མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་གོམ་བགྲོད།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྲས་འཇིགས་མེད་ནོར་བུས་མགོ་བཙུགས་པའི་ཧྥི་ལོ་ཪཱི་ཌའི་ནང་གི་བོད་རང་བཙན་གྱི་གོམ་བགྲོད་དེ་དེ་རིང་མཇུག་སྒྲིལ་རྒྱུ་ཡིན་པ་རེད།
དགུང་ལོ་དྲུག་ཅུ་རེ་བདུན་ལ་སོན་པའི་བོད་མི་མང་སྤྱི་འཐུས་ཟུར་པ་དབང་ཕྱུག་རྡོ་རྗེ་ལགས་ཀྱིས་གསུངས་པ་ལྟར་ན། བོད་རང་བཙན་གོམ་བགྲོད་པ་མི་གྲངས་ ༢༢ ཡོད་པ་དག་གིས་དེ་རིང་ཕྱི་དྲོར་མེལ་ལེ་སུམ་བརྒྱ་ལྷག་གི་གོམ་བགྲོད་མཇུག་སྒྲིལ་རྒྱུ་ཡིན་པ་དང་། གོམ་བགྲོད་པའི་ཁོངས་སུ་སྲས་ཀུན་དགའ་ནོར་བུ་དང་། འཇིགས་མེད་དམ་པའི་སྲས་རྒན་པ་གཉིས། དེ་བཞིན་མཱེ་ནེ་སོ་ཊ་དང་ནིའུ་ཡོག་ནས་ཕེབས་པའི་བོད་རིགས་བཅས་བོད་མི་ཁྱོན་བསྡོམས་ ༡༢ ཡོད་པ་དང་། མཇུག་སྒྲིལ་གྱི་ལས་རིམ་ཁོངས་སུ་ ཁོང་ཚོས་ ས་དེའི་གྲོང་ཁྱེར་སྤྱི་ཁྱབ་པ་ལ་མཇལ་འཛོམས་དང་བོད་ཀྱི་གློག་བརྙན་གཟིགས་འབུལ་སོགས་ཡོད་པ་རེད།
སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལགས་ཀྱིས་འདས་པའི་ལོ་ངོ་བཞི་ཡི་རིང་སྲས་དམ་པ་འཇིགས་མེད་ནོར་བུ་དང་ལྷན་དུ་གོམ་བགྲོད་མང་པོ་གནང་ཡོད་པ་དང་། ཐེངས་འདིའི་གོམ་བགྲོད་ལ་ཡང་ཞུགས་ཡོད་པ་རེད། ཁོང་གིས་གསུངས་དོན། “ང་གཉིས་ལོ་ ༤ ཡི་རིང་གོམ་བགྲོད་ལ་ཕྱིན་པ་རེད། ཁོང་ནི་མི་ཐུགས་གཤིས་བཟང་པོ་དང་རང་བཞིན་ཡག་པོ། བགད་མོ་འཚེར་འཚེར་གནང་མཁན་དེ་འདྲ་ཞིག་རེད། གོམ་བགྲོད་རིང་ངས་ཁོང་ལ་བོད་ཀྱི་སྒྲུང་རྙིང་པ་འདྲ་བོ་དེ་འདྲ་བཤད་ནས་ང་ཚོ་སེམས་ཐག་ཉེ་བོ་ཆགས་སོང་ལ། ང་ལ་མཚོན་ན་ཡང་ཕ་བུ་ལྟ་བུའི་བརྩེ་བ་ཞིག་སླེབས་སོང་།” ཅེས་གསུངས་སོང་།
ཟླ་འདིའི་ཚེས་ ༡༤ ཉིན་ཁོང་གིས་འཇིགས་མེད་དམ་པ་དང་ལྷན་དུ་རང་བཙན་གོམ་བགྲོད་འདི་མགོ་བཙུགས་པའི་སྐོར་ལ་འགྲེལ་བཤད་སྐབས། “ང་ཚོ་ལ་གནས་ཚང་ཡག་པོ་ཞིག་རག་ཡོད། ང་ཚོ་མགོ་འཛུགས་ཀྱི་མཛད་སྒོ་ཞིག་བྱས་ཏེ་གོམ་པ་བརྒྱབ་པ་ཡིན། འཇིགས་མེད་ལགས་ཀྱིས་ད་དུང་གོམ་བགྲོད་གཞན་དག་ཀྱང་བྱེད་འཆར་ཡོད་པའི་སྐད་ཆ་བཤད་གི་འདུག ད་དུང་༧རྒྱལ་བ་རིན་པོ་ཆེ་ཌི་སཱི་ལ་ཕེབས་པའི་སྐབས་སུ་ཡང་གོམ་བགྲོད་བྱེད་རྒྱུའི་སྐོར་གསུངས་གི་འདུག ངས་ཁོང་ལ་དེ་དུས་ཁྱོད་ནས་གོམ་བགྲོད་ཀྱི་སྐོར་ལ་གསུང་བཤད་ཅིག་གནང་ཐུབ་ན་ཡག་པོ་འདུག་ཅེས་བཤད་པ་ཡིན། ཁོང་གིས་ཀྱང་དེ་ཡག་པོ་འདུག་དགོངས་འདུག ད་འཆར་གཞི་དེ་ཚོ་འཁྲུགས་པ་རེད། སེམས་སྐྱོ་པོ་འདུག སེམས་ཕམ་ཆེན་པོ་འདུག”ཅེས་གསུངས་སོང་།
ཡང་ཁོང་གིས་ གོམ་བགྲོད་འདི་མུ་མཐུད་དགོས་པའི་སྐོར་ལ་གསུངས་སྐབས། “ཚེས་ ༡༥ ཉིན་ནས་ང་དང་ཨ་རིའི་བུ་མོ་ཌོ་ནཱ་གཉིས་གྲོས་བྱས་ཏེ་གོམ་བགྲོད་མུ་མཐུད་བྱེད་རྒྱུའི་ཐག་གཅོད་བྱས་པ་ཡིན། དེ་ལ་ང་ཚོའི་གནས་ཚང་བཟའ་མི་གཉིས་ཀྱིས་ཀྱང་། ཁྱོད་གཉིས་གཅིག་པུ་འགྲོ་ན་ཉེན་ཁ་ཆེན་པོ་རེད། ང་གཉིས་ཀྱིས་ཀྱང་ལས་ཀ་ནས་དགོངས་པ་ཞུས་ཏེ་ལྷན་དུ་བཅར་གི་ཡིན་ཞེས་གསུངས་ནས་ང་ཚོ་ཕྱིན་པ་རེད། རྗེས་ལ་བོད་རིགས་རྣམས་ཀྱང་ཕྱོགས་མང་པོ་ནས་ཕེབས་པ་རེད།”ཅེས་གསུངས་བྱུང་།
ཡང་ཁོང་གིས་གསུངས་པ་ལྟར་ན། འཇིགས་མེད་ནོར་བུ་ནི་བོད་རྩ་དོན་ལ་ཕྱག་ལས་གནང་སྐབས་སྐྱིད་འདོད་དང་རྫིག་འདོད་བྱེད་མཁན་ཞིག་རྩ་བ་ནས་མིན་པ་མ་ཟད། དཀའ་ལས་དང་སྡུག་རུས་ལ་བཟོད་སྒོམ་བྱེད་ཐུབ་མཁན་ཞིག་ཡིན་པ་རེད་ལ། རྐང་པ་ལ་ཆུ་ལྒང་ཐོན་པ་སོགས་ན་ཚ་ཅི་ཙམ་ཆེ་ན་ཡང་ཨ་ཚ་ཙམ་ཡང་མི་གསུངས་པར་གོམ་བགྲོད་གནང་མཁན་ཞིག་ཡིན་པ་རེད། ཁོང་གིས་གོམ་བགྲོད་ཆེད་འཁྱེར་བའི་སྒམ་དེའི་ནང་དུ་འང་ ཨུ་མུ་སུ་འགའ་རེ་དང་། སྟོད་ཐུང་ཊི་ཤིར་ཊི་འགའ་རེ། ལྷམ་ཆ་གཅིག དེབ་ཁ་ཤས་བཅས་མ་གཏོགས་ གྱོན་ཆས་རྫིག་པོ་སོགས་གང་ཡང་བསྣམས་མི་འདུག་ཅེས་གསུངས་སོང་ལ། མཐར་ཁོང་གིས། “འཇིགས་མེད་ནོར་བུ་སྐུ་གཤེགས་པ་དེ་བོད་ཀྱི་རྩ་དོན་ཆེད་སྐུ་གཤེགས་སོང་། ད་ང་ཚོས་ཁོང་གིས་བརྩམས་པའི་ལས་དོན་འདིའི་མཇུག་འཁྱོལ་བ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ད་ལས་ཀ་བྱེད་རྒྱུ་དེ་གལ་ཆེན་པོ་འདུག”ཅེས་གསུངས་སོང་།
འཇིགས་མེད་དམ་པའི་འདས་མཆོད་ཀྱི་མྱ་ངན་ཞིག་ཁོང་བཞུགས་སའི་གྲོང་ཁྱེར་སྤྱི་ཁང་དུ་ ཟླ་ ༣ ཚེས་༡ རེས་གཟའ་མིག་དམར་ཉིན་གནང་གི་ཡོད་པ་རེད། འཇིགས་མེད་དམ་པའི་བྱིས་པ་ཚོའི་ཆེད་དུ་ཡིད་ཆེས་ཐེབས་རྩ་ཞིག་འཛུགས་བཞིན་པ་དེར་ཞལ་འདེབས་ཀྱང་འབུལ་ཆོག་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese