མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕོ་ཁྱོ་ག་ངུ་སྐད་ཤོར་བའི་ཉིན།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཕོ་ཁྱོ་ག་ངུ་སྐད་ཤོར་བའི་ཉིན།-སྲས་འཇིགས་མེད་ནོར་བུ་སྐུ་ཚེ་མ་ཟིན་ནས་བདུན་ཚིགས་གཅིག་འཁོར་བའི་དུས་དྲན་ལ་ཕུལ་བའི་མྱ་ངན་ཞུ་ཚིག

དགེ་འདུན་རབ་གསལ།

སྤྱི་ཟླ་གཉིས་པའི་ཚེས་ ༡༧ རེས་གཟའ་ཕུར་བུ་ཉིན་གྱི་ཞོགས་ཀ་ནི་དཔྱིད་ཀའི་ཞོགས་ཀ་ཞིག་སྟེ། ཉི་མ་གསལ། གནམ་གཤིས་དྲོ། རླུང་བསིལ་བུ་ལྡང་བཞིན་འདུག ཞོགས་ཀའི་ཉི་འོད་དེ་དག་དང་ལྷན་དུ་ངེད་ཀྱི་ཁྱིམ་དུ་ཐག་རིང་ནས་འགྲུལ་པ་གསུམ་སླེབས་ཡོད། མངར་ཇ་ཞིམ་པོ་ཞིག་ཕུལ་ནས་ང་ཚོས་རྣམ་རིག་གྲུང་པོའི་ཐོག་ནས་དེ་རིང་གི་ལས་དོན་ལ་གླེང་མོལ་བྱས་པ་ཡིན། 

དགེ་སློང་ནམ་མཁའ་ལགས་ནི་ལྟག་མཚེར་རིན་པོ་ཆེར་འབྲེལ་འདྲིས་ཧ་ཅང་ཟབ་པ་ཞིག་ཡིན། ཁོང་ནིའུ་ཡོག་ནས་ཕེབས་པ་རེད། ཁོང་ནི་གཟའ་མིག་དམར་གྱི་ཉིན་ནས་འདས་པོ་དམ་པའི་གཟིམ་ཤག་ཏུ་སྨོན་ལམ་འདོན་བཞིན་པའི་སྒོ་མང་དགེ་བཤེས་བློ་བསྟན་ལགས་དང་ལྷན་དུ་ཕེབས་རྒྱུའི་གཏན་འཁེལ་སོང་། ལྟག་མཚེར་རིན་པོ་ཆེའི་ཞབས་ཞུ་མཐར་འཁྱོལ་གནང་མཁན་རྔ་བ་རབ་བརྟན་དང་དེ་བཞིན་འཇམ་དབྱངས་གཉིས་ཀྱང་དགེ་བཤེས་བློ་བསྟན་ལ་མཇལ་རྒྱུ་ཡིན་གསུངས། ང་ཚོ་གཅིག་མཇུག་གཉིས་མཐུད་ཀྱིས་དགེ་བཤེས་ལགས་ཀྱི་གཟིམ་ཁང་དུ་སླེབས། 

གློ་བུར་དུ་འཆར་གཞི་ལ་འགྱུར་བ་ཐེབས། ཁོང་ཚོ་ཚང་མ་མྱ་ངན་ཞུ་ཆེད་འདས་པོའི་གཟིམ་ཤག་ཏུ་ཕེབས་གི་ཡིན་གསུངས། ང་གཅིག་པུ་སློབ་གྲྭའི་ལས་ཀའི་ཆེད་བསྐྱོད་པ་ཡིན། ལམ་ནས་ངེད་ཀྱི་བསམ་བློ་ལ་འགྱུར་བ་ཐེབས་སོང་། ས་ཐག་རིང་ནས་མྱ་ངན་ཞུ་བར་ཡོང་བ་དང་། ངེད་ས་གནས་ཀྱི་མི་ཞིག་གི་ངོས་ནས་ཉིན་གཅིག་གི་ལས་ཀ་བློས་གཏོང་དགོས་པ་གཉིས་ཧ་ཅང་འོས་བབ་ཆེ། སློབ་གྲྭ་ལ་ཁ་པར་བཏང་ནས་ཉིན་འདིའི་སློབ་ཁྲིད་ཚང་མ་ཕྱིར་འཐེན་བྱས་པ་ཡིན།

ང་ཚོ་རིམ་གྱིས་འདས་པོའི་གཟིམ་ཤག་ཏུ་འབྱོར། མིག་ཆུ་དང་བཅས་མྱ་ངན་ཞུ་རེས་བྱས། དེ་ནས་སྐབས་དེར་སྨོན་ལམ་གསུངས་བཞིན་སྒོ་མང་དགེ་བཤེས་རབ་རྒྱས་ལགས་དང་དགེ་བཤེས་སངས་རྒྱས་ལགས་གཉིས་བཞུགས་འདུག འདས་པོའི་ལྕམ་དང་སྲས་གསུམ་ཡང་བཞུགས་འདུག དགུང་ལོ་དོན་གསུམ་ལ་ཕེབས་པའི་དགེ་བཤེས་སངས་རྒྱས་ཀྱི་སྤྱན་རས་དམར་པོ་རེད་ལ། ད་དུང་མིག་ཆུ་ཕྱིད་བཞིན་འདུག “ཕངས་པ་ལ་ཨ།” འདི་འདྲའི་སྨྲེ་ངག་ནས་མུ་མཐུད་གོ་བྱུང་། འདས་པོའི་ཡུམ་དང་ཇོ་ལགས་དག་ཀྱང་རིམ་གྱིས་མཇལ། ང་ཚོ་ཚང་མ་ནི་ངུ་ངག་གི་བདག་པོ་དང་མིག་ཆུའི་ཆུ་མིག་ཅིག་ཡིན།

ཉིན་གུང་ཙམ་ལ་ ས་གནས་ཁག་གཞན་ནས་ཕེབས་པའི་བོད་མི་ཚོ་ཡང་མཉམ་དུ་འཛོམས། དུས་བཅད་བྱས་པ་ལྟར། ང་ཚོས་རླངས་འཁོར་རྣམས་བང་སྒྲིག་སྟེ་ཨིན་ཌི་ཡཱ་ན་པོ་ལེ་སི་ཞེས་པའི་གྲོང་ཁྱེར་ལ་བསྐྱོད། ལམ་ཐག་ནི་ཆུ་ཚོད་གཅིག་ཙམ་རེད། ང་ཚོ་བོད་མི་ཤ་སྟག་ཡོད། ཁྱོན་བསྡོམས་བོད་མི་བཅུ་དགུ་ཙམ་འདུག སེམས་རྣལ་དུ་མི་འབེབས་པའི་ཉིན་མོ་ཞིག་རེད། ངས་རླངས་འཁོར་སྔོན་མ་རྣམས་ཀྱི་རྗེས་མ་ཟིན། “མགྱོགས་ཙམ་འགྲོ་དང་།”ཟེར། གང་ཐུབ་ཀྱིས་རྒྱུགས། ངས་ཤེས་པའི་སྐབས་དེར་ངའི་རྒྱབ་ན་ཉེན་རྟོག་པའི་རླངས་འཁོར་གྱིས་གློག་དམར་འཚུབ་འཚུབ་བྱེད། མི་ཚེ་ལ་ཉེན་རྟོག་པས་དེད་མ་མྱོང་། “མགྱོགས་དྲགས་འདུག རྗེས་ནས་གཟབ་གཟབ་བྱོས་ཨ།”ཟེར།

ང་ཚོ་གནམ་ཐང་དུ་འབྱོར་སྐབས་ ད་དུང་སྐུ་ཕུང་འབྱོར་མི་འདུག སྐར་མ་ཉི་ཤུ་ཙམ་ལ་སྒུག དེ་ནས་སྐུ་ཕུང་འབྱོར་བྱུང་། སེམས་པ་ནི་གྲང་སེ་ངེར་གྱུར། ཡིད་ཆེས་ཐུབ་ཀྱི་མི་འདུག འདི་བདེན་པ་མ་རེད་བསམས་པ་ཞིག་འདུག མིག་ཆུའི་ཐིགས་པ་རྣམས་བོད་མི་རེ་རེའི་གདོང་ནས་ཟགས་བཞིན་འདུག སྐུ་ཕུང་ལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ཕུལ། རིམ་གྱིས་ཐོན། ང་ཚོ་ལྷོད་ལྷོད་ངང་ བྷི་ལིམ་མིང་ཊོན་ཕྱོགས་ལ་ཐོན། 

ད་ནི་ཆུ་ཚོད་བཞི་པ་ཙམ་རེད། འདས་པོ་དམ་པའི་ཇོ་ཇོ་གཉིས་ཀྱིས་སྣེ་དྲངས་ཡོད། ཞུགས་འབུལ་རྭ་བ་ཆེན་པོ་ཞིག་ལ་འབྱོར། སྐུ་ཕུང་ཞུགས་འབུལ་ཁང་དུ་གདན་དྲངས། ཡུམ་དང་ལྕམ་སོགས་ཚང་མ་འབྱོར། རླངས་འཁོར་ཉི་ཤུ་ལྷག་ཙམ་བང་སྒྲིག་ནས་ཕེབས། སྒོ་མང་གི་དགེ་བཤེས་རྣམ་པས་འདས་ཆོག་གི་ཆོ་ག་རྣམས་ཚུལ་བཞིན་ཕྱག་བསྟར་གནང་རྗེས། བོད་མི་རྣམས་ཀྱིས་གདུང་མཇལ་དེ་ཞུས། ཁ་བཏགས་འབུལ་བ་དང་མ་ཎི་གྱེར་བ། ངུ་ངག་འདོན་པ། ཕྱག་འཚལ་བ་སོགས་གནང་བཞིན་འདུག ད་དུང་འདས་པོ་དམ་པ་འདི་ལོ་ན་ ༤༥ ཐོག་སྐུ་ཚེ་མ་ཟིན་པ་འདི་ཡིད་ཆེས་ཀྱི་མི་འདུག དེ་རྗེས་ཡུམ་དང་བཅས་པའི་ནང་མི་རྣམས་ཀྱིས་མྱ་ངན་ཞུས། གདུང་བ་དྲག་པོས་དྲག་ཏུ་གཟིར་བྱུང་།

མཛད་རིམ་དེ་ཟིན་འཕྲལ་དུས་བཅད་ལྟར་ང་ཚོ་འདས་པོ་དམ་པའི་གཟིམ་ཤག་ཏུ་འབྱོར། ད་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ལྔ་འཛོམས་འདུག ཚོགས་མཆོད་འབུལ་བ་དང་མར་མེ་འབུལ་བ་སོགས་ཆོས་ཀྱི་དབྱངས་དང་བསྙེན་བཀུར་གྱིས་གཟིམ་ཁང་ཡོངས་སུ་ཁེངས་འདུག   དེར་འཛོམས་ཀྱི་བོད་མི་རྣམས་ཀྱིས་ཀྱང་སྨོན་ལམ་ཞལ་འདོན་གྱི་བྲེལ་བ་ལ་གཡེངས་འདུག 

ཆོས་ཀྱི་ཆོ་ག་གྲུབ་པ་དང་བོད་མི་ཚོས་ འདས་པོ་དམ་པའི་ལྕམ་ལ་སེམས་གསོ་ཞུ་བཞིན་འདུག དེ་མཚམས་ནས་ཡུམ་གྱིས་བོད་མི་ཚོ་ལ་གསུང་བཤད་གནང་བྱུང་། “ད་ལན་འདི་ལྟ་བུའི་རྐྱེན་ངན་བྱུང་བ་རེད། ཡིན་ན་ཡང་། དེས་ང་ཚོའི་སེམས་ཤུགས་ཆག་མ་སོང་། ང་ཚོ་གྲོས་བྱས་པ་ཡིན། འདས་པོ་དམ་པའི་དགོངས་བཞེད་རྫོགས་ཆེད་ང་ཚོའི་བུ་ཀུན་དགའ་ལགས་དང་། འདས་པོ་དམ་པའི་སྲས་རྒན་པ་བཅས་ནས་གོམས་བགྲོད་མུ་མཐུད་གི་ཡིན། ང་ཚོ་བོད་པ་ཞེས་པ་འདི་རྐྱེན་འདི་འདྲ་ལ་ཐུག་སྐབས་ཆིག་སྒྲིལ་ཆེན་པོ་བྱེད་གི་རེད་”སོགས་གསུངས་བྱུང་། མཚམས་དེར་སྲས་ཀུན་དགའ་ལགས་ཀྱིས་ཤུགས་ཆེ་རུ་བཏང་སྟེ། “ངས་གོམ་བགྲོད་འདི་མཐའ་བསྐྱལ་གྱི་ཡིན། ངས་གོམ་བགྲོད་འདི་ངའི་སྤུན་ལ་གུས་ཞབས་ཆེད་མཐའ་བསྐྱལ་གྱི་ཡིན།”ཞེས་གསུངས་སྐབས་ང་ངུས་པ་ཡིན།

མི་གསོན་པོ་ཞིག་ལ་སྙིང་འཕར་ལྡིང་བྱེད་མཁན་ཞིག་ཡིན་ན། ཚིག་འདི་འདྲ་ཐོས་སྐབས་ངུ་ངག་གིས་སྨྲེང་བར་མི་འགྱུར་བ་ཞིག་སུ་ཡོད། ངའི་སྐད་འགགས་ནས་ཚིག་ཐོན་གི་མི་འདུག བོད་མི་གཞན་རྣམས་ཀྱང་དེ་ལྟར་རེད། ང་ཚོས་ངུ་ངག་དང་བཅས་འདས་པོ་དམ་པའི་ནང་མི་ཐུགས་རྗེ་ཆེ་ཞུས་པ་ཡིན། བོད་རང་བཙན་གྱི་འཐབ་རྩོད་འདི་ མི་རབས་གོང་མ་ནས་མི་རབས་རྗེས་མ་ལ་ཁ་ཆེམས་དང་བཅས་མངགས་བཅོལ་བྱས་པའི་ལེའུ་ཞིག་དེ་ལྟར་གྲུབ་སོང་། 

མཆན། ད་འདས་པོ་དམ་པའི་ནང་མིའི་ཐོག་ནས་རང་བཙན་གོམ་བགྲོད་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་རེས་གཟའ་མིག་དམར་ཉིན་གནང་གཏན་འཁེལ་ཡོད་འདུག 

 

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་ཕྲེང་དྲུག་པའི་གོ་ལའི་ཚོགས་འདུ་ཞེས་པ་འཚོག་གཏན་ཁེལ།

ཆུ་ཚོད་ ༧ སྔོན་ལ།
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 17

  1. བྱམས་རྒྱལ། says:
    ལོ་ 15 སྔོན།

    སྙིང་དབུས་ནས་མྱ་ངན་ཤུགས་དྲགས་ཞུས།།

    Reply
  2. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    སྐྱོ་སེམས་སྐྱེ་བཞིན་འཁེངས་ར་ངང་གིས་སླེབས།། སྨྲས་ངག་འདོན་བཞིན་མཛད་རྗེས་ཡང་ཡང་དྲན།། མི་ནོན་སེམས་ཀྱི་ན་ཟུག་ཤིན་ཏུ་ལྕི།། འཕང་སེམས་འདི་ཡི་སེམས་པ་གཤོག་ཐོག་འདྲ།།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཅི་ཞིག་བཤད་དགོས་པའང་ཤེས་གི་མི་འདུག ཕལ་ཆེར་གནས་སྐབས་རིང་ཅི་གང་བཤད་ཐུབ་ས་མ་རེད།

    ཡ་ཆུང་གི་ནང་དུ་ཅིག་གཅུ་རིལ་རྒྱག་གིན་འདུག མགྲིན་པའི་ནང་དུའང་ཅིག་འཚང་བསྡད་འདུག མིག་མཐའ་རབ་རིབ་ཅིག་ཏུ་གྱུར་ནས་ཅི་གང་མི་མཐོང་བའི་ཚད་རེད།

    Reply
  4. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    ཞོགས་པ་ཞིག་ལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་གསར་འགྱུར་ལ་ཉན་པ་ཡིན། ལྟག་འཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་མཆོག་བཀྲོངས་པ་རེད་ཟེར། རྣམ་གཡེང་ཆེ་བའི་མི་ངས་དོ་སྣང་མ་སླེབས་པར་ཤར་རྒྱག་ཐབ་ཚང་ནང་དུ་སོང་བ་ཡིན། ཨ་ཙི་ཅི་ཟེར་ ་་་ཅི་ཟེར་་་་ཐབ་ཚང་ནང་ནས་འདི་ལྟར་ཁེར་བཤད་ཅིག་རྒྱབ་སྟེ། གཟབ་ནན་གྱིས་ཉན་པ་ཡིན། བྲང་ཁོག་སྟོད་དུ་སྟོང་གཟེར་གཟེར་གྱི་ཚོར་བ་ཅིག་བྱུང་སོང་། ཕ་དམ་པ་བཀྲོངས་ནས་ལོ་གཅིག་གཉིས་ཤིག་འཁོར་མཚམས་ཡིན། སྐྱེད་ཡུམ་མཆོག སྲས་རྣམས་པ་ཅི་འདྲའི་མྱ་ངན་ཅིག་མེད་དམ་བསམ་ནས་སེམས་མ་སྐྱིད་པར་བསྡད་པ་ཡིན།
    དགུང་ལོ་༤༥ ངོ་མ་གནམ་སྔོན་པོ་འདི་བོད་མིའི་མགོ་ལ་ལྡིབ་ན་འདོད་ཀྱི་ཡོད་པ་འདྲ། འོན་ཀྱང་། གཞན་དག་ནས་གོ་ཐོས་བྱུང་བ་ཞིག་ལ་ཁོང་བཀྲོངས་སྲོལ་དེ་ཅུང་ཁྱད་མཚར་ཞིག་རེད་ཟེར། ཆེད་མངས་བགྲོངས་པའི་སྲོལ་ཡོད་པ་ཅིག་བཤད་ཀྱི་འདུག ཡང་ཁ་ཤས་ཀྱིས་གཞུང་ལམ་གྱི་སུམ་མདོ་རུ་རླངས་འཁོར་གྱིས་བགྲོངས་པ་རེད་ཟེར། གང་ཡིན་གསལ་བོ་གང་དུ་བཙལ་ཡང་མི་འདུག འདི་ཅི་རེད། འདི་ཐད་དྲ་གྲོགས་གསལ་བོ་མཁྱེན་མཁན་ཚོས་གསུངས་རོགས། སེམས་མི་བདེ་བ་ཞིག་འདུག རྐྱེན་ངན་ཡིན་ན་རྐྱེན་ངན་རེད། དེ་མིན་པ་ཡིན་ན་དེ་ང་ཚོས་མ་བརྗེད་པ་བྱེད་དགོས་ཀྱི་རེད།

    Reply
  5. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཚོར་བ་ཚིག་གིས་མཚོན་ཐབས་བྲལ་སོང་། སྐྱོ་བ་ལུས་ཀྱིས་སྟོན་ཐབས་དབེན་སོང་། མིག་ཆུའི་ཐིག་པ་གཅིག་པོ་འདུག་ལ། སྟོང་གསུམ་ཁྱབ་པའི་སྨྲེ་ངག་འཁྱིལ་ཡོད།

    Reply
  6. གངས་ཅན་པ། says:
    ལོ་ 15 སྔོན།

    བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།

    Reply
  7. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    སྲས་ཀུན་དགའ་ལགས་ཀྱིས་འདས་པོའི་ཞབས་རྗེས་ལ་མུ་མཐུད་དེ་ཞུགས་ཐུབ་པའི་སྨོན་འདུན་ཞུ། ཁོང་གིས་དེ་ལྟར་ཞལ་བཞེས་གནང་བར་སྔགས་བརྗོད་ཞུ་གིན་ལན་བརྒྱར་ཡི་རངས་བྱེད་ཀྱིན་ཡོད།

    Reply
  8. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 15 སྔོན།

    རེད་ཡ། ཁྱེད་ཅག་ལ་ཆི་ཁག ང་ཡང་ཁྱེད་ཅག་དང་ཧ་ཅང་ཁ་ཐག་རིང་བའི་ས་ཆ་ཞིག་ནས་ངུ་ཞོར་ཁྱོད་ཀྱི་རྩོམ་ཡིག་བཀླགས་པ་ཡིན། འོན་ཀྱང་འདི་ནི་འུ་ཚོ་ལ་གནམ་གྱིས་ཚོད་བགམ་ཐེངས་ཤིག་བྱས་པ་ཡིན་པས་དམིགས་ཡུལ་དེའི་ཆེད་དུ་བཙན་པོའི་གདུང་རྒྱུད་འདི་རང་དགར་འདུག་མི་སྲིད།

    Reply
  9. གངས་ཅན། says:
    ལོ་ 15 སྔོན།

    འདི་ཀློག་པ་དང་ངའི་མིག་ཆུ་ཤོར་སོང་། བོད་མི་དམངས་ལ་དགོས་པའི་མི་ཞིག་ང་ཚོའི་མིག་མདུན་ནས་འཇའ་ཡལ་བ་ལྟར་གྱུར་པས་ཇི་འདྲའི་ཕངས་པ་ལ་ཨང་། བོད་མི་དམངས་ཀྱི་སེམས་ཁོངས་ནས་དམ་པ་ཁོང་གི་མཛད་རྗེས་ནམ་ཡང་བརྗེད་མི་སྲིད། ཨ་མའི་གཏམ་བཤད་དང་མི་ཚང་ཞིག་གི་སེམས་ཤུགས་དེ་ཡི་ང་ཚོ་རྗེས་རབས་པ་རྣམས་ལ་སེམས་ཤུགས་ཤིག་སྤྲོད་ངེས།

    Reply
  10. ལི་ཐང་གི་ལུག་རྫི། says:
    ལོ་ 15 སྔོན།

    དངོས་གནས་སེམས་གཏིང་གི་སྐྱོ་སྣང་དེ་ཡིག་ཐོག་ནས་བཤད་ཐུབ་ཀྱི་མི་འདུག ངའི་མི་ཚེ་འདིའི་ནང་། རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་དཔའ་བོ་འཇིགམེད་ནོར་བུ་ལགས་ཀྱི་གཙོས་པའི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ།རང་གི་གཅེས་པའི་ཚེ་སྲོག་ཤོར་མཁན་ཚོའི་ཆེད་དུ་རང་གིས་ནུས་ཚོད་ཀྱི་བྱ་འགུལ་ཞིག་སྤེལ་རྒྱུ་ངའི་སེམས་ནང་གི་དམ་བཅའ་ཡིན།

    Reply
  11. བོད་ཀྱི་བུ་རྒོད་པོ། says:
    ལོ་ 15 སྔོན།

    དེ་རིང་གི་ཡིད་སྐྱོའི་གནས་ཚུལ་དེ་ཡིད་འགུལ་ཐེབས་པ་ཞིག་རེད་ལ།་རབ་གསལ་ལགས་ཀྱི་རྩོམ་ཡིག་དེ་ཡང་ཚོར་སྣང་དང་འཐབ་རྩོད་ཀྱི་ངོ་བོ་གསལ་བའི་རྩོམ་ཡིག་ཅིག་རེད་འདུག་་
    ་ངོ་མ་འདི་ལྟར་མི་ལོ་དྲུག་ཅུ་ལྷག་བོད་ཕྱི་ནང་གཉིས་ནས་དགྲ་བོའི་ཤ་འཁོན་དང་མི་རིགས་ཀྱི་ལ་ཞེན་མ་བོར་བར།་བོད་རང་བཙན་སླར་གསོའི་འཐབ་རྩོད་དང་དང་རེ་བ་ཕ་ནས་བུ་དང་ཚ་བོ་ཚ་མོར་རྩིས་སྤྲོད་བཞིན།་་འཐབ་རྩོད་དང་རེ་བ་མ་ཤི་གསོན་པོར་གནས་ཡོད་ཀྱང།་ང་ཚོའི་དབུ་ཁྲིད་དང་གཞུང་གིས་རྒྱ་ནག་ལ་མགོ་བཏགས་ནས་བོད་ཀྱི་འཐབ་རྩོད་དེ་མི་རིགས་ཀྱི་འཐབ་རྩོད་མིན་པ་དང།་མ་འོངས་བོད་རྒྱ་ནག་གི་ཁྲིམས་འོག་ཏུ་བསྡད་རྒྱུ་ཡིན་གསུངས་ནས་ང་ཚོའི་རེ་བའི་བརླག་འཇུག་གི་ཡོད་པ་ནི།་ཇི་འདྲའི་ཡིད་སྐྱོ་བ་ཞིག་མ་རེད་དམ།་ལྷག་པར་ཟམ་གདོང་རིན་པོ་ཆེས་བོད་ཀྱི་ལོ་རྒྱུས་དང་འཐབ་རྩོད་ལ་ནག་ཐིགས་མང་པོ་བཟོས་པ་དང།་མི་རིགས་ཀྱི་ལ་ཞེན་འབུར་འཇོམས་བཏང་སོང།་དེ་ནི་ང་ཚོས་དེ་སྔོན་འགར་སྟོང་བཙན་གྱི་མི་རྒྱུད་དང།་དགེ་འདུན་ཆོས་འཕེལ།་སྲིད་བློན་ཀླུ་ཁང་པ་སོགས་རྒྱལ་ཞེན་བཀའ་དྲིན་ཅན་ལ་དྲིན་ལན་ལོག་མཇལ་བྱས་པའི་རྣམ་སྨིན་འཁོར་ནས་ང་ཚོར་དབུ་ཁྲིད་དེ་འདྲ་ཞིག་བྱུང་བ་ཡིན་གྱི་རེད།་

    Reply
  12. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    འདི་དང་འདི་ལྟ་བུའི་གཞིས་བྱེས་གཉིས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་སྙིང་ནས་མྱ་ངན་དང་གུས་འདུད་ཞུ་ད་དུང་སེམས་སྟོབས་མི་ཞུམ་པར་འཆར་གཞི་དེ་མུ་མཐུད་ཐུབ་ན་དེ་ཙམ་གྱི་དགེ་མཚན་དང་ཆབ་བསྒྲག་ཆེ་བར་འདུག

    Reply
  13. སེར་གཙང་འཇམ་དབྱངས། says:
    ལོ་ 15 སྔོན།

    དྲ་གྲོགས་དགེ་འདུན་རབ་གསལ་ལགས་སྐུ་ཉིད་ནས་རྒྱལ་སྤྱིའི་ཀློག་པ་པོ་ཡོངས་ཀྱི་སེམས་ངོས་སུ་དམ་པ་ཁོང་ལ་མྱ་ངན་གྱིས་ས་བོན་བཏབ་པར་དམིགས་གསལ་གྱིས་ཐུགས་རྗེ་ཆེ་ཞུ།།

    Reply
  14. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    དགེ་འདུན་རབ་གསལ་ལགས་ཀྱིས་འཛེམ་ཟོན་མེད་པར་གནད་དོན་གལ་ཆེན་པོ་ཞིག་གླེང་སློང་གནང་བར་དགའ་གུས་ཞུའོ།།

    བློ་སེང་གིས་དྲི་བ་འདི་ལ་ཐེངས་ཁ་ཤས་གཡོལ་འདུག མཐའ་མ་དེར་བུ་མོ་ཟླ་བས་ཡང་བསྐྱར་ཚ་འདྲི་བཏང་སྐབས། བུ་མོ་ཟླ་བ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་རྒྱབ་སྐྱོར་བ་ཡིན་རབས་སོགས་དམའ་འབེབས་པའི་སྐད་ཆ་མང་ཙམ་སྤེལ་ནས། དོན་ལ་དྲི་བ་འ
    དིར་ལན་འདེབས་བྱེད་པ་ལས་གཡོལ་ཐབས་བྱེད་པའི་ཕྱོགས་ལ་གོམ་པ་སྤོས་འདུག སྒྲ་འཇུག་དེ་ནི་དྲི་བའི་ལན་ཞིག་མ་རེད།

    འཇམ་དབྱངས་ནོར་བུ་ལ་མཚོན་ན། བོད་དུ་ཕེབས་མྱོང་མེད་ཅེས་གསུངས་འདུག ཕེབས་པའི་གོ་སྐབས་རག་བྱུང་། ལག་འཁྱེར་དེ་འཁྱེར་ནས་འགྲོ་འདོད་མ་བྱུང་ཞེས་བཀོད་འདུག བློ་སེང་གིས་དྲི་བ་འདིར་ལན་འདེབས་པ་ལ་གཡོལ་མི་གཡོལ་དེ་སོ་སོའི་རང་དབང་ཡིན་ནའང་། དྲི་བ་ལ་གཡོལ་སྐབས་རྫུན་བཤད་ནས་མགོ་སྐོར་གཏོང་སྟངས་འདི་ཡག་པོ་མ་རེད་སྙམ་དུ་འདོད།

    Reply
  15. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    དེ་རིང་གོང་སེང་ཡིན། དེར་བརྟེན་དུས་བབ་ཚང་ལ་སྤྲོ་འཆམས་ལ་ཡོང་བ་ཡིན

    སྤྲོ་འཆམས་དེ་སྤྲོ་ལྷང་ལྷང་ཞིག་དགོས་ཡང་དེ་ལས་ཕྱོགས་དེ་སྐྱོ་ལྷང་ལྷང་ངང་་་་འོན་ཀྱང་མིག་ཆུ་མི་འདུག་་་་་ངའི་མིག་ཆུ་སྐམ་དེ་མི་ལོ་༡༨་སོང་། ཕ་ཡུལ་དང་ཁ་བྲལ་བའི་ཉིན་དེ་ནས་བཟུང་ངའི་སེམས་འདི་རྡོ་ཆགས་ཚར་བ་རེད

    Reply
  16. ཁྲི་སྲོང་བཙན། says:
    ལོ་ 15 སྔོན།

    ངེས་དོན་བོད་ཀྱི་དཔའ་བོ་ཁོང་ལ་སྙིང་ནས་མྱ་ངན་ཞུ།།

    Reply
  17. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    འདས་པོ་ཁོང་ལ་རྗེས་དྲན་དང་མྱ་ངན་གྱི་ཚིག་གཅིག་དྲ་ཚིགས་གཞན་དུ་ཕུལ་ཚར་ཡིན། དེ་རིང་ཁྱེད་ཀྱིས་འདི་ལྟར་གླེང་བ་ཐུགས་རྗེ་ཆེ་ཞུ།

    ༼ “ད་ལན་འདི་ལྟ་བུའི་རྐྱེན་ངན་བྱུང་བ་རེད། ཡིན་ན་ཡང་། དེས་ང་ཚོའི་སེམས་ཤུགས་ཆག་མ་སོང་། ང་ཚོ་གྲོས་བྱས་པ་ཡིན། འདས་པོ་དམ་པའི་དགོངས་བཞེད་རྫོགས་ཆེད་ང་ཚོའི་བུ་ཀུན་དགའ་ལགས་དང་། འདས་པོ་དམ་པའི་སྲས་རྒན་པ་བཅས་ནས་གོམས་བགྲོད་མུ་མཐུད་གི་ཡིན། ང་ཚོ་བོད་པ་ཞེས་པ་འདི་རྐྱེན་འདི་འདྲ་ལ་ཐུག་སྐབས་ཆིག་སྒྲིལ་ཆེན་པོ་བྱེད་གི་རེད་”སོགས་གསུངས་བྱུང་། མཚམས་དེར་སྲས་ཀུན་དགའ་ལགས་ཀྱིས་ཤུགས་ཆེ་རུ་བཏང་སྟེ། “ངས་གོམ་བགྲོད་འདི་མཐའ་བསྐྱལ་གྱི་ཡིན། ངས་གོམ་བགྲོད་འདི་ངའི་སྤུན་ལ་གུས་ཞབས་ཆེད་མཐའ་བསྐྱལ་གྱི་ཡིན།”ཞེས་གསུངས་སྐབས་ང་ངུས་པ་ཡིན།༽ཚིག་མཚམས་འདིར་ཐོན་དུས་ང་ཡང་རང་དབང་མེད་པར་ངུས་ཡིན། རྫུན་ཡིན་ན་དཀོན་མཆོག་གསུམ། ངོ་མ་ཁོང་ཚོས་ད་དུང་མཇུག་རྒྱུའི་ཁ་ཏན་དེ་ནི་ཁོང་ལ་སེམས་གཏིང་ནས་མྱ་ངན་ཞིག་དང་རྗེས་དྲན་ཞིག་དང་སེམས་གཏམ་དངོས་ཤིག་རེད་དྲན་ནས་ངུས་ཡིན།
    བརྩེ་བ་ཇེ་འདྲ་ཡོད་ཀྱང་ཐབས་ལམ་འདི་ལས་ཡོད་རྒྱུ་མ་རེད་བསམ་དུས་རང་བཞིན་གྱིས་མིག་ཆུ་ཤོར་འགྲོ་གི རྩོམ་པ་པོ་ཟེར་བས་བརྗོད་བྱ་ཅི་བཞིན་ཚིག་ཐོག་ཏུ་ཕབ་ན་ཚོར་བ་འདི་འདྲ་རེད། དེའི་ཕྱིར་དགེ་རབ་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese