འདི་འཛིན་དང་མི་འཛིན་འདམ་ཁ་དེ་བློ་བཟང་སེང་གེའི་མདུན་ལ་སླེབས་སྐབས། བློ་བཟང་སེང་གེས་ “ང་བོད་པ་ཡིན་སྟབས་ལག་འཁྱེར་མི་འཛིན་”ཞེས་པའི་ཆོད་སེམས་ཤིག་ཁོ་ལ་མེད་སོང་བ་དེས་ ང་བློ་ཕམ་བྱུང་། ད་དུང་སྐད་ཆ་འདི་སྦས་ནས་ད་བར་དུ་ཕྱིར་མི་མང་གི་མདུན་ལ་མ་སླེབས་པ་དེ་ལ་ཡང་བློ་ཕམ་བྱུང་། བློ་ཕམ་པའི་གཏམ་འདི་དེ་རིང་ཁ་ནས་མ་སྐྱུགས་པར་འཇོག་ཐབས་བྲལ་སོང་།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩

མཆན། 61

  1. བྱམས་རྒྱལ། says:
    ལོ་ 14 སྔོན།

    དགེ་འདུན་རབ་གསལ་ལགས།
    བོད་གཞུང་མང་གཉིས་ཀས་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ཏུ་རང་སྲིད་རང་སྐྱོང་དགོས་འདུན་འདོན་བཞིན་པ་འདིར་ང་ཚོ་རྒྱ་ནག་གི་མི་སེར་བྱེད་འདུན་ཡོད་པ་སྟོན་གི་མིན་ནམ་ དེ་ཡིན་ན་ཕྱི་སྡོད་རྒྱ་མིའི་ལག་ཁྱེར་གནང་བ་ནི་ང་ཚོ་ལ་མཐུན་འགྱུར་ཞིག་རེད་བསམ། གང་ལགས་ཞུ་ན་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ཏུ་རང་སྲིད་རང་སྐྱོང་ཐོབ་པའི་དབང་དུ་བཏང་ནའང་ང་ཚོ་རྒྱ་ནག་གི་མི་སེར་ལག་ཁྱེར་འཛིན་དགོས་པ་རེད་། དུས་ཚོད་སྔ་ཕྱི་ཙམ་ཞིག་རེད་ ལར་ནས་རང་རེའི་གཞུང་གིས་ཕྱི་སྡོད་རྒྱ་མིའི་ལག་ཁྱེར་ལ་དགག་བྱ་བྱེད་ཡོད་དམ། ཡང་དེ་ལྟར་མ་ཡིན་པ་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ཏུ་རང་སྲིད་རང་སྐྱོང་ཡིན་བཞིན་པ་ལ་བོད་མི་རིག་རང་ཉིད་ཀྱི་མི་སེར་ལག་ཁྱེར་ཞིག་ཐོབ་ཐང་ཡོད་ཤག་དགོངས་ཀྱི་ཡོད་ན་ནི་ཅི་ཤེས་ གསལ་བཤད་གནང་རོགས་ཞུ་

    Reply
  2. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    བཟོད་པ་ལྷ་རྩེ་ལགས།
    སྐུ་ཉིད་མཇའ་བས་དགའ།
    ཡིག་ཟམ་དེར་འབྲེལ་བ་གནང་རོགས།

    ttseten33@yahoo.com

    རྙོག་དྲ་ཡོད་པའི་མི་ངན་སུ་ཡོད་ན་ཡང་དེ་རིགས་བོད་མིའི་དབུ་ཁྲིད་དུ་ནམ་ཡང་མི་འོས།

    Reply
  3. དགེ་འདུན་རབ་གསལ། says:
    ལོ་ 14 སྔོན།

    ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་ལགས་སུ། ཁྱེད་ཀྱི་ཡིག་ཚོགས་མང་པོ་དེ་མཐོང་ནས་ ང་དངོས་གནས་མགོ་ན་བྱུང་། བཤད་དགོས་པའི་གནད་དོན་མ་བཤད་པར་བཤད་མི་དགོས་པའི་སྐྱེ་བོ་བཟང་ངན་བཤད་པ་ནི་ང་ཚོ་རྗེས་ལུས་ཡིན་པའི་ན་ཚ་དེ་རེད། ཅི་དྲག གང་དྲག
    བློ་བཟང་སེང་གེ་ལགས་བཀའ་བློན་ཁྲི་པ་ལ་ལངས་གི་ཡོད་རེད། “ང་བོད་པ་རྣལ་མ་ཡིན། ངས་བོད་དོན་འཐབ་རྩོད་ཀྱི་སྣེ་འཁྲིད་གི་ཡིན། ང་རྒྱ་མིན།”ཞེས་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཞིག་དགོས་གི་འདུག རྒྱའི་ལག་འཁྱེར་གྱི་ཐོག་ནས་ང་ལ་ཆོད་སེམས་དེ་ཡོད་པ་བསྟན་མ་བྱུང་། དེ་ལ་བློ་ཕམ་འདུག་ཅེས་བཤད་པ་ཡིན།
    ད་གནད་དོན་འདི་འགྲིག་གི་ཡོད་པ་རེད། འགྲིག་གི་ཡོད་པ་མ་རེད། ཁོང་ལ་འོས་ཤོག་འཕེན་དགོས་རེད། ཁོང་ལ་འོས་ཤོག་འཕེན་རྒྱུ་ཡོད་མ་རེད། འདི་དག་ནི་ངེད་ཀྱི་སྐད་ཆའི་ཁོངས་ན་མེད། གཟིགས་མཁན་ཚོས་གླེང་སློང་ཡག་ཐག་ཆོད་གནང་སོང་།
    ཐུགས་རྗེ་ཆེའོ༎

    Reply
  4. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    བློ་སེང་རྒྱ་ནག་ལ་ཕྱིན་པ་ཞེས་པའི་གཏམ་འཆལ་ལ་བལྟ་བ།
    རྫོགས་དགོན། ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་ནས།
    ཕྱོགས་འཛིན་རང་ལུགས་པ་དགེ་འདུན་རབ་གསལ་ལགས་ནས་བློ་བཟང་སེང་གེ་རྒྱ་ནག་ལ་ཕྱིན་པ་ཞེས་པའི་ཡིག་ཚོགས་ཞིག་མཁས་དབང་འཇམ་ནོར་རྒྱབ་ལྗོངས་སུ་བཀུགས་ཚུལ་བྱས་ནས་དུས་བབ་བསམ་ཚུལ་འགོད་སའི་བརྡ་འཕྲིན་ར་བའི་ནང་བཀོད་འདུག་ཀྱང་དེ་ནི་འཇུ་སའི་ལུང་དང་གཏད་སའི་ཕུགས་མེད་པའི་འཆལ་གཏམ་རྐྱང་རྐྱང་རེད། གཏོད་སའི་དངོས་བྱུང་གི་འབེན་མེད་པར་རང་དགར་དྲག་ཆར་གྱིས་མདའ་མཚོན་འཕེན་པ་འདི་རིགས་དང་། རང་ཚུགས་ཀྱིས་ལང་ཕྱོགས་མེད་ཁར་གཞན་རྗེས་ཁོ་ན་འབྲང་བའི་ཀླད་མེད་སྤྲེལ་ལད་མཁན་འདི་རིགས་ལ་དོན་དམ་པའི་དཔྱོད་ཡུལ་ཞིག་ཡེ་ནས་མེད་ཀྱང་ལོང་པོ་ལག་ཁྲིད་དང་། འཁྱོག་པོར་དྲང་སྲོང་ཞེས་པའི་གཏམ་དཔེ་མདུན་ལྗོངས་སུ་མི་འཁྲིད་ཐབས་མེད་བྱུང་། སྐུ་ཉིད་ནས་གསུངས་བ་ལྟར་ང་ཚོའི་ཁ་གཏད་གཅོག་ས་ཕར་ཕྱོགས་རྒྱ་ནག་ཡིན་ན། རྒྱ་ནག་གི་ལམ་ལུགས་དང་མི་མང་གི་བསམ་བློ་ཤེས་དགོས་པ་རྩ་བའི་གཞི་རྩ་གཅིག་རེད། དེ་ཡིན་དུས་མཁས་དབང་བློ་སེང་ལགས་ནས་རང་གཞུང་གི་རྩ་ཁྲིམས་གཞིར་རྩར་བཟུང་ནས་གང་དགོས་ཐབས་མཁས་ཞིག་གིས་ས་ཡ་དྲུག་གི་སྐྱིད་སྡུག་ཕྲག་ཏུ་ཁུར་ཏེ་དུང་ཕྱིར་ ༡༦ གི་མདུན་སར་ཁེར་རྐྱང་གིས་ལང་ནས། བློ་ཁོག་རི་རྒྱལ་ལས་བརྟན་ཅིང་། མཐོང་རྒྱ་མཚོ་ལས་གཏིང་ཟབ་པའི་རིག་པའི་རྗེས་འབྲང་བ་བརྒྱ་ཕྲག་དུ་མར་ཕྱི་ནང་གི་གནས་ཚུལ་གསལ་བཤད་དང་ཞིབ་གཟིགས་བྱས་པ་འདི་རིགས་ནི་དོན་དམ་པའི་དཔའ་བོ་ངར་མ་ཞིག་གི་བྱས་རྗེས་ལས་མ་འདས། ཁོང་གིས་རང་གཞུང་ལ་བློ་འདྲི་དང་བློ་ཕུགས་བཅོལ་ནས་རྒྱ་ནག་ཕྱིན་པར་སྐྱོན་ཞིག་གང་ན་ཡོད། ༸གོང་ས་མཆོག་གིས་ང་རྒྱ་ནག་སྲིད་གཞུང་ལ་རེ་བ་ཆུང་རི་ཕྱིན་ཀྱང་རྒྱ་མི་རིགས་ལ་རེ་བ་ཆེན་པོ་ཡོད་ཅེས་གསུང་ནས་བོད་རྒྱ་འབྲེལ་མཐུད་གསར་འཛུགས་གནང་བ། ཉེ་སྔོན་ཡང་གསར་འགོད་པར་ངོས་རྒྱ་ནག་ལམ་ཡིག་གི་སྒང་ནས་རང་ཡུལ་ལ་འགྲོ་འདོད་ཡོད་ཅེས་མ་གསུང་ངམ། དགོས་པ་ཡོད་དུས་ཐབས་ཤེས་གང་མང་བཙལ་དགོས་པ་ལས་གླེན་པ་ཨུ་ཚུགས་གིས་གང་ཡང་འགྲུབ་ཐབས་མེད། ད་དུང་དེ་འདྲའི་ཞེན་ཁོག་འཆང་བའི་ཕྱོགས་འཛིན་པ་དགེ་གསལ་ཁྱེད་ཚོས་མི་དཀར་ཞྭ་ནག་སྐོན་ཅི་ཐུབ་ཀྱིས་འཆལ་གཏམ་མང་པོས་མང་ཚོགས་ལམ་ལོགས་སུ་ཁྲིད་ན་སླར་ཡང་ཉེན་ཁ་སྔར་ལྷག་ཞིག་འབྱུང་རྒྱུ་གོར་མ་ཆགས། ༸གོང་ས་ ༡༣ པའི་སྐབས་ལ་སྒེར་འཛིན་རང་ལུགས་པ་ཚོས་གོང་མའི་བཀའ་དང་འོག་འབངས་གང་ལ་ཡང་ལྟོས་མེད་ཀྱིས་ཕྱོགས་འཛིན་རབ་དང་རིམ་པ་སྤེལ་བས་རང་རེའི་ལས་དབང་འདི་ལྟར་ལ་བསྒྱུར། དེ་ལྟར་ཕྱོགས་འཛིན་རང་ལུགས་པ་མང་པོས་པཎ་ཆེན་རིན་པོ་ཆེ་ལ་རྒྱལ་འཚོང་བ་སོགས་ཀྱིས་སྐུར་འདེབས་སྒྲོ་འདོགས་གང་མང་བྱས་ནས་རང་གཞུང་ལ་གྱོང་རྒུད་སྣ་མང་ཐེབས་ཡོད་པ་ཨེ་དྲན། མ་ཟད་གོ་སྐབས་རང་ལུགས་པ་ཚོས་མཁས་དབང་དགེ་ཆོས་ལ་མ་ཉེས་ཁག་གཡོགས་ཀྱིས་ཁྲིམས་སུ་བཟུང་ནས་བརྩམ་ཆོས་དག་རང་མིང་ལ་བསྒྱུར་བ་སོགས་དང་ད་ལྟའི་གནས་སྟང་འདི་དང་གཅིག་ལས་གཉིས་སུ་མེད་པར་མཐོང་། ཁྱེད་ཀྱིས་ཆེས་མཐོ་བའི་སྒྲུབ་བྱེད་ནི་ངའི་ཕ་རྒན་གྲོངས་ཚེ་རྒྱ་ནག་ལམ་ཡིག་སྒང་ནས་སོང་མེད་པས་དེས་ན་བློ་སེང་ག་རེ་བྱས་ནས་འགྲོ་དགོས་གྱི་རེད་ཟེར་ན་སྨྲ་ཤེས་དོན་གོ་བ་རྣམས་སྟག་མཆོང་སར་སྦལ་བ་ཞེས་པའི་གཏམ་དཔེ་རང་ཤུགས་ཀྱིས་བསླང་ནས་གད་མོ་ལྷང་ལྷང་སྒྲོག་འཆོར་ངེས་པས་བསམ་གཞིག་མཛོད། སྐུ་མཁྱེན་ཚང་དངོས་ནས་མ་ཕེབས་པ་ཡིན་ནམ་དྷི་ལི་རྒྱ་ནག་གཞུང་ཚབ་མདུན་ཐང་ནས་འཚང་ཁ་ཆེ་བའི་མི་ཚོགས་ཁྲོད་དཀའ་ངལ་ལམ་འགྲོ་མེད་སོང་ནས་སྡུག་ཡུས་ཕུ་ནུ་ཚོར་བཏོན་པ་མ་ཡིན་ནམ། ཨ་ལ་ཀུ་རེ་ཡིན། མཁས་དབང་ལགས་ཀྱིས་བོད་པའི་ཆོད་སེམས་བརྟན་པོར་བཟུང་ནས་ཨ་རི་དང་རྒྱ་གར་ལམ་ཡིག་མི་འཚོལ་བར་ད་དུང་རྒྱལ་སྤྱིའི་ཁྲིམས་མཐུན་གྱིས་སྐྱབས་བཅོལ་ལག་ཁྱེར་བཟུང་འདུག་པ་དེའི་བོད་མི་རིགས་ཀྱི་ངོ་བོ་མ་དོར་བ་མངོན་གསལ་བྱས་འདུག རྒྱ་ནག་ལ་ཕྱོགས་ཕེབས་གནང་དགོས་ཚེ་ད་དུང་གནས་སྐབས་རིང་ཁོང་ལྟ་བུར་ཆགས་བཞག་ན་ཨ་རི་དང་རྒྱ་གར་སོགས་ཀྱིས་ལམ་ཡིག་ནི་བཙལ་མེད། ལམ་ཡིག་སེར་བོར་ལ་ངོས་ལེན་མེད་དུས། རྒྱ་ནག་ལམ་ཡིག་ལ་རེ་བཅོལ་བྱེད་དགོས་ཀྱང་དེ་ཁྱེར་བ་ཙམ་གྱིས་རྒྱ་ནག་གི་མི་སེར་དང་མི་ནག་ཞིག་ཏུ་ལོག་གི་ཨེ་ཡོད། དེ་ཡང་དང་ཐོག་ཐོ་འགོད་བྱས་རྗེས་ཕར་སོང་ནས་གཏན་འཇགས་འདུག་མི་ཆོག་པ་དང་གཏན་འཇགས་བསྡད་ཚེ་མགྲོན་འབོད་པ་དང་དོ་བདག་གཉིས་ཁྲིམས་ལ་ཐོགས་ཀྱི་ཡོད། རྒྱ་རི་སོགས་ཀྱང་རྒྱ་གར་དང་ཨ་རིའི་ལམ་ཡིག་གམ་ཡང་ན་རྒྱ་ནག་ལམ་ཡིག་དེའི་སྒང་ནས་ཕེབས་ངེས་ཡིན་པས་རྣམ་པ་ཚོས་ཞིབ་དཔྱོད་གནང་། སྤྱིར་རྒྱ་ནག་ལམ་ཡིག་ཙམ་འཁྱེར་རྒྱུ་གལ་ཆེ་འམ། རང་རེའི་ད་ཡོད་༸གོང་ས་མཆོག་གི་དགོངས་གཞི་རྣམས་རྒྱ་ནག་མཁས་དབང་ཚོ་དང་གདོང་དང་གདོང་ཐུག་ནས་གསལ་བཤད་བྱེད་རྒྱུ་གལ་ཆེ། ཉེ་སྔོན་ཡེ་ཤུལ་ས་འགུལ་སྐབས་༸གོང་ས་མཆོག་བོད་ལ་ཕེབས་རྒྱུ་ལོན་ཡོད་ན་ངེས་པར་གང་འདུལ་གྱིས་ཐབས་ཤེས་ལ་བརྟེན་ནས་རྒྱ་ནག་ལམ་ཡིག་སྟེང་ནས་ཕེབས་ངེས་རེད། ང་ཚོས་དྲང་ཤན་གྱིས་བལྟས་ན་ནང་བའི་ཆོས་གཞུང་ལས་གང་ལ་གང་འདུལ་དེ་ལ་དེར་སྟོན་པ་ཞེས་པའི་གཞུང་དོན་དང་། ང་ཚོའི་དབུ་ཁྲིད་༸གོང་ས་མཆོག་གི་དགོངས་དོན་རླབས་ཆེན་དེ་མཁས་དབང་ལགས་ཀྱིས་སྔོན་ཞིག་ནས་རྟོགས་ཡོད་པ་གོར་མ་ཆགས། མཁས་དབང་ལགས་ཀྱིས་རང་གཞུང་ལ་ཕར་འགྲོ་ཚུར་ཐོན་གང་གིས་སྐབས་སུ་ཡང་ཡང་རང་གཞུང་ལ་སྙན་ཞུ་དང་གསལ་བཤད་བྱས་པ་འདི་གཅིག་པུའི་ཀྱང་བཟང་སྤྱོད་ཡ་རབས་ལྡན་པའི་མི་སྣ་ཞིག་གིས་སྒེར་དོན་རྒྱབ་ཏུ་གཡུག་ནས་སྤྱི་དོན་གྱི་ལམ་བུ་བཙལ་ཡོད་པ་གསལ་བོ་ར་སྤྲོད་བྱས་འདུག སྔོན་ནས་ད་བར་རང་རེའི་སྤྱི་ཚོགས་ཀྱི་མི་སྣ་གང་མང་ཞིག་དང་ཁྱད་པར་གནད་ཡོད་འཐུས་མི་འགའ་ཞིག་གིས་ཀྱང་གུས་གུས་ཞུམ་ཞུམ་ངང་ཕར་འགྲོ་ཚུར་འོང་བྱེད་ཡོད་ཀྱང་དེ་དག་སུ་ཞིག་གིས་རང་གཞུང་ལ་གསལ་བཤད་བྱས་ཡོད། དེ་བཞིན་སྔོན་བསུ་མཇུག་སྐྱེལ་མེད་པའི་གཞིས་ཆགས་སྤྲང་ཕྲུག་ཞིག་རྒྱ་ནག་མི་མང་གི་མདུན་སར་ཡར་ལང་ནས་འཛམ་གླིང་མི་མང་གི་ཁ་ཕྱོགས། རང་རེའི་ལོ་རྒྱུས་ཀྱི་བདག་དབང་། ད་ལྟའི་གནས་བབ་དག་བརྗོད་བྱར་བྱས་ནས་ཕྱོགས་འཛིན་གྱི་ལང་ཕྱོགས་རྗེན་ཇེར་བྱེད་ཡོང་དུས་སྐུ་ཚབ་མིང་ཁུར་བ་རྒྱ་རི་སོགས་ཀྱང་ངོ་གནོང་དགོས་པའི་ཕྱག་ལས་གལ་ཆེན་བྱེད་ཡོད་པ་མངོན་གསལ་རེད། དགེ་གསལ་ལགས་ནི་བཀས་བཀོད་རྒྱུད་འཛིན་ཀྱི་རང་ལུགས་རྒྱུད་འཛིན་པ་ཞིག་དང་སྐུ་དྲག་ཚོའི་སྡེར་འཕྲོ་ཙག་ཙིག་རེ་ལྕེ་རྩེ་ནས་རྙེད་ཡོད་པའི་རྗེས་འབྲང་བ་ཞིག་ཡིན་པ་གོར་མ་ཆགས། ང་དང་ང་ལྟ་བུའི་གསར་སྐྱེས་ཚོས་སྐུ་དྲག་སྒེར་འཛིན་རང་ལུགས་རྨང་མེད་བྱེད་དགོས་པ་ད་ལྟའི་མི་རབས་གསར་བའི་ཕྲག་ཏུ་བབ་པའི་འོས་འགན་རྗིད་དིག་དིག་ཞིག་ཏུ་མཐོང་ཡོད། ལྟོས་དང་སྐུ་དྲག་རང་ལུགས་པའི་བུ་རྒྱུད་ཀྱིས་ཁྲོད་ན་བོད་སྐད་དག་མ་ཞིག་དང་བོད་ཡིག་འབྲི་ཀློག་བྱང་ཆ་དོད་པོ་ཙམ་ཡང་མེད་པ་ཚོས་བསྟན་པ་ལ་ཤ་ཞེན་མེད་པའི་ཕྱོགས་འཛིན་བླ་གྲགས་མང་པོ་ནམ་ཡང་དཔུངས་སུ་བཀུག་ནས་ལོ་རྒྱུས་ཀྱི་བརྒྱུད་རིམ་ལྡན་པའི་ཆོས་བརྒྱུད་སྤྱི་འཐུས་ཀྱི་སྐུབ་སྟེགས་ལ་འཚང་ནས་མི་ལོ་བཅུ་ཕྲག་མང་པོར་བཟུང་ཡོད་པ་ལྟ་བུ་དང་། ད་དུང་ཡང་ཞི་དྲག་མང་པོས་རེ་བ་བྱེད་གྱི་ཡོད་པ་འདི་རིགས་དང་། ད་དུང་སྔོན་རྗེས་མང་པོར་ཆེས་མཐོ་བའི་སྐུབ་སྟེགས་གྲངས་མང་པོར་འཚང་ཁ་བྱས་ནས་བྱས་རྗེས་དཀར་པོ་རེ་ཡོད་པ་ཕར་བཞག་ལྐོག་ཟ་རུལ་གསུང་ཁོ་ནའི་དུས་འདའ་ཡོད་པ་རྣམས་ནི་མཐོང་ན་ཞེ་མེར་ལང་ཞིང་ཐོས་ཚེ་སྙིང་ན་བའི་བརྒྱུད་རིམ་དག་གངས་ཅན་སྐྱིད་གཤོང་གིས་ཡིག་ཚང་ཁག་ན་གསལ་ཡོད་པ་འདི་རིགས་ལ་གཞིགས་ནས་གསར་སྐྱེས་གངས་ཕྲུག་ཚོས་བཤད་རྒྱུར། གལ་སྲིད་བློ་སེང་ལ་ཕྱོགས་འཛིན་རང་ལུགས་པས་རྒྱལ་ཁ་མ་སྟེར་ནས་སྐུ་དྲག་རྒྱུད་འཛིན་ལམ་ལ་དུས་རབས་ཉེར་གཅིག་པའི་ནང་ད་དུང་ཞུགས་དགོས་ཚེ་གཞོན་སྐྱེས་གྲངས་མང་པོས་རྒྱ་ནག་གི་གདུག་རྩུབ་དང་སྐུ་དྲག་གདུག་རྩུབ་ལ་ཁྱད་མེད་པར་དེ་བས་ཕ་མ་སྤུན་ཟླ་ཡོད་སར་ལོག་འགྲོ་ངེས་སོགས་ཀྱིས་གནས་ཚུལ་ལྷག་ངེས་པའི་འབོད་སྒྲ་ཕྱོགས་གང་སར་གཅིག་རྗེས་གཉིས་སུ་མངོན་གསལ་གྱིས་གྲགས་བཞིན་ཡོད་པ་འདི་ཡང་ཆབས་སྲིད་ཙམ་མིན་པར་དངོས་གནས་ཡིན་པ་མངོན་གསལ་རེད། དེའི་སྟབས་ཀྱིས་མཁས་ཟམ་གདོང་བླ་མ་བཀའ་ཁྲི་སླེབས་སྐབས་ཐོག་དང་པོའི་གསུངས་བཤད་ནང་དུ་མོ་ཊ་ཆག་པོ་ཞིག་ལ་ཁ་ལོ་གསར་བ་ཞིག་གིས་ཇི་བྱ་ཞེས་པའི་སྡུག་སྐད་ཤོར་པ་དེ་རིགས་ཀྱང་སྐུ་དྲག་ལམ་ལུགས་ཀྱིས་བྱས་འབྲས་རེད། ད་ནས་བཟུང་མི་རབས་གསར་བ་ཤེས་འཇོན་དང་། ལྷག་བསམ་། སྙིང་སྟོབས་ཕྱུག་པ་ཚོར་གོ་སྐབས་སྤྲད་དགོས་པ་དང་། གསར་བཏོད་ཀྱི་ལམ་བུ་དགོས་ལ། མདུན་ཐོན་གྱི་བྱས་རྗེས་དེ་བས་ཀྱང་དགོས། གངས་ཅན་པ་རྣམས་ཡར་ལ་ལོངས་ཤིགས། མཁས་དབང་བློ་བཟང་སེང་གེ་གངས་སེང་བཞིན་རྒྱལ་དེ། ཆོལ་གསུམ་གངས་དཀར་གྱི་རྩེ་མོ་ནས་ཆས་འོང་ལ། རང་རེ་ལ་གཅིག་སྒྲིལ་གྱིས་ལམ་བུ་དང་། གསར་བཏོད་ཀྱི་མདུན་ཡངས། གཞན་བརྟེན་མེད་པའི་ལས་རིགས་ཀྱི་སྒོ་འཕར། རང་དབང་གི་ཉི་གཞོན་ཁོ་ཡིས་བསུ་ངེས། གྲོགས་པོ་ཚོ་གཞན་རྗེས་མ་འབྲང་། མཁྱེན་པར་མཛོད། ཡང་བསྐྱར་མཇལ་ངེས།

    Reply
  5. གཟི་མིག་༣པ says:
    ལོ་ 14 སྔོན།

    ཧ་ཕོ་རྒོད་ལགས་བློ་སེང་ལགས་ཀྱིས་རྒྱ་ཡི་མི་ཁུངས་ལག་ཁྱེར་འཁྱེར་ནས་རྒྱ་ནག་ལ་ཕྱིན་པ་ནི་རྒྱ་གཞུང་ལ་ལག་ཆ་གསར་པ་དེ་རེད་་་་ད་དུང་རྒྱ་གཞུང་གི་མི་སེར་ཞིག་རྒྱ་གཞུང་གི་མཁས་མི་ལེན་པའི་བཙན་བྱོལ་གཞུང་གི་བཀའ་ཁྲིའི་འོས་མིར་འོང་བ་ནི་དངོས་ནས་བློ་ཁོག་རེད་་་་ད་དུང་གལ་སྲིད་ཁོང་ད་རེད་བཀའ་བློན་ལ་བསླེབས་ཚེ་་རྒྱ་གཞུང་ནས་ཆབ་སྲེད་ཀྱི་བརྩེད་མོ་གང་རྩེད་བརྩེད་ཆག་མ་སོང་ངམ་་་གང་ལ་ཞེས་ན་བློ་སེང་ནི་དེ་སྔ་ནས་རྒྱ་ལ་མགོ་བསྒུར་ཚར་བ་ཡིན་དུས་་དེ་བཞིན་བོད་་མི་ཚོ་བསམ་བློ་ཡག་པོ་གཏོང་དགོས་རྒྱ་ལ་མགོ་བསྒུར་བའི་མི་ཞིག་ང་ཚོ་བཙན་བྱོལ་གཞུང་གི་བཀའ་བློན་ལ་བཞག་ཕོས་སམ་་རྒྱ་གཞུང་དམར་པོ་ནི་ང་ཚོའི་དགྲ་འམ་ཁབ་སྟེ་ངོ་མ་དེ་ཡིན་པས་་་་ངས་བྱས་ན་བློ་སེང་ལ་འོས་འཕེན་པ་ལས་་་འོས་མིང་གཞན་གཉིས་སུ་ལ་འོས་འཕེན་ཀྱང་་ཁྱད་མེད་ཡིན་་བོད་མི་ཚོ་མ་འོངས་པ་གལ་འགངས་ཤིན་ཏུ་ཆེ་་་

    Reply
  6. ཁམས་པའི་ཕོ་རྒོད། says:
    ལོ་ 14 སྔོན།

    ༧སྐྱབས་མགོན་ཡིད་བཞིན་ནོར་བུ་དབུས་པའི་བོད་གཞུང་མང་གཉིས་ཀས་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ཏུ་རང་སྲིད་རང་སྐྱོང་དགོས་འདུན་འདོན་བཞིན་པ་འདིར་ང་ཚོ་རྒྱ་ནག་གི་མི་སེར་བྱེད་འདུན་ཡོད་པ་སྟོན་གི་ཡོད་པ་རེད་ དེ་ཡིན་ན་རྒྱ་མའི་ལག་ཁྱེར་དཀར་སེར་དམར་ལྗང་གང་འདྲ་ཞིག་ཡིན་རུང་དེའི་ཐོག་ནས་ཕྱི་བགྲོད་བྱེད་རྒྱུ་རེད་མ་གཏོགས་ཁྱོད་ལ་བོད་པའི་ལག་དེབ་སེར་བོ་དེ་འཛིན་པའི་ཐོབ་ཐང་ཡོད་མ་རེད གང་ལགས་ཞུ་ན་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ཏུ་རང་སྲིད་རང་སྐྱོང་ཐོབ་པའི་དབང་དུ་བཏང་ནའང་ང་ཚོ་རྒྱ་ནག་གི་མི་སེར་ལག་ཁྱེར་འཛིན་དགོས་པ་རེད་། དུས་ཚོད་སྔ་ཕྱི་ཙམ་ཞིག་རེད་ ལར་ནས་རང་རེའི་གཞུང་གིས་ཕྱི་སྡོད་རྒྱ་མིའི་ལག་ཁྱེར་ལ་དགག་བྱ་བྱེད་ཡོད་དམ། ཡང་དེ་ལྟར་མ་ཡིན་པ་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ཏུ་རང་སྲིད་རང་སྐྱོང་ཡིན་བཞིན་པ་ལ་བོད་མི་རིག་རང་ཉིད་ཀྱི་མི་སེར་ལག་ཁྱེར་ཞིག་ཐོབ་ཐང་ཡོད་ཤག་དགོངས་ཀྱི་ཡོད་ན་ནི་ཅི་ཤེས་ གསལ་བཤད་གནང་རོགས་ཞུ་།

    Reply
  7. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    ཡིག་ནོར་མང་པོ་ཤོར་འདུག ཚང་མས་གོ་བ་ལེན་བཞིན་གཟིགས་རོགས།།

    Reply
  8. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    ཁང་གསར་རྡོ་རྗེ་ལགས་ཀྱི་མཆན་བཀླགས་ནས་བརྗོད་འདོད་པའི་སྐད་ཆ་འགའ།།

    སྔོན་གྱི་ཚིག་གསུམ།
    ངས་ཁང་རྡོ་ལགས་གོ་མྱོང་མཐོང་མྱོང་འགྲོགས་མྱོང་མེད་སྟབས་འོལ་ཚོད་ཀྱིས་མི་གཞི་ལ་སྐྱོན་དང་ཡོན་ཏན་བརྗོད་པའི་སྤོབས་པ་བདག་ལ་མེད། འོན་དེ་རིང་ཉིན་གང་པོར་དུས་བབ་ནང་མིག་བཤེར་བྱས་པ་ལས་ཁོང་ནི་དྲྭ་རྩོམ་མང་ཤོས་གྲས་སུ་གཏོགས་འདུག་པ་མ་ཟད་ཁོང་ནི་ཤེས་ཡོན་ཅན་སྤྱི་ཚོགས་ནང་ཐོས་རྒྱ་མཐོང་རྒྱ་ཡང་ཡོད་མཁན་ཞིག་ཡིན་པ་ཚོད་དཔག་པས་རྟོག་ཐུབ། ད་དུང་ཁོང་གི་བྲིས་རྩལ་དང་སྨྱུག་གུའི་ཁ་ཕྱོགས་ཐམས་ཅད་བློ་སེང་ལ་པར་བལྟས་ན་ཁོང་ནི་ད་བར་འདི་ལྟ་བུ་བྲིས་ནས་འཚོ་མཁན་ཞིག་མིན་ནམ་སྙམ་པའི་དྭོགས་པ་ཡང་ཟ་འོང་། འོ་ན་ངས་ཅི་ཞིག་བཤད་འདོད་དམ་ཟེར་ན། གོང་དུ་བཀོད་པའི་ཁོང་གི་མཆན་དེར་ངའི་ལྟ་ཚུལ་འགའ་གཤམ་ལ་འཆད་པར་འདོད་དོ། ཕྱོགས་སུ་མ་ལྷུང་བའི་བསམ་བློ་བ་ཚོས་ཐེངས་གཅིག་གཟིགས་ན་ངའི་དམིགས་ཡུལ་དེས་རྫོགས་པ་ཡིན་ནོ།།

    དང་པོ། ཁོང་གིས་དྲི་བ་དྲིས་ལེན་དེ་ཉམས་མྱོང་མེད་པའི་རྣམ་པ་གསལ་པོ་ཞིག་མཐོང་བ་རེད། གཅིག་བྱས་ན་ཡིན་སྲིད། གང་ཡིན་ཟེར་ན་བཙན་བྱོལ་བའི་སྤྱི་ཚོགས་ཟེར་ན་འགྲིགས། བོད་མིའི་སྤྱི་ཚོགས་ཟེར་ཀྱང་ཆོག གང་ལྟར་བོད་ཀྱི་ལོ་རྒྱུས་ཐོག་འདི་འདྲའི་ལོ་རྒྱུས་ཤིག་བྱུང་མ་མྱོང་བ་རེད། དེས་ན་དྲི་བ་དྲིས་མཁན་དང་ལེན་གནང་མཁན་ཚང་མར་ཉམས་མྱོང་མེད་པའི་རྣམ་པ་ཞིག་མངོན་སྲིད་པ་རེད། ཕམ་པ་ཞིག་ལ་ཁོང་གིས་ཕྱོགས་གཅིག་མ་གཏོགས་མཐོང་མི་ཐུབ་པའང་བྲིས་མི་ཐུབ་པ་དེས་ཁོ་པའི་བསམ་བློའི་རྒྱབ་ལྗོངས་གསལ་པོ་མཚོན་པ་རེད།།

    གཉིས་པ། ཕྱི་ལོ་ ༢༠༠༦ ལོར་འཇམ་དབྱངས་ནོར་བུས་ནིའུ་ཡོག་ཏུ་ཆུ་སྒང་གི་ཚོགས་འདུའི་ཁོང་རྒྱ་ནག་ཏུ་ཕྱིན་པའི་ལོ་རྒྱུས་བཤད་སོང་འོད་སྡེར་ཡོད་ཟེར། གལ་སྲིད་བདེན་ན་ལག་སོན་བྱུང་མཚམས་ youtube ནང་བཞག་ཆོག སྐབས་དེར་སྔོན་མའི་འཇམ་ནོར་དང་དེང་སང་གི་འཇམ་ནོར་གཉིས་གཅིག་གིས་སྐྱ་རྫུན་བཤད་པ་ང་ཚོས་ཐག་གཅོད་ཆོག །

    གསུམ་པ། ཕྱིར་སྡོད་བོད་མི་སྐྱབས་བཅོལ་བ་ཨ་ཅང་ཅང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་་མི་རིགས་མོན་པ་སོགས་ལའང་རྒྱ་ནག་གཞུང་གིས་ཀྲུང་གོའི་ཕྱི་སྡོད་རང་མིའི་ལག་འཁྱེར་ཨུ་ཚུགས་ཀྱིས་སྤྲད་ཀྱི་ཡོད་པ་ང་ཚོས་ཤེས་གསལ་རེད། དེས་ན་ད་བར་ཕྱི་སྡོད་བོད་མི་ཕྱི་རྒྱལ་གྱི་ལག་ཁྱེར་མེད་བོད་ལ་ཕེབས་མཁན་ཚང་མ་ལམ་ཀ་འདི་མ་གཏོགས་མེད་པ་ཟུར་བལྟས་ལེབ་མཐོང་རེད། ཁོ་པས་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་སོགས་ལ་རྒྱ་ནག་གཞུང་གིས་དམིགས་བསལ་ལག་འཁྱེར་ཞིག་ཕུལ་ཡོད་ཟེར། དམིགས་བསལ་གྱི་ལག་ཁྱེར་ཞིག་ཡིན་ན་ཀྲུང་གོའི་མི་སེར་གྱི་ལག་ཁྱེར་ལས་གཞན་སྤྲད་མི་སྲིད།།
    ཡང་ཁོ་པས་ཕྱོགས་གཅིག་ནས་རི་མགོ་མཛུབ་སྟོན་གྱིས་ཚུལ་དུ་ཧ་ཝར་ཌི་སློབ་ཆེན་ནང་བློ་སེང་ལ་འགྲོ་སོང་གཏོང་མཁན་དང་། མགྲོན་ཤོག་གཏོང་མཁན་རྒྱ་གཞུང་རེད། ཁོང་ནི་དགྱ་གཞུང་གིས་གསོ་སྐྱོང་བྱས་པའི་མི་སྣ་ཞིག་ཡིན་པ་སྟོན་གང་ཐུབ་ཀྱིས་ཧམ་བཤད་བྱེད་པ་དེ་དང་། ཡང་ཕྱོགས་གཞན་ཞིག་ནས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས། བོད་ལ་ཕན་ཚུལ་གསུངས་པ་དེའི་རྒྱབ་ནས་བློ་སེང་གིས་རྒྱ་ནག་གི་ལས་ཁུངས་ཤིག་ལ་ཏན་ཏན་འབྲེལ་གཏུགས་ཤིག་བྱས་ཡོད་པའི་ཚོད་དཔག་བྱས་ཆོག་པ་ཡིན་ཞེས་པར་གཞིགས་ན་བློ་སེང་རྒྱ་ནག་ཏུ་འགྲོ་ནས་རྒྱ་བོད་འབྲེལ་མོལ་སླད་འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་ལ་འབྲེལ་གཏུགས་བྱས་ཡོད་པའི་ཚོད་བཤད་གཉིས་ཚིག་དོན་གཉིས་ཀ་ནང་འགལ་་ཏག་ཏག་བཤད་ཡོད། གསལ་པོ་བཤད་ན་མི་གཅིག་གིས་གནས་དུས་གཅིག་ལ་ནང་འགལ་འདི་འདྲ་བཤད་མཁན་སྨྱོན་པ་དང་རག་བཟི་མ་གཏོགས་མཐོང་མ་མྱོང་།།
    བཞི་བ། དཀྲོག་གཏམ་ནི་མི་དམངས་ལ་མགོ་བསྐོར་བའི་གཏམ་ཞིག་རེད། དེའི་དམིགས་ཡུལ་ནི་ནང་ཁུལ་དཀྲུགས་ཤིང་དང་མི་མཐུན་པ་བཟོ་རྒྱུ་དེ་རེད། གལ་སྲིད་མི་ཞིག་འདི་ལྟར་མཆོངས་ཡོང་ན་ཁོ་པ་ནི་འུ་ཐུག་ཐབས་ཟད་ལ་གྱར་ནས་སྡིག་པ་མིག་བཙུམ་བྱེད་པ་གསལ་པོ་རེད། སྟབས་བདེ་པོར་བཤད་ན། ངས་ཆུ་སྒང་གསར་པའི་རྒྱུན་ལས་དང་ཆུང་སྒང་རྙིང་པའི་རྒྱུན་ལས་ཚོར་དྲིས་པ་ཡིན། ཁོ་པས་བཤད་པའི་གནས་ཚུལ་དེ་འདྲ་མི་འདུག དངོས་ཡོད་གནས་ཚུལ་ལ་དགའ་མཁན་ཚོས་ཀྱང་བརྩད་གཅོད་གནང་རོགས།།
    ལྔ་བ། ཁོ་པས། ད་དུང་གསལ་པོ་བཤད་དགོས་པ་ཞིག་ནི། བློ་སེང་གི་རྒྱབ་ལྗོངས་སུ་ཡོད་པའི་གཞུང་འབྲེལ་མི་སྣ་ཁ་ཤས་རེད་ཞེས་ཧང་སང་མདོག་བྱས། འོན་ན་བཀྲས་མཐོང་དང་བཀྲ་དབང་གཉིས་ཀྱི་རྒྱབ་ལྗོངས་སུ་གཞུང་འབྲེལ་མི་སྣ་མེད་པ་ཡིན་ནམ། ཡང་ན་ཁོ་པས་མ་ཤེས་པ་ཡིན། ང་ཚོ་ཚང་མའི་སེམས་ནང་གསལ་པོ་ངེས་དགོས་པ་ནི་གཞུང་འབྲེལ་མི་སྣ་ཚོའང་བོད་མི་ཡིན་སྟབས་སོ་སོའི་བཀའ་ཁྲི་འཚོལ་ཆོག་ལ་འདོད་ཕྱོགས་དེར་རྒྱབ་སྐྱོར་བྱེད་ན་འགྲིགས། ཁོ་པས་འཇུག་ཏུ་ནག་ཉེས་ཐེར་འདོན་བྱས་ཁུལ་གྱིས། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་དང་། འཆར་འགོད་སྤྱི་ཁྱབ་འགན་འཛིན་དཀོན་མཆོག་བརྩོན་འགྲུས་གཉིས་ཀྱིས། གཞུང་གི་གོ་གནས་སྤྱད་དེ། བློ་བཟང་སེང་གེར་འོས་ཤོག་ཐོབ་ཐབས་བྱེད་བཞིན་ཡོད། དེའི་རྒྱུ་མཚན་ནི་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་དང་བློ་བཟང་སེང་གེའི་དབར་ཉིན་རེར་ཁ་པར་ཐེངས་གཉིས་གསུམ་གྱི་འབྲེལ་བ་འཆར་ཅན་དུ་ཡོད་པ་རེད། དེ་འདྲའི་འབྲེལ་བ་ཡོད་དུས་དཔང་ཡིག་དེའི་རྒྱབ་རྟེན་ཡིག་ཆར་དོགས་པ་མང་བོ་འདུག་ཀྱང་། ང་ལ་ད་དུང་དཔྱད་གཞི་མ་འཛོམས་པས་འདིར་མང་པོ་མི་འབྲི། ཟེར། འོ་ན་གནད་དོན་ཆེན་པོ་ཡིན་པའི་ཉིན་རེར་ཁ་པར་ཐེངས་གཉིས་གསུམ་གྱི་འབྲེལ་བ་ཡོད་པ་དེ་ཡང་ཁོ་པར་ཁོངས་བསྐྱེལ་ཐུབ་བམ་ཞེས་དྲིས་ན། ལན་ནི་ཚོད་དཔགས་པའི་རྒྱབ་རྟེན་ཚོད་དཔགས་ལ་བཅོལ་ཤིང་དེའི་རྒྱབ་རྟེན་ཧམ་པར་བཅོལ་རྒྱུ་ཡིན་པ་གསལ་པོ་རེད། མདོར་ན་ཁོ་པས་སྐྱོན་བརྗོད་སྔོན་ལ་བྱས། རྒྱུན་མཚན་དྭོགས་གནས་ལ་བཞག དྭོགས་གནས་ཡང་དཔྱད་གཞིར་ལུས། དཔྱད་གཞི་ད་དུང་མ་འཛོམས་པ་འདི་ནི་ཁོ་པས་ཧམ་པ་རི་ཙམ་ཞིག་བཤད་ན། བདེན་པ་གཡག་ཙམ་ཞིག་རག་ཞེས་བོད་ཀྱི་གཏམ་དཔེ་དེར་རེ་བ་དང་ཡིད་ཆེས་ཆེན་པོ་བྱེད་མཁན་ཞིག་ཡིན་པ་གསལ་པོ་བསྟན་འདུག ཁང་རྡོར་ལགས་ནི་ཧམ་བཤད་རིང་ལུགས་པ་དང་ཚོད་བཤད་རིང་ལུགས་པ་ཞིག་རེད་ཟེར་ན་མི་ཆོག་པ་མི་འདུག།།།

    Reply
  9. བྱམས་རྒྱལ། says:
    ལོ་ 14 སྔོན།

    དགེ་འདུན་རབ་གསལ་ལགས།
    བོད་གཞུང་མང་གཉིས་ཀས་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ཏུ་རང་སྲིད་རང་སྐྱོང་དགོས་འདུན་འདོན་བཞིན་པ་འདིར་ང་ཚོ་རྒྱ་ནག་གི་མི་སེར་བྱེད་འདུན་ཡོད་པ་སྟོན་གི་མིན་ནམ་ དེ་ཡིན་ན་ཕྱི་སྡོད་རྒྱ་མིའི་ལག་ཁྱེར་གནང་བ་ནི་ང་ཚོ་ལ་མཐུན་འགྱུར་ཞིག་རེད་བསམ། གང་ལགས་ཞུ་ན་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ཏུ་རང་སྲིད་རང་སྐྱོང་ཐོབ་པའི་དབང་དུ་བཏང་ནའང་ང་ཚོ་རྒྱ་ནག་གི་མི་སེར་ལག་ཁྱེར་འཛིན་དགོས་པ་རེད་། དུས་ཚོད་སྔ་ཕྱི་ཙམ་ཞིག་རེད་ ལར་ནས་རང་རེའི་གཞུང་གིས་ཕྱི་སྡོད་རྒྱ་མིའི་ལག་ཁྱེར་ལ་དགག་བྱ་བྱེད་ཡོད་དམ། ཡང་དེ་ལྟར་མ་ཡིན་པ་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ཏུ་རང་སྲིད་རང་སྐྱོང་ཡིན་བཞིན་པ་ལ་བོད་མི་རིག་རང་ཉིད་ཀྱི་མི་སེར་ལག་ཁྱེར་ཞིག་ཐོབ་ཐང་ཡོད་ཤག་དགོངས་ཀྱི་ཡོད་ན་ནི་ཅི་ཤེས་ གསལ་བཤད་གནང་རོགས་ཞུ་།

    Reply
  10. བོད་པ་ says:
    ལོ་ 14 སྔོན།

    ༡ འཇམ་ནོར་གྱི་ཨ་མའི་མིང་ལ་བཀྲས་མཐོང་ལྷ་དབང་ཟེར་གི་རེད། འཇམ་ནོར་དང་བཀྲས་མཐོང་བསྟན་རྣམ་གཉིས་ཤ་ཉེ་རེད། དེའི་ཕྱིར་འཇམ་ནོར་གྱིས་བློ་སེང་ལ་སྐྱོན་འཛུགས་བྱེད་གི་ཡོད་རེད།
    ༢ གཞོན་སྐྱེས་མང་པོས་བཀྲས་མཐོང་བསྟན་རྣམ་ལ་རྒྱབ་སྐྱོར་བྱེད་པའི་རྒྱབ་ན་བཀྲས་མཐོང་ལྷ་སྒྲོན་ཡོད་པ་ཤེས་དགོས།
    བློ་སེང་གིས་རྫིག་པོ་བྱས་པ་དང་སྐད་ཆ་བཤད་པ་བརྟན་པོ་མིན་པ་ནི་ཁོའི་སྐྱོན་ཆེ་ཤས་ཞིག་རེད།

    Reply
  11. tsering tashi says:
    ལོ་ 14 སྔོན།

    བོད་དེ་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་མཁན་གྱི་མི་ཞིག་བཀའ་ཁྲིར་འདེམས་པ་ཡིན་ན།
    རྗེས་སུ་རྒྱ་ནག་གི་དེའི་ཐོག་ལ་སྐད་ཆ་དུས་ང་ཚོར་ལེན་ཇི་ལྟར་འདེབས་སམ།
    བློ་བཟང་སེང་གེའི་རྒྱབ་སྐྱོར་བ་ཚོ།

    Reply
  12. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 14 སྔོན།

    མ་གཞི་བློ་སེང་གིས་རྒྱ་ནག་གི་ཕྱི་སྡོད་མི་སེར་གྱི་ལག་ཁྱེར་ཐོག་ནས་རྒྱ་ནག་ཏུ་ཕྱིན་པའི་དཔང་རྟགས་ཁ་གསལ་པོ་ཞིག་བཏོན་ཐུབ་ན་ཡག་པོ་འདུག

    Reply
  13. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 14 སྔོན།

    ཁང་གསར་རྡོ་རྗེའི་མཆན་གྱི་རྒྱབ་ལྗོངས་ལ་བལྟས་ན། བློ་བཟང་སེང་གེའི་འོས་ཤོག་ཉུང་དུ་གཏོང་ཐབས་ཀྱི་དམིགས་འབེན་རང་རེད་འདུག་མ་གཏོགས། དེ་ལས་བརྒལ་བའི་རྒྱུ་མཚན་ཡང་དག་གང་ཡང་མི་འདུག དཔེར་ན། “ལི་ཐང་ཨ་དར་གྱི་ཁ་གཏད་དུ་བློ་སེང་སོགས་ཀྱིས་ཆུ་སྒང་གསར་པ་བཙུགས་པ་དང་། དེའི་དྲུང་ཆེ་བྱས་པའི་ཉམས་མྱོང་ཡོད་ཀྱང་།” ཞེས་བློ་སེང་ཆུ་སྒང་གསར་པའི་མི་ཡིན་པར་སྒྲུབ་ཐབས་བྱས་འདུག གལ་སྲིད་ཆུ་སྒང་གསར་པའི་མི་ཡིན་པར་བསྒྲུབས་ཐུབ་ན། ཆུ་སྒང་རྙིང་པའི་ཕྱོགས་གཏོགས་ཀྱི་འོས་ཤོག་མང་པོ་ཞིག་ཉུང་དུ་འགྲོ་བར་རེ་བ་བརྒྱབ་པ་མངོན་གསལ་དོད་པོ་འདུག དེར་བརྟེན་ཁང་གསར་བའི་རིན་ཐང་ཆུང་དུ་ཆུང་དུ་འགྲོ་རྒྱུ་ལས་གཞན་ཅི་ཡང་མ་མཆིས་སོ།།

    Reply
  14. དུག་སྦྲང། says:
    ལོ་ 14 སྔོན།

    ཅོ་རི་ཉི་མ་ཞེས་པ་འདི་སུ་ཡིན་ན་གང་ས་གང་དུ་ཕུ་དཀྲུག་མདའ་དཀྲུག་བྱེད་མཁནཞིག་རེད་ཁོའི་སྐད་ཆ་ཡོད་ཚད་གོ་ཁའི་ཨ་མས་དམོད་མོ་བྱེད་པ་དང་གཅིག་མཚུང་རེད།
    མི་ཁ་ཤས་ཀྱིས་ཟེར་ན་ཁོ་རང་གྲྭ་པ་ཞིག་རེད་ཟེར།སྐུ་མཁྱེན་ཁྱོད་རང་གྲྭ་པ་ཞིག་ཡིན་ན་སྟོན་པའི་ན་བཟའ་གྱོན་ནས་ཕྱོགས་རིས་ཀྱི་སྐད་ཆ་རྐྱང་མ་བཤད་རོགས།

    Reply
  15. དུག་སྦྲང། says:
    ལོ་ 14 སྔོན།

    ཁྱེད་ཚོས་མཁས་དབང་བློ་བཟང་སེངྒེ་ལ་མུ་མཐུད་ནས་ཞིབ་འཇུག་བྱ་ན་ཕལ་ཆེར་བློ་སེང་གི་སྐྱེ་བ་སྔ་མ་དེ་ཁྱི་ལུས་ཤིག་དང་་་་ཡང་ན་སྡིག་ཆེན་ཤན་པ་ཞིག་གི་ལུས་རེད་ཅེས་ཤོད་ཐག་ཆོད་རེད་ཧཧཧཧཧཧཧཧཧ་སྐད་ཆ་འདི་འདྲ་རྐྱང་རྐྱང་བཤད་ནས་བོད་རང་བཚན་ཤོར་བ་རེད་ཧཧཧཧཧཧཧཧ་་་་་་ཡར་འགྲོ་མཁན་ཞིག་ཡོད་ན་དེའི་རྐང་པ་ནས་མར་འཐེན་པ་དེ་བོད་པའི་གོམས་གཤིས་རེད་ཤག་་ཧཧཧཧཧཧཧཧཧ

    Reply
  16. ཚ་རོང་བུ། says:
    ལོ་ 14 སྔོན།

    རབ་གསལ་དང་ཁང་གསར་རྡོ་རྗེ་གཉིས་ཀྱིས་བསམ་ཚུལ་དེར་ངོས་ལེན་རྩ་བ་ནས་མེད། རབ་གསལ་ཁོང་དེ་ལྟ་བུར་མཆོད་སེམས་ཤིག་ཡོད་ན་ཨོ་ཙམ་རེད། འོན་ཀྱང་དགོས་པ་འདུག ཁྱེད་ལའང་གལ་སྲིད་དེ་ལྟ་བུའི་གོ་སྐབས་ཤིག་རག་ན་བོད་དང་རྒྱ་ནག་གང་རུང་ལ་འགྲོ་རྐྱང་བྱེད་པ་ལས། སྡོད་ཨེ་ཡོང་ཁོ་རེ། རང་ལ་དཔེ་བཞག་ནས་མི་ལ་ཤོད་དགོས་པ་རེད། ད་ལྟ་བོད་ཕྱི་ནང་གཉིས་ནས་ལོ་ལྟར་བོད་མི་བརྒྱ་ཕྲག་མང་པོ་ཕར་འགྲོ་ཚུར་འགྲོ་བྱེད་ཀྱིན་ཡོད་པ་རེད། དེར་ལ་བསམ་ཚུལ་ག་རེ་ཡོད། དེ་ག་རེའི་སྒང་ནས་འགྲོ་བཞིན་ཡོད་པ་རེད། དེ་ཚོར་བསམ་བློ་གཏོང་དགོས་པ་རེད། གནས་ལུགས་དང་རྒྱུ་མཚན་དྲང་མོ་བགྲང་དགོས་པ་རེད། གཞན་དུས་ཚོད་འཕྲོ་བརླག་རེད།

    ཁང་གསར་གྱིས། བློ་སེང་གིས་བུ་མོ་དེར་ལན་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་བརྒྱབ་མེད་པས་མ་ཚད། ད་དུང་དམའ་འབེབས་བྱས་ལུགས་བརྗོད་འདུག གལ་སྲིད་ཁྱོད་ཀྱིས་གནས་ཚུལ་ཞིག་ཤོད་འདོད་ན་འགྲེལ་བརྗོད་ཆ་ཚང་རྒྱག་དགོས་པ་རེད། འགྲེལ་བཤད་ཕྱེད་ཀ་དེ་ནི་སྤྱི་ཚོགས་ལ་དཀྲུགས་ཤིང་རྒྱག་འདོད་དང་ཡང་ན་ཕྱོགས་སུ་ལྷུང་བའི་སྐད་ཆ་ངོ་མ་དེ་རེད། བུ་མོ་དེས་དངོས་ཡོད་ཀྱིས་དོགས་གནས་ཤིག་གིས་དྲིས་པ་ཞིག་མ་རེད། དྲི་བ་དེ་ཐེངས་གཉིས་གསུམ་ཙམ་ཡང་ནས་ཡང་དུ་དྲིས་ཡོད་འདུག དེ་ག་རེ་ཡིན་པའི་ཁུལ་རེད། ཁང་གསར་མི་འདི་དེ་སྔོན་རྩོམ་ཡག་པོ་དང་བསམ་ཚུལ་ཕྱོགས་སུ་མ་ལྷུང་བ་ཞིག་འབྲི་མཁན་ཡིན་འདོད་ཀྱང་། ད་ནས་ཇེ་སྡུག་ནས་ཇེ་སྡུག་རེད། རྗེས་ཕྱོགས་གནས་ཚུལ་གང་དང་གང་ཡིན་རུང་ཕྱོགས་སུ་མ་ལྷུང་བ་དང་ཡང་ན་གནས་ཚུལ་ཆ་ཚང་འགྲེལ་བརྗོད་བྱེད་དགོས་པ་དེ་གལ་ཆེན་པོ་རེད།

    Reply
  17. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    རྒྱ་མགོ་མཐོང་ན་རྒྱ་མགོ་དང།
    བོད་མགོ་མཐོང་ན་བོད་མགོ་རེད།
    གླིང་གི་ཨ་ཁུ་ཁྲོ་མཐུང་དེས།
    བོད་འབངས་སྡུག་ལ་སྦྱོར་བའི་བལྟས།

    Reply
  18. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    མི་རྣམས་ཕྱུག་པའི་བུ་ལ་དགའ།། གཏམ་རྣམས་འདོད་པའི་ཕྱོགས་སུ་རྒྱུག །ཅེས་པ་ལྟར་རང་རང་གི་དགའ་པྱོགས་དང་ཉེ་ཕྱོགས་ལ་རྒྱུ་མཚན་ཡོད་མེད་ཅི་ཡིན་ཡང་བསྟོད་གླུ་འཐེན་ཞིང་། སྡང་ཕྱོགས་ལ་མཛུབ་མོ་འཛུགས་ས་ནག་ཐིག་ཕྲ་མོ་ཞིག་ལས་མེད་ཀྱང་ས་མཆོངས་གནམ་མཆོངས་བྱེད་དེ་བསྙོན་འཛུགས་པ་ནི་འཇིག་རྟེན་སྤྱིའི་འགྲོ་སྟངས་ཤིག་རེད་ལ་མཆན་བུ་འགོད་མཁན་ནང་ནས་བརྒྱ་ཆ་བརྒྱད་ཅུ་ཙམ་དེ་འདྲ་ཞིག་རེད། ཤེས་ལྡན་པ་རབ་གསལ་ལགས་ཀྱིས་སྔ་མ་དྲགས་ཕྱིས་མ་དྲགས་པར་གནས་ཚུལ་བརྒྱུད་འགོད་བྱས་པར་ཡི་རང་བསྔགས་བརྗོད་ཡོད་ལ་གནད་དོན་དབྱེ་ཞིབ་ལ་ནང་བྱན་ཆུད་པ་རྒད་པོ་ཁང་གསར་ལགས་ཀྱིས་མཆན་བུ་གནད་དུ་ཕིགས་པ་ཞིག་བརྒྱབ་འདུག་པས་ངོ་མ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    བློ་སེང་ཁོང་གིས་དྲི་བ་འདོན་མཁན་ལ་ཆེད་མངགས་དམའ་ཕབ་པར་ང་ཡང་རྣ་བར་མ་འགྲོ་བ་བྱུང་། ༼གོ་ནོར་མ་ཐེབས་རོགས། ཕྲན་བཀྲས་མཐོང་བར་རྒྱབ་སྐྱོར་བྱེད་མཁན་མིན།༽ ཕྱིའི་ཡར་ཐོན་རྒྱལ་ཁབ་ཁག་ནང་དུ་ལྟོས་དང་། འོས་ཤོག་མ་ལྡུག་སྔོན་དུ་དྲི་བ་བཏང་ནས་འཐུས་མི་ཚོ་རྟུག་དྲི་ཤོར་ཤོར་བཟོས་ཀྱི་འདུག་གཱ དེ་ཚོ་བློ་སེང་ཁོང་གིས་ལོས་ཤེས། དྲི་བ་གཅིག་པ་གཅིག་རྐྱང་ཐེངས་བརྒྱ་ཐམ་པ་བཏང་ཡང་ལན་ཐེངས་མ་བརྒྱ་རྒྱག་དགོས་པ་ཁོ་རང་གི་འོས་འགན་རེད།

    Reply
  19. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    དེ་རིང་ང་དུས་བབ་དྲྭ་བར་ཡོང་ཐེངས་དང་པོ་ཡིན། བསམ་ཚུལ་སྤེལ་བ་ཡང་ཐེངས་དང་པོ་ཡིན། དེའི་ཕྱིར་ངས་དྲྭ་གྲོགས་སུ་ཡང་ངོ་མི་ཤེས་པའི་ཐོག་གང་ཡང་རྒྱུས་མེད་ཡིན་དུས་ངའི་བསམ་ཚུལ་ཚང་མར་ཕྱོགས་གཏོགས་མཚོན་རིས་ཀྱི་ལོག་ཕྱོགས་སུ་སྤེལ་རྒྱུན་ཡིན། དེ་ཡང་རྒྱུ་མཚན་གྱི་ཁོངས་བཏུགས་ས་རྒྱུ་མཚན་ཞིག་མ་རྙེད་ན་དོན་མེད་མང་པོ་བྲིས་མིན།།

    Reply
  20. གངས་འདབས། says:
    ལོ་ 14 སྔོན།

    སྐུ་ཞབས་ཁང་གསར་རྡོ་རྗེ་མཆོག་གིས་ཞིབ་འཇུག་བྱས་ནས་ནན་ཏན་གྱིས་བྲིས་པ་འདིར་དོན་དག་ཧ་ཅང་ཆེན་པོ་འདུག རྩོམ་པ་པོ་ལ་ཐུགས་རྗེ་ཞུ་རྒྱུ་ཡིན།

    ངས་བྱས་ན། ད་ཆ་བོད་གཞུང་འོས་བསྡུ་ལས་ཁུངས་ནས་འོས་མིའི་ནང་འོས་མི་ལངས་ཕྱོགས་ཐད་ཀྱི་ཆ་རྐྱེན་ཁག་ལ་བསྐྱར་ཞིབ་གནང་དགོས་འདུག་ལ། ལྷག་པར་དུ་བོད་གཞུང་ངོས་ནས་སྐུ་ཚབ་སུ་༼ཕྱིར་སྡོད་རྒྱ་མི་བྱས་ནས་༽་ཕྱིན་པ་དང་། ག་དུས་ཕྱིན་ཡོད་མེད། ཡང་ན་སྐུ་ཚབ་སུ་ཡང་༼ཕྱིར་སྡོད་རྒྱ་མི་བྱས་ནས་༽ཕྱིན་མེད་ལུགས་སོགས་གནས་ཚུལ་དྲང་དབེན་དེ་གསུངས་དགོས་འདུག
    གང་ལྟར་གནས་ཚུལ་འདི་ཁ་གསལ་བཟོ་དགོས་ཀྱི་འདུག དེ་མ་བྱུང་ན་བོད་རྒྱ་ཆེའི་མི་དམངས་བློ་ཕམ་ཡོངས་ངེས་ལ་བཀའ་ཤག་ལ་ཡང་ལེན་ཁག་མི་ཡོང་བ་མི་སྲིད།

    Reply
  21. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    དྲང་བཤད་ན་མི་ཚང་མར་དགའ་ཕྱོགས་དང་སྡང་ཕྱོགས་ཡོད་པའི་ཐོག་ནས་བྲིས་མཁན་ཁོ་ན་རེད་འདུག དགེ་འདུན་རབ་གསལ་ལའང་ཐུགས་ཁག་ཡེ་ནས་མེད། རང་ཉིད་རྒྱལ་ཞེན་ལྷག་བསམ་ཅན་བླ་ལྷག་ཞིག་ཡིན་པ་གསལ་བཤད་དང་འབྲེལ་ནས་གཞན་ལ་སྐྱོན་བརྗོད་བྱེད་སྟངས་དེ་དེང་དུས་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལུགས་སྲོལ་རེད། ཡིན་ནའང་ང་ཚོས་རྟོག་དགོས་པའི་གནད་དོན་གཙོ་བོ་ནི། ཁོས་བཤད་པའི་གནད་དོན་དེས་སྤྱི་ཚོགས་ནང་ཕན་གནོད་དང་། བཤད་མཁན་ཁོང་ཡང་ཁ་ལག་མཐུན་མིན་བརྟག་དགོས། གང་ལྟར་དགྱ་མིའི་ཡིག་ཆ་དེའི་ཐོག་ནས་བོད་དུ་མ་ཕེམས་པ་དེ་ཆོད་སེམས་རེད་ལ། རང་གི་བུ་ཕྲུག་ལ་དགྱ་ཡིག་སློབ་ཀྱི་མིན་ཟེར་ནས་བུ་ཕྲུག་སློབ་གྲྭར་མ་གཏོང་མཁན་མང་པོ་མཐོང་རྒྱུ་ཡོད་པ་དེ་ཚོའང་རིགས་ཞེན་དང་ཆོད་སེམས་རེད། འདི་དང་འདྲའི་རིགས་ལ་མ་དགའ་མཁན་ཚོས་སྐྱོན་དུ་བགྲང་ཆོག་པ་མ་ཟད་དགའ་མཁན་ཚོས་ཡོན་ཏན་དུའང་བགྲང་ཆོག། དེ་ལ་ལྟོས་བཅན་ཟེར།

    Reply
  22. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ཁ་ཤས་ཀྱིས་༸གོང་ས་མཆོག་གིས་རྒྱ་ནག་གི་མི་སེར་གནང་འདུན་ཡོད་ཅེས་གསུང་མྱོང་བ་དེ་ལ་འཁྱོག་བཤད་ཁ་ཤས་བྱས་ཏེ་འདིར་བཀོད་འདུག
    ༸གོང་ས་མཆོག་གིས་བོད་རྒྱ་འགྲིག་འཇག་བྱུང་སྟེ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པའི་སྐབས་སུ་རྒྱ་ནག་གི་མི་སེར་གནང་འདོད་ཡོད་ཅེས་གསུངས་ཡོད། དེ་ནི་ཆ་རྐྱེན་ཡོད་པ་ཞིག་དང་མ་འོངས་པའི་གནད་དོན་ཞིག་ཡིན་པས། ད་ལྟའི་གནད་དོན་དང་མཚུངས་བསྡུར་བྱས་ན་གཡག་མགོ་ལུག་སྦྱར་ཆགས་པ་རེད།

    Reply
  23. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    རབ་གསལ་ལགས་ཀྱི་རྩོམ་བཀླགས་པ་ཡིན། འབྲེལ་ཐག་ནང་བཞག་པའི་བློ་བཟང་སེངྒེའི་གཏམ་བཤད་སྒྲ་ཐག་དེ་ཡང་ཉན་པ་ཡིན། བསམ་ཚུལ་ཁ་ཤས་ཡོད།
    ༡) བུད་མེད་དེའི་དྲི་བར་ལན་འདེབས་སྐབས། བློ་བཟང་སེངྒེས་བཀའ་བློན་ཁྲི་པའི་འོས་མི་ཞིག་དང་། མི་མང་གི་འགོ་ཁྲིད་ཅིག་གི་རྣམ་འགྱུར་དང་བཟང་སྤྱོད་ཐོག་ནས་ལན་འདེབས་མ་བྱས་པར། དྲི་བ་འདྲི་མཁན་མོ་རང་བཀྲས་མཐོང་གི་རྒྱབ་སྐྱོར་བ་རེད། ཨུ་ཚུགས་ཅན་རེད་སོགས་མཐོང་ཆུང་དང་ཁྱད་གསོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཞིག་བསྟན་ཏེ། དྲི་བའི་དོན་དག་ཆུང་ཆུང་ཡིན་པ་དང་། དྲི་བ་འདྲི་མཁན་གྱི་ཀུན་སློང་ལ་སྐྱོན་ཡོད་པའིོ་རྣམ་པ་བསྐྲུན་འདུག དམངས་གཙོའི་སྤྱི་ཚོགས་ནང་འོས་བསྡུའི་སྐབས་སུ་ཕྱོགས་གང་ས་ནས་དྲི་བ་ཡོང་གི་རེད། ལྷག་པར་མཐུན་ཕྱོགས་ཀྱིས་འདྲི་མི་ཐུབ་པ་དང་བསམ་བློ་ལ་དྲན་མི་མཐུན་པ་མང་བོ་ཞིག་མི་མཐུན་ཕྱོགས་ཀྱིས་འདྲི་ཐུབ་པ་དང་དྲན་ཐུབ་པ་ཡིན། ཇི་ལྟར་ནའང་། དྲི་བ་ཚང་མར་སྤྱི་སྙོམ་ཐོག་ནས་ལན་འདེབས་པ་ལས། དྲི་བ་འདྲི་མཁན་གྱི་རྒྱབ་ལྗོངས་ཚོད་དཔག་གིས་ལན་འདེབས་པ་འདི་ཡག་པོ་མ་རེད་ལ། ཉམས་མྱོང་མེད་པའི་རྣམ་པ་གསལ་པོ་ཞིག་རེད།
    ༢) རང་ཉིད་རྒྱ་ནག་ཏུ་བསྐྱོད་པ་དེ་ཡང་དག་ཡིན་པའི་སྒྲུབ་བྱེད་རྒྱུ་མཚན་དུ། གཞན་དག་མང་བོ་ཞིག་དྲུད་ཡོང་བ་དཔེར་ན། རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ཡང་རྒྱ་ནག་གི་ཕྱི་སྡོད་རང་མིའི་ལག་འཁྱེར་ཐོག་ནས་བོད་ལ་ཕྱིན་པ་རེད་ཅེས་ཚིག་ཐག་བཅད་ནས་བཤད་འདུག དེ་ལ་འཇམ་དབྱངས་ནོར་བུས། ཁོང་ལ་དེ་འདྲའི་གོ་སྐབས་དངོས་གནས་ཐོབ་པ་མ་ཟད་བོད་ལ་འགྲོ་འདོད་ཤིན་ཏུ་ཆེ་ཡང་། མི་རིགས་དང་རྒྱལ་ཁབ་ཀྱི་ལ་རྒྱར་བསམས་ནས་ལག་འཁྱེར་དེ་འདྲ་འཁྱེར་ནས་བོད་ལ་རྩ་བ་ནས་འགྲོ་མ་མྱོང་ཞེས་རང་ཉིད་དག་འབུད་བྱས་ཡོད། བློ་བཟང་སེངྒེས་འདི་ལྟར་མི་ཆེན་འདི་དང་འདིས་རྒྱ་ནག་གི་ཕྱི་སྡོད་རང་མིའི་ལག་འཁྱེར་བཟུང་ནས་བོད་དང་རྒྱ་ནག་ལ་བསྐྱོད་པ་རེད་ཅེས་མིང་གཞུང་དྲངས་པ་དེ་ཚོ་ཏག་ཏག་བསྡད་ཡོད་མེད་དྲི་བ་ཆེན་པོ་ཞིག་རེད། ཉུང་མཐར་ཡང་འཇམ་དབྱངས་ནོར་བུ་མ་སོང་བཞིན་དུ་ཕྱིན་པ་རེད་ཅེས་བཤད་པ་དེའི་ཐོག་ནས་ཁོང་གིས་ཁུངས་ལུང་མེད་པའི་སྐད་ཆ་བཤད་ཀྱིན་ཡོད་པ་གསལ་པོ་རེད།
    ༣) རྒྱ་ནག་ཏུ་སོང་བ་ཙམ་གྱིས་མ་འགྲིག་པ་ཅི་ཡང་མ་རེད། སྐབས་འདིར་བསམས་དགོས་པ་དེ་ཅིའི་ཕྱིར་སོང་བ་དང་ཇི་ལྟར་སོང་བ་དེ་རེད། འགྲོ་དོན་ནི་རྒྱ་ནག་གི་“མཁས་པ་”ཟེར་བའི་མི་ཆང་ངེ་ཆུང་ངེ་ཁ་ཤས་ཐུག་ཆེད་རེད། དེ་ཚོ་ཡང་ཡག་པོ་ཞིག་ཐུག་ཐུབ་མེད། རྒྱ་ནག་ལ་སོང་ནས་ཡང་སྙིང་རྒྱ་དཔོན་སུ་ཐུག་པ་དང་། རྒྱ་ནག་གི་ལས་ཁུངས་གང་ལ་འབྲེལ་བ་བཟང་ངན་ཅི་བྱས་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ང་ཚོར་མེད། ཅུང་ཟད་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ཡོད་པ་ནི། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས། བློ་སེང་རྒྱ་ནག་ལ་སོང་བ་མཁྱེན་རྟོགས་ཡོད་པ་དང་། དེས་ཕན་ཐོགས་བྱུང་ཞེས་གསུངས་པ་དེ་རེད། ཇི་ལྟར་ཕན་ཚུལ་ང་ཚོར་གསལ་པོ་གསུངས་མེད། རྒྱ་ནག་གི་“མཁས་པར”བསྙད་པ་དེ་ཚོ་ཐུག་མ་ཐུབ་ཀྱང་། བོད་ལ་ཕན་ཚུལ་གསུངས་པ་དེའི་རྒྱབ་ནས་བློ་སེང་གིས་རྒྱ་ནག་གི་ལས་ཁུངས་ཤིག་ལ་ཏན་ཏན་འབྲེལ་གཏུགས་ཤིག་བྱས་ཡོད་པའི་ཚོད་དཔག་བྱས་ཆོག་པ་ཡིན།
    ཇི་ལྟར་སོང་བ་ཞེས་པའི་དྲི་བ་དེའི་རྒྱབ་ཏུ་གནས་ཚུལ་མང་བོ་ཡོད། མགྲོན་ཤོག་སུས་བཏང་བ་རེད། ༡༩༩༤ རྗེས་ནས་བོད་དོན་འཐབ་རྩོད་པ་མངོན་གསལ་ངང་བོད་དང་རྒྱ་ནག་ལ་འགྲོ་བར་དཀའ་ངལ་ཡོད་པས། རྒྱ་ནག་གཞུང་གིས་བློ་སེང་ལྟ་བུའི་མི་མངོན་གསལ་ཅན་ཞིག་རྒྱ་ནག་ལ་འོང་ཆོག་པའི་ཆོག་མཆན་སྤྲོད་དོན་ཅི་རེད། ཆོག་མཆན་དེ་ཡང་རྒྱ་ནག་གི་ཕྱི་སྡོད་རང་མིའི་ཐོག་ནས་སྤྲད་པ་དང་། སྤྲད་པ་ལྟར་བློ་བཟང་སེངྒེས་ལེན་རྐྱང་བྱས་པ་རེད། དངོས་གནས་བྱས་ན། བོད་པ་སྐྱབས་བཅོལ་བ་གཞུང་དོན་ཆེད་རྒྱ་ནག་ལ་འགྲོ་སྐབས་དཀའ་ངལ་དེ་འཕྲད་མྱོང་མེད་པ་མ་རེད། འོན་ཀྱང་སྔོན་གྱི་མི་རབས་སྙིང་སྟོབས་ཅན་ཚོས་གདོང་ལེན་གནང་ཡོད། དཔེར་ན། སྔོན་མ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་སོགས་བོད་དང་རྒྱ་ནག་ལ་འབྲེལ་མོལ་ཆེད་ཕེབས་སྐབས། རྒྱ་ནག་གཞུང་གིས་ཀྲུང་གོའི་ཕྱི་སྡོད་རང་མིའི་ལག་འཁྱེར་སྤྲད་ཀྱང་། ཁོང་རྣམ་པས་ལག་འཁྱེར་དེའི་ཐོག་ནས་རྩ་བ་ནས་འགྲོ་གི་མིན་ཞེས་བཤད་དེ་སྐབས་ཤིག་རིང་འབྲེལ་མོལ་མཚམས་ཆད་དགོས་པ་བྱུང་ཡོད། ཐ་མ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་སོགས་ལ་རྒྱ་ནག་གཞུང་གིས་དམིགས་བསལ་ལག་འཁྱེར་ཞིག་འབུལ་དགོས་བྱུང་ཡོད། དེར་བརྟེན། བློ་སེང་གིས་ཐབས་ཤེས་དང་ཨུ་ཚུགས་མ་བྱས་པ་མ་གཏོགས་ལམ་ཁ་གཞན་རྩ་བ་ནས་མེད་པ་མ་རེད། གང་ལྟར་དོན་དག་འདིས་བློ་བཟང་སེང་གེས་བརྟག་དཔྱད་དང་བསམ་གཞིགས་ཟབ་ནན་མ་བྱས་པར། གཡམ་རྒྱུག་མང་པོ་ཞིག་བྱེད་བཞིན་ཡོད་པ་དང་། གཡམ་བཤད་མང་པོ་ཞིག་བྱེད་བཞིན་པ་མཚོན་པ་རེད།
    ༤) དེ་ནས་བློ་བཟང་སེང་གེས་གནས་ཚུལ་མང་བོ་ཞིག་སྦས་སྐུང་བྱེད་བཞིན་འདུག དཔེར་ན།
    ཀ) ལི་ཐང་ཨ་དར་གྱི་ཁ་གཏད་དུ་བློ་སེང་སོགས་ཀྱིས་ཆུ་སྒང་གསར་པ་བཙུགས་པ་དང་། དེའི་དྲུང་ཆེ་བྱས་པའི་ཉམས་མྱོང་ཡོད་ཀྱང་། ཉམས་མྱོང་ཡོད་པ་དེ་མ་བཤད་པར། ཉམས་མྱོང་མེད་པ་གཞོན་ནུའི་དབུས་རྒྱུན་དངོས་མ་ལོ་མང་བྱས་པ་ཡིན་ཟེར་བ་དེ་གནད་དོན་གཅིག་རེད།
    ཁ) ཧ་ཝར་ཌི་གཙུག་ལག་སློབ་ཁང་དུ། འཕྲལ་སེལ་ཉམས་ཞིབ་པ་ཞིག་ཡིན་ཡང་། སྐབས་རེ་དེའི་སློབ་དཔོན་ནམ་ཉམས་ཞིབ་པ་རྒན་པ་ཡིན་ཞེས་སྒྲོག་པ།
    ག) ཧ་ཝར་ཌི་གཙུག་ལག་སློབ་ཆེན་དུ་སློབ་ཁྲིད་བྱས་པའི་གླ་ཕོགས་ནི། སློབ་ཁང་དེ་ནས་གནང་གི་མེད་པར་ཕྱི་ནས་གནང་གི་ཡོད་ཀྱང་། བོད་མིའི་སྤྱི་ཚོགས་ནང་འགྲོ་སོང་དེ་ཚོ་གཙུག་ལག་སློབ་ཁང་དེས་གནང་གི་ཡོད་ཚུལ་སྒྲོག་པ་ལྟ་བུ་རེད།
    དོན་དངོས་སུ་ཧ་ཝར་ཌི་སློབ་ཆེན་ནང་བློ་སེང་ལ་འགྲོ་སོང་གཏོང་མཁན་དེ་སུ་རེད། འདི་གནད་དོན་ཧ་ཅང་ཆེན་པོ་ཞིག་རེད། ད་ཕན་བཀྲ་ཤིས་དབང་འདུད་དང་བཀྲས་མཐོང་གཉིས་ཀྱིས་རང་གི་འགྲོ་སོང་ཡོང་ཁུངས་གང་ཙམ་གྱིས་གསལ་པོ་བཟོས་ཡོད། འོན་ཀྱང་བློ་སེང་གིས་ཧ་ཝར་ཌིས་གནང་བ་རེད། མང་པོ་ཞིག་ང་རང་སྒེར་གྱིས་བཏང་བ་ཡིན། འགྲོ་སོང་ཆུང་ཆུང་རེད། ཆེན་པོ་མ་རེད་ཅེས་སོགས་སྤོམ་སྤོམ་ཞིག་ལས་བཤད་མེད།
    ༥) ད་དུང་གསལ་པོ་བཤད་དགོས་པ་ཞིག་ནི། བློ་སེང་གི་རྒྱབ་ལྗོངས་སུ་ཡོད་པའི་གཞུང་འབྲེལ་མི་སྣ་ཁ་ཤས་རེད། དཔེར་ན། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་དང་། འཆར་འགོད་སྤྱི་ཁྱབ་འགན་འཛིན་དཀོན་མཆོག་བརྩོན་འགྲུས་གཉིས་ཀྱིས། གཞུང་གི་གོ་གནས་སྤྱད་དེ། བློ་བཟང་སེང་གེར་འོས་ཤོག་ཐོབ་ཐབས་བྱེད་བཞིན་ཡོད། དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་དང་བློ་བཟང་སེང་གེའི་དབར་ཉིན་རེར་ཁ་པར་ཐེངས་གཉིས་གསུམ་གྱི་འབྲེལ་བ་འཆར་ཅན་དུ་ཡོད་པ་རེད། འདི་ནི་གནད་དོན་ཆེན་པོ་ཞིག་ཡིན། དཔེར་ན། བློ་བཟང་སེང་གེས་དང་བླངས་དཔྱ་དངུལ་དུས་ཐོག་གྲངས་ཚང་ཕུལ་འདུག་ཅེས་པའི་དཔང་ཡིག་སྤྲོད་མཁན་བློ་བཟང་སྙན་གྲགས་རེད། དཔང་ཡིག་དེའི་རྒྱབ་རྟེན་ཡིག་ཆར་དོགས་པ་མང་བོ་འདུག་ཀྱང་། ང་ལ་ད་དུང་དཔྱད་གཞི་མ་འཛོམས་པས་འདིར་མང་པོ་མི་འབྲི།

    Reply
  24. བེ་རུ་བཀྲ་ཤིས says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེང་གེ་མཆོག་གིས་བོད་མི་རིགས་ལ་འཛིན་པའི་ལྟ་བ་དང་ལངས་ཕྱོགས།སེམས་ཤུགས་དང་ལྷག་བསམ་གྱི་རབས་ཏུ་ཕྱུག་པའི་མི་སྣ་ཞིག་ཡིན་པར་ངོས་འཛིན་ཞུ་འོས་པ་དང་མ་ཚད་དེ་ཡང་ཁོང་གི་གཟིགས་བརྗེད་ཞིག་ཡིན་པ་ཡང་བགྲང་ཆོག
    ཁོང་བོད་གཞུང་བཀའ་ཁྲི་ལ་ཕེབས་ཐུབ་ན་ང་རང་ཚོའི་བསོད་ནམ་རེད

    Reply
  25. གངས་འདབས། says:
    ལོ་ 14 སྔོན།

    ཅོ་རི་ཉི་མས་བཤད་པའི་སྐད་དང་། རྩེ་མོའི་ངོ་བོའི་ཐོགས་ནས་གླིང་བ་ཞི་འདི་ཕ་ཡུལ་དྲྭ་རྒྱའི་ནང་ལ་འདུག ངས་དྲྭ་གྲོགས་ཚོ་ལ་ལབ་ཆོག་ག་གཅིག
    རྩོབ་པ་བོ་ཡི་མིང་ལ་འབྲུག་པ་ཀུན་ལེགས་ཟེར་གྱི་འདུག
    http://www.myimg.de/…etantedfd39.jpg
    Lobsang Sangay translates a Tibetan text
    བློ་བཟང་སེང་གེ་ལགས་ཀྱིས་བོད་ཡིག་དབྱིན་ཡིག་ནང་བསྒྱུར་བ།
    དཔེ་ཆ།
    འཕགས་པའི་ཡུལ་དུ་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་ཆེན་མོ་ཎ་ལེན་ཌ་ནས་མགོན་པོ་ཀླུ་སྒྲུབ་འབྱུང་བ་རེད།

    L.S.: In the land of swine near a great rock, where the famous Nalander university locates, the great scholar Gonpo Lodrub came up.
    P.S. Nalander is comparable with Harvard and Gonpo Lodrub with me, but the difference is that I have a PH. D and he not.

    ©Drogpa Kunleg

    Reply
  26. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བློ་སེང་ལགས་གོང་ཁྲན་ཏང་གིས་མགྲོན་འབོད་བྱས་པར་བདེན་པ་རེད། སྐུ་ཚབ་དོན་གཅོད་དང་སྐུ་སྒེར་ཟབ་གདོང་བླ་མ་བཅས་སུ་བཀའ་འདྲིས་ཞུས་ཡོད་པར་བདེན་པ་རེད།

    ཡིན་ནའང་བོད་རྒྱ་ཆེ་མི་དམངས་ཀྱི་འཐབ་བརྩད་དང་བོད་རྒྱ་གཉིས་ཀྱི་སྐད་ཆ་བཤད་དུས་སུ་བོད་རྒྱ་ཆེན་མི་དམངས་ཀྱི་འདོད་མོས་ཡོད་མེད་དང་བོད་རྒྱ་ཆེ་མི་དམངས་ཀྱི་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་སུ་ཞུས་མེད་པ་འདི་ནི་བོད་རྒྱལ་ཁབ་དང་བོད་མི་དམངས་སུ་མཐོང་ཆུང་རེད། མི་ཆེན་དཔོན་ཆེན་ཁག་གཅིག་གིས་གནད་དོན་མ་རེད་བོད་རྒྱ་ཆེ་མི་དམངས་ཀྱི་གནད་དོན་རེད།

    གཉིས་ནས་གཞི་ལུས་བོད་ཀྱི་ན་གཞོན་ཤེས་ཡོན་ཅན་དང་སློབ་གྲྭ་བ་ཚོས་ཤི་སྲོག་ཐུག་ཀྱང་བོད་མི་རིགས་ཀྱི་སྐད་ཡིག་བདག་པོ་བརྒྱབ་ཨེ་ཐུབ་བལྟ་ཡི་ཡོད། ཡིན་ནའང་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་ཡིག་ཡག་པོ་མི་ཤེས་མཁན་ཞིག་བཀའ་ཁྲིའི་འོས་མི་ནང་དུ་བསླེབས་པ་མ་ཟད་འོས་མཐོ་ཤོས་ཆགས་སོང་།

    སྤྱིའི་ཆ་ནས་བོད་མི་རྒྱལ་ཞེན་པ་དང་བོད་མི་རིགས་ཀྱི་ལ་རྒྱ་ཡོད་མཁན་ཚོས་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་ཆུང་ཆུང་འདུག་ཞེས་བཙན་བྱོལ་བོད་གཞུང་ལ་སྐྱོན་བརྗོད་བྱས་དང་བྱེད་བཞིན་པ་རེད།

    ད་བཀའ་ཁྲི་ཡིན་ནའང་བོད་ཡིག་ཡག་པོ་ཤེས་མི་དགོས། སྤྱི་འཐུས་ཡིན་ནའང་བོད་ཡིག་ཡག་པོ་ཤེས་མི་དགོས་པ་ཡིན་ནམ། ཡིན་ན་བོད་ཡིག་འདི་བོད་མི་ཉམ་ཆུང་ཚོའི་སློབ་དགོས་པ་ལས་གོ་གནས་ཡོད་མཁན་དང་དཔལ་འབྱོར་ཡོད་མཁན་ཚོའི་སློབ་མི་དགོས་པ་ཡིན་ནམ།

    བོད་པའི་ལོ་རྒྱུས་ཐོག་ཏུ་བོད་ཡིག་ཡག་པོ་མི་ཤེས་པའི་མི་ཞིག་བཀའ་ཁྲི་བསླེབས་མྱངས་མེད་ཀྱང་ད་ལན་བཙན་བྱོལ་ནང་གི་བོད་མི་ཚོས་བོད་ཡིག་མི་ཤེས་པའི་འོས་མི་ཞིག་ལ་སྔོན་འགྲོའི་འོས་མང་ཤོག་སྤྲད་པ་རེད།

    འདི་ཡག་རྟགས་མ་རེད། སྡུག་རྟགས་རེད། བོད་མིས་བོད་ཡིག་སློབ་རྒྱབ་ཏུ་བསྐྱུར་ནས་བོད་བཙན་བྱོལ་གཞུང་གི་གོ་གནས་ཐོབ་ཀྱི་ཡོད་པར་དངོས་ཡོད་གནས་ཚུལ་ཆགས་དུས་སུ་བོད་ཡིག་ལ་དོ་སྣང་བྱེད་མཁན་སུ་རག་གི་རེད་དམ།

    བོད་མི་རིགས་འདིའི་འཆི་གསོན་ཅི་ཡོང་བོད་ཡིག་བདག་པོ་རྒྱབ་ཐུབ་དང་མི་ཐུབ་ལ་རག་ལུས་བསྡད་ཡོད་པ་ཡིན་ན་ང་རང་ཚོས་བཀའ་ཁྲིར་བོད་ཡིག་ཡག་པོ་ཤེས་མཁན་ཞིག་དགོས་ཀྱི་གལ་ཆེན་པོ་རེད།

    Reply
  27. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    སྤུན་གྲོགས་ཚོའི་ལབ་གླེང་མང་དག་བྱེད་ཀྱི་ཡོད་པ་སྨྲ་བརྗོད་རང་དབང་རེད་།ཡིན་ན་སྤྱི་ཚོགས་ནང་དཀྲུག་ཤིག་དང་ཕྱོགས་འཐེན་བྱས་ན་ཧ་ཅང་བློ་ཕམ་ཆེ་།

    དཔེར་ན་འཇམ་དབྱངས་ནོར་བུ་ཟེར་བའི་མི་ངན་འདི་༸གོང་ས་མཆོག་དང་རང་དང་ལྟ་བ་མི་འཐུན་པའི་གཞུང་ཞབས་ལས་བྱེད་ཚང་མ་སྐྱོན་བརྗོད་སོགས་སྤྱི་ཚོགས་ནང་ཕུ་དཀྲུག་འདའ་དཀྲུག་བྱེད་མཁན་གྱི་ཀླད་སྟོང་མགོ་གཉིས་མ་ཞིག་ཡིན་།

    ཁྱེད་ཚོ་རྣ་བ་ཡོད་ན་ཐོས་རིན་།མིག་ཡོད་ན་གོ་་ཚོད་ཡིན་།ཨ་ཁ་ཤ་ཚར་ད་དུང་རྗེས་ལུས་ཐེབ་འདུག་།
    ཕྱོགས་ཞེན་ཆེ་བའི་སྤུན་ཟླ་ཚོའི་གཟིགས་ཨ་།
    ཕྱི་ལོ་༢༠༡༠་ཟླ༡༠་ཚེས་༢༥་ཉིན་ཨ་རིའི་མེ་ནེ་སོ་ཏཱ་རུ་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཀའ་ཁྲིའི་འོས་གཞི་བློ་བཟང་སེང་གེ་དེ་སྔོན་རྒྱ་ནག་ཏུ་སོང་བ་དང་།དེ་ཡང་བོད་གཞུང་བཀའ་ཤག་གིས་ཤེས་རྟོག་ཡོད་མེད་སྐོར་དྲིས་པར་ཁོང་གིས་ལན་འདེབས་གནང་བ་ཇི་བཞིན་འབྲེལ་ཐག་འདིར་ནང་ཡོད་།
    htt.//www.youtube.com/watch?v=8yk1pv8feature=player_embedded/

    མ་ཤེས་ཤེས་འདོག་བྱས་ན་རང་མགོ་རང་གི་རྡུང་ཡོང་ལོ་ཧཧཧཧཧཧ

    Reply
  28. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    སྐད་ཆ་འདི་གླེང་སའི་ངོས་གཉིས་ཡོད་པ་དེ་མཁས་དབང་རབ་གསལ་ཚང་གི་གསུང་ལྟར། ཆོད་སེམས་དང་མི་སྤུས། ཡང་ན་ལར་ཞེན་དང་མི་སྤུས་སོགས་དང་ཐད་འབྲེལ་ཡོད་པ་ཞིག་ནི་ལོས་ཡིན་ཏེ། ང་ཚོའི་འཐབ་རྩོད་འདིའི་གོ་རིམ་ལ་ལར་ཁོང་གིས་བྱས་ན། ངས་བྱེད་ཀྱི་ཡིན་ཟེར་བ་ལྟ་བུའམ། ཁོང་གིས་འཇོན་སོང་བས་ངས་འཇོན་དགོས་ཟེར་བ་ལྟ་བུས་རྩ་དོན་ལ་ཐད་འབྲེལ་མེད་པ་མང་པོ་བྱུང་ཚར་འདུག ཡང་ཕྱོགས་གཞན་ཞིག་ནས་ང་ཚོ་དང་ཁ་གཏད་གཉིས་ཀའི་གནས་བབ་དངོས་གནས་པ་དེ་རྒྱ་མར་བཀྱག་རྗེས། ལོ་རབས་བདུན་བཅུའི་མཇུག་བར་ལྷ་ས་མཐིལ་གྱི་གནས་ཚུལ་ཙ་ག་ཙུག་གེ་རེ་མ་གཏོགས་གོ་ཐུབ་ཀྱི་མེད་པ་དེས། བྱུང་ན་ང་ཚོའི་མངོན་འདོད་དང་མཐུན་པའི་གཉེན་འཕྲད་འགྲོ་ཕྱོགས་ཤིག་དང་། མ་བྱུང་ན་བོད་ཕྱི་ནང་གི་གནས་ཚུལ་ཤེས་རྒྱུའི་ཁ་འདྲ་བོ་བརྟོལ་ཐུབ་སོང་ན་བསམ་པའི་སྲིད་བྱུས་ཤིག་མེད་འགྲོ་བསམ་གྱི་འདུག་ལ། ཕྱིས་སུ་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་ཁར་གྲལ་བསྟར་སྒྲིག་མཁན་དག་ལ་ལྟོས་ཡོང་དུས། རྒྱ་ནག་པ་ཚོའི་རྒྱལ་ཁབ་ལ་བཅངས་པའི་ལར་ཞེན་ཟེར་དགོ་རེད་པས། གང་ལྟར་ང་རྒྱ་མི་ཡིན་ཟེར་བའི་ངར་ཤུགས་འདྲ་བོའི་ས་བོན་འབུས་རྒྱུ་འུ་ཅག་བོད་པ་ཚང་ལ་ཤིན་ཏུ་ནས་དཀའ་ཚོད་དུ་གདའ། གཅིག་བྱས་ན། འདི་དག་འདི་ལྟར་འགྲོ་དགོས་བར་བསམ་མཁན་ཡང་ཡོད་ཚོད་གདའ་མོད། མཁས་དབང་དགེ་རབ་ལྟ་བུ་མང་པོ་ཞིག་གིས་རང་གི་ཕའི་གདུང་མཇལ་ཀྱང་མི་རིགས་འདིའི་ཁ་སྟབས་ལ་བསྟིམས་བཞག་པ་འདི་ནི། ངས་ལྟོས་ན་འུ་ཚོའི་འཐབ་རྩོད་བྱེད་སྟངས་འདི་གྲི་ཞིག་ཡིན་པའི་དབང་དུ་བཏང་ན། གནད་དོན་འདི་གཉིས་ནི་གྲི་དེའི་ངོས་གཉིས་ཆགས་མེད་འགྲོ་ནི་ཁོ་བོས་དྲན། གནས་ཚུལ་འདི་འདྲའི་དབང་གིས། ཁོ་བོ་ལྟ་བུར་མཚོན་བློ་སེང་གི་ཤེས་བྱའི་ནང་ཁོག་གི་བབ་ལ་གནའ་ནས་རེ་བ་ནི་ཅང་མེད་ལ། ད་ལྟའང་དེ་བཞིན་ཡིན་མོད། བཀའ་ཁྲིའི་སྟེགས་བུ་འདི་བོད་མི་མང་གི་རྣམ་དཔྱོད་དང་ལས་དབང་ལ་ཐད་འབྲེལ་ཡོད་པས་ན་མཁས་དབང་རབ་གསལ་ཚང་ལྟར། གནད་དོན་འདིའི་སྒང་ནས་སེམས་ཀྱི་ན་ས་རེ་གླེང་དགོས་པ་ནི་རང་དབང་མེད་པ་ཞིག་ཡིན་པར་འདོད།

    Reply
  29. བསྟན་འཇམ says:
    ལོ་ 14 སྔོན།

    འཇམ་དབྱངས་ནོར་བུ་དང་ཀླུ་བྱམས་གཉིས་ཀྱི་སྐད་ཆ་ཆག་བཞག་ས་ཞིག་མ་རེད ། འཇམ་ནོར་གྱིས་ཉེ་དུས་སུ་བློ་སེང་ལ་སྐྱོན་བརྗོད་བྱེད་དགོས་དོན་ནི་ཁོང་བཀའ་ཁྲིར་ཁེལ་འགྲོ་བསམ་པས་སྡང་བ་རེད་མ་གཏོགས་རྒྱུ་མཚན་གཞན་གང་ཡང་མི་འདུག དགེ་འདུན་རབ་གསལ་གྱིས་རྩོམ་ཡིག་འདི་བསྐྱར་འབྲི་བྱས་པི་རྒྱ་མཚན་འདི་གཅིག་པོ་ལ་གཟས་པ་ཡིན་རྒྱུ་མ་རེད ། རབ་ཡིན་ན་དགེ་འདུན་རབ་གསལ་གྱིས་བློ་སེང་ལ་སྐྱོན་བརྗོད་བྱས་པའི་འཇམ་ནོར་གྱི་རྩོམ་ཡིག་དེ་དག་བོད་བསྒྱུར་བྱས་ནས་འགོད་རོགས །
    ཕྱིར་སྡོད་བོད་མི་གཉེན་འཕྲད་དུ་འགྲོ་ལམ་སྲོལ་དེ་རྒྱ་ནག་གི་ཆོག་མཆན་སྤྲད་པ་གཞིར་བཟུང་བཙན་བྱོལ་བོད་མའི་ངོས་ལེན་བྱས་པ་ཞིག་རེད ། ལམ་སྲོལ་འདི་སྤྱད་ནས་བོད་མི་མང་པོ་ཞིག་འགྲོ་དང་འགྲོ་མུས་ཡོད ། རྒྱ་ནག་ལ་སྤྲད་པའི་ཡིག་ཆའི་དགོངས་དོན་དང་མི་མཐུན་པ་མ་ཟད་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་རེད ། ད་ལྟའི་ཆར་ལྡེ་ལིའི་རྒྱ་ནག་གཞུང་ཚབ་སྒོར་བོད་མི་སྐྱ་སེར་གཉིས་འཚང་ཁ་ཤིག་ཤིག་འགྲོ་བ་དེ་ཡང་ཁྲིམས་འགལ་བྱས་ནས་འགྲོ་མཁན་རྐྱང་རྐྱང་ཡིན་རྒྱུ་མ་རེད ། བློ་སེང་གིས་ལམ་སྲོལ་དེ་སྤྱད་ནས་འགྲོ་བ་དེ་དོགས་མ་བདེ་ས་ཡོད་ན་བཙན་བྱོལ་བོད་མའི་ཆབ་སྲིད་འཐབ་རྩོད་ཀྱི་སྲི་བྱུས་དེ་ཅི་ལྟར་དང་དུ་ལེན །

    Reply
  30. གངས་ཆབ། says:
    ལོ་ 14 སྔོན།

    བློ་བཟང་སེངྒེ་རྒྱ་ནག་ཏུ་འགྲོ་སྐབས་རྒྱ་ནག་གཞུང་གིས་སྤྲད་པའི་ལག་འཁྱེར་ཞིག་འཁྱེར་ནས་ཕྱིན་པ་རེད་ཟེར་བ་དང་།མ་འགྲོ་གོང་ལ་བོད་གཞུང་ལ་ཞུས་པ་མ་ཟད་ཕྱིན་ནས་ཚུར་སླེབས་སྐབས་ཀྱང་།བོད་གཞུང་ལ་ཞུས་ཡོད་པ་དེ་དག་དངོས་ཡོད་གནས་ཚུལ་ཡིན་པར་དེང་གི་མཁས་དབང་ཟང་གདོང་རིན་པོ་ཆེའི་གསལ་བཤད་དང་འགྲེལ་བརྗོད་གནང་བཞག་པ་དེ་དག་ཚང་མས་ཧ་གོ་དོན་གསལ་རེད།
    ༼བོད་ལ་གཉེན་འཕྲད་དུ་འགྲོ་བ་ནི་བཙན་བྱོལ་ནང་ཡོངས་གྲགས་ཡིན།
    བོད་རིགས་མང་པོ་ཡང་དེ་ལྟར་ཕྱིན་པ་རེད་གསུངས་བྱུང་། ༽
    ཞེས་པར་ལྟར་ན།མཁས་དབང་བློ་བཟང་སེང་གེ་མཆོག་གིས་བོད་མི་རིགས་ལ་འཛིན་པའི་ལྟ་བ་དང་ལངས་ཕྱོགས།སེམས་ཤུགས་དང་ལྷག་བསམ་གྱི་རབས་ཏུ་ཕྱུག་པའི་མི་སྣ་ཞིག་ཡིན་པར་ངོས་འཛིན་ཞུ་འོས་པ་དང་མ་ཚད་དེ་ཡང་ཁོང་གི་གཟིགས་བརྗེད་ཞིག་ཡིན་པ་ཡང་བགྲང་ཆོག
    རྒྱུ་མཚན་ནི།ལྟ་བ་ནམ་མཁར་རུ་མཉམ་ཀྱང་།མཛད་སྤྱོད་ཀུན་ལ་ལྟོས་ཞེས་པར་ལྟར།ལྷག་པར་དུ་ཁོང་གིས་བཙན་བྱོལ་བོད་མི་སྤྱི་མཚུངས་ལྟར་ད་དུང་ཡང་ཕྱི་རྒྱལ་གྱི་མི་སེར་ལག་འཁྱེར་བཟོད་མེད་པ་དང།༸གོང་ས་མཆོག་གི་ཐུགས་དགོངས་དང་བཙོན་བྱོལ་བོད་གཞུང་གི་ལངས་ཕྱོགས་གཞི་བཟུང་ཐོག་བོད་མི་རིགས་དང་།སྤྱི་པའི་རྩ་དོན་ཆེད་དུ་རྒྱ་མི་རིགས་དང་འབྲེལ་བ་དམ་ཟབ་ཡོང་ཐབས་དང་།རྒྱ་ནག་ཏུ་ཤེས་ཡོན་དང་འབྲེལ་བའི་མཁས་པའི་བགྲོ་གླིང་ཆེད་དུ་རྒྱ་ནག་གཞུང་གིས་མཐོང་ཆེན་ལག་འཁྱེར་ཤོག་བུ་དཀར་པོ་ཞིག་གི་ཐོག་སོང་འདུག་པ་ལས།ནང་མི་དང་གཉེན་ཉེའི་ཐུག་འཕྲད་ཆེད་དུ་སོང་མེད་པར་ནི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོན་རིན་པོ་ཆེའི་འགྲེལ་བརྗོད་དང་གསལ་བཤད་གནང་ཡོད་པ་ལས་མཐོང་ཐུབ།
    དེར་ཡང་ད་དུང་དབུས་བཀའ་ཤག་དང་སྤྱི་འཐུས།སྐུ་སྒེར་ཡིག་ཚང་ལ་སོགས་པར་དགོངས་བསྐོར་ཞུས་ནས་བཀའ་ཤག་དང་སྤྱི་འཐུས།སྐུ་སྒེར་ཡིག་ཚང་ཁག་ནས་མར་ལམ་བསྟན་གནང་བརགཞི་བཟུང་ཐོག་སོང་འདུག་པ་ལ་བསྔགས་བརྗོད་ཞུ་དགོས་པ་ཞིག་རེད།
    དུས་ད་ལྟའི་བར་དུ་བཙན་བྱོལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་བོད་ལ་གཉེན་འཕྲད་དུ་བསྐྱོད་མཁན་རྣམས་པ་དང་།སྐུ་ཚབ་ཚང་མས་རྒྱ་ནག་གཞུང་གི་སྤྲད་ཡོང་བས་ཤོག་བུ་དཀར་པོའི་ལམ་ལུགས་དེ་ག་རང་བརྒྱུད་ནས་སོང་བཞག་པ་ལས་ལམ་ལུགས་གསར་པ་ཞིག་གང་ཡང་མིན་པ་ནི་ཚང་མས་ཤེས་བཞིན་དུ་ལོག་གཏམ་གྱི་འགྲེལ་བརྗོད་འཕར་མ་ཞིག་བྱ་དགོས་དོན་ཅི་ཞིག་ལ་བརྟེན་ནས་བྱེད་ཀྱིན་ཡོད་པ་ཡིན་ནམ།གལ་སྲིད་ཤེས་འདོད་ཡོད་པ་ཡིན་ན།དབུས་བཀའ་ཤག་དང་སྐུ་ཚབ་རྣམས་པར་བཀའ་འདྲི་ཞུས་པ་ཡིན་ན་དེ་ནས་ཤེས་ངེས།དཀའ་ལས་ཁ་པོ་གང་ཡང་མ་རེད་ཞུ་རྒྱུ་ཡིན།
    ད་དུང་ཞུ་འདོད་པ་ཞིག་ལ།མཁས་དབང་བློ་བཟང་སེང་གེ་ལགས།བོད་དུ་སོང་བ་རེད་ཟེར་བ་དེ་ནི།མི་བདེན་རྫུན་བཟོ་དང་ཆགས་གཏམ་རང་རེད།ཁོང་རྒྱ་ནག་ཏུ་སོང་བ་རེད་མ་གཏོགས་བོད་དུ་སོང་མེད་པ་དེའང་ཚང་མས་ཤེས་གསལ་ལྟར་རེད།དེ་དོན་དགོངས་འཇགས་འཚལ།

    Reply
  31. དགེ་འདུན་རབ་གསལ། says:
    ལོ་ 14 སྔོན།

    རྣམ་པ་ཚོས་རྩོམ་ཡིག་འདི་གཟིགས་པ་ལ་ཐུགས་རྗེ་ཆེ། རྩོམ་ཡིག་འདིའི་དམིགས་ཡུལ་ནི་བློ་སེང་ལ་འོས་ཤོག་འཕེལ་བའམ་གཅོག་པའི་གནད་དོན་ཞིག་རྩ་བ་ཉིད་ནས་མིན། རྩོམ་ཡིག་འདི་ནི་བློ་སེང་རྒྱ་ནག་ལ་ཕྱིན་པ་དེ་འགྲིག་གི་རེད་དམ་འགྲིག་གི་མ་རེད་ཅེས་པའི་རྩོད་པ་དེ་ཡང་མིན། མཆན་མང་པོ་ཞིག་ལ་གསལ་བཤད་དེ་གཉིས་ཀྱིས་འཐུས་པ་འདུག ད་རྩོད་པ་ངོ་མ་དེ་གང་ཡིན་ཞེ་ན། “རྒྱ་ནག་ལ་འགྲོ་རྒྱུའི་གོ་སྐབས་”དེ་བློ་སེང་གི་མདུན་ཅོག་སྟེང་ལ་སླེབས་སྐབས། “ཡུམ་དུམ་པ། ང་ ད་བར་བོད་དོན་འཐབ་རྩོད་དུ་ཞུགས་མཁན་ཞིག་ཡིན་པའི་ཆ་ནས། ཡིག་ཆ་རྒྱའི་དྲི་མ་ཅན་དེ་མི་འཁྱེར་ཐག་ཆོད་ཡིན།”སྙམ་པའི་ཡིད་ཆེས་བརྟན་པོ་དང་ཆོད་སེམས་ཤིག་མེད་སོང་བ་དེ་ལ་བློ་ཕམ་བྱུང་། དེའི་ཁར། རིགས་པའི་གཞུང་ལུགས་ལྟ་བུ་ཞིག་འཁྱེར་ཡོང་ནས་ཁོ་ཕྱིན་པ་འགྲིག་ཡོད་བཟོ་འདྲ་བོ་དང་། གཞན་དག་ཀྱང་མང་པོ་ཕྱིན་པ་རེད་ཟེར་གི་འདུག བདེན་པ་རེད། གཉེན་འཕྲད་ལ་འགྲོ་མཁན་ཧ་ཅང་མང་པོ་ཡོད། དེ་ཚོ་བཀའ་བློན་ཁྲི་པ་ལ་ལངས་གི་ཡོད་མ་རེད། རྒྱ་ལ་ཐུག་ས་ཡིན་གཅིག་མིན་གཅིག་པེ་ཅིན་ཡིན་དགོས་པ་མ་རེད།

    Reply
  32. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    གོང་ཁྲན་ཏང་གི་ཚེ་སྲོག་རིང་ཐུང་དང་གོང་ཁྲན་ཏང་འགོ་མཇུག་ལོག་རུན་སྡོད་པར་འདི་ལ་དཔྱད་ན་རྒྱ་རྐུབ་རྒྱུག་བསྡད་མཁན་ཚོ་ལ་རྒྱུག་ས་མ་རག་པའི་དུས་ཚོད་ཞིག་མགྱོགས་པོ་སླེབས་ཡོང་གི་པའི་གནས་ཚུལ་མང་པོ་ཡོད།

    ༧གོང་ས་མཆོག་གིས་གསུངས་མྱངས་བ་ལྟར་གོང་ཁྲན་ཏང་ལོ་རྒན་དྲུག་ཅུ་ཟིན་ཚར་བས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་ན་ཡག་པོ་རེད་ཞེས་གསུངས་ཡོད། ཉིན་ཆ་འཛམ་གླིང་སྤྱིའི་འགྱུར་བ་དང་ལྷག་པ་ཏུ་ཨི་ཇིབ་རྒྱལ་ཁབ་ནང་དུ་བྱུང་བའི་དོན་རྐྱེན་རྣམས་སུ་བལྟས་པ་ཡིན་ན་ཀྲུང་གོ་དམར་ཕྱོགས་པ་ཚེ་རིང་པོ་སྡོད་ཐབས་མེད་པར་འདྲ།

    རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་གོང་ཁྲན་ཏང་ལ་ངོ་རྒོལ་དང་རྒྱལ་ཁབ་ཀྱི་བདག་དབང་མང་གཙོ་ལམ་ནས་མི་དམངས་ལ་དགོས་པའི་བསམ་ཚུལ་དང་ངོ་རྒོལ་ཡོང་བཞིན་པ་རེད། སྔོན་ཕྱི་མ་གཏོགས་ན་ཚ་འདིའི་འོག་ནས་གོང་ཁྲན་ཏང་ཤི་ངེས་ཡིན་པ་ཡང་རྒྱ་མི་རྒྱུ་ཆེན་དང་འཛམ་གླིང་གི་གནས་ཚུལ་ཤེས་མཁན་ཚོས་ཚད་དཔག་བྱས་དང་བྱེད་བཞིན་པ་རེད།

    མ་ཟད་རྒྱ་རིགས་དེ་ཚོའི་གྲལ་གྱིས་རང་གི་ནང་མི་བུ་ཕྲུག་དང་རྒྱུ་དཔལ་འབྱོར་བཅས་པ་ནུབ་ཕྱོགས་མང་གཙོ་རྒྱལ་ཁབ་ཁག་གི་ནང་དུ་བསྐྱལ་དང་སྐྱེལ་བཞིན་པ་རེད།

    གོང་ཁྲན་ཏང་དམར་ཕྱོགས་ཚོགས་པ་འདིར་འཐོར་བ་ཡིན་ན་ང་རང་ཚོས་བོད་རྒྱལ་ཁབ་ཕྲོགས་མཁན་དང་བོད་མི་དམར་བསད་བཏང་མཁན་འདི་ཤི་སོང་བ་རེད། མདོ་བསྡུས་ནས་བཤད་ན་བོད་མི་རིགས་སུ་དགོས་མཁོ་ཆེ་བ་ནི་རྒྱལ་ཞེན་དང་ལ་རྒྱ་རེད།

    བོད་མི་རིགས་འདིར་ཆིག་སྒྲིལ་ཡོང་ཐབས་རྒྱལ་ཞེན་དང་ལ་རྒྱའི་ཐོག་ནས་མ་གཏོགས་བླ་སློབ་དམ་ཚིག་གི་ཐོག་ནས་ཆིག་སྒྲིལ་གྱི་ནུས་པ་ད་ཆ་རྫོགས་འགྲོ་གི་ཡོད་པ་དངོས་ཡོད་གནས་ཚུལ་རེད།

    རྒྱལ་ཞེན་གལ་ཆེ། ལ་རྒྱ་གལ་ཆེ། ཕྱི་ནང་ཡོད་པ་གལ་ཆེ། རྒྱ་བོད་གཉིས་ཀྱི་ངོ་བོ་སོ་སོར་ཡོད་པ་དེར་བརྩི་སྲུང་བྱེད་རྒྱུར་གལ་ཆེ།

    བོད་རྒྱལ་ལོ། རྒྱལ་ཞེན་པ་སྐུ་ངོ་བཀྲས་མཐོང་ལགས་རྒྱལ་ལོ། བོད་མི་རིགས་རང་ཚུགས་ཟིན་པ་ཤོག

    Reply
  33. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    ཁྱེད་ཚོས་མང་ཆེ་བ་ཞིག་གི་སྔ་འདངས་མ་གཏོགས་ཕྱི་འདངས་རྒྱག་ཤེས་ཀྱི་མི་འདུག བློ་ཕམ་ཡོད། ཀླུ་མཁར་བྱམས་ཀྱིས་ཚད་འཇོག་སྟངས་ལ་ལྟོས་དང་མི་བསམ་བློ་བ་ཞིག་གི་བཤད་རེད་དམ། བློ་སེང་བཀའ་ཁྲིར་འོས་ཐོབ་ན་བོད་གཞུང་ཀྱི་ལངས་ཕྱོགས་ཡང་རང་བཙན་སྟངས་ལ་འགྲོ་རྒྱུ་རེད་བསམ་བློ་ཡོད་མཁན་ཚོས་བྱ་སྒོང་བྲག་ལ་རྒྱོབ་ནས་སྡོད།

    Reply
  34. བཀྲ་ཤིས་འགྱུར་མེད། says:
    ལོ་ 14 སྔོན།

    སྐབས་འཚོལ་རིང་ལུང་པ་འགས་སྐུ་ངོ་བཀྲས་མཐོང་གི་རྒྱབ་སྐྱོར་ལ་ཁ་གཡར་མཁས་དབང་བློ་བཟང་སེངྒ་ལ་འོས་མ་ཐུབ་པ་བཟོ་རྒྱུའི་ཆེད་དུ་སྐྱེ་བ་སྔ་མ་ལ་ཡང་ཞིབ་འཇུག་བྱེད་ནས་སྐྱོན་འཛུག་བྱེད་པའི་ཉེན་ཁ་འདུག་་་ཧཧཧཧཧཧ་ཁྱོད་ཚོའི་སྣང་ངོ་ལ་མཁས་དབང་བློ་བཟང་སེངྒེའི་སྐྱེ་བ་སྔ་མ་ཕལ་ཆེར་ནོར་འཁྲུལ་ཁོ་ན་ཅན་ཞིག་ཡིན་རྒྱུ་རེད།

    Reply
  35. གངས་འདབས། says:
    ལོ་ 14 སྔོན།

    ངས་ཁ་སང་གནད་དོན་འདི་དང་འབྲེལ་བའི་མཆན་རིང་པོ་ཞིག་བྲིས་པ་ཡིན་འོན་ཀྱང་མཐོང་རྒྱུ་མི་འདུག ཨ་ཁ་་་་་་་་་
    གནས་ཚུལ་དེ་ལ་བློ་སེང་མཆོག་ནས་ཁུངས་དང་ལུང་ཡོད་པ་ཞིག་བཟོ་དགོས་ཀྱི་འདུག
    ༡༽བོད་གཞུང་གི་སྐུ་ཚབ་ཚོ་ཡང་༼ཕྱིར་སྡོད་རྒྱ་མི།༽ཡིན་པའི་མིང་ཐོག་ནས་ཕྱིན་པ་རེད་ཅེས་ཚེས་༡༦གི་ཀུན་གླེང་དང་། མེ་ནི་སོ་དར་བགྲོ་གླེང་བྱས་པའི་བློ་སེང་རང་གི་བརྙན་པར་ནང་བློ་སེང་མཆོག་གིས་བཤད་འདུག དེ་ནི་གནད་འགག་ཡོད་པའི་གནད་དོན་ཞིག་རེད།
    http://www.youtube.com/watch?v=wq66n-KQybQ&feature=related
    གནས་ཚུལ་ཁུངས་ལྡན་ལ་གཞིགས་ཚེ་སྐུ་ཚབ་ཚོ་ནི་༼ཕྱིར་སྡོད་རྒྱ་མི།༽བྱས་ནས་ཕེབས་པ་བྱུང་མི་འདུག
    རང་ཉིད་སྐྱག་པའི་ནང་ལ་འཛུལ་བས་མ་ཚད་ བོད་གཞུང་སྐུ་ཚབ་ཚོ་ཡང་སྐྱག་པའི་ནང་གཡུག་རྩིས་བྱེད་ཀྱི་འདུག
    རྒྱ་ཆེའི་དྲྭ་གྲོགས་ཚོས་ད་དུང་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ནང་ ༼ཁོང་ཚོས་ད་ལྟ་ག་རེ་བྱེད་བཞིན་ཡོད་དམ།༽ ཟེར་བའི་འགོ་བརྗོད་ལ་འཁོད་པའི་མུ་འབྲེལ་རྩོམ་ཡིག་གསུམ་ཡོད་པ་ལས། རྩོམ་ཡིག་མཐའ་མ་དེ་འབུམ་རམས་བློ་བཟང་སེང་གེའམ་བློ་བཟང་སངས་རྒྱས་ཀྱི་སྐོར་རེད་འདུག
    http://sites.google.com/site/tibetanpoliticalreview/project-updates/whataretheydoingnowalookatthekalontripacandidates%E2%80%99currentjobspart3of3-sangay
    གནས་ཚུལ་ཁག་གཅིག་ལ་ཞིབ་འཇུག་ཚད་ལྡན་བྱས་པའི་བརྒྱུད་རིམ་འཁྲོད། ཁུངས་བཙན་དང་ཆ་འཇོག་འོས་པའི་གནད་དོན་ཁག་གཅིག་རྙེད་འདུག་ལ་ཁ་གསལ་དང་ལྡན་པའི་ཐོགནས་་བྲིས་འདུག
    ད་དུང་སྐྱག་རྫུན་ག་ཚོད་རྐུབ་རུལ་ནས་སྡད་ཡོད་ན། ༼དེ་རིང་གིས་སྐྱག་རྫུན་སང་ཉིན་མི་འཁྱོལ།༽ ཟེར་བའི་གཏམ་དེ་བདེན་པ་ཡིན་ས་རེད།

    ངས་བལྟ་ན་བློ་སེང་བོད་ཆེན་པོའི་སྲེད་བློན་གྱི་ཁྲི་འདི་རགས་ཐབས་ཀྱི་འོས་མི་ལས་ཕྱིར་འཐེན་གནང་ན་འོས་ཤོས་མཐོང་གི་འདུག

    Reply
  36. བཀྲ་ཤིས་འགྱུར་མེད། says:
    ལོ་ 14 སྔོན།

    བློ་བཟང་སེངྒེ་རྒྱ་ནག་ལ་ཕྱིན་པ་དེ་ནག་པོ་ཡིན་ན་སྐུ་སྒེར་ཡིག་ཚང་དང་བོད་གཞུང་གི་བཀའ་ཤག་དང་བབཅས་པ་ནག་ན་མཉམ་ནག་དང་དཀར་ན་མཉམ་དཀར་ཡིན་པས་རྒྱ་ཆེ་ས་ཞིག་ལ་ལྟ་ནས་བཤད་དགོས་བ་ལས་བློ་བཟང་སེངྒེའི་འོས་མར་འཐེན་རྒྱུའི་ཆེད་དུ་གོ་ཁའི་ཨ་མས་དམོད་མོ་བྱེད་པ་འདྲ་བོ་གནས་ལུགས་མེད་པའི་སྐད་ཆ་གང་དྲན་དྲན་བཤད་ན་བོད་མི་རིགས་ཀྱི་ཆིག་སྒྲིལ་ལ་གནོད་སྐྱོན་ཡོང་ངེས་པས་སྐད་ཆ་འདི་འདྲ་མ་བཤད་ན་མི་བཟང་ངམ།བློ་སེང་ལ་བཀའ་བློན་ཁྲི་པས་ནོར་མེད་པའི་གནས་ཚུལ་ཡོད་ཚད་འབྲེལ་བཤད་བྱེད་ཚར་བས་ད་དུང་ཡང་ཨུ་ཚུགས་ཀྱིས་འདི་ལྟར་ཅི་དྲན་གང་དྲན་མང་པོ་བཤད་དགོས་བའི་དམིགས་ཡུལ་གང་ཡིན་ནམ།

    Reply
  37. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    མཚུངས་བསྡུར་བྱེད་ས་༧གོང་ས་མཆོག་ཡིན་པའི་སྙིང་ཁམས་འདི་མི་ལ་མེད་པ་ཞིག་ཡིན་པས། ང་རང་ཧད་དེ་བློ་ཡིད་ལ་ཅང་མ་འཁོར་བར་ཡུད་ཙམ་ལུས

    Reply
  38. རིག་པའི་རལ་གྲི། says:
    ལོ་ 14 སྔོན།

    རང་རེས་གདམས་ཐོན་བྱུང་བའི་བཀའ་ཁྲི་རྣམས་ལ་ངས་སྐྱོན་འདི་ལས་མེད་པ་ཞིག་ཡོང་ཐུབ་པའི་རེ་བ་ཞིག་རྩ་བ་ནས་མེད་རུང་། དངོས་གནས་དགའ་འོས་པ་ཞིག་ལ། ཟེར་རྒྱུས་འཕོང་པའི་སྐྱོན་བརྗོད་ཙམ་ལས་གང་ཡང་བཤད་རྒྱུ་མེད་པ་འདི་ནི། རྒྱལ་ཁབ་ཚད་ལྡན་རྣམས་ཀྱི་སྲིད་འཛིན་གདམས་ཐོན་བྱུང་པ་རྣམས་ལ་ཡང་མེད།
    ཧ་ཀྱང་བཀའ་ཁྲིའི་དངོས་གཞིའི་འོས་གཞིར་ཡོད་པ་གསུམ་ལ། སྒེར་གྱི་ངོས་ནས། མི་ཚེ་གཅིག་གི་རིང་དུ་གང་དང་གང་བྱས་ཡོད་མེད་ལ་ཞུ་དག་མཐིལ་ཕྱིན་བྱས་ནས། བཀའ་ལན་ཕྱི་གསལ་ནང་གསལ་གནང་བྱས། བོད་མི་བསམ་ལྡན་ཞིག་ཡིན་ནས་ཡིད་ཆེས་ངེས་ཡིན།
    རྒྱ་མི་རང་ཡིན་ཟེར་ནས་ནུབ་ཕྱོགས་རྒྱལ་ཁབ་ལས་ལག་ཁྱེར་གང་ཐོབ་ཞུས་མཁན་འདི་རྣམས་མཚན་མོ་རོག་མེད། ཉིན་མོར་དལ་མེད་རང་རེད་ཤག

    Reply
  39. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    སྲིད་དོན་སྒྱུ་རྩལ་གྱི་ཚད་མཐོ་ས་ན་ཡོད་ཟེར་བའི་ཀླུ་མཁར་བྱམས་ལྟ་བུས་ཀྱང་། ལན་བརྡ་སྤྲོད་མཁན་ཚོའི་བྱེད་ཕྱོགས་ལྟར། ཚིག་སྣེ་རྡོག་སྒྲུག་རྒྱབ་ནས་༼ རྒྱ་ནག་གི་མི་སེར་ལག་ཁྱེར་བསྣམས་ནས ༽ཕེབས་རྒྱུ་ཡིན་སྐོར་བཀོད་འདུག

    བཀའ་མོལ་འདི་ག་དུས་གནང་བ་རེད། གནས་སྟངས་གང་འདྲ་ཞིག་གི་འོག་ཏུ། སྔ་ཕྱིའི་བཀའ་མོལ་གང་འདྲ་ཞིག་གསེབ་ཏུ་ཚིག་འདི་བེད་སྤྱོད་གནང་བ་ཡིན་ནམ། ང་ཚོ་སྲིད་དོན་པ་མིན་ཁར། དེའི་སྒྱུ་རྩལ་ཕ་རིས་ལ་ལྟར་སོང་གཤིས། མཁས་དབང་མཆོག་གིས་ཁ་གསལ་བོ་རེ་གནང་ན་མ་གཏོགས།

    Reply
  40. ཀླུ་མཁར་བྱམས། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གིས་ཀྱང་བྱུང་ན་༼རྒྱ་ནག་གི་མི་ཟེར་ལག་འཁྱེར་བསྣམས་ནས༽ཕེབས་རྒྱུ་ཡིན་སྐོར་གསུངས་མྱོང་ཙང་། ཁོ་བློ་སེང་ལྟ་བུ་ཞིག་༌༌༌༌༌༌༌

    Reply
  41. ཁྲུང་ཁྲུང་དཀར་པོ། says:
    ལོ་ 14 སྔོན།

    དོན་ཅན་འདི་གསལ་པོ་རེད་། ༧གོང་ས་མཆོག་དང་བོད་གཞུང་གི་སྲིད་ཇུས་འོག་ཕྱི་སྡོད་བོད་མི་མང་པོའི་ལོ་ཤས་སྔོན་རྒྱ་རིགས་མི་དམངས་དང་དམིགས་བསལ་རྒྱ་རིགས་མཁས་དབང་དེ་འདྲ་མཉམ་ཏུ་་བོད་དོན་བགྲོ་གླིང་གནང་རྒྱུ་མཚོན་པས་འབྲེལ་ལམ་ཚོགས་པ་མི་ཉུང་བ་ཞིག་ཀྱང་དངོས་སུ་གཙུག་པ་རེད་། འདིར་འཇམ་དབྱངས་ནོར་བུ་སོགས་ཀྱི་ཐད་ཀར་གསལ་པོ་ཞུས་ན་༧གོང་ས་མཆོག་དང་བོད་གཞུང་ལ་དེ་ནོར་ཕྲུལ་རེད་ཅེས་བཤད་སྡོད་པ་རེད་ལ་དེ་འདྲ་དངོས་སུ་གནང་མཁན་གཙོ་བོའི་གྲལ་བློ་སེང་ལ་སྐྱོན་འཛུགས་ཧ་ཅང་མང་པོ་གནང་བ་དཔེ་ན་འདི་དང་འདི་འདྲའི་རིགས་རེད་། འདི་ནི་ཆབ་སྲིད་པས་གནས་ཚུལ་གཞན་དུ་འགྲེལ་བརྗོད་མི་རིགས་པ་གསལ་པོ་བཤད་ན་འཇམ་ནོར་ནི་༧གོང་ས་མཆོག་ལ་མཚན་སྨད་ཞུ་མྱོང་མཁན་གཅིག་ཡིན་དུས་ཁོང་གི་རྗེས་གྲངས་པ་ལ་དེ་འདྲ་སྐྱོན་འཛུགས་གནང་རྒྱུ་དཀའ་འཛིམ་ཆེས་མེད་པ་མཐོང་ཐུབ། ཡིན་ཡང་འདི་ཁོང་གི་ཆབ་སྲིད་རིགས་པའི་འགྲོན་ལམ་གྱི་ཐོག་ནས་སྐྱོན་འཛུགས་གནང་བ་ལས་ཁོ་རང་སྐུ་སྒེར་གྱི་འབྲེལ་བ་མཐོག་ནས་དཔེ་ན་ཐེངས་འདིའི་བཀའ་ཁྲི་འོས་མི་གཞན་ལ་རྒྱལ་ཁ་ཐོབ་ཆེད་དང་དེ་མིན་གྱི་གནས་ཚུལ་མ་རེད་། གལ་སྲིད་ཞེན་ཁོག་ཐོག་ནས་འགྲོ་ན་འཇམ་ནོར་གྱི་ཕ་དམ་པ་ཁམས་ནས་ཡིན་པས་དེ་འདྲ་གནང་མི་སྲིད་པ་རེད་། དེས་ན་ངས་གོང་ཏུ་བཤད་པ་བཞིན་ཁོ་པས་མི་བུ་གཅིག་བཀའ་ཁྲི་གདམ་དགོས་ན་གདམ་སྟངས་གསལ་པོ་བཟོ་གནང་བ་ལས་དེ་མིན་གཞན་མ་རེད་བསམ་གྱི་ཡོད་། མ་གཞི་འདིར་མཁས་དབང་ཟམ་དགོང་གི་གཞུང་འབྲེལ་གསལ་བཤད་གནང་ནས་མ་འཐུས་པ་ཡོངས་དོན་པ་རེད་།

    Reply
  42. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    སྤུན་གྲོགས་ཚོའི་ཐུགས་སྤྲོ་པོའི་ངང་ནས་ཨ་རི་གཞུང་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གིས་ཤེས་འཇོན་གཉིས་ལྡན་གྱི་མཁས་དབང་བློ་བཟང་སེང་གེ་མཆོག་ལ་གནང་བའི་རྒྱབ་གཉེར་ཡིག་ཆ་འདི་།ཁོང་ལ་རྒྱབ་སྐྱོར་ཡོད་མེད་ལ་མ་སྟོས་པར་འཐེན་རེ་བཀླག་རོགས་།

    མཁས་དབང་བློ་བཟང་སེང་གེ་མཆོག་གི་་་མ་འོངས་ལས་འཆར་་་དེབ་ཆུང་ཤོག་ངོས་བརྒྱད་པའི་ནང་འཁོད་གསལ་ལྟར་ན་།ཡིག་ཆ་འདི་ནི་ཕྱི་ལོ་༢༠༠༧་ཟླ་༣་ཚེས་༢༩་ཉིན་ཨ་རིའི་གཞུང་གི་ཤེས་ཡོན་དང་།རིག་གཞུང་ལས་དོན་ཁང་གི་དྲུང་ཆེ་ལས་རོགས་སྐུ་ཞབས་ཝིལ་ལིམ་ཤ་ཡིན་མཆོག་གིས་།་མཁས་དབང་བློ་བཟང་སེང་གེ་ལ་གནང་བའི་རྒྱབ་གཉེར་ཡིག་ཆ་དབྱིན་ཡིག་ཐོག་ཡོད་པ་བོད་བསྒྱུར་ཞུས་།་དྲུང་ཆེ་ལས་རོགས་མཆོག་གི་རྒྱབ་གཉེར་ཡིག་ཆ་ནང་འཁོད་དོན་།

    ངས་ཨ་རིའི་གཞུང་དང་ཨ་རིའི་གནས་འཕྲིན་ལས་དོན་ཁང་གི་ནང་།་ཤར་ཨེ་ཤ་ཡའི་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གི་ལས་དོན་མང་ཆེ་བའི་དོ་དམ་གྱི་ལས་འགན་འཁུར་ནས་།་ལོ་གྲངས་༡༧་ཙམ་འགྲོ་ཡི་ཡོད་པ་དང་།དོ་དམ་གྱི་ལས་དོན་འདིའི་བརྒྱུད་རིམ་ཁྲོད་ནས་།ཨེ་ཤ་ཡའི་མཁས་དབང་དང་སློབ་མ་དྲག་ཤོས་རྣམས་འདེབས་སྒྲུབ་དང་།སློབ་དུས་རྫོགས་རྗེས་ལས་གནས་མཁོ་སྤྲོད་བཅས་ཀྱི་ལས་དོན་བསྒྲུབ་ཡོད་ཅིང་།ཨ་རིའི་གྲོས་ཚོགས་ཀྱི་དམིགས་བསལ་འཆར་འགོད་འོག་ནས་།བོད་རིགས་སློབ་མ་མཁས་དབང་བཅས་།ཕལ་ཆེར་༣༠༠ཙམ་ལ་དོན་ལྡན་གྱི་སློབ་ཡོན་གནང་ཡོད་པ་རེད་།

    ངའི་བསམ་པར་ང་ཚོའི་སློབ་ཡོན་འཆར་འགོད་འདིའི་ནང་ནས་།་མཁས་དབང་བློ་བཟང་སེང་གེ་ལས་ལྷག་པ་།ལས་དོན་སོགས་ལེགས་སོན་བྱུང་བ་སུ་གཅིག་བྱུང་མྱོང་མེད་བསམ་གྱི་ཡོད་།ཧར་ཝར་ཏྲིའི་གཙུག་ལག་སློབ་གྲཱ་ཆེན་མོ་ནས་།བློ་བཟང་སེང་གེ་ཁོང་ལ་མཁས་དབང་གི་ལག་འཁྱེར་ཐོབ་པ་འདིས་།ཁོང་གིས་མཁྱེན་དཔྱོད་སོགས་ཇི་ལྟར་ཡིན་མིན་གསལ་པོ་མཐོང་ཐུབ་ཀྱི་ཡོད་རེད་།ཕྱོགས་གཞན་ཞིག་ནས་གནད་དོན་འདིས་།ཁོང་ཧ་ཅང་གི་བློ་གྲོས་ཅན་དང་ཕུལ་དུ་བྱུང་བའི་མཁས་དབང་ཡིན་པ་སྟོན་གྱི་ཡོད་རེད་།

    ང་སྒེར་གྱི་ངོས་ནས་ལོ་གྲངས་༡༡་ཙམ་གྱི་རིང་ལ་།མཁས་དབང་བློ་བཟང་སེང་གེའི་ཕྱག་ལས་དང་གྲུབ་འབྲས་བཅས་ལ་རྒྱུས་མངའ་ཆེན་པོ་བྱུང་ཡོད་ཅིང་།ཁོང་ནི་ལྟ་གྲུབ་དང་ལག་ལེན་གཉིས་ཀའི་ཐོག་ནས་འགྲོ་མཁན་ཞིག་ཡིན་པ་དང་།དེ་སྐབས་མཁས་དབང་མང་པོ་ཞིག་ལ་ལྟ་གྲུབ་དང་ལག་ལེན་གཉིས་ཀའི་སྤུས་ཚད་ཡོད་མཁན་དཀོན་པོ་ཡོན་།རྒྱ་ནག་གི་མཁས་དབང་དང་གཞུང་འབྲེལ་མི་སྣ་།བཙལ་བྱོལ་བོད་གཞུང་གི་སྐུ་ཚབ་དབར་གདོང་དང་གདོང་ཐུག་ནས་།ཕྱོགས་གཉིས་ཀྱི་རྩོད་རྙོག་རྣམས་སེལ་ཐབས་སུ་ཚོགས་འདུ་གོ་སྒྲིག་གི་ལས་དོན་ལ་འབད་བརྩོན་གནང་ཡོད་པ་རྣམས་།ཁ་གསལ་པོའི་ཐོག་ནས་ཞུ་ན་སྔོན་དུས་དེ་འདྲ་བྱུང་མྱོང་མེད་པ་རེད་།

    ལས་དོན་འདི་ནི་སློབ་ཡོན་ཚོགས་ཆུང་འདི་དང་ཨ་རིའི་གྲོས་ཚོགས་ཁང་གཉིས་ཀྱིས་།༸ཏཱ་ལའི་བླ་མ་མཆོག་དང་རྒྱ་ནག་དབུས་གཞུང་གཉིས་དབར་།ཞི་མོལ་ལེགས་འགྲུབ་ཡོང་བའི་སྲིད་བྱུས་འཛིན་བཞིན་པ་དེ་རེད་།འཐབ་རྩོད་འདིའི་ཐད་ལ་མཁས་དབང་བློ་བཟང་སེང་གེས་ཕྱག་ལས་གནང་བཞིན་པ་དང་།མུ་མཐུད་ནས་ཕྱག་ལས་གནང་དགོས་པ་ད་གལ་ཆེན་པོ་ཡིན་།

    གང་དུ་དཀའ་ངལ་ཡོད་ས་དེར་གནད་དོན་ཡོད་པ་དང་།གནད་དོན་དེ་སེལ་བའི་ཐབས་ལམ་ཡང་ཡོད་པ་རེད་།རྒྱ་བོད་གཉིས་ཀྱི་གནད་དོན་དཀའ་ངལ་ཅན་དེའི་ཁྲོད་ནས་།ཤར་བསྐྱོད་བྱས་ནས་ལས་དོན་མང་པོ་སྒྲུབ་མཁན་མཁས་དབང་བློ་བཟང་སེང་གེ་ཁོང་ལྟ་བུ་ཡོད་མ་རེད་དྲན་གྱི་འདུག་།

    སྔོན་དུས་རྒྱ་བོད་གཉིས་དབར་དོགས་པ་རྣམ་རྟོག་གི་བརྒྱུད་རིམ་ཟབ་མོ་དེ་ནས་།མཁས་དབང་ཁོང་གིས་ལེགས་སྐྱེས་ཕུལ་བའིལས་དོན་དེས་།རྒྱ་བོད་གཉིས་དབར་མཐུན་ཕྱོགས་ཀྱི་ལས་དོན་དང་གྲོས་མོལ་གྱི་ཁོར་ཡུག་བསྐྲུན་ཡོད་པ་རེད་།ཁོང་ཨ་རིའི་ནང་བཞུགས་པ་ཡིན་ན་ཨ་རིའི་ཤེས་ཡོན་ལས་དོན་དང་།སྲིད་དོན་ལམ་སྟོན་བཅས་ལ་ཕན་ཐོག་ཡོང་ངེས་ཡིན་པས་།ངས་དོགས་པ་གང་ཡང་མེད་པའི་ཐོག་ནས་ཡིད་ཆེས་བྱེད་ཐུབ་པ་ནི་།མཁས་དབང་བློ་བཟང་སེང་གེ་ཨ་རི་གནས་སྡོད་བྱེད་མཁན་ཕྱི་རྒྱལ་གྱི་མི་སྣ་།མཁྱེན་འཇོན་གཉིས་ལྡན་ཁྱད་པ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ་།

    ངས་ནན་བརྗོད་དང་སེམས་གཏིང་ནས་ལེགས་བརྗོད་བྱེད་ཐུབ་པ་ནི་།མཁས་དབང་བློ་བཟང་སེང་གེ་ལ་གནས་བབས་འདིའི་ཐོག་ནས་།ཨ་རིར་གནས་སྡོད་ཡུལ་མིའི་ཐོབ་ཐང་འབུལ་དགོས་རྒྱུ་དེ་ཡིན་ཞེས་གསལ་ཡོད་པ་རེད་།།
    ་་་་་་་་དྲ་གྲོགས་ཚོ་བཀྲ་ཤིས་བདེ་ལེགས་ཞུ་།།

    Reply
  43. རྡོ་རྗེ says:
    ལོ་ 14 སྔོན།

    ངས་ལྟས་ན་ཁྱོད་ཀྱི་གྲོགས་པོ་ཚོ་རྒྱ་ནག་གི་ལག་འཁྱེར་བླངས་ནས་སོངབ་ནི་རང་དོན་ཁོ་ན་ཡིན་པས་དེ་དང་བསྡུར་ན་ག་ལ་འགྲིག་དམ།
    བོད་རྒྱ་འབྲེལ་མོས་ལ་འགྲོ་མཁན་རྣམས་གྱིས་ཀྱང་རྒྱ་ནག་གི་ཆོག་མཆན་ལག་འཁྱེར་འཁུར་མེད་དམ

    Reply
  44. གནས་ཚང་། says:
    ལོ་ 14 སྔོན།

    ༼ཕྱི་སྡོད་རྒྱ་མི༽ཟེར་བ་འདི་ཚོར་བ་རྣོན་པོ་སྟེར་བའི་ཐ་སྙད་ཅིག་རེད། ད་དོན་དག་འདི་ཁག་གཉིས་སུ་དབྱེ་ནས་ལྟ་དགོས་ཀྱི་འདུག་བསམ།
    ༡ སྐུ་ཚབ་ལྷན་རྒྱས་རྒྱ་ནག་ལ་ཕེབས་སྐབས། ལག་འཁྱེར་དེ་བསྣམས་ཀྱི་ཡོད་དམ་མེད།
    ༢ གལ་སྲིད་ལག་ཁྱེར་དེ་སྐུ་ཚབ་ཚོས་བསྣམས་ཀྱི་ཡོད་ན། དེ་བོད་གཞུང་གི་མིག་སྔའི་སྲིད་བྱུས་རེད། ཟམ་གདོང་བཀའ་ཤག་གིས་ཁག་འཁུར་བྱེད་དགོས་པ་ཞིག་རེད། དེ་ལས་ལྡོག་ནས་སྐུ་ཚབ་ཚོས་ལག་འཁྱེར་དེ་བསྣམས་ཀྱི་མེད་ན། བློ་སེང་གིས་ལག་འཁྱེར་དེ་བསྣམས་ནས་རྒྱ་ནག་ལ་ཆས་པ་ནོར་འཁྲུལ་རེད།

    Reply
  45. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    མཆན་གཞན་ལ་ནི་བལྟ་ཁོམ་མ་བྱུང་། དགེ་འདུན་རབ་གསལ་ལགས་ཀྱི་གསུང་གི་ནང་ནས་”“ང་བོད་པ་ཡིན་སྟབས་ལག་འཁྱེར་མི་འཛིན་”ཞེས་པའི་ཆོད་སེམས་ཤིག་ཁོ་ལ་མེད་སོང་བ་དེས་ང་བློ་ཕམ་བྱུང་།”ཞེས་པ་འདི་བློ་ལ་འགྲོ་སོང་། འོན་ཀྱང་དེ་ནི་གཞི་རྩའི་བལྟ་བའི་གནད་དོན་ཞིག་རེད། ད་སྐབས་ངས་བཤད་བཞིན་པའི་འཇིག་རྟེན་བལྟ་ཚུལ་གྱི་གནད་དོན་ཞིག་རེད། འདིའི་ནང་དུ་བོད་གཞུང་གིས་ཀྱང་ནོར་འདུག ལར་ནས་དེ་དུས་ཁོང་མཁས་པའི་ངོ་བོའི་ཐོག་ནས་སོང་བ་ཡིན་པ་ལས་བཀའ་ཁྲིའི་འོས་མི་ལ་རེ་བ་ཡོད་པའི་སྐབས་སུ་ཁེལ་མེད། ད་དུང་བློ་སེང་གིས་”འཇམ་དབྱངས་ནོར་བུ་ཕེབས་ཡོད་རེད་”ཅེས་པ་ཡང་རྫུན་ཡིན་པར་འཇམ་ནོར་རང་གིས་བྲིས་འདུག ད་དུང་ཉིན་འདི་དག་གི་ལ་ཁོང་གི་ཐོག་ནས་འདོད་པ་མ་ཁེངས་བའི་གཞི་རྩའི་བལྟ་བའི་གནད་དོན་གཞན་འགའ་ཞིག་ཀྱང་འབྱུང་བཞིན་འདུག
    འོན་ཀྱང་ཀྱང་བཀའ་ཁྲི་ལ་ནི་ཁོང་གསུམ་ལས་ད་དུང་བློ་སེང་རང་དྲག་པར་བསམ་ཡོད།

    Reply
  46. རི་བོང། says:
    ལོ་ 14 སྔོན།

    མི་སྐྱོན་མེད་འཛམ་བུའི་གླིང་ན་མེད་པས་མི་ཞིག་གི་སྐྱོན་ས་བཙལ་རྡོ་བཙལ་བྱས་ན་སྐྱོན་ཕྲན་བུ་མེད་མཁན་ཞིག་མི་སྲིད་མོད། དེ་ནི་སྐྱོན་ཞིག་ལ་བརྩི་དགོས་མིན་ཀྱང་དོགས་པའི་གནས་རེད། གལ་སྲིད་སྐྱོན་ཞིག་ཡིན་ནའང་སྐྱོན་དང་ཡོན་ཏན་ཆེ་ཆུང་དང་མང་ཉུང་བསྡུར་ནས་བལྟས་ན་ལེགས བཀའ་ཁྲིའི་དངོས་གཞིའི་འོས་ལྡུག་ལ་ཉེ་བའི་སྐབས་འདིར་འདི་ཙམ་གྱིས་ཀྱང་འོས་ཤོག་འཕྲི་ནུས་བསམ་ནས་བྲིས་པ་ཡིན་ན་ཐབས་སྐྱོ་བོ་རེད།

    ( ང་རང་སྒེར་ལྟ་བུ་ཞིག་ཡིན་ན་ཡང་། ཕ་གྲོངས་དུས་ དེའི་མྱ་ངན་ཆེད་འགྲོ་འདོད་ཆེན་པོ་ཡོད། འོན་ཀྱང་ རྒྱ་ནག་གཞུང་གིས་སྤྲད་པའི་ལག་འཁྱེར་ཞིག་བཟུང་ནས་ མྱ་ངན་ཆེད་འགྲོ་འདོད་རྩ་བ་ཉིད་ནས་མི་འདུག) ཚིག་འདིས་ཀྱང་ཁྱེད་རང་མི་ལ་རྒྱ་ཅན་ཞིག་ཡིན་པར་སྒྲུབ་ཀྱིན་འདུག་མོད། དེ་ཙམ་ཞིག་གིས་སྐུ་ཉིད་ཀྱི་ཚོས་གཞི་ཅུང་ཙམ་ཡང་བསྒྱུར་ཐུབ་རྒྱུ་མ་རེད།

    Reply
  47. དགེ་འདུན་རབ་གསལ། says:
    ལོ་ 14 སྔོན།

    མི་ཉག་སྐལ་བཟང་ལགས། གུས་པར་མཆན་ཐུང་ངུ་ཚ་སེང་ངེ་བ་ཞིག་གསུངས་འདུག ཐུགས་རྗེ་ཆེ། དོན་ཚན་གཉིས་ཀྱི་ཐད་ཡང་བསྐྱར་བཤད་གི་ཡིན། བོད་མི་རེ་རེའི་སྒེར་དོན་བསགས་ནས་སྤྱི་དོན་ཆགས་པ་རེད། ངའི་ལྟོ་གོས་ཀྱི་གནད་དོན་དེ་བོད་ཀྱི་རྩ་དོན་རེད། ང་དང་ངའི་ཕ་མའི་འབྲེལ་བ་དེ་བོད་ཀྱི་རྩ་དོན་རེད། བོད་མི་རེ་རེ་བཞིན་དེ་ལྟར་བསགས་ནས་ང་ཚོའི་བོད་དོན་དང་ང་ཚོའི་གོད་ཆག་དེ་ཚོ་གྲུབ་ཡོང་བ་རེད། སྤྱི་དོན་ཟེར་ནས་སྒེར་པ་གཡུགས་རྐྱང་བྱེད་པ་འདི་ང་ཚོའི་སེམས་ཁམས་ལ་ཡོད་པའི་ན་ཚ་ཞིག་རེད་དྲན། འདི་གཅིག་ཡིན།
    གཉིས་པ་དེ་བློ་སེང་གི་སྐོར་དེ་རེད། བློ་སེང་ལ་རྒྱ་ཕྲུག་ཁ་ཤས་ལ་ཐུག་ནས་སྐད་ཆ་བཤད་ཆེད་ཕྱི་སྡོད་རྒྱ་མིའི་ལག་འཁྱེར་མི་ལེན་པའི་སྙིང་སྟོབས་དེ་མེད་སོང་བ་རེད། དེ་འདྲ་ལ་ཐུག་དུས་ཐག་གཅོད་ཀྱི་ནུས་པ་བྲལ་ནས་བོད་གཞུང་དང་མི་གཞན་ལ་ལག་པ་ཕྱིས་པ་རེད། ད་འདི་དང་བོད་མི་གཞན་རྣམས་བོད་ལ་ཕྱིན་པའི་སྐོར་འདྲ་གི་མ་རེད། བོད་མི་གཞན་རྣམས་བཀའ་བློན་ཁྲི་པ་ལ་ལངས་གི་ཡོད་མ་རེད། བློ་སེང་བཀའ་བློན་ཁྲི་པ་ལ་ལངས་གི་ཡོད་རེད། དེ་ལ་ངས་སྐྱོན་བརྗོད་ཞུས་པ་ཡིན། ཁྱེད་ཉིད་ངེད་ཀྱི་བསམ་ཚུལ་ལ་མོས་མཐུན་མེད་པ་རེད། དེ་ནི་ཁྱེད་ཀྱི་དགོངས་ཚུལ་ཡིན་སྟབས། ངས་ཁ་དར་བཅས་དགའ་བསུ་ཞུ་འོས་རེད་དྲན་བྱུང་། དེ་མིན་ཁྱོད་དང་ང་ ཡང་ན་ལྷ་འམ་འདྲེ་ལྟ་བུའི་འགལ་ཟླ་དེ་འདྲ་ཡང་དགོས་དོན་མི་འདུག ཐུགས་རྗེ་ཆེ།

    Reply
  48. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    “ཕྱི་སྡོད་རྒྱ་མི་”ཟེར་བ་ཅི། ཕྱི་སྡོད་ཀྲུང་གོ་བ་ཟེར་བ་མིན་ནམ། རྒྱ་མི་དང་བོད་མི་ཟེར་བ་འདི་མི་རིགས་གཉིས་རེད། རྒྱ་དམར་ཚང་གིས་བོད་པ་ཚོར་རྒྱ་རིགས་ཡིན་ཟེར་དགོས་ཚུལ་ཞིག་ད་བར་གོ་མ་མྱོང།
    ལག་འཁྱེར་ག་འདྲ་ཞིག་གི་ཐོག་ནས་སོང་མིན་དེ་ཡང་གནད་འགག་ལོས་ཡིན་མོད། གཙོ་བོ་དགོས་པ་དང་དམིགས་ཡུལ་གལ་ཆེ། དགོས་དབང་ཅི་ཡིན་ནམ་ཤེས་ན་གླེང་རོགས་གནང།

    Reply
  49. མི་ཉག་སྐལ་བཟང་། says:
    ལོ་ 14 སྔོན།

    དགེ་འདུན་རབ་གསལ་ལགས། ངའི་ཁྱོད་ལ་ལོ་རྒྱུས་ཀྱི་བདེན་དཔང་བཤད་དགོས་དོན་མི་འདུག ཁྱོད་ད་ལྟ་ད་དུང་ཡང་ཨ་རིར་གཉིད་ཁུག་ནི་དེ་རིང་གཞི་ནས་གཉིད་ལས་སད་པ་འདྲ། ང་ཚོས་བོད་རང་བཙན་རྩོད་ཀྱིན་མེད་ལ། ང་ཚོ་ང་ཚོས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཞེས་ཁས་བླངས་ཡོད་པ་མ་རེད་པས། བཙན་བྱོལ་བོད་གཞུང་གི་སྲིད་ཇུས་དང་༧གོང་ས་མཆོག་གི་དགོངས་གཞི་མཁྱེན་པ་གནང་རོགས། བློ་བཟང་སེང་གེས་ཕྱི་སྡོད་རྒྱ་མིའི་ལག་ཁྱེར་འཁྱེར་ནས་བོད་མི་ས་དྲུག་གི་རྩ་དོན་ཆེད་འགྲོ་བ་དང་། ཁྱེད་རང་སྒེར་དོན་ཞིག་གི་ཆེད་དུ་ཕ་གྲོངས་དུས་མྱ་ངན་ཆེད་འགྲོ་འདོད་པ་གཉིས་གནས་ཚུལ་གནམ་ས་ལྟ་བུའི་ཐ་དད་རེད། ད་ནས་བཟུང་སྒེར་དོན་དང་གཞུང་དོན་གཉིས་འདྲ་མཉམ་ཐོག་མ་བཤད་རོགས། རྒྱ་ནག་གི་འོག་ལ་བསྡད་ནི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་རྩོད་མཁན་ཚོས་ཕྱི་སྡོད་རྒྱ་མིའི་ལག་ཁྱེར་མིན་པའི་ལག་ཁྱེར་གཞན་ཞིག་སྤྲོད་སྲོལ་ཡོད་ན་དེར་བཤད་རོགས། ཁྱོད་རང་བློ་ཕམ་དགོས་དོན་མེད་ལ། དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་མྱོང་བའི་ལོ་རྒྱུས་དྲན་པ་གནང་རོགས།

    Reply
  50. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    སྐབས་ཤིག་བཙན་བྱོལ་བོད་གཞུང་གིས་བོད་ནང་ལྟ་སྐོར་ལ་བོད་མི་ཁག་ཅིག་གཏོང་འཆར་བྱས་པའི་ཐད་ལའང་ཕྱི་སྡོད་རྒྱ་མི་ཞེས་པ་འདི་ཡོད་རྒྱག་དགོས་པའི་རྙོག་དྲ་རྒྱ་ནག་ངོས་ནས་བཤད་པས་ལྟ་སྐོར་ཚོགས་པ་ཕྱིར་འཐེན་བྱས་ཡོད། བློ་སེང་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད་ན་ང་ལ་ཅང་བཤད་རྒྱུ་མེད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese