མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་བཟང་སེང་གེ་རྒྱ་ནག་ལ་ཕྱིན་པ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

དགེ་འདུན་རབ་གསལ།

དེ་རིང་འཇམ་དབྱངས་ནོར་བུའི་དྲ་རྒྱ་བསྔོགས་སྐབས།(www.jamyangnorbu.com) བློ་བཟང་སེང་གེའི་རྒྱ་ནག་འགྲུལ་བསྐྱོད་སྐོར་ལ་དྲི་བ་དང་དྲི་ལན་ཞིག་བྱས་པ་བཞག་འདུག ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་འདེམས་དེ་ནི་སྤྱི་ཚོགས་ཀྱིས་བགྲོ་གླེང་ཤུགས་ཆེ་ཤོས་བྱས་པའི་བགྲོ་གླེང་ཞིག་ཡིན་པ་དང་། དམངས་གཙོའི་ལམ་སྲོལ་ནང་གི་མི་མང་གིས་གཞུང་འདེམས་པའི་ཚད་རིམ་མཐོ་ཤོས་ཡིན་པ་དེ་ལ་ང་ཚོ་སུ་ཡིན་ཡང་དགའ་འོས་པ་ཞིག་དང་སྤོབས་པ་སྐྱེ་འོས་པ་ཞིག་རེད།

འོན་ཀྱང་། ང་ཚོ་བོད་ཤོར་ནས་ཡོང་སྐབས་དམངས་གཙོ་ལེན་དུ་ཡོང་བ་མིན་པ་དང་། ང་ཚོའི་ཕ་ཡུལ་དུ་མྱ་ངན་དང་མནར་གཅོད་རྒྱུན་ལྡན་དུ་གནས་བཞིན་ཡོད་སྟབས། དམངས་གཙོའི་བགྲོ་གླེང་གིས་བཙན་བྱོལ་མི་མང་གི་སེམས་ཁམས་བཟུང་སྟེ། བོད་ནང་གི་བདེ་སྡུག་ཐད་ལས་ཀ་བྱེད་པའི་ནུས་པ་ཉམས་ཆག་ཏུ་གཏོང་བཞིན་འདུག་བསམས་ནས། ངས་ བཀའ་བློན་ཁྲི་པའི་སྐོར་ལ་གླེང་སློང་བྱེད་རྒྱུ་ཇེ་ཉུང་དུ་བཏང་བ་ཡིན། འོན་ཀྱང་། གོང་གི་གཏམ་བཤད་ལ་ཉན་རྗེས་གཤམ་གྱི་ཚིག་འདི་དག་མ་བཤད་པར་སྡོད་ནུས་མ་སོང་།

བློ་བཟང་སེང་གེས་གསལ་བཤད་དེ་ནི་ བོད་ལ་འགྲོ་སྐབས་རྒྱ་ནག་གཞུང་གིས་སྤྲད་པའི་ལག་འཁྱེར་ཞིག་འཁྱེར་ནས་ཕྱིན་པ་ཡིན་པ་དང་། མ་འགྲོའི་གོང་ལ་བོད་གཞུང་ལ་ཞུས་པ་མ་ཟད་ཕྱིན་ནས་ཚུར་སླེབས་སྐབས་ཀྱང་བོད་གཞུང་ལ་ཞུས་ཡོད་པ་དང་། བོད་རིགས་མང་པོ་ཡང་དེ་ལྟར་ཕྱིན་པ་རེད་གསུངས་བྱུང་། རྒྱུ་མཚན་འདི་རྩ་བ་ཉིད་ནས་བློ་ལ་བབ་མ་བྱུང་། ཧམ་པ་ཆེ་བ་ཞིག་ལ། རྒྱ་ནག་གིས་སྤྲད་པའི་ལག་འཁྱེར་དེ་ རྒྱ་གར་གྱི་ལག་འཁྱེར་སེར་པོ་དང་ཨ་རིའི་ཤོག་བྱང་ལྗང་ཁུ་ལ་བསྡུར་གི་འདུག  རྒྱ་ནག་ང་ཚོའི་དགྲ་བོ་རེད། གཞན་དག་ནི་ང་ཚོའི་དགྲ་བོ་མ་རེད། རྒྱ་གར་གྱི་ལག་འཁྱེར་སེར་པོ་དེའི་ཐོག་ “ལག་འཁྱེར་འདི་ནི་མི་སེར་ལག་འཁྱེར་གྱི་དོད་དུ་འཁྱེར་ཆོག་པའི་ངོ་སྤྲོད་ལག་འཁྱེར་ཞིག་ཡིན་ལ། འདིས་ནམ་ཡང་འཁྱེར་མཁན་ནི་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་ངོ་བོ་གཏན་ནས་མཚོན་གྱི་མེད་”ཅེས་བྲིས་ཡོད།  བོད་མི་ཚོ་ལ་ལག་འཁྱེར་འདི་ཐོབ་པའི་ཐོག་མའི་ཆ་རྐྱེན་ནི། RC ཞེས་པ་དེ་དགོས་པ་ཡིན་ལ། དེ་ནི་ ཕྱི་རྒྱལ་གྱི་མིའི་ཁྲིམས་གཞི་ལྟར་སྤྲོད་ཀྱི་ཡོད། དེ་ནི་བོད་མི་འདི་རྒྱ་གར་གྱི་མི་མིན་པའི་ཁུངས་སྐྱེལ་ཏག་ཏག་དེ་རེད།  ད་འདི་དང་རྒྱ་ནག་གཞུང་གིས་སྤྲད་པའི་ལག་འཁྱེར་གཉིས་བསྡུར་དགོས་རྒྱུ་ཞིག་འདུག འོན་ཀྱང་། ངས་ལག་འཁྱེར་དེའི་སྐོར་བཙལ་ནས་རྙེད་མ་སོང་།  ཨ་རིའི་ཤོག་བྱང་ལྗང་ཁུ་དེ་ནི་ཆ་རྐྱེན་དང་གནས་སྟངས་འདྲ་མིན་ཐོག་ནས་སྤྲོད་ཀྱི་ཡོད་པ་རེད། དེ་ཡང་རྒྱ་ནག་གིས་སྤྲད་པའི་ལག་འཁྱེར་དེ་ལ་བསྡུར་དགོས་དོན་ཨེ་འདུག  དེས་ན། བློ་སེང་གིས་ལག་འཁྱེར་འདི་འཁྱེར་རྗེས་ ད་དུང་ནོར་མེད་ཅེས་པའི་ཨུ་ཚུགས་ཀྱི་དཔེ་མཚོན་དུ་འདི་འདྲ་མང་པོ་ཞིག་འཁྱེར་ཡོང་གི་འདུག 

བོད་ལ་གཉེན་འཕྲད་དུ་འགྲོ་བ་ནི་བཙན་བྱོལ་ནང་ཡོངས་གྲགས་ཡིན། བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས་འདིའི་ཐད་ལམ་སྟོན་ཡིག་ཆ་ཞིག་ཀྱང་གསར་བཟོ་གནང་ཡོད་དྲན། དེ་ཡང་གཙོ་བོ་དེ་ལ། འགེངས་ཤོག་ཅིག་ཡོད་པ་དེ་བཀངས་རྗེས་ དགག་བྱ་དང་དགོས་པ་རྒྱུ་མཚན་དུ་བྱས་ནས་རྒྱའི་ལག་འཁྱེར་དེ་བླངས་ན་འགྲིག་པ་ལྟ་བུ་ཞིག་ཡོད། གནད་དོན་འདི་ང་ཚོ་ལ་རྒྱུས་ཡོད། ང་ཚོའི་ངོ་ཤེས་པ་མང་པོ་ཡང་དེ་ལྟར་ཕྱིན་པ་རེད་ལ། ད་དུང་ཡང་དེ་ལྟར་ཕེབས་བཞིན་འདུག

ད་བློ་བཟང་སེང་གེ་ལགས་ཀྱི་ལན་དེས་ངའི་སེམས་ཁམས་འཁྲུགས་དོན་གང་ཡིན་ཞེ་ན། ཁོང་བཀའ་བློན་ཁྲི་པའི་འོས་མི་རེད། བཀའ་བློན་ཁྲི་པའི་འོས་མི་ཞིག་ལ། སེམས་ཤུགས་ཤིག་དགོས་ཀྱི་འདུག སེམས་ཤུགས་དེ་ནི་གནས་ཚུལ་དང་དུས་ཚོད་གང་འདྲ་ཞིག་གི་འོག་ཏུ་ཡང་། བོད་པ་ཡིན་ཞེས་པའི་ཆོད་སེམས་བརྟན་པོ་ཡོད་པ་ཞིག་དགོས་ཀྱི་འདུག རྐྱེན་ངན་པའི་འོག་ཏུ་ ཚེ་སྲོག་བློས་དགོས་ཀྱང་བོད་ཀྱི་ངོ་བོ་འཛིན་ཐུབ་པའི་སྙིང་སྟོབས་དགོས་ཀྱི་འདུག དགོས་པ་རླབས་ཆེན་གང་འདྲ་ཞིག་ཡོད་ཀྱང་ “ཕྱི་སྡོད་རྒྱ་མི་”ཞེས་པའི་མིང་འདི་ ཡིག་ཆ་བཟང་ངན་གང་ཞིག་ནས་ཀྱང་མི་ལེན་པའི་ཆོད་སེམས་ཤིག་དགོས་ཀྱི་འདུག

དེ་ལྟར་ན་རྩོད་པ་འདི་ འགྲིག་དང་མ་འགྲིག་གི་རྩོད་པ་ཞིག་མ་རེད། རྩོད་པ་འདི་མིའི་སྤུས་ཀ་དང་ཆོད་སེམས་ཀྱི་རྩོད་པ་ཞིག་རེད། ང་རང་སྒེར་ལྟ་བུ་ཞིག་ཡིན་ན་ཡང་། ཕ་གྲོངས་དུས་ དེའི་མྱ་ངན་ཆེད་འགྲོ་འདོད་ཆེན་པོ་ཡོད། འོན་ཀྱང་ རྒྱ་ནག་གཞུང་གིས་སྤྲད་པའི་ལག་འཁྱེར་ཞིག་བཟུང་ནས་ མྱ་ངན་ཆེད་འགྲོ་འདོད་རྩ་བ་ཉིད་ནས་མི་འདུག སེམས་ཁམས་དང་ཆོད་སེམས་འདི་འདྲ་བཟུང་ནས་ བོད་ལ་འགྲོ་མ་ཐུབ་པར་ཕ་མ་གསོན་བྲལ་བྱས་པ། བྱིས་པ་དང་གསོན་བྲལ་བྱས་པའི་ལོ་རྒྱུས་ང་ཚོ་ལ་ཁེངས་ཡོད།

སྐད་ཆ་འདི་ཧ་ཅང་ཚོར་ཤུགས་རྣོན་པོ་ཅན་གྱི་སྐད་ཆ་ཞིག་རེད། “ཕྱི་སྡོད་རྒྱ་མི་”ཟེར་བའི་ལག་འཁྱེར་འདི་འཛིན་དང་མི་འཛིན་འདམ་ཁ་དེ་བློ་བཟང་སེང་གེའི་མདུན་ལ་སླེབས་སྐབས། བློ་བཟང་སེང་གེས་ “ང་བོད་པ་ཡིན་སྟབས་ལག་འཁྱེར་མི་འཛིན་”ཞེས་པའི་ཆོད་སེམས་ཤིག་ཁོ་ལ་མེད་སོང་བ་དེས་ ང་བློ་ཕམ་བྱུང་། ད་དུང་སྐད་ཆ་འདི་སྦས་ནས་ད་བར་དུ་ཕྱིར་མི་མང་གི་མདུན་ལ་མ་སླེབས་པ་དེ་ལ་ཡང་བློ་ཕམ་བྱུང་། བློ་ཕམ་པའི་གཏམ་འདི་དེ་རིང་ཁ་ནས་མ་སྐྱུགས་པར་འཇོག་ཐབས་བྲལ་སོང་།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༨ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༩ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 61

  1. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    གཡོ་ཅན་ཚོ། ད་ལྟ་ཞོ་བཞིན་ཆགས་དུས་ཕུ་དཀྲུགས་མདའ་དཀྲུགས་མ་གནང་རོགས། འགན་ཚང་མ་ཁྱེད་ཚོས་ཁུར་དགོས།

    Reply
  2. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ང་རང་བགྲོ་གླེང་འདིར་ཞུགས་པ་འཕྱི་དྲག་འདུག འོན་ཀྱང་བསམ་ཚུལ་འགའ་ཞིག་ད་དུང་ཞུ་འདོད།
    ཁང་གསར་ལགས་ཀྱིས་གསུང་པའི་དུམ་བུཿ
    གཅིག ༡) བུད་མེད་དེའི་དྲི་བར་ལན་འདེབས་སྐབས། བློ་བཟང་སེངྒེས་བཀའ་བློན་ཁྲི་པའི་འོས་མི་ཞིག་དང་། མི་མང་གི་འགོ་ཁྲིད་ཅིག་གི་རྣམ་འགྱུར་དང་བཟང་སྤྱོད་ཐོག་ནས་ལན་འདེབས་མ་བྱས་པར། དྲི་བ་འདྲི་མཁན་མོ་རང་བཀྲས་མཐོང་གི་རྒྱབ་སྐྱོར་བ་རེད། ཨུ་ཚུགས་ཅན་རེད་སོགས་མཐོང་ཆུང་དང་ཁྱད་གསོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཞིག་བསྟན་ཏེ། དྲི་བའི་དོན་དག་ཆུང་ཆུང་ཡིན་པ་དང་། དྲི་བ་འདྲི་མཁན་གྱི་ཀུན་སློང་ལ་སྐྱོན་ཡོད་པའིོ་རྣམ་པ་བསྐྲུན་འདུག དམངས་གཙོའི་སྤྱི་ཚོགས་ནང་འོས་བསྡུའི་སྐབས་སུ་ཕྱོགས་གང་ས་ནས་དྲི་བ་ཡོང་གི་རེད། ལྷག་པར་མཐུན་ཕྱོགས་ཀྱིས་འདྲི་མི་ཐུབ་པ་དང་བསམ་བློ་ལ་དྲན་མི་མཐུན་པ་མང་བོ་ཞིག་མི་མཐུན་ཕྱོགས་ཀྱིས་འདྲི་ཐུབ་པ་དང་དྲན་ཐུབ་པ་ཡིན། ཇི་ལྟར་ནའང་། དྲི་བ་ཚང་མར་སྤྱི་སྙོམ་ཐོག་ནས་ལན་འདེབས་པ་ལས། དྲི་བ་འདྲི་མཁན་གྱི་རྒྱབ་ལྗོངས་ཚོད་དཔག་གིས་ལན་འདེབས་པ་འདི་ཡག་པོ་མ་རེད་ལ། ཉམས་མྱོང་མེད་པའི་རྣམ་པ་གསལ་པོ་ཞིག་རེད། ཅེས་པ་འདི་ལ་ཡོངས་སུ་མོས་མཐུན་ཡོད། ང་རང་ལ་ཡང་དེ་འདྲའི་ཚོར་སྣང་ཤུགས་ཆེ་བྱུང་། འདི་དང་གཅིག། ཁོང་གིས་འཇམ་ནོར་བོད་ལ་ཕེབས་རབས་ཁུངས་མེད་སྐད་ཆ་ལྷོད་ཡང་གིས་བཤད་པ། ཁོང་གིས་ “ང་རང་གཙོ་བྱས་པའི་འོས་མི་རྣམ་པ”་སོགས་ད་དུང་བོད་སྐད་ཀྱི་གཏིང་ཟབ་ཀྱི་མིང་ཚིག་འགའ་རེས་མ་འདང་བའི་ཚོར་སྣང་སྤྲོད་པ། སློབ་ཕྲུག་རྣམས་ལ་བཀའ་སློབ་གནང་སྐབས་མདུན་ལམ་གྱི་སྐོར་ལ་གཞི་རྩའི་འཇིག་རྟེན་བལྟ་ཚུལ་དེ་རྒྱ་གར་གྱི་ནང་གི་མི་མང་དཀྱུས་མའི་བལྟ་ཚུལ་ལས་བརྒལ་མེད་པའི་ཚོར་སྣང་བྱུང་བ། ཁོ་རང་སློབ་གྲྭར་འགྲོ་དུས་ཀྱི་ལམ་ལུགས་དང་ཐབས་ལམ་རྣམས་ལ་དཔེ་སྦྱར་ནས་བཤད་སྟངས་ལ་བལྟས་ན་ཁོང་ཤེས་ཡོན་ཀྱི་སློབ་ཐབས་ནང་དུ་བསམ་བློ་རྗེས་ལུས་ཡིན་པའི་ཚོར་སྣང་བྱུང་བ་བཅས་ནི་རང་ངོས་ནས་མཐོང་བའི་བློ་སེང་གིས་ཞན་ཆ་རྣམས་ཡིན།
    གཉིས། ཁང་གསར་ལགས་ཀྱིས་སྐད་ཆ་གསར་བ་མང་པོ་ཞིག་གསུང་འདུག་པ་ལ་ཁུངས་སྐྱེལ་དགོས་ཀྱི་འདུག དཔེར་ནཿ ༡། བློ་སེང་གི་གླ་ཆ་ཧར་ཝིཌ་ནས་མིན་པ། ༢། ཉམས་ཞིབ་པ་རྒན་པ་ཡིན་ཞེས་ཁོ་རང་གིས་གསུང་བ་དང་གསུང་ཡོད་ན་དེ་ལྟར་མིན་པ། ༣། བློ་སེང་ལ་འོས་ཤོག་ཐོབ་ཆེད་ཨ་རིའི་དོན་གཅོད་དང་འཆར་འགོད་འགན་འཛིན་གྱིས་གཞུང་གི་གོ་གནས་ཇི་ལྟར་སྤྱད་པ། ༤། “དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་དང་བློ་བཟང་སེང་གེའི་དབར་ཉིན་རེར་ཁ་པར་ཐེངས་གཉིས་གསུམ་གྱི་འབྲེལ་བ་འཆར་ཅན་དུ་ཡོད་པ་བཅས་སོ།
    ད་དུང་ཁྱེད་ཀྱིས་གསུང་སྟངས་ཤིག་ལ་དེ་དུས་བློ་སེང་ནི་མཐོ་རིམ་སློབ་མ་ཞིག་གི་གནས་བབས་ལས་མེད་པས་བཀའ་བློན་བྱེད་མྱོང་བ་དང་བོད་གཞུང་ནང་གནད་ཡོད་མི་སྣར་གྱུ་ཟིན་པ་སྟག་ལྷ་སོགས་དང་ག་ལ་འདྲ། ཁོང་ཚོས་ཕྱིར་འཐེན་བྱས་ཀྱང་ཕ་རོལ་བོར་གནོན་ཤུགས་ཤིག་སྤྲོད་ཐུབ་པ་རེད། བློ་སེང་ལ་དེ་འདྲའི་ཆ་རྐྱེན་གང་ཡང་མེད།
    གསུམ་པ། སྤྲད་པ་ལྟར་བློ་བཟང་སེངྒེས་ལེན་རྐྱང་བྱས་པ་རེད། ཞེས་པ་འདི་ཏག་ཏག་མ་རེད། དེ་མིན་པ་ཁྱེད་ཀྱིས་ཀྱང་ལོས་མཁྱེན། ལས་ཁུངས་རིམ་པ་ཁག་ལ་བཀའ་འདྲི་ཞུས་ནས་སོང་བ་རེད། ད་ནི་ཁྱེད་ཀྱང་ཕྱོགས་ལྷུང་གི་དྲི་མས་གོས་ཡོང་གི་མི་འདུག་གམ་སྙམ།

    Reply
  3. བེ་རུ་བཀྲ་ཤིས says:
    ལོ་ 15 སྔོན།

    བློ་སང་ལག་བཀའ་ཁྲི་ལ་གཞུང་ན་སྐྱོན་ཀུན་ཟད་དང་ཡོན་རྟེན་ཀུན་ལྡན་ཞིག་ཡིན་དགོས་སམ། ད་དང་སྐྱོན་འཚོལ་དུ་ཕེབས་རོག

    Reply
  4. བེ་རུ་བཀྲ་ཤིས says:
    ལོ་ 15 སྔོན།

    དགེ་འདུན་རབ་གསལ་ལག་ནས། ཐེ་བོ་ཤེས་རབ་རྒྱ་མཚོའི་རྩོམ་ལ་གཟིགས་ནས་བསམ་ཚུལ་རྗེ་ལན་རེ་བྱེད་ན་ཡག་པོ་འདུག ང་དང་ང་ལྟ་བུ་ལ་བློ་སྐྱེད་རེ་ཡོང་སྲིད།

    Reply
  5. བྱམས་རྒྱལ། says:
    ལོ་ 15 སྔོན།

    དགེ་འདུན་རབ་གསལ་ལགས་།
    ཨ་རིའི་མི་སེར་ཞུ་དུས་ Original country China ཞེས་ས་རྟགས་འགོད་དགོས་པས་ད་གཟོད་བཀྲས་མཐོང་ཡང་རྒྱ་རིགས་ཨ་རིའི་མི་སེར་ཆགས་འགྲོ་གི་འདུག་པས་ བཀྲས་མཐོང་རྒྱ་རིགས་ཨ་རིའི་མི་སེར་རེད་ཟེར་ཆོག་གམ་མི་ཆོག་ ཉེས་པ་ཡོད་དམ་མེད་། བཀའ་ཁྲིའི་འོས་ཆོས་ཚང་སམ་མི་ཚང་ ལན་འདེབས་ཤིག་གནང་རོགས།

    Reply
  6. ལུང་རྟོགས། says:
    ལོ་ 15 སྔོན།

    དགེ་འདུན་རབ་གསལ་ནས་བློ་སེང་ལ་འདི་ལྟར་སྡང་པོ་བྱེད་དགོས་དོན་གང་ཡིན་ནམ། བོད་གཞུང་གི་གཞུང་ཞབ་ཁྲོད་ནས་ཀྱང་རྒྱ་མིའི་ལགས་ཁྱེར་ཐོག་ཏེ་བོད་ལ་འགྲོ་མཁན་འདུགས་ན། བློ་སེང་བཀའ་ཁྲིའི་འོས་མི་ཙམ་ལས། བཀའ་ཁྲི་ཐོབ་མི་ཐོབ་མ་ངེས་པ་ཞིག་རྒྱ་མིའི་ལགས་ཁྱེར་ཐོག་ནས་བོད་ལ་ཕྱིན་པར་ཧ་ལས་དགོས་དོན་མི་འདུག་སྙམས།

    Reply
  7. རྡོ་རྗེ་རྒྱལ་མཚན། says:
    ལོ་ 15 སྔོན།

    དྲ་གྲོགས་དགེ་འདུན་རབ་གསལ་ལགས།་་་་་་ཁྱེད་ཀྱིས་གནས་དོན་ཆུང་ཆུང་འདི་འདྲ་གཅིག་ལ་འཇུས་ནས་གླེང་རིན་འདྲ་འདུག་གམ།ཁྱེད་ཀྱི་བློ་སེང་ཁ་སྔོན་རྒྱ་ནག་ཏུ་རྒྱ་ཡི་ལག་ཁྱེར་སྟེང་ནས་བསྐྱོད་པ་དེ་ནོར་འཁྲུལ་ཡོད་ན་ཤུགས་ལ་ཉེ་སྔོན་༧གོང་ས་མཆོག་གིས༼ང་རྒྱ་ཡི་visa་ཕྱི་སྐྱོད་ལག་ཁྱེར་ཐོག་ནས་བོད་ལ་གནས་སྐོར་སོགས་འགྲོ་འདོད་ཡོད།༽གསུངས་པ་དེ་ལ་ཡང་མི་འདོད་པ་སྟོན་གྱིན་ཡོད་དམ།ཁྱེད་རང་མནོ་བསམ་ཡག་པོ་ཐོངས།གནས་དོན་ཆང་ཙག་ཅིག་ལ་ཆེན་པོར་རློམས་ནས་མ་བཞུགས་རོགས།

    Reply
  8. བྱམས་རྒྱལ། says:
    ལོ་ 15 སྔོན།

    དགེ་འདུན་རབ་གསལ་ལགས། འདི་རྡ་རམ་ས་ལའི་ཆབ་སྲིད་ཀྱི་ཚིག་ཅིག་རེདཅེས་གསུངས་པ་འདི་བོད་གཞུང་གི་འགོ་གཙོ་རྣམ་པ་ཚོའི་ཚིག་་ལ་གསུངས་གི་ཡོད་པ་འདྲ་དེ་ཡིན་ན་ན་ནིjད་ལྟའི་དབུ་མའི་ལམ་ལ་བོད་རྒྱ་ཆེར་མི་མང་གིས་མང་མོས་རྒྱབ་སྐྱོར་ཐོབ་པ་ནི་ལམ་གཞན་ལས་གཙོ་ཆེ་བ་ཆགས་པ་རེད་མང་མོས་རྒྱབ་སྐྱོར་ཡོད་པ་དེ་གཙོ་བོར་དགོངས་དེ་དེ་རིང་བར་ཤར་བསྐྱོད་བྱས་པ་རེད་དེ་མི་མང་གི་ཚིག་རེད་མ་གཏོགས་མང་གཙོ་མེད་སོང་བ་ག་ལ་ཡིན། དེ་མི་ཚད་ད་དུང་
    རང་བཙན་གྱི་ལྟ་བ་ཡོད་མཁན་ཚོ་ལའང་གཞུང་དང་རྒྱ་ཆེར་མི་མང་གིས་བརྩི་བསྐུར་དང་རང་དབང་ཆ་ཚང་གནང་ཡོད་རེད་དྲན།
    དགྲ་བོ་ལག་དམར་རྒྱ་འོག་ན་འདུག་འདོད་ཡོད་མཁན་བོད་པའི་མི་མ་ཚད་བོད་ཀྱི་ས་འོག་གི་འབུ་དང་ ཆུ་ནང་གི་ཉ་ ནམ་མཁའི་བྱ་བྱིའུ་སོགས་ལའང་ཨ་ཡོད་། ད་ལྟ་བོད་ཀྱི་་དངོས་ཡོད་གནས་སྟངས་ བོད་པའི་ཁ་ཐབས་ དགྲ་བོའི་སྟོབས་ཤུགས་སོགས་ཕྱོགས་གང་སར་བརྟགས་ཏེ་༧རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་ཡིན་མིན་ལ་མ་ལྟོས་པ་དབུ་མའི་ལམ་འདི་མི་བསྡམས་ཁག་མེད་ཆགས་པ་ཞིག་རེད་དྲན། བཀའ་བློན་སུ་ཕེབས་ཀྱང་ལམ་ད་ག་རང་རེད་ མི་འདྲ་བ་གཅིག་དགོས་པ་་ནི་རྒྱ་བོད་མི་རིགས་བར་མཐུན་སྒྲིལ་གྱི་ཟམ་པ་འཛུགས་ཐུབ་མཁན་གྱི་མི་ཞིག་དགོས་པར་སེམས་ ཕྱི་སྡོད་རྒྱ་མིའི་ལག་ཁྱེར་ཕར་བཞག་ ལག་ཁྱེར་དམར་པོའང་དངོས་སུ་འཛིན་རྒྱུ་ཡིན་པ་འདི་ཚང་མས་ཤེས་གསལ་མ་རེད་པས་ལགས། གང་ལྟར་དབུ་མ་དང་རང་བཙན་གང་ལྟར་རུང་ བོད་སྤྱི་པའི་དོན་ལ་ལྕི་ཡང་གི་ཚད་འཇལ་ཏུ་མེད་པའི་གུས་བརྩི་དང་རྗེས་སུ་ཡིད་རངས་ཡོད་།

    Reply
  9. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    ད་ལྟའི་བཀའ་བློན་དེ།
    དབུ་མའི་ལམ་གྱི་་ལྟ་བ་ཅན་དགོས་སམ།
    རང་བཙན་གྱི་ལྟ་བ་ཁྱེར་མཁན་ཞིག་དགོས་སམ།
    རང་ཐག་རང་ཆོད་ཀྱི་ལྟ་བ་ཁྱེར་མཁན་ཞིག་དགོས།

    ངས་བསམ་ན། རེ་འབྲས་མངོན་རྒྱུ་ཡོད་པ་དབུ་མའི་ལམ་ལས་ལྷག་པར་མ་མཐོང་ལ། ང་རང་ཡང་རྒྱ་གཞུང་གི་སྒྲོམ་གཞིར་སྡད་འདོད་ཡོད་ཟེར་ནས་དབུ་མའི་ལམ་གདམ་མཁན་གྱི་གྲས་ཀྱང་ཡིན། དེ་ཡང་དབུ་མའི་ལམ་ཟེར་བ་དེ་གང་ལ་ཟེར་གྱི་ཡོད་མིན་དང་། རང་བཙན་ཟེར་བ་དེ་གང་ལ་ཟེར་གྱི་ཡོད་མེད་བརྟགས་དཔྱད་ལེགས་པར་བྱས་ནས་སེམས་གཏིང་ནས་མ་འདོད་ཀྱང་ཐབས་ཤེས་དབུ་མའི་ལམ་ལས་ལྷག་པར་མ་མཐོང་ནས་འོས་ཤོག་འཕང་པ་ཡིན། འོས་ཤོག་དེ་ཡང་རྩེ་མོའི་ཆད་མིན་ལ། སོ་སོས་ཕུག་རྒྱང་རིང་པོར་བལྟས་ནས་གཙང་ཐག་བཅད་པ་ལས་༧ གོང་ས་མཆོག་གི་ལྟ་བ་ཡིན་པའི་རྒྱུ་མཚན་གྱིས་མིན།

    ངས་བསམ་ན། བོད་མི་རིགས་ཀྱི་བསམ་གནོ་ནི། འཛམ་གླིང་རྡུལ་ཕྲན་གྱི་མཚོན་ཆས་འཇོམ་པའི་དུས་སུ་ཡང་ཡལ་མི་སྲིད། བོད་ཀྱི་འཐབ་རྩོད་ཀྱང་དེའི་བར་གནས་སྲིད། འོན་ཀྱང་བོད་མའི་སྤྱི་ལ་ཁ་ཚ་དགོས་ཐུག་ཀྱི་ཕན་ནུས་མ་མཐར་ནས་ཅུང་ཟད་མེད་ན། འགྲོ་གྲོན་མི་གསུམ་གང་ཞིག་བོད་དོན་ཐོག་ཏུ་བཏང་ནའང་འཕྲོ་རླག་དང་ཆུད་ཟོས་རང་རེད།

    བོད་མའི་ནང་ཁུལ་ནས་སྐུབ་སྟེགས་ཆུང་ཆུང་གི་དོན་དུ་ཆབ་སྲིད་འཁྲབ་སྟོན་ཚུན་གྱིས་འདི་ལྟར་རྩོད་ནུས་ན། ཡུ་རོབ་ཡོངས་རྫོགས་ལས་ཆེ་བའི་བོད་ཀྱི་ས་ཆ་དང་། མི་རྒྱུ་ཐམས་ཅད་གང་བྱས་ཅི་བྱས་ལག་ཐོག་ཏུ་ཡོད་པའི་འདོད་རྔམས་ཅན་གྱིས། ཚུར་བོད་མིར་རྨི་ལམ་གྱི་ཡུལ་དུ་མ་གཏོགས་མི་སྤྲད་པ་ནི་མིག་མཐོང་ལག་ཟིན་རེད།

    དེ་བས་རྒྱ་བོད་ཕན་ཚུན་ཁ་ཞེ་གཉིས་མེད་ཀྱི་མཐུན་འབྲེལ་དང་གཉིས་ཕན་གྱི་གྲོས་ལམ་ཡིད་ཆེས་ཕེལ་ངེས་བྱས་ན། ཁ་ཚ་དགོས་ཐུག་གི་ཕན་ནུས་དེ་ཆེ་བ་དང་། བོད་ཀྱི་སྐད་ཡིག་སྲོག་མེད་ཀྱི་རོ་རུ་ཆགས་སྐབས་དང་། བོད་ཀྱི་ཆོས་ལུགས་ནུབ་རིའི་རྩེ་རུ་འཛེགས་པའི་ཉི་བཞིན་གྱུར་སྐབས། ཅི་བྱས་གང་བྱེད་གང་ཡང་མེད་པ་ཆགས་པར་འགྱུར་བས། དོན་དངོས་འབྱུང་འགྱུར་དང་འབྲེལ་བའི་ལྟ་བ་ཁྱེར་ནས། དེ་དོན་འབད་འབུང་ལྷོད་མེད་གཅིག་ཐུབ་ན། ད་ལྟའི་བཀའ་བློན་ཁྲི་བའི་ལས་འགན་འགྲུབ་པ་ཡིན

    Reply
  10. དགེ་འདུན་རབ་གསལ། says:
    ལོ་ 15 སྔོན།

    ངས་བྱམས་རྒྱལ་གྱི་དྲི་བ་ལ་ལན་མ་བཏབ་གོང་། ཁོང་གིས་ “བོད་གཞུང་མང་གཉིས་ཀས་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ཏུ་རང་སྲིད་རང་སྐྱོང་དགོས་འདུན་འདོན་བཞིན་པ་འདིར་ང་ཚོ་རྒྱ་ནག་གི་མི་སེར་བྱེད་འདུན་ཡོད་པ་སྟོན་གི་མིན་ནམ་ དེ་ཡིན་ན་ཕྱི་སྡོད་རྒྱ་མིའི་ལག་ཁྱེར་གནང་བ་ནི་ང་ཚོ་ལ་མཐུན་འགྱུར་ཞིག་རེད་བསམ།” ཞེས་པ་འདི་རྡ་རམ་ས་ལའི་ཆབ་སྲིད་ཀྱི་ཚིག་ཅིག་རེད། བོད་གཞུང་དང་མི་མང་ཚང་མ་ གནམ་སྔོན་པོ་བཞིན་ཁ་དོག་གཅིག་ཡིན་ན་ནི་ང་ཚོ་ལ་དམངས་གཙོ་མེད་སོང་བ་རེད། ཚོགས་པ་ཁག་གཅིག་གིས་རང་བཙན་གྱི་ལྟ་བ་མུ་མཐུད་ནས་ཉར་ཡོད། སྒེར་པ་སྐོར་ཞིག་གིས་ཀྱང་ རང་བཙན་གྱི་ལྟ་བ་བཟུང་བའི་ཁྲོད་ སྐུའི་གཅེན་པོ་ཚུན་ནས་ཚུད་ཡོད་མོད་མི་མང་ཁྲོད་ “རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་འགལ་བ་”ཞེས་པ་འདི་ལུས་ངག་ཡིད་གསུམ་གྱིས་འཁྱེར་མ་ཐུབ་པར་ལུས་པ་ཡང་ཉུང་ཉུང་མིན། བོད་ནང་གི་མཁས་པ་ཆེན་པོ་གཅིག་གིས་ང་ལ་་”གལ་སྲིད་བོད་མིས་རང་སྲིད་རང་སྐྱོང་འདི་ཁས་བླངས་ནས་རྒྱ་འོག་ནས་འདུག་པའི་ཉི་མ་ཞིག་ཤར་བའི་ཚེ། དེ་ནི་ང་བོད་ནས་ཐོན་པའི་ཉི་མ་ཡིན། ང་རྒྱ་དང་མཉམ་དུ་གཤིབས་གཤིབས་ནས་བོད་འདི་རྒྱ་འོག་ནས་ཤི་རྒྱུ་ལས་གསོན་རྒྱུའི་ལམ་ཁ་ཞིག་མེད་པ་མྱོང་ཐོག་ནས་ཤེས་ཡོད། ཁྱེད་ཚོས་དེ་མི་ཤེས།”ཞེས་གསུངས་བྱུང་། ད་དུང་བོད་མིའི་ཁྲོད་ན་རྒྱའི་དར་ཆ་དམར་མོ་མི་འཁྱེར་ལ། རྒྱའི་ལག་འཁྱེར་དམར་མོ་མི་འཛིན་ཞེས་དམ་བཅའ་བྱེད་མཁན་ཧ་ཅང་མང་པོ་ཡོད། ང་ཡང་དེའི་གྲས་ཀྱི་གཅིག་ཡིན། བློ་བཟང་སེང་གེའང་འདི་འདྲ་ཞིག་ཡིན་ན་ང་ནི་ཁོང་ལ་ཧ་ཅང་དགའ་བ་ཡིན། དེ་མིན་སྟབས་ང་ནི་བློ་ཕམ་བྱུང་།
    དེ་ནས་ང་ཚོ་འགག་ས་ཞིག་ལ་ཐུག་འདུག གཤམ་གསལ་གྱི་གནད་དོན་ལ་ལན་འདེབས་ཤིག་གནང་རོགས་ཞུ། ལྡི་ལི་དང་རྡ་སར་བཞུགས་མཁན་ཚོས་འདི་ལ་ལན་འདེབས་ཤིག་གནང་རོགས།
    ༡ གྲོས་ཚོགས་ཀྱིས་བོད་ལ་གཉེན་འཕྲད་ལ་ཕེབས་མཁན་ཚོར་ལམ་སྟོན་ཞིག་གནང་ཡོད་པ་རེད་དྲན། དེ་འདིར་གནང་ཐུབ་བམ།
    ༢ བོད་ལ་ཕེབས་མཁན་ཚོར་འགེངས་ཤོག་ཅིག་ཡོད་རེད་ཟེར། འགེངས་ཤོག་དེ་འདིར་འཇོག་ཐུབ་བམ།
    ཐུགས་རྗེ་ཆེ།

    Reply
  11. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    དྲྭ་རྒྱ་འདིའི་དྲིན་གྱིས་རང་རེའི་སྐྱ་སེར་གྱི་ཁྲོད་དུ་ཚིག་དོན་གཉིས་ཆར་གྱི་ཆ་ནས་ཡར་རྒྱས་ཚ་འུར་གྱིས་ཉེ་བའི་ལོ་ཤས་ཀྱི་རིང་དུ་ཕྱིན་པ་འདི་ནི་དགའ་འོས་པ་ཞིག་དང་། ད་ལྟའི་བརྩམས་འདིའི་འོག་གི་མཆན་འདེབས་རྣམས་ཀྱི་ནང་དུ་ཚིག་དོན་གཉིས་ཆར་ནས་བུ་རམ་ལས་དངར་བའི་བྲོ་བ་ཅན་མང་པོ་མཐོང་ཡ་འདུག
    བསྲེག་ཅིང་བརྡར་ན་སེར་པོ་གསེར་ནི་ཇེ་བཟང་དང་ཇེ་མཛེས། ར་གན་གསེར་རྫུས་ཇེ་ངན་ནས་ཇེ་སྡུག་འགྲོ་བ་ཆོས་ཉིད་རེད། ངས་ཀྱང་རང་རེའི་མི་རིགས་དང་ཆོས་ལུགས་ཀྱི་དར་ཅ་གངས་སེང་དཀར་མོ་ཅན་དེ། མིང་དོན་མཚུངས་པའི་བློ་བཟང་སེང་གེས་ཁྱེར་ནས། ཇོ་མོ་གླང་མར་གྱི་རྩེ་མོ་རུ་འཇུག་བསྒྲིལ་ལམ། རྨ་ཆུའི་ཁུག་པ་ཡན་དུ་སྒྲོན་གྱི་འདུག་བལྟ་འདོད་ཡོད།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese