མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལེ་བྷེ་ཡའི་གསར་བརྗེ་འོས་ལངས།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

 

ལེ་བྷེ་ཡ་ Libya མང་ཚོགས་ཀྱི་གསར་བརྗེ་འོས་ལངས་ལ་སྲིད་གཞུང་གིས་དྲག་གནོན་བྱས་པར། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོས་སྐྱོན་བརྗོད་བྱས་འདུག  

ཉེ་བའི་དུས་སུ་ཨ་རབ་གླིང་གི་ཊོའུ་ནེ་ཤི་ཡ་དང་ཨི་ཇིབ་མང་ཚོགས་ཀྱི་ཡར་ལངས་ལ་རྒྱལ་ཁ་ཆེན་པོ་ཐོབ་སྟེ། སྲིད་གཞུང་མགོ་རྟིང་བསླགས་ཏེ་མང་ཚོགས་ལ་རང་དབང་དང་དམངས་གཙོའི་ལམ་ཆེན་དུ་བསྐྱོད་མགོ་ཚུགས་པ་དེས་དཀྱིལ་ཤར་ཁ་ཆེ་ཡུལ་གྲུ་གཞན་དག་མང་པོ་ཞིག་ལའང་ཤུགས་རྐྱེན་ཐེབས་ཏེ། ཨལ་ཇེ་རི་ཡ་དང་ཡེ་མིན། མོ་རོ་ཀོ་སོགས་རྒྱལ་ཁབ་དང་མངའ་སྡེ་མང་པོ་ཞིག་གི་མང་ཚོགས་ཚོས་སྲིད་དབང་སྒེར་སྤྱོད་ལ་ངོ་རྒོལ་གྱི་གསར་བརྗེ་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཡོད་ཅིང་། ཉིན་འདི་འགར་ལེ་བྷེ་ཡའི་མང་ཚོགས་ཀྱིས་གསར་བརྗེ་ཡར་ལངས་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། དེ་ལ་གཞུང་ཕྱོགས་ནས་དྲག་གནོན་བྱས་ཏེ་མང་ཚོགས་ལ་ཤི་རྨས་ཚབས་ཆེན་བྱུང་ཡོད་འདུག

 ཕྱི་ཚེས་ ༢༠ ནས་༢༡ ཉིན་བར་ལེ་ངྷེ་ཡའི་གྲོང་ཁྱེར་ཆེ་ཤོས་བྷན་ངྒ་ཛེ་ Benghazi གཙོ་བོར་གྱུར་བའི་མང་ཚོགས་ཀྱི་ཡར་ལངས་ས་ཁུལ་ཁག་ཏུ། གཞུང་གི་དྲག་ཆས་དམག་མིས་གདུག་རྩུབ་ཆེན་པོས་དྲག་གནོན་བྱས་ཏེ། མང་ཚོགས་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་སྟབས། ཨ་རི་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ལེ་བྷེ་ཡའི་སྲིད་འཛིན་གྷ་ཌཱ་ཧྥེ་ Muammar Gaddafi ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། དྲག་གནོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་དང་། ཕྱོགས་ཡོངས་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་སྟབས། ཕྱི་ཚེས་ ༢༡ ཉིན་ལྡི་ལིར་ཡོད་པའི་ལེ་བྷེ་ཡའི་གཞུང་ཚབ་པ་སྐུ་ཞབས་ཨལ་ཨེ་སཱ་ཝེ་ Al-Essawai ལགས་གཞུང་ཚབ་ཀྱི་ལས་གནས་ལས་དགོངས་པ་ཞུ་དགོས་པ་བྱུང་འདུག དེ་ནི་ཁོང་གི་ཕ་ཡུལ་ལུང་པའི་མང་ཚོགས་ཀྱི་གསར་བརྗེ་འོས་ལངས་ལ་ལེ་བྷེ་ཡ་གཞུང་གིས་དྲག་གནོན་བྱས་པ་དེར་ངོ་རྒོལ་བྱས་པ་ཞིག་ཡིན་འདུག

ད་ལྟའི་ལེ་བྷེ་ཡ་གཞུང་གི་སྲིད་འཛིན་གྷ་ཌཱ་ཧྥེ་ཟེར་བ་དེས་འདས་པའི་མི་ལོ་ ༤༡ ལྷག་རིང་སྲིད་དབང་སྒེར་གཅོད་ཀྱིས་མི་གཅིག་དབང་སྒྱུར་གྱི་སྲིད་དབང་བཟུང་ཡོད་ཅིང་། ཉེ་ཆར་ལེ་བྷེ་ཡ་ཉེ་འཁོར་གྱི་སྲིད་དབང་སྒེར་གཅོད་བྱེད་མཁན་གྱི་སྲིད་གཞུང་ཁག་ཅིག་མགོ་རྟིང་སློག་ཡོད་སྟབས། ཐེངས་འདིར་ལེ་བྷེ་ཡ་མི་མང་ཚོས་ཀྱང་སོ་སོའི་སྲིད་གཞུང་ལ་གསར་བརྗེ་བྱས་ཏེ། འཛམ་གླིང་སྤྱིའི་འགྲོ་སྟངས་ལྟར་དམངས་གཙོ་དང་རང་དབང་གི་སྲིད་གཞུང་གསར་པ་ཞིག་འཛུགས་དགོས་པའི་རེ་འདུན་འོག གྲོང་ཁྱེར་ཆེ་ཁག་ནང་མི་མང་ཡར་ལངས་ཀྱི་ལས་འགུལ་འདི་སྤེལ་བ་ཞིག་ཡིན་འདུག

མི་མང་གི་འོས་ལངས་དེ་ལ་གཞུང་ཕྱོགས་ནས་དྲག་གནོན་བྱས་ཡོད་པ་མ་ཟད། སྲིད་འཛིན་གྱིས་མུ་མཐུད་མཁྲེགས་བཟུང་གིས་སྔར་ལས་དམ་དྲག་ཆེ་རུ་གཏོང་རྒྱའི་གྲ་སྒྲིག་ཡོད་པ་དང་། ས་གནས་ཁག་ཏུ་དྲག་ཆས་དམག་མི་འགྲེམས་མགོ་བཙུགས་ཡོད་སྟབས། ད་ཆར་མི་སེར་མང་པོ་ཞིག་ལེ་བྷེ་ཡའི་རྒྱལ་མཚམས་བརྒལ་ཏེ། ཊོའུ་ནེ་ཤི་ཡ་དང་ཨི་ཇིབ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བྲོས་བྱོལ་དུ་འགྲོ་བཞིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 1

  1. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    འདི་ནི་འཛམ་བུ་གླིང་གི་སྲིད་དབང་སྒེར་གཅོད་པའི་པགས་པ་བཤུ་བའི་ཡོངས་ཁྱབ་རང་བཞིན་གྱི་ལས་འགུལ་ཞིག་ཏུ་འགྱུར་བཞིན་འདུག་པས་ཧ་ཅང་ལེགས་ལ། ཉེ་དུས་འདིར་རྒྱ་ནག་གྲོང་ཁྱེར་ཁ་ཤས་ཤིག་ཏུའང་མང་གཙོའི་ཡར་ལངས་རྣམ་པ་ཐེངས་འགར་བྱུང་འདུག་པ་ཡང་གསར་འགོད་པས་འཚོལ་ཞིབ་བྱས་ཏེ་ཀློག་པ་པོར་རྒྱུ་ཆ་རུ་སྤེལ་ན་ལེགས་པར་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese