མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོའི་འོས་འཕེན་གྱི་དམག་ཇུས།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

 

སྤྱི་འཐུས་ཀྱི་འགྲན་རྩོད་དང་བཀའ་ཁྲིའི་འགྲན་རྩོད་གཉིས་ལས་ཆེས་མངོན་གསལ་དོད་ཤོས་དེ་བཀའ་ཁྲིའི་འགྲན་རྩོད་རེད། ད་དུང་འགྲན་རྩོད་འདི་གང་ཟག་སྒེར་གྱི་རྒྱལ་ཕམ་ཙམ་མིན་པར་གཞུང་དམངས་ཀྱི་རྒྱལ་ཕམ་ལ་ཡང་རག་ལུས་དུས་ཡོད། དེ་བས་ད་ལྟའི་བཀའ་ཁྲིའི་འགྲན་རྩོད་འདི་ལ་དེ་འདྲའི་དོན་སྙིང་ཆེན་པོ་ཡོད་མིན་མི་ཤེས་ཀྱང། གལ་ཏེ་ཡོད་པའི་དབང་དུ་བཏང་ན་མི་དམངས་ཀྱི་ངོས་ནས་སམ་ཡང་ན་ལྟ་གྲུབ་མི་འདྲ་བའི་ཕྱོགས་གཏོགས་ཚོས་ཐབས་ཤེས་འདི་འདྲ་ཞིག་སྤྱོད་འོས་པར་མཐོང་།

ད་ལྟ་ང་ཚོས་ཁ་གསལ་བོར་རྟོགས་སོང་བ་ནི། བཀའ་ཁྲིའི་འོས་གཞི་གསུམ་ལས་གཉིས་ཀྱི་ལྟ་བ་ནི་ཆབ་སྲིད་དང་ཤེས་ཡོན་གྱི་སྲིད་ཇུས་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ་དང། ཅིག་ཤོས་ཀྱིས་འཕོ་འགྱུར་གཏོང་དགོས་པའི་ལྟ་བ་དེ་རེད། ཕྱོགས་གཞན་པ་ཞིག་ནས་བལྟས་ན་གཅིག་ནས་གཉིས་ཅུང་རྒན་པ་དང་གཅིག་ཅུང་གཞོན་པའི་ལོའི་བར་ཁྱད་ཙམ་དང། དེ་འབྲེལ་གཞོན་པ་དེ་ལ་ཉམས་མྱོང་ཅུང་ཞན་པ་དང་རྒན་པ་གཉིས་ལ་ཉམས་མྱོང་མང་བ་དེ་རེད། དེ་ལས་ཤེས་ཡོན་དང་ལྷག་བསམ། འཇོན་ཐང་སོགས་ནས་བར་ཁྱད་ཆེན་པོ་ཞིག་སུས་ཀྱང་འབྱེད་དཀའ་བ་རེད།

ད་ལྟ་བོད་མི་ཕལ་མོ་ཆེས་བློ་སེང་ལགས་ལ་རྒྱལ་ཁ་ཐོབ་པའི་རྟགས་མཚན་འདྲ་བོ་མཐོང་ཡོད། གལ་ཏེ་བཀྲ་ཤིས་དབང་འདུས་ལགས་ཐོག་མ་ནས་མཉམ་ཞུགས་འགྲན་སྡུར་ཅིག་གནང་ཡོད་ཚེ། བློ་སེང་དང་བཀྲས་མཐོང་ལགས་ཀྱི་བརྒྱ་ཆའི་ཚད་ག་ཚོད་ཅིག་མར་ཆགས་ཡོད་མེད་ཚོད་དཔག་ཐུབ་བམ།

བློ་སེང་ལགས་ལ་རྒྱབ་སྐྱོར་མཁན་མང་ཆེ་བས། ཁོང་གི་ཆབ་སྲིད་ཀྱི་ལྟ་བ་རང་བཙན་དང་ལོ་གཞོན་པ། ཁྲིམས་ལུགས་ཆེད་མཁས་པ་ཡིན་པའི་ཐོག་ལ་གསུང་བཤད་གནང་སྟངས་ཀྱིས་ཀྱང་ཤུགས་རྐྱེན་བཞག་ཡོད་པར་མཐོང་།

བཀྲས་མཐོང་ལགས་ལ་རྒྱབ་སྐྱོར་མཁན་མང་ཆེ་བས་ཀྱང་། ཁོང་གི་མི་རིགས་རང་ཐག་རང་གཅོད་ཀྱི་སྲིད་དོན་ལྟ་བ་དང་བྱ་བའི་ཉམས་མྱོང་གཉིས་ཐད་ནས་འོས་ཤོག་བླུགས་ཡོད།

བཀྲ་ཤིས་དབང་འདུས་ལགས་འགྲན་རྩོད་དུ་མ་ཞུགས་པར་ཡང་འོས་གཞི་གསུམ་པར་སླེབས་པ་རེད། དེ་ཡང་ཁོང་གི་ད་བར་གྱི་བྱ་བའི་ཉམས་མྱོང་དང་དབུ་མའི་ལམ་གྱི་ལྟ་བར་ཤུགས་བརྒྱབ་པས་ལོས་ཡིན། ད་དུང་ཁོང་གསུམ་པོར་ཆོལ་ཁའི་ཕྱོགས་ཞེན་ཅན་གྱི་རྒྱབ་སྐྱོར་བ་ཡང་ཡོད་ངེས།

ངས་བལྟས་ན་གཅིག་ནས་ལོ་ཚོད་དང་འབྲེལ་བའི་ཉམས་མྱོང་ཆེ་ཆུང་དེ་དང། དེ་བས་ཀྱང་གལ་ཆེ་ཤོས་སྲིད་ཇུས་ཐད་ཀྱི་ལྟ་བ་མི་འདྲ་བ་འདི་གཉིས་ཐད་ནས་བཀའ་ཁྲིའི་འགྲན་རྩོད་པ་གསུམ་གྱི་དངོས་གཞིའི་འགྲན་རྩོད་ཁྲོད་དུ་གཅིག་གིས་དགོངས་པ་ཞུ་འོས་པ་དེ་རེད། གལ་ཏེ་ལྟ་བ་གཅིག་པུའི་ཐོག་ནས་བཤད་ན་བློ་སེང་དང་བཀྲ་ཤིས་དབང་འདུས་གཉིས་གང་རུང་ཞིག་གིས་དགོངས་པ་ཞུ་འོས། གལ་ཏེ་འོས་ཤོག་གི་གདེང་ཚོད་ཐད་ནས་བལྟས་ན་བཀྲ་ཤིས་དབང་འདུས་ལགས་དང་བཀྲས་མཐོང་ལགས་གང་རུང་ཞིག་གིས་དགོངས་པ་ཞུ་འོས་ལ། ལྷག་པར་བཀྲས་མཐོང་ལགས་ཀྱིས་ཐུགས་བསམ་བཞེས་དགོས། རྒྱུ་མཚན་ནི་སྔོན་འགྲོའི་འོས་ཤོག་གི་གྲངས་ཚད་དེས་དངོས་གཞིའི་སྐབས་ཀྱང་ཇེ་མང་ལ་དེ་ཙམ་མི་འགྲོ་བ་ཚོད་དཔག་ཐུབ་པ་ཞིག་རེད།

དེ་ཡང་བཙན་བྱོལ་བོད་མི་བརྒྱ་ཆའི་མང་ཆེ་བས་དབུ་མའི་ལྟ་བར་རྒྱབ་སྐྱོར་ཡོད། བློ་སེང་ལགས་ཀྱི་འོས་ཤོག་ཐད་ཅུང་ཚོད་དཔག་དཀའ་སྟེ། སྔོན་འགྲོའི་སྐབས་གཞོན་སྐྱེས་རང་བཙན་གྱི་ལྟ་བ་འཁུར་མཁན་མང་པོས་བླུགས་ཡོད་ཀྱང་ད་ཆ་ཁོང་གི་ལྟ་བ་དབུ་མའི་ལམ་དུ་སྐྱོད་རྒྱུ་དངོས་སུ་བསྒྲགས་པས་རྒྱབ་སྐྱོར་བ་ཁག་ཅིག་བཀྲས་མཐོང་གི་ཕྱོགས་སུ་འགྲོ་སྲིད། འོན་ཀྱང་དབུ་མའི་ལམ་ལ་དགའ་མཁན་གང་མང་གིས་བློ་སེང་ལ་འོས་ཤོག་འཕེན་ཡང་སྲིད། དེ་བས་ངའི་བསམ་ཚུལ་ལ་དངོས་གཞི་སྐབས་བཀྲ་ཤིས་དབང་འདུས་ལགས་བཀྲས་མཐོང་ལས་འོས་ཤོག་མང་བ་ཐོབ་ངེས་སྙམ།

གང་ལྟར་རྣམ་པ་གསུམ་པོ་མཉམ་ཞུགས་གནང་བས་བཀའ་ཁྲི་སུ་ཞིག་ལ་ཐོབ་ཀྱང་དེའི་བརྒྱ་ཆའི་ཚད་གཞི་མཐོན་པོ་ཞིག་ཆགས་དཀའ། འོས་ཤོག་བརྒྱ་ཆའི་ཚད་གཞི་ཅི་ཙམ་གྱིས་མཐོ་ན་དེ་ཙམ་གྱིས་གཟི་བརྗིད་ཀྱང་ཆགས་ཡོད། ཡིན་ན་ཡང་དངོས་གཞིའི་འོས་མི་གཏན་འཁེལ་ཟིན་པས་དགོངས་པ་ཞུ་མི་ཆོག་པ་འདི་གནད་འགག་གི་སྐབས་སུ་འགོག་རྡོ་ཞིག་ཀྱང་རེད།

ད་ནི་ཐབས་ལམ་ཉག་གཅིག་ཡོད་པ་ནི། མི་མང་གི་འོས་ཤོག་འཕེན་སྟངས་ཀྱི་དམག་འཐབ་ཁོ་ནར་རག་ལུས་ཡོད། གལ་ཏེ་ང་རང་བཀྲས་མཐོང་ལགས་ཀྱི་རྒྱབ་སྐྱོར་བ་ཡིན་མོད། ཁོང་ལ་འོས་མི་འཐོབ་པ་ཚོད་དཔག་ཐུབ་སོང་ན། ད་ནི་ལྷག་མ་གཉིས་ཀྱི་གང་འོས་པ་དེ་ལ་འོས་འཕེན་པ་ལས་ད་དུང་ཨུ་ཚུགས་ཀྱིས་ཁོང་ལ་འོས་འཕངས་ཚེ་དེ་ནི་དོན་སྙིང་མེད་སོང་བ་རེད། དེ་བས་གསལ་བོར་ཞུ་འདོད་པ་ནི་དངོས་གཞིའི་འགྲན་ཟླར་འོས་པ་ནི་བློ་སེང་ལགས་དང་བཀྲ་ཤིས་དབང་འདུས་ལགས་རེད། གལ་ཏེ་བཀྲས་མཐོང་ལགས་ལ་འོས་འཕེན་རྣམས་ཀྱི་འོས་ཤོག་ཅིག་ཤོས་གཉིས་གང་རུང་ལ་བླུགས་ཚེ་དེ་ནི་འོས་བསྡུའི་ནུས་པ་ཚད་མཐོར་བཏང་བ་ཞིག་ཡིན་ལ་དམངས་གཙོའི་འོས་བསྡུའི་ཐབས་ཚུལ་ལེགས་ཤོས་ཤིག་ཀྱང་ལོས་ཡིན་སྙམ།

ངས་འདི་ལྟར་དམག་ཇུས་འདོན་པ་ནི་བཀྲས་མཐོང་ལགས་ལ་མཐོང་ཆུང་བྱས་པ་ཞིག་མིན་ལ། ཅིག་ཤོས་གཉིས་ཀྱི་གང་རུང་ལ་ཞིག་གི་རྒྱལ་ཕམ་ཐག་གཅོད་གསལ་བོ་ཡོང་ཕྱིར་ཡིན། དེ་བས་དམངས་གཙོའི་ཐོབ་ཐང་དོན་ལྡན་དུ་སྤྱོད་འདོད་རྣམས་ཀྱིས་ངེས་པར་ཨུ་ཚུགས་མཁྲེགས་འཛིན་རང་མི་བྱེད་པར་ཐབས་ཚུལ་འདི་སྤྱི་འཐུས་འོས་འཕེན་ལའང་རིགས་བསྒྲེ་བར་ར་བསྐུལ་ཞུ་གིན་ཡོད།

གནས་ལུགས་ཤིག་གམ་སྲིད་དོན་ཞིག  ཕྱོགས་ཞེན་ཞིག་གམ་སྤྱི་དོན་ཞིག

གང་ལྟར་འགན་འཁྲིའི་བསམ་ཚུལ་འདིར། གླེང་སློང་ཆེ་ཙམ་གནང་རོགས་ཞུ།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 9

  1. ལུང་རྟོགས། says:
    ལོ་ 15 སྔོན།

    སྒྲོལ་མ་མེ་ཏོག་ཞེས་པ་འདིའི་སྐད་ཆ་ནི་ཆུ་ནང་ལ་བཏུག་དྲི་བཏང་བ་དང་ཁྱད་པར་མི་འདུག བློ་སེང་ཧ་ཝ་ཌིའི་སློབ་དཔོན་མིན་རབ་དང་། བོད་མི་མང་ལ་མགོ་བསྐོར་གཏང་རབ་སོགས་བཤད་འདུགས་ཀྱང་། རྒྱུ་མཚན་ནི་གང་ཡང་བསྒྲང་རྒྱུ་མི་འདུགས། རྒྱུ་མཚན་མེད་པའི་སྐད་ཆ་ལ་སུ་ཞིག་གིས་ཡིད་ཆེས་ཐུབ། མ་ཟད་བློ་སེང་ཧ་ཝ་ཌིའི་ཁྲིམ་ལུག་སློབ་དཔོན་ཡིན་པ་ནི་བོད་མི་ཀུན་ལ་རྒྱ་སྡེ་ཀུན་གསལ་ཡིན་པས། པོའོ་རྨོའོ་དང་བྱིས་པ་ཆུང་ཆུང་འདྲ་མགོ་བསྐོར་གཏང་ཐུབ་ན་ལས་གཞན་སུ་ཡང་མགོ་བསྐོར་གཏང་མི་ཐུབ།

    Reply
  2. གངས་ཆབ། says:
    ལོ་ 15 སྔོན།

    དམངས་གཙོའི་འོས་འཕེན་གྱི་དམག་ཇུས་ཞེས་པ་དེར་ཞིབ་དཔྱད་ངང་ཚར་གཅིག་བཀླགས་པ་ཡིན།།ཟིན་བྲིས་པ་དེས་སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་གསུམ་གྱི་ཁྱད་ཆོས་དང་།རྩ་དོན།ལྟ་བ་ལངས་ཤོག་གཞིར་རུ་འཛིན་ནས་འོས་ཤོག་གྱི་འགྱུར་བགྲོས་དང་བཏུན་ནས་སྤྱི་ཚོགས་ཐོག་བློ་ཟུར་དུ་གནས་ནས།དངོས་ཡོད་དང་རྒྱུ་མཚན་ཡོད་པའི་ཐོག་ནས།དཔྱད་ཞིབ་ལེགས་པར་ཞིག་བྱས་ནས་ཟིན་བྲིས་སྤེལ་འདུག་པར་བསྔགས་བརྗོད་ཞུ་འོས་པ་ཞིག་ལས་གཞན་བསྐྱོན་བརྗོད་དང་འགྲེལ་བརྗོད་འཕར་མ་ཞིག་བྱ་དགོས་པར་མ་མཐོང་།

    Reply
  3. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    སྒྲོལ་མེ་ཏོག་ཟེར་བ་དེ་སུ་ཞིག་ཡིན་ན་ཡིན། སྐད་ཆ་དེ་ཚོར་ལྗོད་ཁོག་དང་གོ་རྒྱུ་ཡོད་པ་ཤ་སྟག་རེད་འདུག ཁྱེད་ལ་ལྷག་བསམ་ཡོད་པ་ལས་ཉེ་རིང་མེད་པའི་དྲང་རྟགས་བདེན་འདུག ཁྱེད་ལ་གཡོ་སྒྱུ་ཁྲམ་པའི་ནག་འཚང་འདོན་པའི་བློ་ཁོག་ལྡན་འདུག ཁྱེད་ལ་ཁྲམ་པའོ་སྐྱོན་འཚང་འདོན་པའི་དྲངསྟོབས་ཡོད་འདུག ཁྱེད་ཀྱིས་ནག་ཕྱོགས་ཀྱིས་རླུང་དམར་ལ་འགྲན་ཐུབ་ལ། དོན་མེད་ཀྱི་ཆོལ་གཏམ་ལ་དྲང་བདེན་གྱི་བསླབ་བྱ་བྱ་ཐུབ་པས་མུ་མཐུད་ནས་བསམ་ཚུལ་སྤེལ་བར་ཕེབས་རོགས།

    Reply
  4. སྒྲོལ་མ་མེ་ཏོག says:
    ལོ་ 15 སྔོན།

    དྲ་གྲོགས་ཚ་རོང་བུ་ལགས། ང་ཡིག་འཁྱམ་སྤེལ་མཁན་ཡིན་མིན་དུས་བབ་ཚང་ལ་འདྲི་ན་ཤེས་ངེས་ཡིན། དེའི་ཐད་ཁྱེད་ཀྱིས་འགན་འཁུར་དགོས་དོན་མི་འདུག
    དེ་ནས་སྤྱི་ཚོགས་དཀྲུག་ཤིང་མ་རྒྱག་ཅེས་པ་དེ་གནས་ལུགས་མེད་པའི་སྐད་ཆ་ཞིག་རེད། ངས་བསམ་ཚུལ་སྤེལ་བ་ནི་ང་ཉིད་ཀྱི་བསམ་བློ་དང་སྨྲ་བརྗོད་རང་དབང་བེད་སྤྱད་པ་ཞིག་ཡིན་པས་དེར་བཀག་འགོག་བྱེད་པའི་ཐོབ་ཐང་དང་འོས་བབ་ཁྱེད་རང་ལ་མེད། ཅི་སྟེ་ངས་བཤད་པའི་སྐད་ཆ་དེ་དག་ལ་རྒྱུ་མཚན་མི་འདུག་ན། རྒྱུ་མཚན་མེད་པའི་མེད་རབས་འདི་དང་དེ་རེད་ཅེས་བཤད་ཚེ་ངས་གཞི་ནས་ཁྱེད་ལ་དགའ་བསུ་ཞུ་རྒྱུ་ཡིན།
    ལར་ནས་བཀའ་ཁྲིའི་འོས་མིའི་ཐད་རང་གི་བསམ་ཚུལ་བརྗོད་པར་སྤྱི་ཚོགས་དཀྲུག་ཤིང་རེད་ལབ་ན། དེས་ཁྱོད་ཀྱི་དམངས་གཙོའི་གོ་རྟོགས་ཇི་ཙམ་ལ་སླེབས་ཡོད་མེད་གསལ་པོར་སྟོན་གྱི་འདུག་པས་མང་མང་བཤད་ན་ཅི་ཕན། ཉུང་ངུའང་མི་བཟོད་པར་འདུག

    གཞན་ཡང་དྲ་གྲོགས་གཞན་དག་ཚོར་མཁྱེན་རྟོགས་སླད་ཞུ་རྒྱུར། དམངས་གཙོའི་འོས་འཕེན་གྱི་དམག་ཇུས་ཟེར་བའི་རྩོམ་འདི་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་བྲིས་པ་ཞིག་རེད། དུས་བབ་ཚང་གིས་རྩོམ་པ་པོའི་མཚན་འགོད་རྒྱུ་བརྗེད་སོང་བ་འདྲ།

    Reply
  5. ཚ་རོང་བུ། says:
    ལོ་ 15 སྔོན།

    སྒྲོལ་མ་མེ་ཏོག་ཟེར་བའི་མི་འདི། མིང་གང་བྱུང་བརྫུས་ནས། ཡིག་འཁྱམ་སྤེལ་མཁན་ཞིག་རེད། མི་ཁྱོད་སུ་ཡིན་མིན་ཡི་གེ་འབྲི་སྟངས་ཐད་ནས་ངས་ཚོད་དཔག་བྱེད་ཐུབ། ང་གཉིས་ངོ་ཤེས་ཡིན་དུས། ད་གཟབ་གཟབ་བྱོས། ཁ་རོགས་སྡོད། རྫུན་མ་འཁྲབ་ཚོད་བྱོས། ངས་ཆ་ཚང་ཤེས་ཀྱི་ཡོད། ཁྱེད་སྔོན་མ་མི་དེ་འདྲ་ཞིག་མིན་བསམས་སོང་། ད་ཆ་ཨ་ཁ་ཁ། ངོ་མ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྤྱི་ཚོགས་དཀྲུག་ཤིང་མ་རྒྱག རང་གཞན་གཉིས་ཀ་ཕུང་ཡོང་། སྤྱི་དེང་སང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡིག་འཁྱམ་སྤེལ་མཁན་དང་། འཁྱོག་བཤད་བྱེད་མཁན། ཕྱོགས་ཞེན། ཀླད་རྙིང་མཁྲེག་བཟུང་སོགས་ཧ་ལས་པ་རེད་འདུག ད་ནས་བཟུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཅི་གསུང་བཀའ་སྒྲུབ་ཟེར་བའི་སྐྱག་རྫུན་དེ་མ་ཤོད་རོགས། མགོ་བཀའ་ཟུར་ནས་འོག་མོག་མོག་གཙོང་མཁན་ཡན་ལ་རེ་སྐུལ་ཞུས་པ་ཡིན།

    Reply
  6. སྒྲོལ་མ་མེ་ཏོག says:
    ལོ་ 15 སྔོན།

    སྔོན་འགྲོའི་འོས་བསྡུའི་སྐབས་བློ་སེང་ལ་འོས་གྲངས་མང་ཤོས་རག་ཡོད་ཅིང་། དེའི་ནང་ང་རང་གི་འོས་ཤོག་རྐང་གཅིག་པུ་དེ་ཡང་ཚུད་ཡོད། འོན་ཀྱང་དེ་རིང་ཁ་སང་བློ་སེང་གིས་རྒྱ་གར་ནང་ཡོད་པའི་བོད་མི་ཚོར་མགོ་སྐོར་གཏོང་རྐྱང་བྱེད་རྒྱུ་མང་དྲགས་ནས་ང་ཉོབ་དགོས་བྱུང་སོང་། ངས་བློ་སེང་ལ་མི་དགའ་བ་བྱེད་དགོས་དོན་མི་འདུག དེ་བས་བོད་མི་མང་གི་བཀའ་ཁྲིའི་འོས་མི་ཞིག་ཡིན་པས་ངས་ཁོང་ལ་གོས་བཀུར་ཞུ་རྒྱུ་ཡིན། འོན་ཀྱང་བློ་སེང་བཀའ་ཁྲིའི་འོས་མི་ཞིག་ཡིན་པས་ངེས་པར་དུ་ཁོའི་སྐད་ཆར་ཁོ་རང་གིས་འགན་འཁུར་རེད། དོན་དམ་དུ་བློ་སེང་གིས་འུར་སྒྲོག་གི་ལམ་ནས་འོས་ཐོབ་ཐབས་བྱེད་ཀྱི་འདུག་པས། ང་ཚོས་ངེས་པར་བློ་སེང་འདི་ངོ་ཡག་པོ་ཤེས་དགོས་ཀྱི་འདུག
    བློ་སེང་ནི་ཁྲིམས་ལུགས་སློབ་ཚན་ཐོན་པའི་སློབ་གྲྭ་ཆེན་མོ་བ་དང་ཉམས་ཞིབ་པ་ཆུང་གྲས་ཤིག་ལས་གཞན་གང་ཡང་མ་རེད། བོད་པ་ཚོར་དཔྱད་ཞིབ་ཀྱི་ཚོར་བ་ཧ་ཅང་ཞན་པོ་འདུག ཚང་མས་”མཁས་དབང་”ཞེས་འུར་བསྟོད་བྱེད་པ་དང། ལྷག་པར་ཧར་ཝར་ཊེ་གཙུག་ལག་སློབ་གྲྭའི་སློབ་དཔོན་རེད་སྙམ་ནས་གདེང་འཇོག་གང་མང་བྱེད་ཀྱི་ཡོད། དོན་དུ་བློ་སེང་ཧར་ཝར་ཊེ་གཙུག་ལག་སློབ་གྲྭའི་སློབ་དཔོན་དེ་འདྲ་གང་ཡང་རེད་མི་འདུག བློ་སེང་གིས་སློབ་དཔོན་ཆེན་མོའི་མིང་འཁུར་ནས་རྒྱ་གར་ནང་རང་ཉིད་ངོ་སྤྲོད་རྒྱ་ཆེར་བྱས་པ་མ་ཟད། ཁོའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་གང་འཚམ་ཞིག་ཧར་ཝེར་ཊི་གཙུག་ལག་སློབ་གྲྭས་གཏོང་གི་ཡོད་ཚུལ་བརྗོད་འདུག དོན་དངོས་སུ་ཧར་ཝར་ཊེ་གཙུག་ལག་སློབ་གྲྭར་དེ་འདྲའི་འགྲོ་སྟངས་ཤིག་མེད་པ་མ་ཟད། བློ་སེང་འདྲ་བའི་ཉམས་ཞིབ་པ་ཆུང་གྲས་(Research fellow)ཚོས་ཧར་ཝར་ཊར་སྡོད་རིང་དངུལ་ཕར་སྤྲོད་དགོས་འདུག ལྷག་པར་དུ་ང་ཚོས་དུས་རྒྱུན་སློབ་དཔོན་དུ་འབོད་ཀྱིན་པའི་བློ་སེང་ལ་ཧར་ཝར་ཊེ་སློབ་གྲྭར་སློབ་འཁྲིད་བྱེད་ཆོག་པའི་ཐོབ་ཐང་ཏིལ་ཙམ་ཡང་མི་འདུག
    ཁོའི་ཉམས་ཞིབ་ཀྱི་དུས་ཡུན་ནི་ལོ་ལྔ་ལས་མེད་ཅིང་། དེ་ཡང་ལོ་རེར་སྙན་སེང་ཞུས་ནས་བསྐྱར་ཞུ་བྱེད་དགོས་ཀྱི་འདུག དེ་ལས་ཁྱད་མཚར་བ་ཞིག་ལ་བློ་སེང་གིས་གལ་ཏེ་བཀའ་ཁྲིའི་འོས་ཐོབ་ན་ལོ་ལྔ་ཧར་ཝར་ཊེ་ནས་དགོངས་ཞུ་བྱེད་ཀྱི་ཡིན་ཞེས་བཤད་ཡོད། འོན་ཀྱང་ལོ་ལྔའི་དགོངས་ཞུའི་ཐོབ་ཐང་དེ་འདྲ་མི་འདུག གལ་ཏེ་ཁོ་བཀའ་ཁྲིར་བསྐོས་ན་ཁོའི་ཉམས་ཞིབ་ཀྱི་གོ་སྐབས་དེ་ནས་རྩ་དགོངས་ཞུ་དགོས་ཀྱི་འདུག ད་ལྟ་ཁོས་རྩ་དགོངས་ཞུས་མེད། དེའི་རྒྱུ་མཚན་ནི་བཀའ་ཁྲི་མ་ཆགས་ཚེ་ལས་མེད་དུ་མ་འགྱུར་བའི་སྔོན་འགོགས་རེད།
    གཞན་ཡང་བློ་སེང་གིས་ཁོ་རང་རྒྱ་ནག་འགྲོ་རྒྱུར་བེད་སྤྱོད་བྱས་པའི་ལག་འཁྱེར་དེ་ཁུངས་སྐྱེལ་བྱ་ཕྱིར་འཇམ་དབྱངས་ནོར་བུ་ཡང་ཕྱིན་པ་རེད་ཅེས་བཤད་ཡོད། འོན་ཀྱང་འཇམ་དབྱངས་ནོར་བུས་ཁོ་རང་རྒྱ་ནག་ཏུ་ཕྱིན་མེད་པའི་ར་སྤྲོད་གསལ་པོ་བྱས་འདུག ལྷག་པར་དུ་དོན་དག་འདི་རིགས་ལ་དྲི་བ་དྲིས་དུས་”ཁྱེད་རང་བཀྲས་མཐོང་གི་རྒྱབ་སྐྱོར་བྱེད་མཁན་རེད་འདུག”ཅེས་མི་མང་དཀྱིལ་ལ་ལབ་ཅོལ་བྱེད་ཀྱི་འདུག
    ཉིན་མ་དེང་སང་ང་ཚོས་བཀའ་ཁྲི་འོས་མི་ཚོར་བགྲོ་གླེང་གང་མང་བྱེད་ཀྱི་ཡོད་ཅིང་། དེའི་དོན་ནི་ཁོང་ཚོར་རྒྱུས་མངའ་གཏིང་ཟབ་ལོན་པའི་ཆེད་དུ་ཡིན། གལ་ཏེ་དྲི་བར་ལན་འདེབས་མེད་པར་”དེའི་ཕྱོགས་རེད། ཕ་གིའི་ཕྱོགས་རེད་”ཅེས་བཤད་བསྡད་ན་བགྲོ་གླེང་འདི་འདྲ་གྲ་སྒྲིག་བྱེད་དགོས་དོན་མི་འདུག་ལ། ཁྱེད་ཚོས་དྲིལ་བསྒྲགས་ཀྱང་བྱེད་དགོས་དོན་མི་འདུག
    གང་ལྟར་ཡང་ང་ཚོས་ཧོལ་རྒྱུགས་བྱེད་རྒྱུ་མི་འདུག རྒྱུས་མངའ་ལོན་དགོས་ཀྱི་འདུག ལྷག་པར་དུ་མི་མང་ཚོར་ཆབ་སྲིད་ཀྱི་གོ་རྟོགས་གང་ཡང་མེད་པས་མགོ་སྐོར་གཏོང་ཐུབ་ཀྱི་རེད་སྙམ་མཁན་དེ་ཚོར་ཡིད་གཟབ་བྱ་དགོས་ཀྱི་འདུག ང་ཚོ་ཆབ་སྲིད་ཀྱི་གོ་རྟོགས་ག་ཚོད་ཞན་ཡང་། བོད་གཞུང་མང་གི་འགོ་འཁྲིད་གཅིག་འདེམས་མི་ཐུབ་པའི་ཐབས་སྐྱོ་པོ་དེ་འདྲ་མིན།

    Reply
  7. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལགས་སུ་དྲི་བ་གཅིག་འདོན་གི་ཡིན། དྲྭ་ངོས་འདིར་སུས་བྲིས་མིན་དང་གང་ནས་ཡོང་མིན་མི་ཤེས་པའི་རྩོམ་ཡིག་འཁྱལ་བོ་ཞིག་གློ་བུར་ཆུ་བརྡོལ་བྱས་ནས་ཇི་ལྟར་སླེབས་པ་རེད།

    Reply
  8. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    དངོས་མིང་དང་གབ་མིང་གང་ཡང་མེད་པའི་བསམ་ཚུལ་དེ་ལ་རྒྱབ་སྐྱོར་རྩ་བ་ནས་མེད། གང་ལགས་ཞེ་ན་ཁྱེད་ཀྱིས་བཤད་པའི་སྐད་ཆ་ནི་དོན་དུ་བཀྲས་མཐོང་བཀའ་ཁྲིར་མི་འོས་པས། འོས་དེ་མི་གཞན་གཉིས་ལ་འཕངས་དགོས་པའི་རྨི་ལམ་ལམ། བསམ་མེད་བྱབ་ཆུང་ཞིག་གི་ཉེ་རིང་གི་སྐད་ཆ་རེད། ད་དུང་ཁྱེད་ལ་བཀྲས་མཐོང་གི་དངོས་གཞིའི་འོས་གྲངས་མཐོ་རུ་མི་འགྲོ་བའི་རྒྱུ་མཚན་ག་རེ་ཡོད། ཁྱེད་ཀྱིས་དམངས་གཙོའི་འོས་འཕེན་གྱི་དམག་ཇུས་ཟེར་བའི་དཔྱད་བརྗོད་དེ་བརྗེས་ཏེ༼ ཉེ་རིང་འོག་གི་འོས་འཕེན་ཐབས་ཇུས་༽ཟེར་ན་ངས་ཁྱེད་ལ་རྒྱབ་སྐྱོར་བྱེད་ངེས་རེད་དེ་མིན་གནས་ལུགས་དང་རྒྱུ་མཚན་མེད་པའི་སྐད་ཆ་མ་ཤོད་ལོ།

    Reply
  9. རྒྱ་སྟག་དཀར་པོ says:
    ལོ་ 15 སྔོན།

    “སུས་ཀྱང་འབྱེད་དཀའ་བ་རེད”ཅེས་པ་ཀློག་པ་ཙམ་གྱིས་རྩོམ་པ་པོའི་ཞེ་འདོད་དེ་ཁྲ་རྗེན་ནེ་སྟོན་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese