མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནད་འགག་མི་འདུག་ཨེ། – ཁང་གསར་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp







༅༅།། དེང་སྐབས་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེས་ཕྱིར་སྡོད་ཀྲུང་གོ་བའི་ལག་ཁྱེར་བཟུང་སྟེ། རྒྱ་ནག་ཏུ་བསྐྱོད་པའི་གནས་ཚུལ་དེ་གནད་དོན་ཚབས་ཆེན་དུ་བརྩི་བ་དང་གནད་དོན་གཏན་ནས་མེད་པ་ཞིག་ཏུ་བརྩི་བ་བཅས་ལྟ་སྟངས་གཉིས་སུ་གྱེས་ཡོད།

            ད་ཕན་རྒྱ་ནག་གཞུང་གིས་བོད་རྒྱ་ནག་གི་མངའ་ཁོངས་ཡིན་པར་ཧམ་བཤད་བྱེད་པའི་དཔང་རྟགས་ཡིག་ཆའི་ནང་ནས་གྲངས་མང་ཤོས་དང་མངོན་གསལ་ཆེ་ཤོས་ནི། རྒྱ་ནག་གི་གོང་མ་རིམ་བྱུང་གིས་བོད་ཀྱི་བླ་ཆེན་དང་མི་ཆེན་ཚོར་སྤྲད་པའི་ཐམ་ཀ་དང་འཇའ་ས་དེ་ཚོ་རེད་ལ། བོད་རང་ངོས་ནས་རང་བཙན་ཡིན་པའི་སྒྲུབ་བྱེད་གལ་གནད་ཆེ་ཤོས་ཤིག་ཀྱང་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་རྒྱ་ནག་གིས་དངུལ་དངོས་ཀྱིས་བསླུ་བྲིད་ཇི་ལྟར་བྱས་ཀྱང་མགོ་མ་འཁོར་བར་བོད་རང་གི་ལག་ཁྱེར་ཞིག་འཁྱེར་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སོང་བ་དང་། དེའི་ཐོག་ཕྱིའི་རྒྱལ་ཁབ་ཚོས་ཐོངས་མཆན་སྤྲད་པ་དེ་རེད།  དེ་སྔོན་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་ཏུ་རྒྱ་ནག་གི་མཁས་པ་ཞིག་གིས་གྲོས་མཐུན་དོན་ཚན་ ༡༧ མ་བཞག་གོང་ནས་བོད་དེ་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བརྗོད་སྐབས། བོད་ཀྱི་མཁས་དབང་ཟླ་བ་ནོར་བུ་དམ་པ་དེས། དོན་ཚན་ ༡༧ འཇོག་པར་ཡོིང་མཁན་བོད་ཀྱི་སྐུ་ཚབ་ཚོ་རྒྱ་གར་ནས་རྒྱ་ནག་ལ་ཡོང་སྐབས་ལག་ཁྱེར་ག་རེ་འཁྱེར་ཡོད་རེད། ཅེས་གནད་འགག་ཅན་གྱི་དྲི་བ་གཅིག་བཏོན་ཏེ་བོད་རང་བཙན་ཡིན་སྟངས་དག་སྐྱེལ་གནང་བ་ང་རང་གིས་དངོས་སུ་མཇལ་མྱོང་།

            རེད། ད་ལྟ་ལག་ཁྱེར་དེ་འདྲ་ཞིག་བཟུང་ན། སྐྱོན་མེད་པའམ་སྐྱོན་ཆུང་ཆུང་ཡིན་པར་མཐོང་སྲིད། འོན་ཀྱང་སྔོན་གྱི་རྒྱ་ནག་གོང་མའི་ཐམ་ཀ་དང་འཇའ་ས་དེ་ཚོ་གནང་དུས་སུའང་། མང་པོ་ཞིག་གིས་ཕུགས་སྐྱོན་མ་མཐོང་བར་བླངས་པ་རེད། འདི་ལྟར་གཅིག་བསགས་གཉིས་བསགས་བྱས་ཏེ་ཐ་མ་མི་རབས་ནས་མི་རབས་བར་རང་མགོར་གཞུ་བྱེད་ཀྱི་གསེར་ཐམ་དང་དངུལ་ཐམ། འཇའ་ས་གསེར་བྲིས་མ་དང་དངུལ་བྲིས་མ་དེ་ཚོ་བྱུང་བ་རེད། བཙན་བྱོལ་ནང་ལ་མཚོན་ན། གནད་དོན་དེ་ཚོ་བོད་མི་ཚོས་མ་ཤེས་པ་མ་རེད་ལ་གདོང་ལེན་གྱི་གྲ་སྒྲིག་ཀྱང་མ་གནང་བ་མ་རེད། དཔེར་ན། ༡༩༧༩ ལོར་བོད་ནང་གཉེན་འཕྲད་འགྲོ་བའི་གོ་སྐབས་ཤར་བའི་སྐབས་ནས་བཟུང་། བོད་མི་མང་པོས་ཡུན་རིང་བྲལ་བའི་གཉེན་སྤུན་ཐུག་ཆེད་དང་དེ་མིན་གྱི་དོན་དག་ཆེད་བོད་ལ་འགྲོ་བཞིན་པ་དང་། དེ་ལ་རྒྱ་ནག་གཞུང་གིས་ཀྲུང་གོའི་ཕྱི་སྡོད་རང་མིའམ། རྒྱ་ནག་གི་ཕྱིར་སྡོད་མི་སེར་ཞེས་བའི་ལག་དེབ་ཅིག་སྤྲོད་བཞིན་ཡོད་པ་ཤེས་ཡོད། ལག་དེབ་དེའི་རྒྱབ་ཤོག་ནང་མའི་དོན་ཚན་ཞིག་གི་ནང་། རང་ཉིད་རྒྱ་ནག་གི་མི་ཁོངས་(མི་སེར་ཞེས་བྲིས་པའང་འདུག)ཡིན་པ་ཁས་ལེན་བྱ་དགོས་ཞེས་གསལ་བོ་བྲིས་ཡོད། བཙན་བྱོལ་བོད་མི་དང་བོད་གཞུང་གིས་འདི་གནད་དོན་ཞིག་ལ་བརྩིས་ཏེ་བོད་དུ་འགྲོ་མཁན་བཙན་བྱོལ་བོད་མི་ཚོས་འགེངས་ཤོག་ཅིག་བསྐང་དགོས་པའི་སྲོལ་ཡིག་གཏན་ལ་ཕབ། འགེངས་ཤོག་དེའི་ནང་། ཐབས་ཤེས་མེད་པའི་གནས་ཚུལ་འོག་རྒྱ་ནག་གི་ཕྱི་སྡོད་རང་མིའི་ལག་འཁྱེར་ལེན་དགོས་བྱུང་བ་མ་གཏོགས། རང་མོས་ཀྱིས་བླངས་པ་མིན་ཞེས་པའི་ནང་དོན་ལ་མིང་རྟགས་འགོད་དགོས། འདི་ལྟར་རྒྱ་ནག་གཞུང་གིས་ཀྱང་ལག་འཁྱེར་དེ་ལེན་མཁན་གྱི་ཐོ་གཞུང་བསགས་ཡོད་རེད་ལ། བོད་གཞུང་གིས་ཀྱང་འགེངས་ཤོག་དེ་བསགས་ཡོད་པ་རེད།

            བློ་བཟང་སེང་གེར་དག་འབུད་བྱེད་མཁན་ཁ་ཤས་ཀྱིས་༸གོང་ས་མཆོག་གིས་རྒྱ་ནག་གི་མི་སེར་གནང་འདུན་ཡོད་ཅེས་གསུངས་ཟིན་ལུགས་དང་། བློ་བཟང་སེང་གེ་ངོ་མས་སྔོན་མ་(༡༩༩༥ གོང་ལ་ཟེར་)༸གོང་ས་མཆོག་གི་སྐུ་ཚབ་སྐུ་འཁོར་དང་བཅས་པ་རྒྱ་ནག་ལ་ཕེབས་སྐབས་ཕྱིར་སྡོད་ཀྲུང་གོ་བའི་ལག་འཁྱེར་བསྣམས་ཡོད་ཚུལ་དང་། ད་ལྟའི་སྐུ་ཚབ་སྐུ་འཁོར་ནང་དུའང་རྒྱ་གར་གྱི་ལག་དེབ་སེར་པོ་འཁྱེར་མཁན་ཚོས་རྒྱ་ནག་གི་ཕྱིར་སྡོད་རང་མིའི་ལག་འཁྱེར་ཁྱེར་ནས་སོང་བ་དེ་ལམ་ལུགས་སྲོལ་ཞིག་ཡིན་ཚུལ་ལྟ་བུ་བརྗོད་ཡོད། འདི་ལྟར་རང་དང་རང་ཕྱོགས་ཀྱི་འོས་མི་ཞིག་གི་ནོར་འཛོལ་དག་འབུད་ཀྱི་ཆེད་དུ། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་དེའི་སྐུ་ཚབ་བཅས་པའང་ནག་པོ་བཟོ་བར་ཐེ་ཚོམ་མི་བྱེད། དོན་དམ་དུ་༸གོང་ས་མཆོག་གིས་བོད་ཡོིངས་ཆིག་སྒྲིལ་ཐོག་མིང་དོན་མཚུངས་པའི་རང་སྐྱོང་དོན་སོན་བྱུང་ན། རྒྱ་ནག་གི་མི་སེར་གནང་འདོད་ཡོད་ཅེས་གསུངས་པ་ལས་གཞན་གསུངས་མེད། ད་ཕན་བོད་རྒྱའི་བར་གྱི་འགག་ས་གཙོ་བོ་ཞིག་ནི་བོད་ཀྱི་འདས་པའི་ལོ་རྒྱུས་ལ་ཆབ་སྲིད་ཀྱི་དགོས་མཁོ་བཞིན་འགྱུར་བ་གཏོང་མི་གཏོང་དང་། བོད་ཡུལ་ཡོངས་རྫོགས་ཆིག་སྒྲིལ་བྱེད་དང་མ་བྱེད་ཀྱི་གནད་དེར་ཐུག་ཡོད་པ་དེ་སྤྱི་དོན་གླེང་མཁན་ཚང་མས་མཁྱེན་དགོས་བ་ཞིག་རེད།

དེ་མིན་ ༡༩༧༩ ནས་བོད་གཞུང་གི་སྐུ་ཚབ་ཚོགས་པ་བོད་ནང་དང་རྒྱ་ནག་ཏུ་ཕེབས་སྐབས། རྙོག་དྲ་ཡོང་རྐྱེན་མེད་པའི་ལག་འཁྱེར་ཞིག་གི་ཐོག་ཕེབས་བཞིན་ཡོད་ཀྱང་། ལོ་རབས་དགུ་བཅུ་པའི་ནང་རྒྱ་གཞུང་གིས་བོད་ཀྱི་སྐུ་ཚབ་རྣམ་པ་ཡང་ཕྱིར་སྡོད་རང་མིའི་མིང་ཐོག་ནས་ཡོང་དགོས་ཞེས་བཤད་ཅིང་། བོད་ཕྱོགས་ནས་དེ་ལ་ཁས་ལེན་མ་བྱས་པར་སྐབས་ཤིག་རིང་འབྲེལ་མོལ་མཚམས་ཆད་པ་དེ་ཡོངས་གྲགས་རེད་ལ། དེའི་སྐོར་འབྲེལ་ཡོད་མི་སྣ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་དང་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་སོགས་ཀྱིས་སྤྱི་ཚོགས་ནང་གསལ་པོ་བཟོས་ཟིན། འོན་ཀྱང་བཙན་བྱོལ་བོད་གཞུང་དང་སྤྱི་ཚོགས་ཀྱི་སྒྲོམ་གཞི་ཡོངས་རྫོགས་རྒྱུས་ཡོད་པར་སྒྲོག་ཅིང་། ལྷག་པར་བཀའ་བློན་དང་དྲུང་ཆེ་སོགས་ཆེ་ཆེ་རྫིག་རྫིག་ཡོངས་རྫོགས་ལ་བཅར་འདྲི་ཞུས་ཏེ་བཙན་བྱོལ་གྱི་གནད་འགག་ཆེ་མ་ཆུང་གསུམ་ལ་ནང་བྱན་ཆུད་ཟིན་པ། ཡང་སྒོས་བོད་རྒྱའི་འབྲེལ་ལམ་ལ་ཉམས་ཞིབ་གཏིང་ཟབ་ཀྱི་“ཁྱད་མཁས་”པར་གྱུར་ཡོད་ཟེར་མཁན་ཁྲིམས་འཛིན་རིག་པ་བ་བློ་བཟང་སེང་གེས་གནད་འགག་ཆེས་ཆེ་ས་འདི་མ་ཤེས་པ་ཡ་མཚན་རེད།

            ཉེ་ཆར་བོད་དང་རྒྱ་ནག་ཏུ་ཕེབས་དང་ཕེབས་བཞིན་པའི་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་སྐུ་ཚབ། ཁོང་རྣམ་པའི་ཕྱག་རོགས་བཅས་པའང་རྙོག་དྲ་ཡོང་ས་མེད་པའི་ལག་འཁྱེར་ཞིག་གི་ཐོག་ནས་ཕེབས་བཞིན་པ་དེ་དྭགས་པོ་བསོད་ནམས་ནོར་བུས་གསལ་པོ་བཟོས་ཡོད་ལ། དམིགས་བསལ་སྐུ་ཚབ་དང་སྐུ་ཚབ་གཉིས་ཀྱི་མི་ཁུངས་ལག་འཁྱེར་གྱི་གནས་བབས་ཆ་ནས་ཀྱང་དེ་འདྲའི་དཀའ་ངལ་ཡོང་ས་མེད།

            ད་དུང་འདི་ལས་འཕྲོས་ཏེ་མི་འགས་གནད་དོན་གཞན་ཞིག་བསླངས་ཡོང་བ་ནི། ཨ་རི་དང་ཁ་ཎ་ཌ་སོགས་སུ་སྐྱབས་བཅོལ་དུ་ཡོང་སྟེ་ཡུལ་གྲུ་དེ་ཚོའི་མི་སེར་ཆགས་པའི་བོད་མི་ཚོས། འགེངས་ཤོག་ནང་རང་གི་ཐོག་མའི་ཡོང་ཁུངས་ཡུལ་གྲུ་རྒྱ་ནག་ཡིན་ཞེས་བྲིས་ཡོད་ཚུལ་དེ་རེད། སྤྱིར་བཏང་དེ་ལ་གནས་ཚུལ་སྣ་ཚོགས་ལས་གཅིག་གྱུར་ཞིག་མེད། འདི་ག་ཁེ་ཎ་ཌའི་ནང་ལ་མཚོན་ན། བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་བསྟན་རྒྱུ་ཡོད་ན་ཡིག་ཆ་གཞན་ཅི་ཡང་མི་དགོས་པར་སྐྱབས་བཅོལ་བར་ཁས་བླངས་པ་སྟོང་ཕྲག་བྱུང་ཡོད་ལ། མི་རྒྱུད་ཀྱི་འགེངས་ཤོག་ནང་། ཨ་རི་དང་ཁེ་ན་ཌའི་ནང་གི་བོད་མི་ཚོས་ Tibetan ཞེས་འབྲི་བ་ལས་Chinese ཞེས་འབྲི་མཁན་མེད། རྒྱལ་ཁབ་གང་ནས་ཡོང་བའི་རེའུ་མིག་ནང་རྒྱ་གར་དང་བལ་ཡུལ་ནས་ཡོང་བར་ཁས་ལེན་མཁན་ཚོས་རྒྱ་གར་དང་བལ་ཡུལ་ཞེས་འབྲི་བ་དང་ཉེ་ཆར་བོད་ནས་ཡོང་བ་ཡིན་ཟེར་མཁན་ཚོས། བོད་དམ་ད་ལྟའི་རྒྱ་ནག་འོག་གི་བོད་ཅེས་འབྲི་བཞིན་ཡོད། ཡང་མང་པོ་ཞིག་གིས་རྒྱལ་ཁབ་མེད་པའི་མི་(Stateless)ཞེས་བྲིས་པའང་ཡོད།

            བློ་བཟང་སེང་གེས་བོད་གཞུང་ལ་རྒྱ་ནག་ལ་བསྐྱོད་ཆོག་པའི་བཀའ་འཁྲོལ་ཞུས་ཡོད་པ་དེ་གསལ་པོ་ཆགས་ཡོད་ཀྱང་། བཀའ་འཁྲོལ་ཞུ་སྐབས་ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་འཁྱེར་ཁྱེར་ཏེ་འགྲོ་བཞིན་ཡོད་པ་དེ་བོད་གཞུང་ལ་ཞུས་ཡོད་མེད་གསལ་པོ་མེད། འོན་ཀྱང་བོད་གཞུང་གིས་གཏན་ལ་ཕབ་པའི་འགེངས་ཤོག་དེ་བསྐངས་མེད་པ་གསལ་པོ་རེད།

            རྒྱ་ནག་གི་ཕྱིར་སྡོད་རང་མིའི་ལག་ཁྱེར་བླངས་པ་ཙམ་གྱིས་ལམ་སང་ཁྲིམས་ཐོག་ནས་རྒྱ་ནག་གི་མི་སེར་ཆགས་ཀྱི་མེད་ཀྱང་ཉུར་མཐར་ལག་འཁྱེར་འཁྱེར་མཁན་དེའི་མི་རྒྱུད་ཀྲུང་གོ་བའམ་རྒྱ་ནག་པ་ཡིན་པ་དང་། ད་ལྟ་རྒྱ་ནག་གི་ཕྱི་རོལ་དུ་གནས་སྡོད་བྱེད་པ་སྟོན་ཞིང་། དེ་བཞིན་ལག་འཁྱེར་འཁྱེར་མཁན་རང་ངོས་ནས་རང་ཉིད་རྒྱ་ནག་གི་མི་སེར་ཡིན་པར་སེམས་གཏིང་ནས་ཁས་ལེན་བྱེད་མིན་ཇི་ལྟར་ཡང་། ལག་ཁྱེར་སྤྲོད་མཁན་རྒྱ་ནག་གཞུང་གིས་ལག་ཁྱེར་སྤྲོད་ཡུལ་དེ་ཕྱི་རྒྱལ་བར་བརྩི་ཡི་མེད་པ་དེ་གསལ་པོ་རེད། དེ་ནི་མཐར་གཏུགས་ནས་བཤད་ན་ལོ་རྒྱུས་ཀྱི་གནད་དོན་ཅིག་དང་། བོད་ལ་སྦྱར་ནས་བཤད་ན། བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཡིན་མ་ཡིན་དང་འབྲེལ་བའི་གནད་དོན་ཞིག་ཆགས་ཡོད།

            ཀུ་རེ་ཚུན་དུའང་”རྒྱ་ནག་གི་ཨོ་བྷ་མ་”བྱེད་འདོད་ཡོད་པ་ཞིག་དང་། བོད་པ་ཚོས་“ཇོ་ཁང་ནང་སྲོང་བཙན་སྒམ་པོ་དང་མཉམ་དུ་ཨ་ཅེ་རྒྱ་བཟར་ཕྱག་འཚལ་བ་དེས་བོད་པས་རྒྱ་མིར་འཁོན་འཛིན་རྒྱུན་བཅངས་བྱས་མེད་པ་མཚོན་”(འབྲེལ་ཐག་འདི་ལ་གཟིགས། http://asiaquarterly.com/2006/01/27/ii/)ཞེས་འཁྱོག་བཤད་བྱེད་པ། ལྷག་པར་དུ་བོད་མི་བཙན་བྱོལ་བའི་འགྲུལ་བཞུད་ཅེས་པའི་རྩོམ་ཡིག་ནང་བོད་ཀྱི་སྔོན་མའི་སྤྱི་ཚོགས་དེ་རྒྱ་གཞུང་གི་བཤད་སྟངས་ལྟར་“བཀས་བསྐོས་རྒྱུན་འཛིན་ཞིང་བྲན་ལམ་ལུགས་རེད་”ཅེས་བོད་གཞུང་དང་༸གོང་ས་མཆོག་གི་ལངས་ཕྱོགས་ཀྱི་ལྡོག་ཟླར་ལངས་ནས་སྨྲས་ཐོག ‘‘[ཏཱ་ལའི་]བླ་མས་ཡིན་གཅིག་མིན་གཉིས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་སྤྲད་དེ་རང་གི་ཡིག་ཚང་དེ་ཆོས་ཕྱོགས་རྐྱང་པར་བསྒྱུར་དགོས། གལ་ཏེ་ཁོང་(ཏཱ་ལའི་བླ་མ་)གིས་ཁོང་ཚོ་དམངས་གཙོ་ཡང་དག་པའི་ལམ་ལ་འཁྲིད་རྒྱུ་ཡིན་ན། ཁོང་གིས་ཟུར་གཡོལ་གནང་སྟེ་ཆོས་བྲལ་སྲིད་ལུགས་ཤིག་དར་སྤེལ་ཡོང་འཇུག་དགོས་པ་མིན་ནམ་’’(མ་ཡིག་གི་འབྲེལ་ཐག་འདི་ལ་གཟིཌ། http://www.phayul.com/news/article.aspx?id=509&t=1)ཞེས་༢༠༠༣ ནས་༸གོང་ས་མཆོག་གི་ཆབ་སྲིད་སྐུ་དབང་རྩིས་སྤྲོད་དགོས་འདུན་ཡིག་ཐོག་ཏུ་བཀོད་ནས་བཏོན་ཡོད། དོན་དངོས་ཀྱི་ལོ་རྒྱུས་དང་བདེན་པ་ཟེར་བ་ནི་འཇུ་ས་མེད་པ་ཞིག་ཏུ་འདོད་པའི་གང་ཟག་སྒེར་པ་ཞིག་ལ་མཚོན་ན། ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་ཁྱེར་གྱི་གནད་དོན་དེ་ཚོ་ཡང་ཚུར་ལེན་རྒྱུ་ཅི་ཡང་མེད་པ་ཞིག་གི་ཆེད་དུ་ཕར་རྒྱ་ནག་ལ་འཇུ་ས་སྤྲོད་པ་ཞིག་ཡིན་སྲིད་ཐོག དཀའ་ངལ་དང་རྙོག་དྲ་དེ་ཚོ་དེ་རིང་བློ་བཟང་སེང་གེ་སྒེར་གྱི་གླེང་རྙོག་ཡིན་པ་འདྲ་ཡང་། བཀའ་བློན་ཁྲི་པ་ཆགས་པའི་ཉིན་ནས་ང་ཚོ་གངས་ཅན་པ་ཡོངས་ཀྱི་དཀའ་རྙོག་ཅིག་ཏུ་གྱུར་ཡོད་པས། དོ་བདག་བློ་བཟང་སེང་གེའི་ངོས་ནས་གནས་ཚུལ་འདི་ཚོར་གཡོལ་ཐབས་ཀྱི་འགྲེལ་བཤད་སྙན་མོ་རྒྱག་པ་ལས་ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་ཁྱེར་དེ་དགོས་དབང་གིས་ལེན་དགོས་བྱུང་བའི་གསལ་བསྒྲགས་ཤིག་སྤེལ་ཏེ་གཙང་མ་བཟོས་ན་རང་དང་བོད་སྤྱི་ལ་ཕུགས་སུ་ཕན་ཐོགས་ཆེ་བར་མཐོང་ངོ་།། །།

ཟུར་དུ་འཕྲོས་བཤད་བྱེད་དགོས་པ་ཞིག་ལ་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་ལ་“ཏཱ་ལ་”ཞེས་པ་ལས་མཇུག་གི་“བླ་མ་”ཞེས་པ་དེ་མི་འབྲི་བ་མང་ཞིང་། བློ་བཟང་སེང་གེའི་རྩོམ་ཡིག་ནང་“ཏཱ་ལ་”མ་བྲིས་པར་“བླ་མ་”གཅིག་པུ་ལན་མང་དུ་བཀོལ་བ་འདི་བཙན་བྱོལ་སྤྱི་ཚོགས་ནང་ཐོག་མ་དང་ཐ་མ་གཉིས་ཀ་ཡིན་པའི་རེ་བ་ཡོད། རྒྱ་ནག་གཞུང་གིས་“ཏཱ་ལ་”གཅིག་པུ་འབྲི་བ་དེ། ཏཱ་ལའི་བླ་མ་ནི་བླ་མ་ཙམ་མ་རེད། ཆོས་གོས་གྱོན་པའི་སྲིད་དོན་པ་རེད་ཅེས་བརྗོད་མུས་དེ་མཚོན་བྱེད་དུ་ཡིན་སྲིད་ཅིང་། བློ་བཟང་སེང་གེས་“ཏཱ་ལ་”མ་བྲིས་པར་“བླ་མ་”འབྲི་བ་འདི། རང་གི་རྩོམ་ནང་དགོས་འདུན་བཏོན་པ་བཞིན་༸གོང་ས་མཆོག་གིས་ཆབ་སྲིད་བཞག་ནས་བླ་མའི་ཆོས་ཕྱོགས་ཀྱི་མཛད་པ་ཁོ་ན་སྐྱོང་དགོས་པའི་མཚོན་བྱེད་ཡིན་ཤས་ཆེ།། །།

 

 

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 137

  1. རྒྱལ་བསྟན། says:
    ལོ་ 14 སྔོན།

    ཁང་གསར་རྡོ་རྗེ་ལགས་ནས་དཔྱད་བརྩོམ་ལེགས་པོ་ཞིག་སྤེལ་འདུག ཐུགས་རྗེ་ཆེ། དཔྱད་བརྩོམ་དེ་འདྲ་མང་ཙམ་དྲ་ཐོག་དང་ཚགས་པར་སྟེང་བསྐོས་ཐུབ་ན་མཐོང་རྒྱ་ཆུང་བ་ངེད་འདྲ་བ་ཚོར་ཕན་པ་ཆེན་པོ་འདུག བཀའ་བློན་ཁྲི་པའི་འོས་མི་ཞིག་གི་ཕྱི་བསྡོད་རྒྱ་མིའི་ལག་འཁྱེར་བླངས་པ་དེ་སྲིད་དོན་སྟེང་གནད་འགག་ཆེན་པོ་ཞིག་ཡིན་པ་སྨོས་མེད་རེད། བློ་སེང་གིས་དག་སེལ་གནང་དགོས་པ་གལ་གནད་རེད་
    རབ་གནས་ལྕགས་མོ་ཡོས་ལོའི་གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་དང་ རྗེས་ལོའི་ལོ་གསར་དེ་གཞི་བྱེས་མཉམ་འཛོམས་ངང་རང་ཡུལ་གངས་ཅན་ལྗོངས་ལ་གཏོང་ཐུབ་པའི་སྨོན་འདུན་ཞུ།

    Reply
  2. གླང་དར་མ། says:
    ལོ་ 14 སྔོན།

    དྲ་གྲོགས་ཁང་གསར་ལགས་དང་ཅོ་རི་ལགས་གཉིས་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ཡིན་ནའི་སུད་སི་དང་ སྦེལ་ལྗམ་ ཧོ་ལན་ འཇར་མན་ གྷི་རི་སི་སོགས་ནང་གནས་སྡོད་བྱེད་མཁན་བོད་མིའི་ལག་ཁྱེར་སྟེང་རྒྱལ་ཁོངས་རྒྱ་ནག་དང་མི་རིགས་རྒྱ་མི་ཞེས་བྲིས་འདུག། དེ་ཚོ་འགྲིག་པ་ཡིན་ནམ་ཡང་ན་ནོར་འཁྲུལ་རེད་དམ། དྲ་གྲོགས་ཡོངས་ལ་བོད་རྒྱལ་ལོ་ ༢༡༣༨གསར་བཞད་ལ་བཀྲིས་བདེ་ལེགས་དང་བོད་རྒྱ་ཆེའི་མི་དམངས་ཀྱི་བསམ་དོན་གང་འགྱོགས་སྒྲུབ་པར་སྨོན། བོད་རྒྱལ་ལོ།།།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གནད་འགག་ཡོད་ས་དེ་ནི། བློ་སེང་ལས་བཀྲས་མཐོང་བཟང་བ་དང་། ཁོང་གཉིས་ལས། བཀྲ་དབང་བརྟན་པ་མི་འདུག་གེ འདི་ཞུ་བའི་ཞོར་དུ་དྲ་གྲོགས་ཚང་མར། བོད་ཀྱི་ལོ་གསར་བཀྲ་བདེ་ལེགས་ཡོད། །

    Reply
  4. yangchendolkar says:
    ལོ་ 14 སྔོན།

    རྣམ་དཔྱོད་ལྡན་པ་སྐུ་ཞབས་ཁང་རྡོར་ལགས་ཀྱིས་བོད་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་ཅིག་ལ་འོས་བབ་མེད་པའི་གནས་ཚུལ་ཏེ། བློ་སེང་གིས་ནམ་རྒྱུན་སྤྱི་ཚོགས་ནང་སྐྱག་རྫུན་དང་ཧམ་བཤད་མང་པོ་བཤད་ཀྱི་ཡོད་སྐོར་ཐེར་འདོན་གནང་པ་ཧ་ཅང་དྲང་པོ་དང་གནད་འགག་རེད་དྲན།
    ད་དུང་གལ་ཆེ་ཤོས་ཤིག་རྣམ་པ་ཚོས་མཁྱེན་གྱི་མི་འདུག ཕྱི་ལོ་༢༠༠༩ ཟླ་༥ ནང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཧ་ཝཌ་གཙུག་ལག་སློབ་གྲྭར་ཆིབས་སྒྱུར་བསྐྱངས་སྐབས་བློ་སེང་གིས་གཟིམས་ཆུང་མཇལ་ཁ་ཞུས་ཏེ། ཁཽང་རང་དེ་གའི་ཉམས་ཞིབ་པ་དངོས་གཞི་ཆགས་པ་ལ། ཁོང་རང་གིས་སློབ་གྲྭ་ལ་ཨ་སྒོར་ས་ཡ་བདུན་ལྷག་གི་མ་དངུལ་ཐབས་འཚོལ་བྱེད་དགོས་པས། དངུལ་ཕོན་ཆེ་དེ་འདྲ་རག་གི་མི་འདུག རྒྱལ་བ་རིན་པོ་ཆེ་ནས་ཐབས་འཚོལ་གནང་དགོས་པའི་སྙན་གསན་ཞུས་འདུག དེ་ཧ་གོ་བ་ནས་བླ་སེང་ཟེར་པའི་མི་དེ་ལ་སྐྱུག་མེར་གཏིང་ནས་ལོག་བྱུང།

    Reply
  5. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ཁང་གསར་རྡོ་རྗེ་ལ་དྲི་བ་ཁག་ཅིག་།
    ༡ བློ་སེང་བོད་དོན་ཆེད་རྒྱ་ནག་ལ་འགྲོ་དུས་། གལ་སྲིད་རྒྱ་ནག་གི་ཕྱིར་སྡོ་རང་མི་ལག་ཁྱེར་ཞིག་བེད་སྤྱོད་བཏང་བ་དེ་བདེན་པ་ཡིན་ཡང་།
    བཀྲས་མཐོང་རང་དོན་ཆེད་ཨ་རི་ལ་སྐྱབས་བཅོལ་ཞུས་དུས་། མི་ཁུངས་རྒྱ་མི་ཡིན་ པར་བྲིས་པ་དེ་ལ་ལན་ག་རེ་ཡོད།
    ༢ སྤྱིར་བཀྲས་མཐོང་དུས་ཚོད་ཀྱིས་དབང་དུ་བྱེད་ན་། བཀའ་ཤག་སྐབས་དང་པོ་དང་གཉིས་པའི་རིང་། བཀའ་བློན་དང་། རྒྱ་བོད་གྲོས་མོལ་སྐུ་ཚབ་དང་། སྐུ་ཚབ་དོན་གཅོད་སོགས་ལས་གནས་མང་པོ་ཐུབ་དགོས་ཀྱང་། བཀའ་ཁྲི་ཟམ་གདོང་གིས་བཀྲས་མཐོང་ལ་ལས་གནས་སྣེ་གཅིག་སྤྲད་མེད། རྒྱ་མཚན་ནི་ ༡༩༩༡་ནས་ཟམ་གདོང་སྤྱི་འཐུན་ཚོགས་གཙོ་གནང་དུས་། བཀྲས་མཐོང་བཀའ་བློན་ཁྲི་པ་རེད། དེ་དུས་ཟམ་གདོང་གིས་བཀྲས་མཐོང་གི་བྱ་སྤྱོད་ཚང་མ་ཧ་གོ་ནས་། རྗེས་སུ་བཀྲས་མཐོང་ལ་ལས་གནས་གང་ཡང་སྤྲད་མེད་། དེའི་སྐོར་ལ་ལན་ག་རེ་ཡོད།

    ༣ བཀྲས་མཐོང་བཀའ་ཁྲིའི་ལས་གནས་མ་ཚར་གོང་། ཁོ་རང་གི་ནང་མིའི་ཆེད་བཙན་བྱོལ་གཞུང་དང་བོད་མི་མང་གཉིས་ག་བཞག་ནས་སོང་ཡོད་། དེ་ལ་ལན་ག་རེ་ཡོད་།

    ༤ ཁང་གསར་རྡོ་རྗེ་ཁྱོད་རང་ནས་ཆོལ་ཁ་གསུམ་གྱི་ནང་དུ་དཀྲུག་ཤིང་གི་བསམ་ཚུལ་མང་པོ་བྲིས་པ་དེ་དག་སུའི་ཆེད་དུ་ཡིན་ནམ། རྒྱ་མིའི་ཆེད་དུ་མིན་པའི་རེ་བ་ཡོད་། ཡང་ན་ཁྱོད་རང་ལ་དངུལ་སྤྲད་མཁན་འདུག་གེ་། གཞན་ང་ཚོའི་བོད་ཀྱི་རྩ་དོན་ལ་གནོད་པའི་བསམ་ཚུལ་མ་རོགས་སྟོན་། ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ཁང་གསར་ལགས་ཀྱིས་དྲ་གྲོགས་གླང་དར་མ་ལགས་སུ་གསལ་བཤད་ཤིག་བྱེད་རོགས་གསུངས་པར་ལྟར་ཡུང་རོ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོའི་ལག་ཁྱེར་གྱི་ཐོག་ཏུ་རྒྱ་ནག་ཞེས་བྲིས་ཡོད་མེད་གསལ་བཤད་ཞུས་པ་ཡིན་ན།

    དེ་ཡང་རྒྱལ་ཁབ་ཀྱི་ཁྱད་པ་འདུག་སྙམ། དཔེར་ན། ཧྥི་རིན་སི་རྒྱལ་ཁབ་ནང་དུ་བོད་མི་སྐྱབས་བཅོལ་བའི་ལག་ཁྱེར་གྱི་ཐོག་ཏུ་Nationality china ཞེས་བྲིས་མེད། Nationality Tibet ཞེས་བྲིས་འདུག
    ངའི་སྤུན་ཆེད་ཞིག་ཧྥི་རིན་སི་ནང་དུ་སྐྱབས་བཅོལ་བ་ཡིན། ཁོང་གི་ལག་ཁྱེར་གྱི་ཐོག་ཏུ་Nationality Tibet བྲིས་འདུག་པ་ནི་དགའ་འོས་པ་རེད།

    སུད་སི་རྒྱལ་ཁབ་ནང་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོའི་ལག་ཁྱེར་གྱི་ཐོག་ཏུ་Nationality china ཞེས་བྲིས་ཡོད་བདེན་པ་རེད། སྔོན་མ་དེའི་ཆེད་དུ་སུད་སི་བདེ་དོན་ལས་ཁུངས་སུ་ངས་བརྩད་མང་པོ་བརྒྱབས་མྱངས་ཡོད། ཡིན་ནའང་གནད་སྟངས་སུ་འགྱུར་གཏོང་མ་ཐུབ་པ་མུ་མཐུད་ནས་རྒྱ་ཁུངས་རེད་ཞེས་འབྲི་བཞིན་འདུག་པས་དགོངས་འཇག་འཚལ།

    Reply
  7. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    དྲ་གྲོགས་ཁང་གསར་ལགས།
    ད་དུང་ང་ལ་ཞུ་རྒྱུ་ནི་ལོས་ཡོད་མོད་ཁྱེད་ཕྱོགས་སུ་ཕེབས་ངེད་གཉིས་ཀྱིས་བགྲོ་གླེང་འཚམས་བཅད་པ་རེད། ཕྱིས་སུ་གོ་སྐབས་བྱུང་ན་མུ་མཐུད་རྒྱུ་བྱེད།
    ད་ངས་ཀྱང་སྙིང་ཐག་པ་ནས་ཁྱེད་ལ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ།
    དེ་དང་ཆབ་ཅིག་དྲ་གྲོགས་གཞན་རྣམས་ལ་ཡང་དེ་བཞིན་ཞུ།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཁང་གསར་རྡོ་རྗེ་ལགས། ཁྱེད་རང་ཡང་ལྷག་བསམ། འཇམ་ནོར། ཨ་མཆོད་བཅས་ཀྱི་འཇུག་ཏུ་རང་བཙན་ལེན་རྒྱུར་བང་སྒྲིག་ནས་སྡོད་ཨ། དེ་ནས་ངས་བོད་རང་བཙན་ལེན་པ་ལ་བགེགས་བྱེད་མི་ཡོང་དྲ་གྲོགས་ཁང་རྡོར་ལགས།

    Reply
  9. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ད་གསལ་བཤད་ཁ་ཤས་ཞུ་གི་ཡིན།
    དང་པོ། ངས་རྩོམ་ཡིག་འདིའི་ནང་། ཀ) ཕྱིར་སྡོད་ཀྲུང་གོ་བའི་ལག་ཁྱེར་བླངས་པ་ཞིག་བཀའ་ཁྲིར་འཁོད་ན། འདིས་རྒྱ་ཕྱོགས་ལ་འཇུ་ས་ཞིག་ཆགས་མིན་དང་བོད་མིའི་སྤྱི་ཚོགས་ནང་ནས་རྙོག་དྲ་ག་རེ་ཡོང་གི་རེད། དེ་སེམས་ལ་བཞག་སྟེ་གླེང་སློང་བྱས་ཡོད། གནད་དོན་འདི་ངས་ཆེན་པོ་བཟོས་པ་ཞིག་མ་རེད། ངའི་རྩོམ་ཡིག་འདི་མ་སྤེལ་སྔོན་ནས་ཚོར་བ་སྐྱེན་པའི་གནད་དོན་ཞིག་ཆགས་ཚར་བ་རེད། དྲང་པོ་བཤད་ན། ངས་རྩོམ་འདིའི་ནང་གནད་དོན་འདི་གཙང་མ་བཟོ་ཐབས་ཤིག་བཤད་ཡོད།
    ཁ) བློ་སེང་གིས། ད་ལྟ་༸རྒྱལ་བ་རིན་པོ་ཆེའི་ཞབས་འདེགས་དང་ཁོང་གི་དབུ་ཁྲིད་གནང་རྒྱུ་དེ་གལ་ཆེ་ལུགས་བཤད་ཀི་ཡོད་རེད། ༢༠༠༣ ལོར་ཁོང་གི་རྩོམ་ཡིག་ནང་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ཀྱིས་བདམས་པའི་མི་ཞིག་ལ་རྩིས་སྤྲོད་དགོས་པ། ༸གོང་ས་མཆོག་གི་ཡིག་ཚང་དེ་ཆོས་ཕྱོགས་རྐྱང་པ་ལ་བསྒྱུར་དགོས་ཞེས་བཤད་ཡོད་རེད། འདི་འདྲའི་འགལ་བ་ལྟག་སྤྲོད་ཀྱི་བཤད་སྟངས་དང་བྱེད་སྟངས་ནི་དངོས་གནས་བྱས་ན་མི་རྣམས་ཧང་སངས་དགོས་པ་ཞིག་རེད། དེ་རྒྱ་ཆེའི་མང་ཚོགས་ཀྱིས་མཁྱེན་དགོས་བ་ཞིག་རེད། དེ་གཅིག་གླེང་ཡོད།
    ག༽ བོད་པས་ཇོ་ཁང་ནང་ཨ་ཅེ་རྒྱ་བཟའ་ལ་ཕྱག་བཙལ་གྱིན་ཡོད་པས་བོད་པས་རྒྱ་མི་ལ་འཁོན་འཛིན་ཡོད་མ་རེད་ཟེར་བ་དང་། བོད་ཀྱི་སྤྱི་ཚོགས་རྙིང་པར་ལྟ་སྟངས་དེ་ཡང་གླེང་ཡོད། དེ་ཚོ་འཇམ་ཚུལ་གྱིས་བཀའ་ཁྲིའི་འཇིག་རྟེན་ལྟ་ཚུལ་གལ་ཆེ་ཟེར་བ་དང་བབས་གཅིག་རེད། ལྷག་པར་དུ་འདིའི་ནང་གླེང་སློང་བྱུང་བའི་དོན་དག་མང་བོ་ཞིག་བཟང་སྤྱོད་དང་འབྲེལ་བའི་གནད་དོན་རེད། ང་ཚོས་འོས་ཤོག་འབུལ་ས་དེ། རང་གི་མང་ཚོགས་ལ་ཡིད་ཆེས་ཀྱིས་གནས་ཚུལ་ཚང་མ་ཕྱི་གསལ་ནང་གསལ་བྱེད་མཁན་ཞིག་དགོས། ཡང་ན་མང་ཚོགས་ལ་ཡིད་ཆེས་མ་བྱས་པར། གནས་ཚུལ་ཁག་ཅིག་ཤུགས་ཆེན་པོས་བསྒྲགས། ཁག་ཅིག་སྦས། ཁག་ཅིག་ལ་འཁྱོག་བཤད་བྱས། ཁག་ཅིག་ལ་ཧམ་པ་བཤད། ཁག་ཅིག་ལ་རྫུན་བཤད། སྔ་མ་བཤད་པ་དང་ཕྱི་མ་བཤད་པ་མི་མཐུན་པར་གྱུར་མཁན་ཞིག་དགོས། གནད་དོན་གཙོ་བོ་ཞིག་དེ་རེད།
    བློ་ལ་ངེས་དགོས་པ་ཞིག་ལ། དེ་རིང་གི་བཀའ་ཁྲིའི་འོས་མི་ཞིག་གི་དཀའ་ངལ་དེ་དང་གླེང་རྙོག་དེ་ཚོ་ཁོ་རང་སྒེར་གྱི་དཀའ་རྙོག་ཡིན་ཀྱང་། མི་དེ་བཀའ་ཁྲི་ཆགས་པའི་ཉིན་ནས་དཀའ་རྙོག་དེ་ཚོ་ང་ཚོ་བོད་གངས་ཅན་པ་ཡོངས་ཀྱི་དཀའ་རྙོག་ཏུ་འགྱུར་ངེས་པ་དེ་རེད།
    ངས་འདི་ཚོ་གླེང་དུས་མི་མང་བོས་ངས་བློ་སེང་བཀའ་ཁྲིའི་འོས་ཆོས་མ་ཚང་བ་རེད་ཅེས་ལབ་ཀྱི་འདུག་མདོག་མདོག་བྱེད་ཀི་འདུག ངས་བློ་སེང་བཀའ་ཁྲིའི་འོས་ཆོས་མ་ཚང་བར་གྱུར་ཟིན་པ་རེད་ཅེས་རྩ་བ་ནས་བཤད་མེད། དེ་ངེས་པར་དུ་གསལ་པོ་མཁྱེན་དགོས་བ་ཞིག་རེད།
    སང་ཉིན་སྔ་དྲོ་ནས་ང་རང་ས་གནས་གཞན་ཞིག་ལ་གཉེན་འབྲེལ་ངོ་ཤེས་ཁ་ཤས་ཐུག་པར་འགྲོ་དགོས། ཉིན་ཤས་ནང་དུས་ཚོད་དཀོན་པོ་ཆགས་སྲིད་ལ་ཕ་གི་ནས་དྲྭ་རྒྱའི་མཐུན་རྐྱེན་འཛོམས་མིན་མི་ཤེས། དེར་བརྟེན། འདིའི་མཇུག་ནས་མཆན་དེ་ཚོར་ལན་འདེབས་ཐུབ་མིན་བཤད་ཚོད་དཀའ། ཚང་མར་ལོ་སར་པའི་ནང་སྐུ་ཁམས་བཟང་བ་དང་བོད་ཀྱི་རྩ་དོན་ཐོག་ནུས་པ་འདོན་ཐུབ་པ། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་༸གོང་ས་མཆོག་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་གྲངས་མེད་ཡོད།

    ཁ་དྲོ། དོན་འགྲུབ། བཀྲ་ཤིས། བོད་རྒྱལ་ལོ།། །།

    Reply
  10. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ངས་ད་ལྟ་རབ་གསལ་གྱི་རྩོམ་གྱི་མཇུག་དེར་བཀོད་པའི་འཇམ་ཚུལ་གྱི་བསམ་ཚུལ་དེ་བཀླགས་པ་ཡིན། ང་དང་མི་མཐུན་པ་ཅང་བཤད་མི་འདུག འཇམ་ཚུལ་གྱི་མཆན་ཆ་ཚང་གཤམ་གསལ་(ང་རང་བགྲོ་གླེང་འདིར་ཞུགས་པ་འཕྱི་དྲག་འདུག འོན་ཀྱང་བསམ་ཚུལ་འགའ་ཞིག་ད་དུང་ཞུ་འདོད།
    ཁང་གསར་ལགས་ཀྱིས་གསུང་པའི་དུམ་བུཿ
    གཅིག ༡) བུད་མེད་དེའི་དྲི་བར་ལན་འདེབས་སྐབས། བློ་བཟང་སེངྒེས་བཀའ་བློན་ཁྲི་པའི་འོས་མི་ཞིག་དང་། མི་མང་གི་འགོ་ཁྲིད་ཅིག་གི་རྣམ་འགྱུར་དང་བཟང་སྤྱོད་ཐོག་ནས་ལན་འདེབས་མ་བྱས་པར། དྲི་བ་འདྲི་མཁན་མོ་རང་བཀྲས་མཐོང་གི་རྒྱབ་སྐྱོར་བ་རེད། ཨུ་ཚུགས་ཅན་རེད་སོགས་མཐོང་ཆུང་དང་ཁྱད་གསོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཞིག་བསྟན་ཏེ། དྲི་བའི་དོན་དག་ཆུང་ཆུང་ཡིན་པ་དང་། དྲི་བ་འདྲི་མཁན་གྱི་ཀུན་སློང་ལ་སྐྱོན་ཡོད་པའིོ་རྣམ་པ་བསྐྲུན་འདུག དམངས་གཙོའི་སྤྱི་ཚོགས་ནང་འོས་བསྡུའི་སྐབས་སུ་ཕྱོགས་གང་ས་ནས་དྲི་བ་ཡོང་གི་རེད། ལྷག་པར་མཐུན་ཕྱོགས་ཀྱིས་འདྲི་མི་ཐུབ་པ་དང་བསམ་བློ་ལ་དྲན་མི་མཐུན་པ་མང་བོ་ཞིག་མི་མཐུན་ཕྱོགས་ཀྱིས་འདྲི་ཐུབ་པ་དང་དྲན་ཐུབ་པ་ཡིན། ཇི་ལྟར་ནའང་། དྲི་བ་ཚང་མར་སྤྱི་སྙོམ་ཐོག་ནས་ལན་འདེབས་པ་ལས། དྲི་བ་འདྲི་མཁན་གྱི་རྒྱབ་ལྗོངས་ཚོད་དཔག་གིས་ལན་འདེབས་པ་འདི་ཡག་པོ་མ་རེད་ལ། ཉམས་མྱོང་མེད་པའི་རྣམ་པ་གསལ་པོ་ཞིག་རེད། ཅེས་པ་འདི་ལ་ཡོངས་སུ་མོས་མཐུན་ཡོད། ང་རང་ལ་ཡང་དེ་འདྲའི་ཚོར་སྣང་ཤུགས་ཆེ་བྱུང་། འདི་དང་གཅིག། ཁོང་གིས་འཇམ་ནོར་བོད་ལ་ཕེབས་རབས་ཁུངས་མེད་སྐད་ཆ་ལྷོད་ཡང་གིས་བཤད་པ། ཁོང་གིས་ “ང་རང་གཙོ་བྱས་པའི་འོས་མི་རྣམ་པ”་སོགས་ད་དུང་བོད་སྐད་ཀྱི་གཏིང་ཟབ་ཀྱི་མིང་ཚིག་འགའ་རེས་མ་འདང་བའི་ཚོར་སྣང་སྤྲོད་པ། སློབ་ཕྲུག་རྣམས་ལ་བཀའ་སློབ་གནང་སྐབས་མདུན་ལམ་གྱི་སྐོར་ལ་གཞི་རྩའི་འཇིག་རྟེན་བལྟ་ཚུལ་དེ་རྒྱ་གར་གྱི་ནང་གི་མི་མང་དཀྱུས་མའི་བལྟ་ཚུལ་ལས་བརྒལ་མེད་པའི་ཚོར་སྣང་བྱུང་བ། ཁོ་རང་སློབ་གྲྭར་འགྲོ་དུས་ཀྱི་ལམ་ལུགས་དང་ཐབས་ལམ་རྣམས་ལ་དཔེ་སྦྱར་ནས་བཤད་སྟངས་ལ་བལྟས་ན་ཁོང་ཤེས་ཡོན་ཀྱི་སློབ་ཐབས་ནང་དུ་བསམ་བློ་རྗེས་ལུས་ཡིན་པའི་ཚོར་སྣང་བྱུང་བ་བཅས་ནི་རང་ངོས་ནས་མཐོང་བའི་བློ་སེང་གིས་ཞན་ཆ་རྣམས་ཡིན།
    གཉིས། ཁང་གསར་ལགས་ཀྱིས་སྐད་ཆ་གསར་བ་མང་པོ་ཞིག་གསུང་འདུག་པ་ལ་ཁུངས་སྐྱེལ་དགོས་ཀྱི་འདུག དཔེར་ནཿ ༡། བློ་སེང་གི་གླ་ཆ་ཧར་ཝིཌ་ནས་མིན་པ། ༢། ཉམས་ཞིབ་པ་རྒན་པ་ཡིན་ཞེས་ཁོ་རང་གིས་གསུང་བ་དང་གསུང་ཡོད་ན་དེ་ལྟར་མིན་པ། ༣། བློ་སེང་ལ་འོས་ཤོག་ཐོབ་ཆེད་ཨ་རིའི་དོན་གཅོད་དང་འཆར་འགོད་འགན་འཛིན་གྱིས་གཞུང་གི་གོ་གནས་ཇི་ལྟར་སྤྱད་པ། ༤། “དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་དང་བློ་བཟང་སེང་གེའི་དབར་ཉིན་རེར་ཁ་པར་ཐེངས་གཉིས་གསུམ་གྱི་འབྲེལ་བ་འཆར་ཅན་དུ་ཡོད་པ་བཅས་སོ།
    ད་དུང་ཁྱེད་ཀྱིས་གསུང་སྟངས་ཤིག་ལ་དེ་དུས་བློ་སེང་ནི་མཐོ་རིམ་སློབ་མ་ཞིག་གི་གནས་བབས་ལས་མེད་པས་བཀའ་བློན་བྱེད་མྱོང་བ་དང་བོད་གཞུང་ནང་གནད་ཡོད་མི་སྣར་གྱུ་ཟིན་པ་སྟག་ལྷ་སོགས་དང་ག་ལ་འདྲ། ཁོང་ཚོས་ཕྱིར་འཐེན་བྱས་ཀྱང་ཕ་རོལ་བོར་གནོན་ཤུགས་ཤིག་སྤྲོད་ཐུབ་པ་རེད། བློ་སེང་ལ་དེ་འདྲའི་ཆ་རྐྱེན་གང་ཡང་མེད།
    གསུམ་པ། སྤྲད་པ་ལྟར་བློ་བཟང་སེངྒེས་ལེན་རྐྱང་བྱས་པ་རེད། ཞེས་པ་འདི་ཏག་ཏག་མ་རེད། དེ་མིན་པ་ཁྱེད་ཀྱིས་ཀྱང་ལོས་མཁྱེན། ལས་ཁུངས་རིམ་པ་ཁག་ལ་བཀའ་འདྲི་ཞུས་ནས་སོང་བ་རེད། ད་ནི་ཁྱེད་ཀྱང་ཕྱོགས་ལྷུང་གི་དྲི་མས་གོས་ཡོང་གི་མི་འདུག་གམ་སྙམ།)ཞེས་བཤད་འདུག འདིའི་ནང་འཇམ་ཚུལ་གྱིས་(ཁོང་གིས་འཇམ་ནོར་བོད་ལ་ཕེབས་རབས་ཁུངས་མེད་སྐད་ཆ་ལྷོད་ཡང་གིས་བཤད་པ།)ཞེས་ངོས་འཛིན་གཅིག་གྱུར་བྱས་འདུག་ དེ་ནས་གནད་དོན་ཁ་ཤས་ལ་ཁུངས་དགོས་ལབ་འདུག དེ་ཚོ་ལ་གོང་དུ་ཁུངས་སྤྲད་ཟིན་པ་ཡིན། དེ་ནས་གནད་དོན་མི་མཐུན་ས་གཅིག་དེ་(བློ་བཟང་སེངྒེས་ལེན་རྐྱང་བྱས་པ་)ཟེར་བ་དེ་རེད། ངས་སྐད་ཆ་དེ་བཤད་པ་ཡིན། ད་ལྟའང་དེ་ག་རང་ཡིན། ཁོས་རྒྱ་ནག་གཞུང་ལ། ལག་ཁྱེར་འདིའི་འོག་ནས་འགྲོ་བར་དཀའ་ངལ་འདུག གཞན་དག་ཅིག་སྤྲོད་རོགས་ཞེས་ཐེངས་གཅིག་ཀྱང་ལབ་ཡོད་མ་རེད། བོད་གཞུང་ལའང་། རྒྱ་ལ་ཕྱིན་ཆོག་པ་ཞེས་ལབ་པ་མ་གཏོགས་ལག་ཁྱེར་དེ་འདྲ་འཁྱེར་གྱི་ཡིན་ཞེས་ཕལ་ཆེར་ལབ་ཡོད་མ་རེད། ལབ་ཡོད་ན། ད་ཚོད་ཞེའུ་ཅིག་ཁྱབ་བསྒྲགས་བྱེད་ཀི་རེད། ངའི་བཤད་སྟངས་འདི་ལ་འགྱུར་བ་མེད།

    Reply
  11. ཁམས་པའི་ཕོ་རྒོད། says:
    ལོ་ 14 སྔོན།

    ཁང་གསར་ལགས་ལོ་སར་བཀྲ་ཤིས་བདེ་ལེགས་ཡོད།
    ཁྱེད་ལ་དྲི་བ་ཞིག་འདོན་གི་ཡིན་ལན་ཁ་གསལ་མདོར་བསྡུས་ཞིག་གནང་རོག།
    བཀའ་བློན་ཁྲི་བ་འདེམས་བཞིན་པའི་སྐབས་འདིར་ཁྱོད་ཀྱིས་དགེ་སྐྱོན་དབྱེ་འབྱེད་ཀྱི་དཔྱད་རྩོམས་མང་དག་ཅིག་སྤེལ་སོང་ཚང་མ་བལྟ་ཀློག་བྱས་པ་ཡིན།
    བཀའ་བློན་ཁྲི་བའི་འོས་མི་རེ་རེ་ལ་དགེ་སྐྱོན་གཉིས་གའི་ཆ་ཡོད་པ་གསལ་བོ་རེད།
    འོན་ཀྱང་ཁྱོད་ཀྱིས་བློ་སེང་གི་སྐྱོན་ཆ་གང་ཡོད་འཚོལ་བསྡུ་དང་ཐེར་འདོན་བྱེད་པ་ལས་བསྟན་རྣམས་དང་བཀྲ་ཤིས་དབང་འདུས་གཉིས་ཀྱི་ཕྱོགས་ནས་གང་ཡང་གླེང་རྒྱུ་མེད་པ་འདི་ཅི་ཞིག་རེད། དཔེར་ན་བསྟན་རྣམས་ལགས་ནས་ནང་མི་ཆེད་ལས་མཚམས་བཞག་ནས་ཕྱི་ལ་ཕེབས་པ་དང་། དངུལ་གྱི་རྩིས་ཁྲ་སྐོར། མི་ཁུངས་ཕྱི་རྒྱལ་ཡིན་མིན་དང་ལག་དེབ་སེར་བོ་ཁྱེར་ཡོད་མེད། དང་བླང་དཔྱ་ཁྲལ་ཕུལ་ཡོད་མེད་སོགས་དང་། བཟའ་ཟླ་བོད་པ་ཡིན་མིན་སྐོར་སོགས་མང་དག་ཅིག་ཡོད་པ་ཐམས་ཅད་གཅིག་ཀྱང་གླེང་རྒྱུ་མེད་པ་འདི་ཅི་ཞིག་རེད།
    ཁྱེད་གཟུ་བོར་གནས་པའི་དཔྱད་བརྗོད་པ་ཞིག་བྱེད་འདོད་ན།

    Reply
  12. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    འཇམ་ཚུལ་གྱིས་བློ་སེང་ལ་གདམས་ཀ་མེད་པར་ལག་ཁྱེར་དེ་བླངས་པ་རེད་ཟེར་བ་དེ་བདེན་པ་མ་རེད། གདམས་ཀ་མང་བོ་ཡོད། ༡) རྒྱ་རིགས་མཁས་བ་དེ་ཚོ་ཕྱི་རྒྱལ་རང་ལ་ཐུག་ན་འགྲིག་གི་རེད། ༢) ༸གོང་ས་མཆོག་གིས་གནང་མུས་བཞིན་དྲྭ་ལམ་ནས་ཚོགས་འདུ་འཚོགས་ན་འགྲིག་གི་རེད། ༣) རྒྱ་ནག་ལ་མ་སོང་ནའང་འགྲིག་གི་རེད། ཡིན་གཅིག་འགྲོ་དགོས་བ་ཞིག་ཡོད་མ་རེད། འདི་ལྟར་གདམས་ཀ་མང་བོ་ཡོད་རེད།

    Reply
  13. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ཁང་གསར་རྡོ་རྗེ་ཟེར་བ་འདི་ལོག་བཤད་ལ་མཁས་པ་ཞིག་རེད་། བཙན་བྱོལ་གཞུང་གི་
    ལྟ་སྒྲུབ་དེ་དབུ་མའི་ལམ་དང་ བཀའ་བློན་ཁྲི་པ་ནི་དབུ་མའི་ལམ་གྱི་དབུ་ཁྲིད་ཡིན་པས་
    ཁྱོད་རང་གིས་བཤད་པ་དག་ནི་བློ་སེང་གི་སྐྱོན་དུ་མི་འགྱུར་།
    མདོར་ན་མི་རབས་གསར་པ་ལ་ལས་འགན་སྤྲོད་རྒྱུ་མིན་པ་འདྲ།

    Reply
  14. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ༩། (ཧ་ཝར་ཌི་གཙུག་ལག་སློབ་ཆེན་དུ་སློབ་ཁྲིད་བྱས་པའི་གླ་ཕོགས་ནི། སློབ་ཁང་དེ་ནས་གནང་གི་མེད་པ། ཁོང་མཉམ་ཞིབ་པ་རྒན་པ་མིན་པ། སོགས་ཁུངས་ལུང་གསུང་ན་ཕན་པོ་འདུག)ཅེས་གསུངས་འདུག སྔོན་མ་བློ་སེང་གིས་༸གོང་ས་མཆོག་གིས་ཆབ་སྲིད་མཛད་འགན་ནས་དགོངས་པ་ཞུས་ཏེ་དབང་ཆ་ཚང་མ་མི་དམངས་ཀྱི་བདམས་པའི་ཆབ་སྲིད་དབུ་ཁྲིད་ལ་སྤྲོད་དགོས་ཟེར་བའི་བློ་སེང་གི་རྩོམ་དེའི་ཁུངས་བཞག་ཡོད། ཁྱེད་ཀྱིས་རྩོམ་དེ་རིང་བོ་རེད་འདུག ཀློག་ཐུབ་ཀི་མི་འདུག དུམ་མཚམས་དེའི་མ་ཡིག་འདིར་འགོད་རོགས་ཟེར། ངས་བཀོད་པ་ཡིན། ད་ཡང་འདི་ཚོའི་ཁུངས་འཇོག་རོགས་ཟེར། ང་དངོས་གནས་ཡ་མཚན་སོང་ལ་ཡིད་ཀྱང་ཕམ་བྱུང་། ངས་ཁྱེད་རང་ཤེས་ཡོན་ཅན་ཞིག་ལ་བརྩིས་པ་ཡིན། མཐོང་བཞག་པ་ཡིན། ངས་མཐོང་བཞག་སའི་ཤེས་ཡོན་ཅན་འདིས་རང་གིས་ཤ་ཐང་ཐང་དུ་རྒྱབ་སྐྱོར་བྱེད་སའི་བཀའ་ཁྲིའི་འོས་མིའི་རྩོམ་ཡིག་ཆ་ཚང་བ་རྩད་གཅོད་བྱས་མེད་པ་མ་ཟད། ང་ལྟ་བུས་རྙོག་དྲ་ཡོད་སའི་རྩོམ་འདི་རེད་ཅེས་དྲྭ་ཐག་དང་བཅས་སྤྲད་ཀྱང་། ཆ་ཚང་ཀློག་གི་ཡོད་མ་རེད། ད་ལྟ་རང་གིས་རྒྱབ་སྐྱོར་བྱེད་སའི་མི་དེས་ཡང་སྙིང་ལས་གནས་ཅི་བཟུང་དང་། དེའི་ཡོང་སྒོ་གང་ནས་ཡིན་མིན་ཙམ་ལའང་དོ་སྣང་བྱས་མེད་པ་རེད། ཁྱེད་ལྟ་བུའི་ཤེས་ཡོན་ཅན། སྐད་ཡིག་གཉིས་ཤེས་མཁན་ཞིག་གི་གནང་སྟངས་འདི་འདྲ་ཞིག་ལས་མེད་ན། བོད་རྒྱ་ཆེའི་མི་དམངས་ལ་ག་རེ་ལབ་དགོས་རེད། དགོངས་དག ངས་ཚིག་ངན་ཐལ་སོང་། འོན་ཀྱང་འདི་ང་རང་གཉིས་ཀི་མདུན་ལ་ཡོད་པའི་དོན་དངོས་རེད། འདི་ང་རང་གཉིས་ཀྱི་མདུན་ལ་ཡོད་པའི་སྤྱི་དོན་འཐུས་ཤོར་འགྲོ་སྟངས་དེ་རེད།
    ༡) ཧ་ཝར་ཌི་གཙུག་ལག་སློབ་གྲས་གནང་བའི་རྒྱབ་གཉེར་ལྟར་ན། བློ་སེང་གཞན་གྱི་སློབ་སྟོན་འོག་ཉམས་ཞིབ་བྱེད་མཁན་()རེད། ཁུངས་འདི་ལ་གཟིགས། http://www.kalontripafortibet.org/Upload/Harvard%20Law%20School%20letter.jpg
    ༢) བློ་སེང་ཧ་ཝར་ཊི་གཙུག་ལག་སློབ་ཁང་ནང་ཉམས་ཞིབ་པ་(Research Fellow)ཙམ་ལས་ཁོ་རང་གིས་སྒྲོག་པ་ལྟར་སློབ་དཔོན་ “Professor”དང་། ཉམས་ཞིབ་པ་རྒན་པ་(Senior Fellow)མིན་པའི་དཔང་རྟགས་འདི་ལ་གཟིགས། ཉམས་ཞིབ་པར་ཡང་ ༢༠༡༠ ལོར་གཞི་ནས་གནས་སྤར་བྱུང་འདུག http://www.law.harvard.edu/programs/eals/visitingscholars.html
    ༢) རྒྱལ་ཡོངས་མང་གཙོ་ཚོགས་པས། ཁོང་སློབ་དཔོན་“Professor”མ་ཡིན་བཞིན་དུ་ཡིན་པར་ཡོངས་བསྒྲགས་བྱས་པ་འདི་ལ་གཟིགས། http://sites.google.com/site/tibetanpoliticalreview/project-updates/whataretheydoingnowalookatthekalontripacandidates%E2%80%99currentjobspart3of3-sangay
    ༣) ཁོང་ངོ་མས་རང་ཉིད་ཉམས་ཞིབ་པ་རྒན་གྲས་ཡིན་པར་འཁྱོག་བཤད་བྱས་པ་འདི་ལ་གཟིགས།http://www.kalontripafortibet.org/ ད་དུང་འདི་ལའང་གཟིགས། http://www.phayul.com/news/article.aspx?id=25229&t=1
    ༤) བློ་སེང་གིས་ད་ལྟའི་ལས་གནས་གཏན་འཇགས་ཡིན་པ་དང་དགོངས་པ་ཞུས་ན། ལོ་ལྔ་དགོངས་འཁྲོལ་ཐོབ་ཀྱི་ཡོད་ཅེས་བཤད་པ་དེ། བློ་སེང་གིས་མི་ནི་སུ་ཊར་བཤད་པའི་གཏམ་བཤད་ནང་གསལ་ཡོད། དེ་ནི་ཡུ་ཊུབ་ནང་འདུག་པས་ཁྱེད་རང་གིས་འཚོལ་རོགས། ང་ལ་དུས་ཚོད་མ་བྱུང་།
    ལས་གནས་དེ་འཕྲལ་སེལ་ཡིན་པ་དང་། ལོ་དུས་སོ་སོར་ཕར་རྒྱང་ཞུ་དགོས་པའི་དཔང་རྟགས་ནི། ཧ་ཝར་ཌིའི་སྒྲིག་གཞི་ལ་གཟིགས། http://www.fas.harvard.edu/~research/greybook/resappts.html
    དེ་བཞིན་རྒྱབ་གཉེར་ཡི་གེ་འདིའི་ནང་དུའང་ལོ་གཅིག་ནས་ཕར་འགྱངས་ཞུ་དགོས་པ་དེ་གསལ་འདུག http://www.kalontripafortibet.org/Upload/Harvard%20Law%20School%20letter.jpg
    ༥) ལས་གནས་དེའི་གླ་ཕོགས་མཐུན་རྐྱེན་ཧ་ཝར་ཌི་གཙུག་ལག་སློབ་ཁང་གིས་གནང་གི་མེད་པར་ཕྱི་ནས་འཚོལ་དགོས་བ་ནི། གོང་གི་འབྲེལ་ཐག་ཨང་གཉིས་པར་འཁོད་པའི་ཡི་གེ་
    Visiting Scholars are generally self-funded or sponsored extramurally. EALS charges an administrative fee of $600 for each month of an appointment. Before Harvard University can issue a J-1 visa sponsorship document, we are required by the U.S. Government to verify that each incoming Visiting Scholar has adequate funding to maintain a reasonable standard of living in the Boston area. The minimum in financial resources that an individual must have available is $25,000 per year ($2,083 per month). An additional $6,000 ($500 per month) must be declared for each accompanying family member. Please note that the EALS application asks for an accurate listing of the source(s) of funding.ཞེས་པ་དེ་ནས་ཤེས་ལ། རྒྱབ་གཉེར་ཡི་གེ་གོང་དུ་འབྲེལ་ཐག་སྤྲད་པ་དེའི་ནང་དོན་ལྟར། སྒྲིག་གཞིའི་ནང་(http://www.fas.harvard.edu/~research/greybook/resappts.html)ཉམས་ཞིབ་པའི་དཔལ་འབྱོར་གྱི་ཡོང་ཁུངས་གསལ་བ་དེར་ཡང་གཟིགས།

    Reply
  15. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ༨། ངས་ཁྱེད་ཀྱིས་བཏོན་པའི་གནད་དོན་གང་ལའང་གཡོལ་མེད། ལན་བཏབ་ཡོད་དྲན། སྤྱིར་བཏང་ད་ལྟ་ལས་བྲེལ་ཆེ་བས་གཅིག་གཅིག་གཉིས་གཉིས་ཀྱིས་མིག་འོག་ལ་མ་ཆུད་པ་ཡོང་སྲིད་པ་རེད། གནད་དོན་ཆེ་བ་འདྲ་ཡིན་ན། གསལ་བོ་བྱས་ནས་འདྲི་རོགས། གནད་དོན་ཆུང་ཆུང་ཞིག་ཡིན་ན་གཡུག་བཞག་ཞོག

    Reply
  16. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ༥།༦། གཉིས་ལ་ངས་རྩོད་དགོས་པ་ཅང་མཐོང་མ་སོང་།
    ༧། ཁྱེད་ཀྱིས་ཕྱི་རྒྱལ་བ་ Peter Schwieger གྱི་སྐད་ཆ་དེ་ངས་ད་ཆ་ཐམ་ཀ་དང་འཇའ་ས་དེ་ཚོའི་གླེང་ཕྱོགས་ཇི་ཙམ་གྱིས་ཤུགས་ཆེན་པོ་ཆགས་ཡོད་མེད་དཔེ་མཚོན་དུ་བཀོད་བ་ཡིན། ང་ཚོ་ལ་ངག་སྒྲ་མེད་ཅེས་ག་ལ་ཞུ། ཕྱི་རྒྱལ་བ་ Eliot ཡང་སྐབས་དེར་ཚོགས་ར་དེ་ག་རང་གི་ནང་དུ་འདུག མདོར་ན་ཁྱེད་ཀྱིས་བོད་རྒྱ་ནག་གི་ཆ་ཤས་ལ་རྒྱ་མིས་བསྒྲུབས་ཟིན་ནས་ཚར་ཚར་བ་ཞིག་ལ་ངོས་འཛིན་གྱི་ཡོད་དམ། ཟེར་བ་དེ་ཁྱེད་ཀྱི་དྲི་བ་དེ་རེད། ཚར་ཚར་བ་ཞིག་ལ་ངོས་འཛིན་བྱེད་ཀི་ཡོད་ན། ང་འདིར་བགྲོ་གླེང་ལ་ཡོང་ནས་ཅི་བྱེད་དགོས་རེད། བློ་སེང་ལ་སྔོན་མའི་འཇའ་ས་ཐམ་ཀ་དེ་ཚོའི་སྒང་ལ་ཡང་བསྐྱར་འཇུ་ས་ཞིག་མ་བཟོ་རོགས། གསལ་བསྒྲགས་ཤིག་བྱེད་རོགས་ཅེས་བརྗོད་དོན་འདུག་གམ། ཚར་མེད་ཙང་ངས་འདི་ཚོ་བཤད་ཀི་ཡོད་རེད།

    Reply
  17. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ༤། ཁྱེད་ཀྱིས་(༧གོང་ས་བཅུ་གསུམ་པས་རྒྱས་གསེར་ཐམ་བེད་སྤྱོད་མ་གནང་བ་དང་བློ་སེང་གིས་ཤོག་དཀར་བེད་སྤྱོད་བྱས་པ་གཉིས་མཚུངས་སྡུར་བྱས་པ་ནི་ར་མགོ་ལུག་སྦྱར་མིན་ཁྱི་མགོ་ཕག་སྦྱོར་ཡིན། ༧གོང་ས་མཆོག་ལ་གདམ་ང་ཡོད་ཅིང་བློ་སེང་ལ་གདམ་ང་མེད། ལར་ནས་བཤད་སྟངས་ཤིག་ལ་བློ་སེང་གི་ཤོག་དཀར་བླངས་བའི་ཉེས་པ་དེ་བློ་སེང་གིས་བོད་ཀྱི་མི་སེར་ཡིན་པ་མཚོན་པའི་དེབ་སེར་གཡུག་ནས་ཨ་རིའི་མི་སེར་ཡིག་ཆ་མ་བླངས་པ་ལས་བྱུང་འདུག་ཅེས་བཤད་ན་ཁྱེད་ཀྱིས་བློ་གང་འཆར་) ཨ་ཨ། ངས་༸གོང་ས་བཅུ་གསུམ་པ་ཆེན་པོས་རྒྱའི་གསེར་ཐམ་བེད་སྤྱོད་མ་གནང་བ་དང་བློ་སེང་གི་ཕྱི་སྡོད་ཀྲུང་གོ་བའི་ལག་ཁྱེར་བླངས་བ་གཉིས་མཚུངས་བསྡུར་ཇི་ལྟར་བྱས་འདུག ཁྱོད་ཀྱིས་(ཁྱེད་ཀྱི་ཐུགས་ངོ་ན་ངོ་མ་རྒྱ་ནག་གོང་མས་འཇའ་ས་ཕུལ་བ་དེ་བོད་རྒྱ་ཁུངས་ཡིན་པའི་སྒྲུབ་བྱེད་ཅིག་ཏུ་འགྲོ་ཡི་འདུག་གམ། ཡང་ན་ཕ་རོལ་བོས་དེ་ལྟར་བཤད་ཀྱི་འདུག་པས་ང་ཚོས་ཀྱང་དེ་དེའི་སྒྲུབ་བྱེད་དུ་འགྲོ་ཤག་བྱེད་པ་ཡིན་ཟེར་གྱི་ཡིན་ནམ།)ཟེར་བ་དེ་ལ་ངས་གནད་འགག་མེད་ན་༸རྒྱལ་བ་བཅུ་གསུམ་པ་ཆེན་པོས་གནད་འགག་ཏུ་བརྩི་དོན་ཅི་རེད་ཅེས་རྒྱུ་མཚན་འདི་དྲངས་བ་རེད། ད་ཁྱི་མགོ་ཕག་སྦྱར་སུས་བྱས་ཡོད་མེད་གསལ་པོ་ཆགས་པའི་རེ་བ་ཡོད།

    Reply
  18. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ༣། ཁྱེད་ཀྱིས་(ཁོང་གིས་ཆུ་སྒང་དྲུང་ཆེ་བྱས་པ་སོགས་མ་བཀོད་པ་ནི་ཁོང་གི་ཐུགས་ལ་འགོད་ཅན་གྱི་བྱས་རྗེས་སུ་མ་གཟིགས་པ་ཡིན་པའི་ལམ་ཁ་ཞིག་མེད་པ་རེད་དམ། དོན་དག་ཆེད་དུ་སྦེད་པའི་ཉེས་པ་ལས་འཆོར་ས་མེད་པ་ཨེ་ཡིན།)ཟེར། དེ་ནི་བློ་སེང་གིས་ཆེད་མངགས་སྦས་པ་ཞིག་རེད། ཆུ་སྒང་གསར་རྙིང་གི་རྙོག་དྲ་དང་འཐབ་རྩོད་དེ་ཁྱེད་ཀྱིས་ཤེས་ཀི་ཡོད་ངེས་རེད། ཞིབ་ཏུ་དཔྱད་ན། བློ་སེང་གི་ལོ་རྒྱུས་ནང་ཆེད་མངགས་ཆུ་སྒང་གསར་བ་ཟེར་བའི་དྲུང་ཆེ་བྱས་བའི་དོན་འདི་མ་བཀོད་བ་དང་། ད་ལྟའི་ཆུ་སྒང་གི་བཀའ་ཁྲིའི་འོས་མིའི་མིང་གཞུང་ནང་བློ་སེང་ཟུར་ཙམ་ཡང་མ་བཀོད་བའི་རྣམ་པ་ཞིག་བསྟན་ཐོག་དོན་དམ་དུ་རྒྱབ་སྐྱོར་བྱེད་པ་དེའི་ཐོག་ནས་འདིའི་ནང་ཧ་ཅང་གནད་འགག་ཆེ་བའི་སྲིད་དོན་ཞིག་ཡོད་བ་དེ་ཚོ་མཐོང་གི་རེད།

    Reply
  19. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ༢། བློ་སེང་གིས་འཇམ་ནོར་ཡང་རྒྱ་ནག་གི་ཕྱི་སྡོད་རང་མིའི་ལག་འཁྱེར་ཐོག་ནས་བོད་ལ་ཕྱིན་པ་རེད་ཅེས་ཚིག་ཐག་བཅད་ནས་བཤད་པ་རེད་ཟེར་བའི་མཐའ་སྡོམས་དེ་ལ་འགྱུར་བ་གང་ཡང་མེད། དེ་ལ་གཡོལ་དགོས་པ་ཅི་ཡང་མེད། དེ་ནི་མཆན་གོང་མའི་ནང་དུ་གསལ་བོ་བཤད་ཟིན། ཁྱེད་ཀྱིས་རྫུན་དང་ཧམ་པ་ལ་ཞིབ་ཆ་བྱས་བ་དེ་ལ་དགའ་བསུ་ཡོད། མཁྱེན་དགོས་པ་ཞིག་ལ། རྫུན་ཡིན་ལ་ཧམ་པ་ཡང་ཡིན་པའི་གཞི་མཐུན་ཞིག་ཡོང་ཆོག་བ་དེ་རེད། བརྗོད་ཡུལ་འཚོ་བཞུགས་ཡོད་མེད་ཀྱི་ཆ་ནས་ཧམ་པ་ཟེར་དགོས་ཤེ་ན། གཞོན་ལྷན་དང་གཞོན་ལྷན་གྱི་དབུས་རྒྱུན་དེ་ཚོ་ད་ལྟ་འཚོ་བཞུགས་རེད། ངས་རྫུན་དང་ཧམ་པ་བཤད་པ་ཞེས་བ་དེ་ཟློས་སྐྱོན་ཡིན་ཞེས་ནམ་ཡང་བཤད་མེད། བློ་སེང་གིས་དེ་གཉིས་ཀ་བཤད་བཞིན་པ་རེད། མདོར་ན་དོན་འདི་ནི་ཁྱེད་རང་གིས་(ངས་གོ་བ་བླངས་བ་ནོར་བར་ཆ་ཞོག)ཟེར་བ་ལྟར་ཁྱེད་རང་གིས་འཁྱོག་བཤད་བྱས་པ་མིན་པར་གོ་ནོར་ཤོར་བར་ཆ་བཞག་པ་ཡིན།

    Reply
  20. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ཀྱིས་དྲི་བར་ལན་ཞིབ་ཚགས་ཡོང་ས་མ་རེད། མདོར་བསྡུས་ཁ་ཤས་ཞུ།
    ༡། གྷན་དྷི་སོགས་ཀྱི་སྐོར་དེ་རང་རེའི་གནས་སྟངས་དང་ཐ་དད་བ་ཞིག་རེད། དེའི་རྒྱུ་མཚན་དུ་ལོ་རྒྱུས་ཐོག་མངའ་ཁོངས་ཡིན་མིན་གྱི་རྙོག་དྲ་ཡོད་མེད་དང་། རྒྱལ་ནང་དུ་འཐབ་རྩོད་བྱེད་བའི་ཁོར་ཡུག་ཡོད་མེད་སོགས་དང་འབྲེལ་བ་རེད། སྤྱིར་བཏང་ལག་ཁྱེར་ག་རེ་བཟུང་མ་བཟུང་གི་དཔེ་མཚོན་དྲངས་ན། ཧ་ཅང་མང་བོ་ཞིག་དྲངས་ཆོག་གི་རེད། ཉེ་དུས་རྒྱ་དཀར་ནག་གཉིས་ལ་ཆ་མཚོན་ན། རྒྱ་གཞུང་གིས་རྒྱ་གར་མངའ་ཁོངས་མོན་རྟ་དབང་གི་མི་ཚོར། ཁྱེད་ཚོ་རྒྱ་ནག་ལ་ཡོང་ན་ཐོངས་མཆན་ལག་ཁྱེར་དགོས་མ་རེད་ཅེས་བཤད་པར་རྒྱ་གར་གྱིས་ངོ་རྒོལ་བྱས་བ་རེད། ས་མཚམས་ཕྱོགས་ཀྱི་རྒྱ་གར་དམག་དཔོན་ཞིག་རྒྱ་ནག་ལ་ཐོན་རྩིས་བྱེད་སྐབས། རྒྱ་གཞུང་གིས་ནམ་རྒྱུན་གྱི་ཐོངས་མཆན་དེ་མ་སྤྲད་བར་ staple visa སྤྲད་པ་ལས་འཕྲོས་ཏེ་རྒྱ་དཀར་ནག་གཉིས་བར་རྙོག་དྲ་ག་ཚོད་བྱུང་སོང་།
    མདོར་དེད་ན། ལོ་རྒྱུས་ཐོག་མངའ་ཁོངས་ཡིན་མིན་གྱི་རྙོག་དྲ་ཡོད་པ། འཐབ་རྩོད་པ་ཕྱི་རྒྱལ་དུ་སྐྱབས་བཅོལ་གྱི་ངོ་བོར་ཡོད་པ། སྐྱབས་བཅོལ་བ་དེས་རང་ཡུལ་ལ་གཞན་གྱིས་དབང་བསྒྱུར་བྱས་པ་དེ་ཁྲིམས་མཐུན་མིན་པ་དང་བདག་དབང་མེད་པར་འདོད་མཁན་ཞིག་གིས། དབང་སྒྱུར་བྱེད་མཁན་དེའི་མི་སེར་ཡིན་ཟེར་བའི་ལག་ཁྱེར་བཟུང་སྟེ་དབང་སྒྱུར་མཁན་གྱི་ས་ཆ་ལ་སོང་བའི་དཔེ་མཚོན་ཡོད་ན་འཁྱེར་ཤོག དེ་མིན་འཛམ་གླིང་ཐོག་ཆ་ཤས་ཙམ་འདྲ་བའི་གནས་ཚུལ་སྒྲུག་ཡོང་ན་འབུམ་ཕྲག་མང་བོ་ཡོད་རེད།

    Reply
  21. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ཀརྨ་རྡོ་རྗེ་ལགས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་དང་བླངས་དཔྱ་དངུལ་འབུལ་དུ་འཇུག་གི་ཡོད་མ་རེད། གལ་སྲིད་རྒྱ་གཞུང་གིས་འབུལ་དུ་བཅུག་ན་བོད་མི་དམངས་ཀྱིས་བཙན་བྱོལ་བོད་གཞུང་ལ་དང་བླངས་དཔྱ་དངུལ་ལོས་འབུལ།

    Reply
  22. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    དྲ་རོགས་གླང་དར་མས་(ཡོ་རོབ་དུ་ཆ་བཞག་ན་བོད་མི་ཚང་མའི་ལག་ཁྱེར་ནང་རྒྱལ་ཁོངས་རྒྱ་མི་དང་མི་རིགས་རྒྱ་མི་ཞེས་འབྲི་གི་འདུག། བོད་མི་ཁ་ཤས་གི་འབྲེལ་ཡོད་ལས་ཁུངས་ལ་བོད་དང་བོད་མི་ཞེས་འབྲི་རྒྱུའི་རེ་འདུན་ཞུས་ཀྱང་དེ་ལ་སྒྲུབ་འབྲས་ཐོན་མ་སོང་བས་དེ་ལ་ཁྱེད་གི་བསམ་ཚུལ་གང་འདྲ་ཡོད་དམ།)ཞེས་བྲིས་འདུག དེའི་སྐོར་ཅོ་རི་ཉི་མས་གནས་ཚུལ་གསལ་བོ་ཤེས་མདོག་ཁ་པོ་རེད། ཅོ་རི་ཉི་མས་དོ་སྣང་བྱུང་ན་འདི་ལ་གསལ་བཤད་ཅིག་གནང་རོགས།

    Reply
  23. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    རིག་པའི་རལ་གྲིས་འདི་ལྟར་བཤད་འདུག ༼ངས་ཡང་བསྐྱར་བསམ་འཆར་ཞུ་རྒྱུ། གལ་སྲིད་རྒྱ་ནག་གི་མི་སེར་དུ་གྱུར་བའི་བོད་མི་ཞིག་བཀའ་ཁྲིར་ལོངས་པ་ལ་བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་ངོ་རྒོལ་དང་བཀག་འགོག་མེད་ཅིང་དེ་དག་ལ། འོས་བབ་ཡོད་ན། གཉིས་ཕན་དབུ་མའི་ལམ་དུ་མགོ་ནག་བོད་པའི་སྐུ་ཚབ་བཙན་བྱོལ་བོད་གཞུང་མང་གཉིས་ཆར་ཁ་ཞེ་གཉིས་མེད་ཀྱིས་ཤར་སྐྱོད་བྱེད་ཀྱི་ཡོད་པ། དབུ་ཞབས་ལས་སྣེ་ཡོངས་ཀྱིས་ཞལ་བུག་གཅིག་ནས་ཐོན་པ་ལྟར་གསུངས་བཞིན་པའི་སྐབས་སུ། བློ་བཟང་སེངྒེས་ཕྱི་བཞུགས་རྒྱ་མིའི་མི་རིགས་གཉེན་འབྲེལ་ཐུག་ཆེད་ཆོག་པའི་ཆོག་མཆན་ཞུས་པས། ལྟ་བའི་ལོངས་ཕྱོགས་དང་མཐུན་པ། བོད་ཀྱི་རྩ་དོན་མཐུན་པ། རྒྱལ་བའི་དགོངས་བཞེད་དང་མཐུན་པ་ལས། དེ་ལས་བརྒལ་བ་ཞིག་མ་དམིགས་ལ། འོན་ཀྱང་བོད་གཞུང་གི་ལོངས་ཕྱོགས་དང་མི་མཐུན་པ། ༧གོང་ས་མཆོག་གི་དགོངས་བཞེད་དང་ག་དུས་ཡིན་ནའང་རོ་རྒྱབ་ཁུར་བྱེད་མཁན་གྱི་འཇམ་དབྱངས་ནོར་བུའི་དགོངས་པ་ལས་འགལ་ཡོད་ཤེས་ཆེ།༽
    ༡) བློ་སེང་ལ་རྒྱ་རིགས་གཉེན་ཉེ་ཡོད་བ་དང་དེ་ཚོ་ཐུག་པར་སོང་བ་ཁྱེད་རང་གིས་ཁས་བླངས་འདུག་པས། དེ་གསལ་བོ་ཞིག་བཟོ་རོགས།
    ༢) ཕྱི་རྒྱལ་ལ་བཞུགས་པའི་རྒྱ་མིའི་མི་རིགས་ཚོ་ཕྱི་རྒྱལ་ལ་མ་ཐུག་བར་རྒྱ་ནག་ནང་ལ་ཐུག་པར་འགྲོ་དོན་ཅི་རེད། གཅིག་
    ༣) རྩ་བའི་བབས་ས། རྒྱ་ནག་གི་མི་སེར་དུ་གྱུར་བའི་བོད་བ་ཞིག་བཀའ་ཁྲིར་བཞེངས་ཆོག་གི་ཡོད་ན་ཞེས་བ་དེ་ནས་འཕྲོས་ཡོང་གི་ཡོད་རེད། རྒྱ་ནག་གི་མི་སེར་ཡིན་མུས་ཤིག་བཙན་བྱོལ་གྱི་བཀའ་ཁྲིར་ལངས་ཕྱོགས་བའི་ཆ་རྐྱེན་ཞིག་རང་རེའི་བཅའ་ཁྲིམས་ནང་ན་ཡོད་ས་མ་རེད་ཅེས་བདག་གིས་དྲི་བ་གཞན་ཞིག་གི་ལན་དུ་བརྗོད་ཟིན་པ་ཡིན།

    Reply
  24. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    བྱམས་རྒྱལ་གྱིས་( ཁང་གསར་ལགས། ཕྱིར་སྡོད་རྒྱ་མིའི་ལག་ཁྱེར་དེའི་སྐོར་བུ་མོ་ཟླ་བས་བཞག་པའི་སྒྲ་ཐག་དེ་ནང་དུ་བློ་སེང་གིས་འཇམ་ནོར་སོགས་ཀྱིས་ལག་ཁྱེར་དེ་ཁྱེར་བ་དངོས་སུ་བརྗོད་ཡོད་པ་ལྟ་བུས་བློ་སེང་འབུར་འཇོམས་བྱེད་ཐབས་བྱས་འདུག་ཀྱང་རྣམ་དཔྱོད་ལྡན་པའི་འཇམ་ཚུལ་ལགས་ཀྱིས་ཆུ་དང་འོ་མ་སོ་སོར་འབྱེད་དེ་དོགས་སེལ་གནང་བ་དེར་ཁྱེད་ཀྱིས་རང་གནོང་ངོས་ཨེ་ལེན། དང་པོ་དེ་གཅིག་གསུངས་རོགས་གནང་། དེ་རྗེས་ཁྱེད་ཀྱིས་རྩོམ་ལ་ཞིབ་ལྟ་ཞིག་བྱེ་འདོད་ཡོད)ཅེས་བྲིས་འདུག གནད་དོན་དེའི་ཐོག་ངས་དགེ་འདུན་རབ་གསལ་གྱི་རྩོམ་གྱི་འོག་དེར་མཆན་གཅིག་བཀོད་ཡོད། དེ་ལས་གཞན་པའི་འཇམ་ཚུལ་དང་རྩོད་གླེང་མ་བྱུང་། འཇམ་ཚུལ་གྱིས་དེ་ལ་ལྟ་ཚུལ་མི་མཐུན་པ་བཏོན་ཡོད་སྲིད། ངས་དེ་ཚོར་ལྟ་ཁོམ་མ་བྱུང་། གང་ལྟར་དེའི་ཐད་བཀོད་པའི་ངའི་མཆན་གྱི་ལངས་ཕྱོགས་དེར་འགྱུར་བ་མེད། ངའི་ལངས་ཕྱོགས་དེར་འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་རྣམ་དག་ཅིག་ཁྱེད་དག་ལ་གསུངས་རྒྱུ་ཡོད་ཚེ། འདིར་བཀོད་རོགས། ང་རྒྱུ་མཚན་ཁས་ལེན་མཁན་ཞིག་ཡིན།

    Reply
  25. ནགས་མེ། says:
    ལོ་ 14 སྔོན།

    ཁང་གསར་ལགས། རྒྱ་མིའི་སྤ་སེ་སྤྱད་པ་ཙམ་གྱིས་རྒྱ་མིའི་མི་སེར་ཆགས་རབས་མེད་ལ།
    དེས་རྐྱེན་པས་བློ་བཟང་སེང་གེ་བཀའ་ཁྲིར་འོས་བབ་མེད་དོན་ཡོད་མི་སྲིད། དེ་ནི་
    ཧ་ཅང་ཐལ་ཆེས་པ་རེད།འོ་ན། གཞིས་སྡོད་བོད་མི་བརྒྱ་ཆ་གོ་དགུ་པོ་ཚོས་རྒྱ་མིའི་
    མི་སེར་ལག་ཁྱེར་སྤྱོད་བཞིན་ཡོད་དུས། ཁོང་ཚོ་སུ་ལ་ཡང་བཀའ་ཁྲིའི་འོས་བབ་
    མེད་པ་ལྟ་བུ་ཞིག་དང་། བོད་མི་ནག་ཐིག་ཅན་རྐྱང་རྐྱང་ཆགས་ཚར་བ་རེད་པས་
    སྐུར་འདེབས་རྔམ་པོ་ཆེར་སོང་བ་རེད། ལྡོག་ཏེ། ཁྱེད་ཀྱིས་བཀྲས་མཐོང་བསྟན་འཛིན་
    རྣམ་རྒྱལ་གྱི་ཉེས་པའི་ཚོགས་མང་དག་ཞིག་ཀྱང་ངེས་པར་ཐེར་འདོན་བྱ་རིགས་པའི་ཕྱིར།

    Reply
  26. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    འོས་བླུགས་པ་ལ་དྭངས་བླངས་དཔྱ་ཕྲལ་བསྡུས་དགོས་པ་འདི་ཡང་བཀག་རྡོ་ཅིག་མ་རེད་པེ།

    Reply
  27. བྱམས་རྒྱལ། says:
    ལོ་ 14 སྔོན།

    ཁང་གསར་ལགས། ཕྱིར་སྡོད་རྒྱ་མིའི་ལག་ཁྱེར་དེའི་སྐོར་བུ་མོ་ཟླ་བས་བཞག་པའི་སྒྲ་ཐག་དེ་ནང་དུ་བློ་སེང་གིས་འཇམ་ནོར་སོགས་ཀྱིས་ལག་ཁྱེར་དེ་ཁྱེར་བ་དངོས་སུ་བརྗོད་ཡོད་པ་ལྟ་བུས་བློ་སེང་འབུར་འཇོམས་བྱེད་ཐབས་བྱས་འདུག་ཀྱང་རྣམ་དཔྱོད་ལྡན་པའི་འཇམ་ཚུལ་ལགས་ཀྱིས་ཆུ་དང་འོ་མ་སོ་སོར་འབྱེད་དེ་དོགས་སེལ་གནང་བ་དེར་ཁྱེད་ཀྱིས་རང་གནོང་ངོས་ཨེ་ལེན། དང་པོ་དེ་གཅིག་གསུངས་རོགས་གནང་ དེ་རྗེས་ཁྱེད་ཀྱིས་རྩོམ་ལ་ཞིབ་ལྟ་ཞིག་བྱེ་འདོད་ཡོད་།

    Reply
  28. བྱམས་རྒྱལ། says:
    ལོ་ 14 སྔོན།

    ཁང་གསར་ལགས། ཕྱིར་སྡོད་རྒྱ་མིའི་ལག་ཁྱེར་དེའི་སྐོར་བུ་མོ་ཟླ་བས་བཞག་པའི་སྒྲ་ཐག་དེ་ནང་དུ་བློ་སེང་གིས་འཇམ་ནོར་སོགས་ཀྱིས་ལག་ཁྱེར་དེ་ཁྱེར་བ་དངོས་སུ་བརྗོད་ཡོད་པ་ལྟ་བུས་བློ་སེང་འབུར་འཇོམས་བྱེད་ཐབས་བྱས་འདུག་ཀྱང་རྣམ་དཔྱོད་ལྡན་པའི་འཇམ་ཚུལ་ལགས་ཀྱིས་ཆུ་དང་འོ་མ་སོ་སོར་འབྱེད་དེ་དོགས་སེལ་གནང་བ་དེར་ཁྱེད་ཀྱིས་རང་གནོང་ངོས་ཨེ་ལེན། དང་པོ་དེ་གཅིག་གསུངས་རོགས་གནང་ དེ་རྗེས་ཁྱེད་ཀྱིས་རྩོམ་ལ་ཞིབ་ལྟ་ཞིག་བྱེ་འདོད་ཡོད་།

    Reply
  29. རིག་པའི་རལ་གྲི says:
    ལོ་ 14 སྔོན།

    དོགས་པ་མེད་པའི་དོགས་པ་སློང་ནས་ཆོད་རྒྱུ་མེད་པའི་ཆོད་ཆོད་མཛད་མཁན་གྱི་ཁང་གསར་རྡོ་རྗེ་ལ་འདྲི་རྒྱུ། འཛམ་གླིང་རྒྱལ་སྤྱིའི་ཆབ་སྲིད་མི་ཤེས་ལ། བོད་གཞུང་སྐྱབས་བཅོལ་དུ་ཡོད་པའི་སྒྲིགས་གཞི་ཡང་ཞིབ་ཆ་ཤེས་ཀྱི་མེད། འོན་ཀྱང་ང་རང་གི་བསམ་ཚོད་ལྟར་ན་བོད་ཀྱི་ཤ་ཁྲག་ལས་གྲུབ་ཤིང་། བོད་སྐད་རང་སྐྱ་འཕེར་མཁན། བོད་པར་ཁ་ཞེ་གཉིས་མེད་དུ་ཞལ་གྱི་བཞེས་མཁན་ཞིག་ཡོད་ནས་བཟུང་། ལག་ཁྱེར་གང་འདྲ་ཞིག་ཁྱེར་ན་འདྲ། མི་སེར་གང་གི་ཁོང་དུ་ཆགས་ཡིན་ན་འདྲ། བཀའ་ཁྲིར་ལ་ཕེབས་ཆོག་པར་སེམས།
    གལ་སྲིད་ད་ལྟའི་ཆབ་སྲིད་པ་རྣམས་ཀྱིས་བསམ་ཚུལ་ནང་བཞིན་བྱས་ན། བོད་དུ་ཡོད་པའི་བོད་མིར་བཙན་བྱོལ་དུ་གནས་པའི་བོད་གཞུང་གི་ཆ་ཤས་ཏིལ་ཙམ་ཡང་ལེན་མི་ཆོག་པའི་གནས་ཚུལ་ཞིག་བོད་སྐྱབས་བཅོལ་པའི་སྒྲིགས་གཞི་དང་། བོད་སྐྱབས་བཅོལ་དུ་གནས་པའི་བསམ་ཚུལ་དུ་འདུག བོད་ལ་ཡོད་པའི་བོད་མིས། ཨ་རིའི་མི་སེར་གྱིས་བཙན་བྱོལ་བོད་གཞུང་གི་ཆ་ཤས་ལེན་ཆོག་པ་ནང་བཞིན་པ་བཙན་བྱོལ་དུ་གནས་པའི་བཀའ་བློན་ཁྲི་བར་ཞུགས་ཆོག་པ་ཞིག་བྱུང་ན། བཀའ་ཁྲིར་ལོངས་ཆོག་གི་རེད་པས།

    ཁང་གསར་གྱིས་ལན”དེ་ནས་གཅིག་གིས། བོད་ནང་གི་བོད་མིས་བཀའ་ཁྲིའི་འོས་འདེམས་ནང་ཆ་ཤས་ལེན་ཆོག་དགོས་བ་དང་དེ་ཡང་བོད་གཞུང་གིས་བཀག་བསྡད་ཡོད་བ་ལྟ་བུ་ཞིག་བཤད་འདུག ངས་གོ་ནོར་ཐེབས་ཡོད་སྲིད། བོད་ནང་གི་བོད་མི་ཚོ་བཙན་བྱོལ་བོད་གཞུང་གི་བཀའ་ཁྲིའི་འོས་བསྡུའི་ནང་ཆ་ཤས་ལེན་མི་ཆོག་པ་དང་བཀག་འགོག་བཟོ་མཁན་དེ་རྒྱ་ནག་གཞུང་རེད་མ་གཏོགས་བོད་གཞུང་མ་རེད། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཙམ་མ་ཟད། ད་ཆ་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲད་དེ་བལ་ཡུལ་ནང་གི་བོད་མིས་འོས་བསྡུའི་ནང་ཆ་ཤས་ལེན་རྒྱུར་བར་ཆད་མང་བོ་བཟོས་དང་བཟོ་བཞིན་པ་རེད། དེ་མིན་བོད་ནང་གི་བོད་མིས་བཙན་བྱོལ་གྱི་ཆབ་སྲིད་ལས་དོན་ལ་ཐེ་ཇུས་བྱས་མི་ཆོག་བ་དེ་འདྲ་མ་རེད། དཔེར་ན། མང་མོས་ཐག་གཅོད་འོས་བསྡུའི་སྔོན་འགྲོའི་འོས་བསྡུའི་སྐབས་དང་དམིགས་བསལ་ཚོགས་ཆེན་གྱི་སྐབས་སུ་བོད་ནང་གི་བོད་མིས་བསམ་འཆར་ཕུལ་ཡོད། དེ་བཞིན་བོད་ནང་ནས་བཙན་བྱོལ་དུ་ཡོང་བ་ཚོས་ཐད་ཀར་བཙན་བྱོལ་བོད་མིའི་ཆབ་སྲིད་ལས་དོན་ནང་ཇེ་ཇུས་བྱས་ཆོག་གི་ཡོད་ལ་བྱེད་བཞིན་པའང་རེད། ”

    ངས་ཡང་བསྐྱར་བསམ་འཆར་ཞུ་རྒྱུ། གལ་སྲིད་རྒྱ་ནག་གི་མི་སེར་དུ་གྱུར་བའི་བོད་མི་ཞིག་བཀའ་ཁྲིར་ལོངས་པ་ལ་བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་ངོ་རྒོལ་དང་བཀག་འགོག་མེད་ཅིང་དེ་དག་ལ། འོས་བབ་ཡོད་ན། གཉིས་ཕན་དབུ་མའི་ལམ་དུ་མགོ་ནག་བོད་པའི་སྐུ་ཚབ་བཙན་བྱོལ་བོད་གཞུང་མང་གཉིས་ཆར་ཁ་ཞེ་གཉིས་མེད་ཀྱིས་ཤར་སྐྱོད་བྱེད་ཀྱི་ཡོད་པ། དབུ་ཞབས་ལས་སྣེ་ཡོངས་ཀྱིས་ཞལ་བུག་གཅིག་ནས་ཐོན་པ་ལྟར་གསུངས་བཞིན་པའི་སྐབས་སུ། བློ་བཟང་སེངྒེས་ཕྱི་བཞུགས་རྒྱ་མིའི་མི་རིགས་གཉེན་འབྲེལ་ཐུག་ཆེད་ཆོག་པའི་ཆོག་མཆན་ཞུས་པས། ལྟ་བའི་ལོངས་ཕྱོགས་དང་མཐུན་པ། བོད་ཀྱི་རྩ་དོན་མཐུན་པ། རྒྱལ་བའི་དགོངས་བཞེད་དང་མཐུན་པ་ལས། དེ་ལས་བརྒལ་བ་ཞིག་མ་དམིགས་ལ། འོན་ཀྱང་བོད་གཞུང་གི་ལོངས་ཕྱོགས་དང་མི་མཐུན་པ། ༧གོང་ས་མཆོག་གི་དགོངས་བཞེད་དང་ག་དུས་ཡིན་ནའང་རོ་རྒྱབ་ཁུར་བྱེད་མཁན་གྱི་འཇམ་དབྱངས་ནོར་བུའི་དགོངས་པ་ལས་འགལ་ཡོད་ཤེས་ཆེ།

    ད་ངས་ཁྱེད་ཀྱིས་ཉིན་གྲངས་མང་པོའི་རིང་དུ། དུས་ཚོད་གང་མང་ཞིག་བསམ་འཆར་འབྲི་བ་དང་། དཔྱད་པ་བྱེད་ཁུལ་བྱེད་པ་ལ་བཏང་བའི་དམིགས་ཡུལ་གཙོ་བོ་དེ་གང་ཡིན་ཤེས་མ་སོང་།

    Reply
  30. གླང་དར་མ། says:
    ལོ་ 14 སྔོན།

    ཁང་གསར་ལགས། ཡོ་རོབ་དུ་ཆ་བཞག་ན་བོད་མི་ཚང་མའི་ལག་ཁྱེར་ནང་རྒྱལ་ཁོངས་རྒྱ་མི་དང་མི་རིགས་རྒྱ་མི་ཞེས་འབྲི་གི་འདུག། བོད་མི་ཁ་ཤས་གི་འབྲེལ་ཡོད་ལས་ཁུངས་ལ་བོད་དང་བོད་མི་ཞེས་འབྲི་རྒྱུའི་རེ་འདུན་ཞུས་ཀྱང་དེ་ལ་སྒྲུབ་འབྲས་ཐོན་མ་སོང་བས་དེ་ལ་ཁྱེད་གི་བསམ་ཚུལ་གང་འདྲ་ཡོད་དམ།།

    Reply
  31. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    དྲ་གྲོགས་ཁང་གསར་ལགས།
    ༡། ངས་མ་བསམ་ས་ནས་རང་གིས་ཧ་ཅང་བཀུར་བའི་དྲ་གྲོགས་དང་གཏུག་རེས་བྱེད་པ་དགོས་པ་ཞིག་བྱུང་སོང་། ངོ་མ་བཤད་ན་འདི་མ་ལེགས་པ་ཞིག་མིན་པར་ཡོན་ཏན་པ་དང་ལྷན་དུ་བསམ་ཚུལ་རྗེ་རེས་སྐལ་བ་བཟང་པོའི་ལས་ཀ་ཞིག་ཡིན། འོན་ཀྱང་རྣམ་པ་ནི་བཤད་རེས་བྱེད་པའི་ཚུལ་དེ་རེད། བཤད་རེས་བྱས་སྐབས་བཤད་རྒྱུ་ཡོང་གི་འདུག དཔེར་ན་ཁྱེད་ཀྱིས་གནདྷིའི་སྐོར་ལ་ནོན་ཅི་ཐུབ་ཀྱིས་གསུང་འདུག་ཀྱང་། དེ་ནི་འབེན་མེད་པའི་མདའ་འཕེན་དང་འདྲ་སྟེ། དེ་ལྟར་ངས་བསམ་ཤེས་བྱས་ཡོད། ངའི་དཔེ་ངོ་མ་གཉིས་བཞག་པ་ཡ་ཧུའི་སྲིད་བློན་ནིཏིན་ཡཧུ་ཡིས་དབྱིན་ཇིའི་ལག་འཁྱེར་བཟུང་བ་དང་སུབྷཤི་ཡིས་ཨི་ཊ་ལིའི་ལག་འཁྱེར་བཟུང་བ་གཉིས་ཀ་ལ་ཟུར་ཙམ་ཡང་གསུང་མི་འདུག གསུང་རྒྱུ་མེད་པས་བཞག་པ་རེད་མི་ཞུ་ཡང་གྲ་སྒྲིག་ཅིག་ངེས་པར་དུ་གནང་དགོས་པར་གྱུར་བ་འདྲ།
    ༢། ཁྱེད་ཀྱིས་འདི་ཐག་ཆོད་ཚར་བ་ཡིན་ཞེས་རང་འཚམས་ཀྱིས་བསྡུམས་འདུག་དེར་འཇོག་ན་མི་འགྲིག་པ་ཆེར་མེད། འོན་ཀྱང་དོན་དུ་ཐག་གང་ཡང་ཆོད་མེད། ངས་ཁྱེད་ཀྱིས་རྩོམ་ལས་བཤུས་པའི་དུམ་བུ་“་་་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ཡང་རྒྱ་ནག་གི་ཕྱི་སྡོད་རང་མིའི་ལག་འཁྱེར་ཐོག་ནས་བོད་ལ་ཕྱིན་པ་རེད་ཅེས་ཚིག་ཐག་བཅད་ནས་བཤད་འདུག”ཅེས་པ་འདིའི་སྐོར་ལ་གང་ཡང་གསུང་མི་འདུག ཁྱེད་ཀྱིས་རྗེད་སོང་རུང་རྒྱ་ཆེས་ཀློག་པ་པོ་དང་ངས་ད་དུང་རྗེད་མེད། ངས་ཞུས་པ་བཞིན་གཡོལ་འདོད་ན་གཡོལ་ཆོག་ས་ལ་ཏག་ཏག་གཡོལ་སའི་ལམ་དེར་ཞུགས་སོང་། གང་ལགས་ཤེ་ན་ཁྱེད་ཀྱིས་“འོས་འགྲན་གྱི་བརྒྱུད་རིམ་ནང་རྫུན་དང་ཧམ་པ་བཤད་པ་བཅས་བྱུང་ཡོད།”ཅེས་བྲིས་ཡོད་ཅིང་། ཁོ་བོས་ཁྱེད་ཀྱི་གསུང་དུམ་བུ་འདི་ལ་གོ་བ་ཞིག་བླངས་བ་ན་ “རྫུན་དང”་ཞེས་པ་དང་ “ཧམ་པ་བཤད་པ”་གཉིས་ཟློས་སྐྱོན་མ་ཡིན་པར་བསམ་ནས་དེ་གཉིས་ལ་གོ་བ་སོ་སོར་བླངས་པ་ཡིན། ཁྱེད་ཀྱི་ “རྫུན”་གྱི་འཇུག་ཡུལ་ནི་ཁྱེད་ཀྱིས་གསུང་བའི་གཞོན་ནུའི་རྒྱུན་ལས་བྱས་ལོ་སྐད་སོགས་ཡིན་པ་དང་། “ཧམ་པ་བཤད་པ”་ཞེས་པའི་འཇུག་ཡུལ་ནི་ “འཇམ་ནོར་དང་ལྷ་སངས་ཀྱིས་ཤོག་དཀར་ཁྱེར་ནས་བོད་ལ་སོང་བ་རེད།” ཅེས་བཤད་ལོ་འདི་ལ་གོ་དགོས་སྙམ་ཏེ། ཁོང་གཉིས་ད་ལྟ་འཚོ་བཞུགས་ཡོད་པ་ལ་མ་བྱས་པ་ཞིག་བྱས་པར་བརྗོད་ན་བོད་སྐད་དུ་ཧམ་པ་བཤད་པ་ཞེས་ཟེར་བ་ཡིན་པས་སོ། ཁོས་གོ་བ་དེ་ལྟར་བླངས་བ་ཡིན། འོན་ཀྱང་ཁྱེད་ཀྱིས་རྫུན་དང་ཧམ་བཤད་གཉིས་ཀ་ལ་གོ་ས་ལོགས་ཁ་མེད་པར་ཟློས་སྐྱོན་གྱི་ཚིག་ཅིག་ཡིན་པར་གསུང་ན་གསུང་པ་པོ་ཁྱེད་རང་ཡིན་པས་དེ་རང་ཡིན་ཆུགས། ངས་གོ་བ་བླངས་བ་ནོར་བར་ཆ་ཞོག རྩོད་པ་འདི་ལ་དགོས་པ་ཆེར་མེད་པས་འདི་ལས་འཚམས་བཞག་ཀྱང་འགྲིག
    ༣། ཁྱེད་ཀྱིས་“ཁྱོད་ཀྱིས་ཕྱོགས་གཅིག་ལ་བསྟོད་རྐྱང་དང་ཕྱོགས་གཅིག་ལ་སྨད་རྐྱང་གི་ལངས་ཕྱོགས་དེ་ཡག་བོ་མ་རེད་ཅེས་ངས་གོ་བརྡ་ཞིག་སྤྲད་པ་ཡིན།”ཞེས་པའི་དུམ་བུ་འདི་ཁྱེད་ལ་ཕྱིར་ཁ་དག་དཀར་པོ་ཞིག་གིས་བརྒྱན་ནས་འབུལ་ཆོག་པར་ཞུ། ངས་རང་མཐོང་ཡིན་སྲིད་ཀྱང་འདི་ལྟར་བྱེད་ཀྱི་མེད་ཚོད་ཡིན་ཞིང་། ཁྱེད་ཀྱང་སྔོན་མ་དེ་ལྟར་མི་གནང་བའི་ཆ་འཇོག་ཆེན་པོ་ཡོད་མོད། བློ་སེང་ལ་ཐུག་དུས་དེར་བསྡད་མ་སོང་སྙམ་པའི་ཚོར་སྣང་བྱུང་བ་ལགས། དཔུང་སྒྲིག་ནས་ཡོང་བ་ཡིན་ཞེས་པའི་སྐབས་སུ་སྲུང་སྐྱོབས་བྱས་པ་ཡིན་གསུང་ལ་དེ་ཙམ་བྱས་ཡུས་གནང་དགོས་པར་མ་མཐོང་སྟེ། ཚིག་དེའི་ནང་དོན་ཙམ་ནི་བསམ་བློ་གདོན་གྱིས་བརླམས་པ་ཞིག་མིན་ན་སུས་ཀྱང་གོ་བ་ལེན་ཐུབ་པ་ཞིག་རེད། ཁྱེད་ཀྱིས་བློ་སེང་ཧ་ཝར་ནང་གཞོན་སྐྱེས་དབུ་ཁྲིད་ཉི་ཤུའི་གྲས་ལ་འདམ་ཐོན་བྱུང་བ་ལན་གཅིག་གསུང་ཨེ་མྱོང་། ཁོང་གིས་ཆུ་སྒང་དྲུང་ཆེ་བྱས་པ་སོགས་མ་བཀོད་པ་ནི་ཁོང་གི་ཐུགས་ལ་འགོད་ཅན་གྱི་བྱས་རྗེས་སུ་མ་གཟིགས་པ་ཡིན་པའི་ལམ་ཁ་ཞིག་མེད་པ་རེད་དམ། དོན་དག་ཆེད་དུ་སྦེད་པའི་ཉེས་པ་ལས་འཆོར་ས་མེད་པ་ཨེ་ཡིན།
    ཁྱེད་ཀྱིས་ཁོང་གི་སྐོར་ལ་འོས་མི་ལ་དམའ་འབེབ་བྱེད་ཆེད་འཁྱོག་ནས་བརྗོད་པ་མིན་ན་མང་ཚོགས་མགོ་རྨོངས་སྲིད་པའི་རྗོད་སྟངས་སུ་བཅོས་ནས་བརྗོད་པ་མིན་ནམ་སྙམ་པ་འཆར་། ད་དེ་ཚོ་ཞོག
    ༤། ངས་འཇའ་ས་དེ་ཚོ་ལ་གནད་འགག་ཡེ་ནས་མེད་ཞུས་མེད། གནས་སྟངས་མ་འདྲ་བ་ཡིན་པས་སྔར་གྱིས་འཇའ་སའི་ཉེན་ཚབ་དེ་བཞིན་ཤོག་དཀར་ལ་འབྱུང་སྲིད་དམ་ཞུས་ཡོད། ༧གོང་ས་བཅུ་གསུམ་པས་རྒྱས་གསེར་ཐམ་བེད་སྤྱོད་མ་གནང་བ་དང་བློ་སེང་གིས་ཤོག་དཀར་བེད་སྤྱོད་བྱས་པ་གཉིས་མཚུངས་སྡུར་བྱས་པ་ནི་ར་མགོ་ལུག་སྦྱར་མིན་ཁྱི་མགོ་ཕག་སྦྱོར་ཡིན། ༧གོང་ས་མཆོག་ལ་གདམ་ང་ཡོད་ཅིང་བློ་སེང་ལ་གདམ་ང་མེད། ལར་ནས་བཤད་སྟངས་ཤིག་ལ་བློ་སེང་གི་ཤོག་དཀར་བླངས་བའི་ཉེས་པ་དེ་བློ་སེང་གིས་བོད་ཀྱི་མི་སེར་ཡིན་པ་མཚོན་པའི་དེབ་སེར་གཡུག་ནས་ཨ་རིའི་མི་སེར་ཡིག་ཆ་མ་བླངས་པ་ལས་བྱུང་འདུག་ཅེས་བཤད་ན་ཁྱེད་ཀྱིས་བློ་གང་འཆར་།
    ༥། “བཀྲས་མཐོང་གིས་ལས་ཀ་ཆུང་ས་དེ་ཚོ་ནས་དཀའ་ལས་བརྒྱབ་སྟེ་ཡོང་བ་རེད། བློ་སེང་གི་ལས་ཀ་ཆུང་ཆུང་ཚང་མ་ནས་དགོངས་པ་ཞུས་བ་རེད།” བཀྲས་མཐོང་གིས་དེ་ལྟར་གནང་བ་དང་ཁོང་གིས་ཕྱག་ལ་ངས་སྔགས་བརྗོད་ཚད་མེད་གཞན་དང་གཞན་ན་ཞུས་ཡོད་ལ་ཞུ་གིན་ཡོད། ཁྱེད་ཀྱིས་གཟིགས་ཡོད་མེད་མ་ཤེས། འོན་ཀྱང་འདི་སྐོར་ལ་ངས་དངོས་ཡོད་ཚིག་ཅིག་ཞུས་ན་མཐོང་ཆུང་བྱས་པར་མ་དགོངས་རོགས། བཀྲས་མཐོང་གིས་ལས་ཀ་ཆུང་ས་ནས་དགོངས་པ་མ་ཞུས་པ་ལ་ངོ་མ་བཤད་ན་ཁོང་ལ་མུ་མཐུད་བཞུགས་རྒྱུ་ལས་བློ་སེང་ནང་བཞིན་འོད་སྟོང་འཕྲོ་བའི་མདུན་ལམ་གྱི་གཡབ་མོ་དེ་འདྲ་མེད་པ་རེད། གལ་སྲིད་བཀྲས་མཐོང་གི་མདུན་དུ་བློ་སེང་ལ་བྱུང་བའི་གོ་སྐབས་དེ་དག་བྱུང་ཡོད་ན་ཡིད་གཉིས་ཐེ་ཚོམ་མེད་པར་དགོངས་པ་ཞུས་ཡོད་སྲིད། རྒྱུ་མཚན་གཞན་ཞུ་རྒྱུ་མེད་ཀྱང་ནང་ཁྱིམ་གྱི་དོན་དུ་བཀའ་ཁྲིའི་ལས་ཀ་ལས་དགོངས་པ་ཞུས་པ་དེ་ཡིན།
    ༦། “སྐད་ཆ་སྡུག་ས་ནས་བཤད་ན། ལས་ཀ་ཆུང་ང་མང་བོ་ནས་དགོངས་པ་ཞུས་པ་དེ་ཀ་རང་གིས་ཆེན་པོ་ནས་ཀྱང་དགོངས་པ་ཞུ་ཉེན་ཆེ་བ་ཡོད་བ་དེ་རེད།”ཅེས་པ་ལ་སྐུ་རྩེད་ཅིག་འབུལ་གྱི་ཡིན། “སྔར་དགོངས་པ་ཞུ་བའི་སྲི་ཡོད་དུས་ཕྱིས་སུ་ཡང་དགོངས་པ་ཞུ་བའི་ཉེན་ཁ་ཆེ་བ་ཡོད་པ་རེད།” ཅེས་ཞུ།
    ༧། ཁྱེད་ཀྱིས་ ཕྱི་རྒྱལ་བ་ Peter Schwieger ཞེས་པས་གསུང་རབས་བཀོད་ནས་རྒྱ་ནག་གིས་དེ་བོད་རྒྱ་ཁུངས་དུ་སྒྲུབ་བྱེད་ལ་རྩི་བ་མ་ཟད་ “རྒྱལ་སྤྱིའི་ཞིབ་འཇུག་པ་ཚོས་ཀྱང་དཔང་རྟགས་དང་ཁུངས་ལུང་དུ་དྲངས་ས་ཞིག་ཆགས་ཡོད།”་ཅེས་མཐའ་སྡོམ་བརྒྱབས་ནས་ང་ཚོ་ལ་ངག་སྒྲ་ཞིག་མེད་ཤག་གནང་བ་འདི་ལ་ང་ཅུང་ཡ་མཚན། རྩོད་པ་བྱེད་སྐབས་རུ་གསུམ་ཡོད་པ་ལས་ཁྱོད་དང་ང་ཁོ་གསུམ་ཡོད་པ་ལས་ཁྱེད་ཀྱི་ང་རྩོད་གླེང་ལ་མཐོང་ཡེ་ནས་མི་འཇོག་པ་ཡ་མཚན། གང་ཟག་གཉིས་པ་དང་གསུམ་ཁ་མཐུན་ན་གང་ཟག་དང་པོའི་འདོད་པ་རྩིས་མེད་དུ་གཏོང་ཆོག་བའི་ལུགས་སྲོལ་ཞིག་ཡོད་དམ། ལར་ནས་གང་ཟག་གསུམ་པ་ཕྱི་རྒྱལ་བ་Peter གཅིག་བུ་མ་རེད། ཕྱི་རྒྱལ་བ་ Eliot སོགས་རང་རེའི་རྩོད་གླེང་ལ་རྒྱབ་སྐྱོར་བྱེད་མཁན་དེ་ལས་མང་བ་ཡོད། མདོར་ན་ཁྱེད་ཀྱིས་བོད་རྒྱ་ནག་གི་ཆ་ཤས་ལ་རྒྱ་མིས་བསྒྲུབས་ཟིན་ནས་ཚར་ཚར་བ་ཞིག་ལ་ངོས་འཛིན་གྱི་ཡོད་དམ།
    ༨། ངས་མཆན་གོང་མའི་ནང་དུ་ཁྱེད་ལ་དྲི་བ་ཞིག་ཐད་ཀར་དྲིས་པ་ལ་ལན་གནང་མི་འདུག ད་ལན་གྱི་དྲི་བ་འདི་ལ་ཡང་ལན་མི་གཡོལ་བར་ཐད་འདེབས་གནང་བའི་རེ་བ་ཞུ།
    ༩། ཧ་ཝར་ཌི་གཙུག་ལག་སློབ་ཆེན་དུ་སློབ་ཁྲིད་བྱས་པའི་གླ་ཕོགས་ནི། སློབ་ཁང་དེ་ནས་གནང་གི་མེད་པ། ཁོང་མཉམ་ཞིབ་པ་རྒན་པ་མིན་པ། སོགས་ཁུངས་ལུང་གསུང་ན་ཕན་པོ་འདུག

    Reply
  32. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    ཁང་གསར་ལགས་ཀྱིས་ལན་གནང་བར་དྲིན་ཆེ། འོན་ཀྱང་ཁྱོད་ཀྱིས་བློ་སེང་ལ་སྐྱོན་བརྗོད་སྟངས་ལ་བསྟས་ན་ཁྱེད་ཀྱི་ཀུན་སློང་ལ་དོགས་པ་ཆེ། དུས་ཚོད་ཁོམ་དུས་གནས་ལུགས་མུ་མཐུད་བཤད་པར་འདོད། རྗེས་སུ་མཇལ་ཡོང་།

    Reply
  33. འོས་ལངས། says:
    ལོ་ 14 སྔོན།

    བློ་སེང་གི་གང་ཞིག་ལ་བསམ་གཞིགས་མང་པོ་བྱས་ཀྱང་ཁོང་བཀའ་ཁྲིའི་འོས་གཞིར་འགྲོ་བར་རྩ་བའི་ཆ་རྐྱེན་གཉིས་ལས་མི་འདུག དེ་གཉིས་ནི་བློ་སེང་མི་རབས་གསར་པར་བརྩིས་པ་དང་། ཧ་ཝར་སྒྲི་སློབ་ཐོན་ཡིན་པ་དེ་གཉིས་རེད། ཁོང་མི་རབས་གསར་པ་ཡིན་དབང་དུ་བཏང་ཡང་། དེའི་ཚོད་ཀྱིས་ཁོང་ལ་ཚད་མཐོའི་བསམ་བློ་གསར་པ་དང་། འཆར་གཞི་གསར་པ། འདུ་ཤེས་གསར་པ་སོགས་ཅི་ཡང་མི་འདུག དེ་ཙམ་ཡང་མེད་ན་ཁོང་གིས་རྒྱུན་ལྡན་དུ་སྒྲོག་གིན་ཡོད་པའི་སྔར་མེད་འགྱུར་བ་གསར་པ་ཟེར་བ་དེ་གང་འདྲ་ཞིག་ལ་ང་ཚོས་ངོས་འཛིན་བྱ་ཤེས་དགོས་རེད། སྤྱིར་བཏང་ཧ་ཝར་སྒྲི་སློབ་ཐོན་ཙམ་ནི་ཧ་ཅང་མང་པོ་རེད། ཡིན་ཡང་བོད་རིགས་ཚོའི་ཁྲོད་ན་དེའི་གོ་སྐབས་ཐོབ་མཁན་དཀོན་པོ་ཡིན་ཙང་། བོད་མི་གཞོན་སྐྱེས་མང་པོས་བློ་སེང་མ་འདྲ་བ་ཞིག་ལ་བརྩིས་པ་རེད་ལ། དེ་བཞིན་ཁོང་གིས་ཀྱང་ཁོང་ཉིད་མ་འདྲ་བ་ཞིག་ཡིན་ཚུལ་སྒྲོག་གིན་ཡོད་པ་རེད། འདི་ནས་ང་ཚོས་ངེས་པར་དུ་བསམ་དགོས་པ་ཞིག་ནི། ཁོང་ལ་སློབ་ཐོན་ལག་འཁྱེར་དེ་དང་མཐུན་པའི་གལ་ཆེའི་ལས་དོན་ཇི་འདྲ་སྒྲུབ་ཡོད་མེད་ཤེས་དགོས་རྒྱུ་དེ་ཡིན། ངའི་བསམ་ཚུལ་ལྟར་ན། ཁོང་གིས་ཁོང་གི་ཁྲིམས་ལུགས་སློབ་ཐོན་ལག་འཁྱེར་དེ་དང་འབྲེལ་བའི་གལ་ཆེའི་ལས་དོན་ཅི་ཡང་བསྒྲུབས་ཐུབ་མི་འདུག་པ་དེས་ང་ཚོ་ལ་ཚུར་གསལ་བཤད་ཡང་དག་ཅིག་བྱས་འདུག་བསམ།
    དེ་ནས་བློ་སེང་ཕྱི་སྡོད་རྒྱ་མི་ཡིན་པའི་ཤོག་དཀར་གྱི་ཐོག་ནས་རྒྱ་ནག་ཏུ་ཐད་བསྐྱོད་བྱས་པ་དེར་ནམ་ཡང་དགག་བྱ་ཡོད་ཅིང་། དེ་ལ་དག་སེལ་དང་ཁག་དཀྲིའི་གསལ་བཤད་གཞན་ཅི་ཡང་མི་དགོས་པ་ཡིན། ཆེ་ཆུང་ལ་མ་བལྟས་པར་གནའ་ནས་ད་བར་དུ་བོད་བོད་དང་། རྒྱ་རྒྱ་ཡིན་པའི་ངེས་ཚིག་གསལ་པོ་འདི་ཡིག་ངག་སོ་སོར་ནམ་མཁའི་སྐར་ཚོགས་བཞིན་དུ་ཁྲ་ཆེམ་མེར་ཡོད་པ་ཙམ་ལ་ཡང་བསམ་བློ་མི་ཐོངས་ན་ཧ་ཅང་ཡ་མཚན་སྐྱེ་གཞི་ཞིག་རེད། གནད་འགག་འདུག ཉེན་ཁ་ངེས་པར་དུ་ཆེའོ།།

    Reply
  34. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཡང་གནད་འགག་མེད་སྟངས་ཅིག་ནི། སྔར་བོད་རང་བཙན་ཡིན་མིན་ནི། ༡༩༤༩གོང་གི་བོད་ལ་གོ་དགོས་པ་ལས། དེའི་སྔོན་ལ་རང་བཙན་ཡིན་པ་རྩོད་མེད་ཡིན་ཀྱང་། བཙན་དབང་གིས་དོན་ཚན་༡༧བཞག་ཚར་ནས་བཟུང་ད་ལྟའི་བར་ནི། གནས་ཚུལ་གཞན་ཅིག་ཡིན་པ་དང་།
    ༡༩༧༩ནས་ད་ལྟའི་བར་གྱི་བོད་མི་རིགས་ཀྱི་ཁ་ཕྱོགས་དེ་གསར་པ་ཅིག་རེད། ཡང་འདི་ལོ་༢༠༡༡དང་༢༠༠༡གཅིག་གོང་གི་བོད་རྒྱའི་གནས་སྟངས་གཉིས་མཉམ་བསྲེས་བྱས་ནས། རྒྱ་དམར་དྭོགས་སློང་ཡོང་བ་སྨོས་ཅི་དགོས།
    གཞིས་བྱེས་བོད་མི་རྣམས་ཀྱང་མགོ་རྨོངས་སུ་འགྱུར་ནས། ཕན་ལས་གནོད་ཆེ་བ་ཡིན་པ་ནི། ད་ལྟའི་དངོས་པོའི་གནས་ཚོད་བསྟུན་ནས་འགྲེལ་བཤད་རྒྱག་དགོས་པ་ལས། རང་བཙན་ལེན་འདོད་དང་དེ་ཡང་ཞི་བའི་ལམ་ནས་ཐུབ་མདོག་བྱས་པ་ནི། རྒྱ་བོད་གཉིས་ཀར་ཕན་མེད་གནོད་བསྐྱལ་ཅིག་ཡིན་པ་ངོས་འཛིན་མཐིལ་ཕྱིན་གནང་དགོས་པ་མི་འདུག་གམ།

    Reply
  35. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    རྫ་ཚེ་རིང་བཀྲ་ཤིས་ལགས། བློ་སེང་གིས་ད་དུང་ཡང་སྐྱབས་བཅོལ་ལག་དེབ་བཟུང་བ་དེ་ལ་བསམ་བློ་གཏོང་རྒྱུ་ཁ་ཤས་འདུག དང་པོ། ཁོང་ཨ་རི་ནས་འབུམ་རམས་པའི་སློབ་སྦྱོང་ག་དུས་ཐོན་པ་རེད། སློབ་སྦྱོང་དེ་མ་ཐོན་བར་ཨ་རིའི་མི་སེར་གྱི་སྙན་ཞུ་ཕུལ་ཆོག་གི་ཡོད་མ་རེད། སྙན་ཞུ་ཕུལ་བ་ནས་རག་པའི་བར་ལ་དུས་ཚོད་ག་ཚོད་དགོས་རེད། གནས་ཚུལ་དེ་གཉིས་ཁྱེད་རང་གིས་རྩད་གཅོད་ཡག་པོ་ཞིག་གནང་ན། དངོས་གནས་ཡ་མཚན་དགོས་པའི་དོན་དངོས་དེ་འདྲ་རག་གི་རེད། དེ་མིན་རྒྱ་གར་ནང་གི་ལྟ་སྟངས་ཤིག་གིས་ཨ་རི་ལ་བལྟས་ན་ཏག་ཏག་བསྡད་ཀི་མ་རེད། ཨ་རིའི་མི་སེར་བྱས་མ་བྱས་ཀྱི་ཐོག་ནས་ཀྱང་ལྷག་བསམ་དང་སེམས་ཤུགས་མཚོན་ཐུབ་ཀི་མ་རེད།

    Reply
  36. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ད་འདིའི་རྗེས་ནས་དུས་ཚོད་ཉུང་བས་མཆན་ཚང་མ་ལ་ལན་འདེབས་ཐུབ་ས་མ་རེད། ལན་མ་བཏབ་པ་དེ་ཚོ་ལ་མཐོང་ཆུང་བྱས་འདུག་མ་བསམས་རོགས།

    Reply
  37. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    དེ་ནས་འཇམ་ཚུལ་ངེད་ཅག་གཉིས་ཀ་ཤེས་ཡོན་ཅན་རེད། ངས་རང་ཉིད་ཀྱི་བྱེད་སྟངས་དེ་ཁྱེད་ལས་ལེགས་པ་ཡིན་ཟེར་གྱི་མེད། འོན་ཀྱང་ངས་བཀའ་ཁྲིའི་གནད་དོན་དེ་གླེང་སྐབས། འོས་མི་གསུམ་ཀའི་དགེ་སྐྱོན་ནས་གླེང་གི་ཡོད། དེ་ནི་ཁྱེད་རང་གིས་ཤེས་གསལ་རེད། དཔེར་ན། བློ་སེང་གིས་དཔུང་བསྒྲིགས་པར་ཡོང་བ་ཡིན་ཞེས་པའི་གནས་ཚུལ་དེ་ཐོན་དུས། ངས་བློ་སེང་ལ་སྲུང་སྐྱོབས་བྱས་བ་ཡིན། ཉེ་དུས་ཀྱི་བློ་སེང་གི་བྱེད་སྟངས་ཐོག་ནས་ང་ལ་སེམས་ཁྲལ་བསླངས་བྱུང་། དེར་བརྟེན་ག་ཚོད་ཕན་མིན་མི་སྲིད། འོན་ཀྱང་མ་འོངས་པར་ཉུང་མཐར་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་མཁན་ཚོས། གནས་ཚུལ་འདི་དང་འདི་ལ་མི་ཞིག་གིས་སྔོན་ཚུད་ནས་བསམ་བློ་བཏང་སྟེ་གླེང་ཐུབ་འདུག་སྙམ་པའི་ཟིན་ཐོ་ཞིག་ཡོང་བའི་ཆེད་དུ་ཉེན་ཁའི་རང་བཞིན་དང་ཞན་ཆའི་རང་བཞིན་འདི་ཚོ་བཏོན་པ་ཡིན། ཁྱོད་ཀྱིས་ཕྱོགས་གཅིག་ལ་བསྟོད་རྐྱང་དང་ཕྱོགས་གཅིག་ལ་སྨད་རྐྱང་གི་ལངས་ཕྱོགས་དེ་ཡག་བོ་མ་རེད་ཅེས་ངས་གོ་བརྡ་ཞིག་སྤྲད་པ་ཡིན། གནད་འགག་ལ་བབས་ནས་བཤད་ན། བཀྲས་མཐོང་གིས་ལས་ཀ་ཆུང་ས་དེ་ཚོ་ནས་དཀའ་ལས་བརྒྱབ་སྟེ་ཡོང་བ་རེད། བློ་སེང་གི་ལས་ཀ་ཆུང་ཆུང་ཚང་མ་ནས་དགོངས་པ་ཞུས་བ་རེད། ཆུང་ཆུང་ནས་དགོངས་པ་ཞུས་དུས་གོ་གནས་མཐོན་པོ་ལ་སླེབས་ཐུབ་མེད། ད་བར་གོ་གནས་མཐོན་པོ་ལ་སླེབས་མེད་དུས། གོ་གནས་མཐོན་པོ་ནས་དགོངས་པ་ཞུས་མ་ཞུས་ཀི་གནས་ཚུལ་དེ་ཡང་ཡོང་ཤེས་སྟངས་ཡོད་མ་རེད། སྐད་ཆ་སྡུག་ས་ནས་བཤད་ན། ལས་ཀ་ཆུང་ང་མང་བོ་ནས་དགོངས་པ་ཞུས་པ་དེ་ཀ་རང་གིས་ཆེན་པོ་ནས་ཀྱང་དགོངས་པ་ཞུ་ཉེན་ཆེ་བ་ཡོད་བ་དེ་རེད། འདི་ཚོ་བསམ་གཞི་གསར་པ་ཞིག་གི་ཆེད་དུ་བྲིས་བ་ལས་ངའི་ལྟ་བ་མིན།

    Reply
  38. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    དེ་ནས་རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་གྷན་དྷིའི་སྐོར་དེ། ཁྱེད་ཀྱིས་བློ་སེང་གི་གནས་ཚུལ་ལ་སྦྱར་ནས་བཤད་དེ། དེ་གནད་འགག་མེད་པ་ཞིག་ཡིན་པའི་རྣམ་པ་བསྐྲུན་འདུག་ཀྱང་། དེ་ནི་ངས་བལྟས་ན། ར་མགོ་ལུག་སྦྱར་རང་རེད།
    དང་པོ། རྒྱ་གར་དང་དབྱིན་ཇིའི་དབར། ལོ་བརྒྱ་ཕྲག་དང་སྟོང་ཕྲག་གི་གོང་ནས་གཅིག་འོག་གཅིག་ཏུ་ཡིན་མིན་གྱི་རྩོད་པ་མེད།
    གཉིས་པ། སྐབས་དེའི་དབྱིན་ཇིའི་དབང་སྒྱུར་འོག་ཚོགས་པ་བཙུགས་ཆོག་པ་དང་ཁྲིམས་གཏུགས་བྱས་ཆོག་པ། ལས་འགུལ་སྤེལ་ཆོག་པ། ཚགས་པར་བཏོན་ཆོག་པ་སོགས་ཀྱི་རང་དབང་ཡོད། དེར་བརྟེན་གྷན་དྷི་དབྱིན་ཇིའི་འོག་གི་རྒྱ་གར་རང་ལ་བཞུགས་ནས་འཐབ་རྩོད་གནང་ཐུབ་པ་རེད། བོད་ལ་དེ་འདྲའི་གནས་སྟངས་ཤིག་མེད་སྟབས། ༸གོང་ས་མཆོག་དང་ངེད་ཅག་ཕྱི་རྒྱལ་ལ་སྐྱབས་བཅོལ་བ་བྱས་ཏེ་གནས་ཡོད། གནས་སྟངས་རྦད་དེ་ཐ་དད་རེད།

    གསུམ་པ། གྷན་དྷི་བཞིན་བོད་ནང་གི་རང་དབང་འཐབ་རྩོད་པ་ཚེ་རིང་འོད་ཟེར་དང་ཞོགས་དུང་སོགས་ཀྱིས་རྒྱ་ནག་གི་མི་སེར་ལག་དེབ་བཟུང་སྟེ་བཞུགས་ཡོད་པ་རེད། གྷན་དྷིས་རྒྱ་གར་ནས་དབྱིན་ཡུལ་ལ་དབྱིན་ཇིའི་མི་སེར་ལག་ཁྱེར་བཟུང་ནས་སོང་བ་བཞིན། ཁོང་ཚོས་ཀྱང་བོད་ནས་རྒྱ་ནག་ལ་འགྲོ་བཞིན་ཡོད་བ་རེད། དེ་ལ་སུས་ཀྱང་སྐྱོན་འཛུགས་བྱེད་ས་བསྡད་མེད། མཚོན་ཙམ་སྨྲོས་པ་འདི་ལ་བརྟེན་ནས་ཁྱེད་ཀྱིས་དོན་གཞན་རྣམས་རིགས་བསྒྲེ་གཏོང་ཐུབ་བའི་རེ་བ་ཡོད།

    Reply
  39. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    གཉིས་པ། ངས་སྐད་ཆ་མི་མཐུན་པ་བཤད་པའི་རྒྱུ་མཚན་དུ་བཤད་པའི་ཁྱེད་ཀྱི་སྐད་ཆ་དེ་ཚོ་ཡ་མཚན་རེད། ངའི་མཚན་གྱི་ནང་དེར་བློ་སེང་གིས་ཧམ་བཤད་བྱས་པའི་དཔེ་མཚོན་ཁ་ཤས་དངོས་སུ་བྲིས་ཡོད། དཔེར་ན། ངས་(ཀ) ལི་ཐང་ཨ་དར་གྱི་ཁ་གཏད་དུ་བློ་སེང་སོགས་ཀྱིས་ཆུ་སྒང་གསར་པ་བཙུགས་པ་དང་། དེའི་དྲུང་ཆེ་བྱས་པའི་ཉམས་མྱོང་ཡོད་ཀྱང་། ཉམས་མྱོང་ཡོད་པ་དེ་མ་བཤད་པར། ཉམས་མྱོང་མེད་པ་གཞོན་ནུའི་དབུས་རྒྱུན་དངོས་མ་ལོ་མང་བྱས་པ་ཡིན་ཟེར་བ་དེ་གནད་དོན་གཅིག་རེད།
    ཁ) ཧ་ཝར་ཌི་གཙུག་ལག་སློབ་ཁང་དུ། འཕྲལ་སེལ་ཉམས་ཞིབ་པ་ཞིག་ཡིན་ཡང་། སྐབས་རེ་དེའི་སློབ་དཔོན་ནམ་ཉམས་ཞིབ་པ་རྒན་པ་ཡིན་ཞེས་སྒྲོག་པ།
    ག) ཧ་ཝར་ཌི་གཙུག་ལག་སློབ་ཆེན་དུ་སློབ་ཁྲིད་བྱས་པའི་གླ་ཕོགས་ནི། སློབ་ཁང་དེ་ནས་གནང་གི་མེད་པར་ཕྱི་ནས་གནང་གི་ཡོད་ཀྱང་། བོད་མིའི་སྤྱི་ཚོགས་ནང་འགྲོ་སོང་དེ་ཚོ་གཙུག་ལག་སློབ་ཁང་དེས་གནང་གི་ཡོད་ཚུལ་སྒྲོག་པ་ལྟ་བུ་རེད།
    དོན་དངོས་སུ་ཧ་ཝར་ཌི་སློབ་ཆེན་ནང་བློ་སེང་ལ་འགྲོ་སོང་གཏོང་མཁན་དེ་སུ་རེད། འདི་གནད་དོན་ཧ་ཅང་ཆེན་པོ་ཞིག་རེད། ད་ཕན་བཀྲ་ཤིས་དབང་འདུད་དང་བཀྲས་མཐོང་གཉིས་ཀྱིས་རང་གི་འགྲོ་སོང་ཡོང་ཁུངས་གང་ཙམ་གྱིས་གསལ་པོ་བཟོས་ཡོད། འོན་ཀྱང་བློ་སེང་གིས་ཧ་ཝར་ཌིས་གནང་བ་རེད། མང་པོ་ཞིག་ང་རང་སྒེར་གྱིས་བཏང་བ་ཡིན། འགྲོ་སོང་ཆུང་ཆུང་རེད། ཆེན་པོ་མ་རེད་ཅེས་སོགས་སྤོམ་སྤོམ་ཞིག་ལས་བཤད་མེད།) ཅེས་བྲིས་པ་དེ་ཚོ་ཁྱེད་ཀྱིས་མཐོང་བཞིན་དུ་མ་མཐོང་ཁུལ་བྱས་ཏེ། གཞན་ཞིག་ལ་འཁྲིད་ཐབས་བྱེད་པ་ཡ་མཚན་རེད། དཔེར་ན། གཞོན་ལྷན་གྱི་དབུས་རྒྱུན་བྱས་པའི་ཉམས་མྱོང་ཡོད་ཅེས་བཤད་པ་དེ། བཤད་ས་ཀུན་གླེང་ནང་རེད། ཀུན་གླེང་གི་བཅར་འདྲི་བྱེད་མཁན་རང་གིས། དེ་དུས་ཁྱེད་རང་ཡིག་ཚང་ནང་ལ་ད་ལྟའི་དབུས་རྒྱུན་ཞིག་ལས་ཀ་བྱེད་མེད་པཱ་ཞེས་རྫུན་རྐུབ་བརྟོལ་བ་རེད། འདི་འདྲའི་རྫུན་གཏམ་བཤད་པ་མང་བས་འབྲི་ཚོད་མེད། མདོར་ན། ཁྱེད་རང་ལ་ངས་སྐད་ཆ་མི་མཐུན་པ་མང་བོ་ཞིག་བཤད་པ་རེད་ཟེར་བ་དེའི་ཁུངས་སྐྱེལ་མི་འདུག འདི་ཐག་ཆོད་ཚར་བ་ཞིག་ཡིན། ཡང་བསྐྱར་རང་ཅག་གཉིས་ཀྱི་ནུས་པ་འཕྲོ་བརླག་གཏོང་གི་མིན།

    Reply
  40. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    འཇམ་ཚུལ་ལགས། འཇའ་ས་ཐམ་ཀ་དེ་ཚོས་དཀའ་ངལ་ཞིག་བཟོ་ཀི་མེད་ན། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་བཅད་ཐོག རྒྱའི་གསེར་ཐམ་བེད་སྤྱོད་གཏོང་མཚམས་བཞག་སྟེ། བོད་ལྗོངས་ལྷ་སྡེ་མི་སྡེ་སྤྱི་མགྲིན་གྱིས་ཕུལ་བའི་གསེར་ཐམ་འཕགས་པའི་ཡུལ་ནས་སངས་རྒྱས་ཀྱི་བཀའ་ལུང་རྒྱལ་དབང་འཇིག་རྟེན་གསུམ་མགོན་ཐམས་ཅད་མཁྱེན་པ་བཛྲ་དྷ་རའི་ཕྱག་རྒྱ་(ཚིག་འདི་ཚོ་ཏག་ཏག་མི་དྲན་པས་ཐམ་ཀའི་ཞལ་རིས་ངོ་མ་རང་རེད་མ་དྲན་རོགས)ཞེས་པ་དེ་བེད་སྤྱོད་གནང་དོན་ཡོད་མ་རེད། བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་ཤིན་ཏུ་མཁས་པའི་མཁས་དབང་ཟླ་བ་ནོར་བུས་ཀྱང་། ལོ་ནས་ལོ་བསྟུད་དེ་ཉམས་ཞིབ་མཛད་པའི་མཐའ་ལ། ཁོང་གི་རྩོམ་ཡིག་ནང་། ༡༩༡༢ གོང་དུ་བོད་རང་བཙན་གཙང་མ་ཡིན་པ་ཞིག་བརྗོད་པར་དཀའ་ངལ་ཡོད་པ་དེ་ཞལ་བཞེས་གནང་ཡོད། དེ་ཚོ་ཡར་ཡར་གཏུགས་ན། ༸གོང་མའི་ཐམ་ཀ་དང་འཇའ་ས་དེ་ཚོར་ཐུག་ཡོད། ཉེ་དུས་རྒྱལ་སྤྱིའི་མཁས་པའི་ཚོགས་འདུ་ཞིག་ཏུ། ཕྱི་རྒྱལ་བ་ Peter Schwieger ཞེས་པས་ཐ་ན་མིང་རྒྱལ་རབས་ཀྱི་སྐབས་སུ་ཕག་གྲུ་སྡེ་སྲིད་ལ་སྤྲད་པའི་ཐམ་ཀ་དང་འཇའ་ས་མང་པོའི་འདྲ་པར་དང་ངོ་མ་གཉིས་ཀ་ཁུངས་སུ་དྲངས་ཏེ། ཕག་གྲུའི་སྲིད་དབང་སྟོབས་ཤུགས་ཀྱི་འབྱུང་ཁུངས་མིང་རྒྱལ་རབས་ཡིན་པར་ཐག་བཅད་ནས་བཤད་སོང་། ད་ལྟ་ཐམ་ཀ་དེ་ཚོ་རྒྱ་ནག་གཞུང་གི་ལག་ཆ་ཆགས་པའི་གནད་དོན་ཙམ་མ་རེད། རྒྱལ་སྤྱིའི་ཞིབ་འཇུག་པ་ཚོས་ཀྱང་དཔང་རྟགས་དང་ཁུངས་ལུང་དུ་དྲངས་ས་ཞིག་ཆགས་ཡོད།

    Reply
  41. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་ཀྱི་བུ་མོའི་ཚོད་དཔག་དེ་ལ་ངས་གང་ཡང་ཞུ་ཤེས་མ་སོང་། ཀརྨ་རྡོ་རྗེས། དབུ་མའི་ལམ་གྱི་སྲིད་ཇུས་འཛིན་མཁན་དང་རྗེས་འབྲང་བ་དང་བཅས་པ་དང་འཚེ་མེད་ཞི་བའི་འཐབ་རྩོད་པ་རྣམས་ལ་གནད་འགག་མེད་ཚུལ་བཤད་འདུག དང་བོ། ང་ཚོ་བོད་གཞིས་བྱེས་གཉིས་ན། རང་བཙན་རྩོད་མཁན་ཡིན་ནའང་འདྲ། ལམ་དབུ་མ་རྩོད་མཁན་ཡིན་ནའང་རུང་། རང་ཐག་རང་གཅོད་འདོད་མཁན་ཡིན་ནའང་ཆོག ཚང་མ་འཚེ་མེད་ཞི་བའི་འཐབ་རྩོད་བ་ཡིན་པ་དེ་གསལ་བོ་ངེས་དགོས། ཁྱོད་ཀྱིས་བཤད་སྟངས་ལྟར་ན། དབུ་མའི་ལམ་ལ་ཞུགས་མཁན་ཚོ་མ་གཏོགས། རང་བཙན་འདོད་མཁན་ཚོ་དྲག་སྤྱོད་པ་རེད་མདོག་མདོག་གི་རྣམ་པ་ཞིག་ངས་ཚིག་གི་རྒྱབ་ནས་མཐོང་གི་འདུག བཤད་སྟངས་དེ་ལོག་བཤད་རེད།
    དེ་ནས་རྒྱ་ནག་གི་ལག་ཁྱེར་འདིས་བོད་དོན་འཐབ་རྩོད་ཀྱི་ངོ་བོ་དང་རྣམ་པ་ཡོངས་རྫོགས་ལ་སྐྱོན་དང་གེགས་བྱེད་པ་ལས། རིགས་གཅིག་ལ་སྐྱོན་ཡོད་བ་དང་རིགས་གཅིག་ལ་སྐྱོན་མེད་སོང་བ་དེ་འདྲ་ཡེ་ནས་མ་རེད། དབུ་མའི་ལམ་ལ་སྐྱོན་བྱེད་ཀི་མེད་ན། དབུ་མའི་ལམ་གཞི་བཟུང་གྲོས་མོལ་བྱེད་པར་འགྲོ་མཁན་བོད་ཀྱི་སྐུ་ཚབ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་སོགས་ཀྱིས་ལག་ཁྱེར་འདི་ཁས་ལེན་མི་བྱེད་པ་བྱེད་དོན་འདུག་གམ། འཚེ་མེད་ཞི་བའི་ལམ་ལ་ཞུགས་མཁན་ལ་སྐྱོན་བྱེད་ཀི་མེད་ན། འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་གནང་མཁན་བཙན་བྱོལ་བོད་གཞུང་གིས། ལག་ཁྱེར་དེ་ལེན་མཁན་ཚོས་འགེངས་ཤོག་ཅིག་འགེངས་དགོས་པ་བཟོ་དོན་འདུག་གམ།

    Reply
  42. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ལྷ་ཆབ་སྦྱིན་པས། ཆབ་སྲིད་བཙོན་ཟུར་ཨོ་སི་ཊི་ལི་ཡར་བཏང་བ་དེ་ཚོ་ཕར་འབྱོར་འཕྲལ་འགེངས་ཤོག་ནང་། རྒྱལ་ཁབ་རྒྱ་ནག་དང་མི་རིགས་རྒྱ་མི་ཡིན་ཞེས་འབྲི་དགོས་འདུག་བཤད་པ་དེ་བདེན་པ་རང་ཨ་ཡིན། ཚོད་དཔག་བྱས་ན། ཁོང་ཚོ་ཕར་མ་སོང་གོང་ནས་རང་རང་གི་མི་རིགས་དང་ཆོས་ལུགས་སོགས་ཀྱི་སྐོར་འགེངས་ཤོག་བཀང་དགོས་པ་རེད། ཕར་སོང་རྗེས་ཀྱང་འགེངས་ཤོག་དེའི་གནས་ཚུལ་གཞི་བཟུང་འབྲི་དགོས་བ་དེ་སྤྱིར་བཏང་གི་འགྲོ་སྟངས་ཤིག་རེད་སྙམ། ཡང་གང་ནས་ཡོང་མིན་འབྲི་དུས། ད་ལྟའི་རྒྱ་ནག་འོག་ཏུ་ཡོད་པའི་བོད་ཀྱི་ས་ཁུལ་འདི་དང་འདི་ཞེས་གསལ་བོ་མ་བྲིས་རང་བྲིས་རེད། དེ་ནི་དོན་དངོས་རེད། རྩ་བའི་ངས་འདིའི་སྐོར་གསལ་བོ་མི་ཤེས། ཤེས་མཁན་ཡོད་ཚེ་འདི་ལ་མཆན་ཞིག་འབྲི་རོགས་གནང་།

    Reply
  43. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    དེ་ནས་གཅིག་གིས། བོད་ནང་གི་བོད་མིས་བཀའ་ཁྲིའི་འོས་འདེམས་ནང་ཆ་ཤས་ལེན་ཆོག་དགོས་བ་དང་དེ་ཡང་བོད་གཞུང་གིས་བཀག་བསྡད་ཡོད་བ་ལྟ་བུ་ཞིག་བཤད་འདུག ངས་གོ་ནོར་ཐེབས་ཡོད་སྲིད། བོད་ནང་གི་བོད་མི་ཚོ་བཙན་བྱོལ་བོད་གཞུང་གི་བཀའ་ཁྲིའི་འོས་བསྡུའི་ནང་ཆ་ཤས་ལེན་མི་ཆོག་པ་དང་བཀག་འགོག་བཟོ་མཁན་དེ་རྒྱ་ནག་གཞུང་རེད་མ་གཏོགས་བོད་གཞུང་མ་རེད། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཙམ་མ་ཟད། ད་ཆ་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲད་དེ་བལ་ཡུལ་ནང་གི་བོད་མིས་འོས་བསྡུའི་ནང་ཆ་ཤས་ལེན་རྒྱུར་བར་ཆད་མང་བོ་བཟོས་དང་བཟོ་བཞིན་པ་རེད། དེ་མིན་བོད་ནང་གི་བོད་མིས་བཙན་བྱོལ་གྱི་ཆབ་སྲིད་ལས་དོན་ལ་ཐེ་ཇུས་བྱས་མི་ཆོག་བ་དེ་འདྲ་མ་རེད། དཔེར་ན། མང་མོས་ཐག་གཅོད་འོས་བསྡུའི་སྔོན་འགྲོའི་འོས་བསྡུའི་སྐབས་དང་དམིགས་བསལ་ཚོགས་ཆེན་གྱི་སྐབས་སུ་བོད་ནང་གི་བོད་མིས་བསམ་འཆར་ཕུལ་ཡོད། དེ་བཞིན་བོད་ནང་ནས་བཙན་བྱོལ་དུ་ཡོང་བ་ཚོས་ཐད་ཀར་བཙན་བྱོལ་བོད་མིའི་ཆབ་སྲིད་ལས་དོན་ནང་ཇེ་ཇུས་བྱས་ཆོག་གི་ཡོད་ལ་བྱེད་བཞིན་པའང་རེད།

    Reply
  44. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    ༼༤དང་༼༥ པ་རྟགས་ཅན་གྱི་མཆན་གཉིས་ཕྲན་གྱི་བཀའ་ཁྲིའི་སྐོར་གྱི་རྩོམ་ཡིག་ཕྱི་མ་《ངའི་བཀའ་ཁྲི་དང་གངས་སེང་འགྱུར་བ་མེད》ཅེས་པའི་ནང་གསེས་ཡིན་པས་རྩོམ་ཡིག་ཆ་ཚང་གཟིགས་འདོད་ན་དྲ་འབྲེལ། http://www.khabdha.org/?p=16778

    Reply
  45. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    ཨ་མཆོད་ལགས་གྷན་ཌི་ཕྱི་གླིང་དུ་ཕེབས་སྐབས་རྒྱ་གར་དབྱིན་ཇིའི་བཙན་བཟུང་བྱས་ཚར་ཏེ་ད་ལྟ་བོད་ནང་གི་བོད་མའི་གནས་སྟངས་དང་འདྲ་མཚུངས་རེད། ཁོང་ཚོ་ལ་དེ་ལས་ལྷག་པའི་གདམས་ག་ཡོད་པ་མ་རེད། དེ་གཉིས་ལ་གནམ་སའི་བར་ཐག་ཆོད་ཡོད་རེད།

    Reply
  46. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    ༼༤ དེ་ལས་ཀྱང་དགའ་འོས་པ་ཞིག
    དེ་ལས་ཀྱང་དགའ་འོས་པ་ཞིག་ནི་མཁས་དབང་ཁོང་རྒྱ་ནག་ཏུ་ཕེབས་པའི་སྐོར་གྱི་སྐད་ཆ་དེའི་རྗེས་འབྲས་རེད། འདིའི་ཐད་མཁས་དབང་ཟམ་གདོང་རིན་པོ་ཆེའི་གསལ་བཤད་གནང་བ་དེ་ཐོས་སྐབས་ཕྲན་ལྟ་བུར་ཡང་དོན་ངོ་མའི་སེམས་འགུལ་ཐེབས་སོང་།
    མ་གཞི་ཁོང་ནི་སྐབས་དེ་དུས་དྲང་མོ་བཤད་ན་ཧ་ཝར་ཊའི་མཐོ་སློབ་ཏུ་ཕྱག་ལས་གནང་བཞིན་ཡོད་པ་དང་། ཁོང་ལམ་ཁ་གང་ཞིག་ནས་འགྲོ་བ་དང་། ཐ་ན་ཚོགས་འདུ་དེ་ལྟ་བུ་ཞིག་ཏུ་ཞུགས་ན་འགྲིག་གམ་མི་འགྲིག་སོགས་ལ་ཡང་བཙན་བྱོལ་བོད་གཞུང་དང་དམིགས་བསལ་གྱི་འབྲེལ་བ་ཆགས་ཀྱི་མེད་ལ་གལ་ཏེ་ཡོད་པའི་དབང་དུ་བཏང་ཡང་། ང་ཚོ་བོད་ཀྱི་བླ་མ་ཆོས་ཀྱི་རྗེ་རྣམ་པ་མན་ཆོད་ནས་དཀའ་སྡུག་མྱངས་ནས་བཙན་བྱོལ་དུ་ཡོང་བ་ཡིན་ཟེར་བའི་མི་མང་འཆི་མ་གདོང་ནས་མི་སྐམ་པའི་ཡུས་བགྲང་རྒྱུ་ཡོད་མཁན་དེ་དག་གིས་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་ན་ཉིན་ཞག་མང་པོར་ཉལ་ནས་སྒུག་སྡོད་པ་དེ་དག་དང་། རང་ཉིད་ཀྱི་ལས་དོན་གྱི་ཆེད་དུ་ལམ་ཁ་ལ་བདམས་བསེས་མེད་པའི་བྱེད་སྟངས་ཡོངས་ཁྱབ་ཅན་དུ་གྱུར་ཟིན་པའི་དུས་བབ་ཅིག་གི་ཁྲོད་ནས་ཀྱང་ཁོང་གིས་ཕན་ཚུན་ཕེབས་བཞུད་གཉིས་ཆར་གྱི་སྐབས་སུ་ཡང་བཀའ་ཤག་གི་བཀའ་དགོངས་ཁོ་ནར་བསྟུན་གནང་མཛད་པ་དེས་ཁོང་ནི་རང་ཉིད་ཀྱི་གཞུང་ལ་ཇི་ལྟ་བུའི་དམ་ཚིག་དང་ལ་རྒྱ་བརྟན་པའི་སྐྱེས་བུ་ཁྱད་པར་བ་ཞིག་ཡིན་པ་དེ་རྟོགས་ཐུབ། མཐར་གཏུགས་ན་སྐབས་དེར་ཁོང་རྒྱ་ནང་དུ་བསྐྱོད་པ་ནི་བཀའ་ཤག་དང་རྒྱལ་བ་རིན་པོ་ཆེའི་དགོངས་གཞིར་ཡོངས་སུ་མཐུན་པའི་ཐོག་ནས་ཕེབས་པ་ཙམ་དུ་མ་ཟད་དོན་ཕན་ལྡན་པའི་ཕྱག་ལས་གནང་ཡོད་པའི་གསལ་བཤད་ཐོབ་ཟིན་པ་དེར་ད་དུང་ཞིབ་འཇུག་དགོས་པ་གང་ཞིག་ཡོད་དམ།
    འོན་ཀྱང་འདིའི་སྐོར་གྱི་བཀའ་མོལ་དག་ཞིབ་ཏུ་འདྲེན་པའི་ངལ་བ་བྱ་མི་དགོས་པ་ཡིན།

    Reply
  47. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    ༼༥ ཡ་མཚན་ཆེ་བའི་དོན་དངོས།
    དེ་དུང་ཡ་མཚན་ཆེ་བའི་དོན་དངོས་གཞན་ཞིག་ཀྱང་ཡོད་དེ། དེ་ནི་ཁོང་གི་ཕྱི་སྐྱོད་ཕྱག་འཁྱེར་གྱི་སྐོར་རེད། ནུབ་ཕྱོགས་སུ་བཞུད་ཟིན་པའི་བོད་པ་ཞིག་ལ་བོད་པ་ཞེས་པའི་མིང་འདི་དོར་ནས་རྒྱལ་ཁོངས་བཞན་གྱི་མི་སེར་དུ་ཧབ་ཐོབ་མ་བྱས་པ་ཉིན་སྐར་ཙམ་ལས་མེད་ལ། ཆབ་སྲིད་བཙོན་ཟུར་རམ་བོད་ཀྱི་དཔའ་བོ་ཡིན་ཟེར་མཁན་དག་གིས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་རྒྱལ་ཁབ་གཞན་གྱི་མི་སེར་དུ་བརྩོན་ལེན་བྱེད་བཞིན་ཡོད་ན་ཡང་། བཟའ་ཟླ་ནང་མི་དང་བཅས་པ་ཨ་རིའི་དག་ཞིང་དུ་འཚོ་བ་བསྐྱལ་ནས་མི་ལོ་དེ་ཙམ་ཐལ་བའི་སྤྱང་གྲུང་ལྡན་པའི་སྐུ་ཞབས་ཁོང་ལ་མུ་མཐུད་རྙོག་འཛིངས་ཆེ་བའི་སྐྱབས་བཅོལ་ལག་དེབ་སེར་པོ་དེ་ཁུར་ནས་འགག་སྒོ་དང་གནམ་ཐང་རེ་རེ་བཞིན་གྱི་མཐོང་ཆུང་དང་ཁྱད་གསོད། བཀག་ཉར་དང་འདྲི་བརྩད་བཅས་ཡོང་སྲིད་པ་དང་འཕྲད་སྲིད་པའི་གནད་དོན་དེ་དག་དང་། ཐ ན་རྒྱ་གར་རང་ནས་རྒྱལ་ཁབ་གང་ཞིག་གིས་ཐོངས་མཆན་ཚད་ལྡན་ཡོད་མེད་ལ་མ་ལྟོས་པར་རྒྱབ་གཉེར་དང་དུས་བཀག་གི་ཡིག་ཆ་ཐོལ་པ་ཅི་ཙམ་ཞིག་བཟོ་དགོས་པ་རང་ཉིད་འགྲོ་སྐྱོད་འདོད་པའི་རྒྱལ་ཁབ་དང་ས་ཁུལ་ཅི་ཙམ་ཞིག་ལ་ཚད་བཀག་ཡོད་པ་སོགས་ཀྱི་དངོས་ལ་ཅི་མི་སྙམ་པའི་རང་ཚུགས་དེ་ལྟ་བུ་ཡོད་པ་ནི་ཡིད་ཆེས་དཀའ་བ་ཞིག་ཡིན་ན་ཡང་། ཆེད་ལས་སྐྱོན་འཛུགས་མཁན་དག་གིས་ཀྱང་ཅང་མི་ཟེར་བའི་ཚུར་གྱིས་ཁས་བླངས་ཟིན་སྟབས་ངས་ཀྱང་ཡིད་མ་ཆེས་རང་ཆེས་རེད། ཕྱོགས་གཞན་ཞིག་ནས་ལྟས་ན་སྐུ་ཞབས་བཀྲིས་མཐོང་དང་ཁོང་གི་ནང་མིའི་ངོ་བོ་གཞན་འགྱུར་གྱི་གནས་བབས་དང་མི་སེར་ལག་འཁྱེར་ལ་དོགས་འདྲི་མ་གནང་བར་བཞག་པ་ནི། ཨ་རིའི་གློག་ཕྲིན་ཁང་གི་ཀུན་གླེང་ལས་རིམ་གྱི་བྱེད་སྟངས་ལ་ཟུར་ཟའི་དྲ་མཆན་ཞིག་ཏུ། བཀྲིས་མཐོང་ལ་བྱས་རྗེས་འཆད་དུ་བཅུག་ཅིང་། བཀྲ་ཤིས་དབང་འདུས་ལ་ཉམས་མྱོང་འཆད་དུ་བཅུག་རྗེས་བློ་བཟང་སེང་གེར་ཁྲིམས་ཁང་གི་དྲི་ཞིབ་པའི་བྱེད་སྟངས་སྤྱད་སོང་ཞེས་བྲིས་མྱོང་བ་དང་འདྲ་སེ་བ་ཞིག་འདུག

    Reply
  48. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    དྲ་གྲོགས་ལགས།
    དགོངས་པ་ཞུས་པ་ནི་ལས་དོན་ཞིག་མཇུག་མ་བསྐྱངས་བའི་དན་རྟགས་ཤིག་ཡིན་དགོས་པས་ལེགས་པ་ཞིག་ཡིན་རྒྱུ་མ་རེད་མོད་དེ་ཙམ་གྱིས་སྡུག་པའི་མཐར་ལྟུང་བ་གང་ཡང་ཡིན་རྒྱུ་མ་རེད། ཁྱེད་ཀྱིས་བཀྲས་མཐོང་གིས་བཀའ་ཤག་གི་གཙོ་འཛིན་གྱི་ལས་འགན། བོད་རྒྱལ་ཁབ་ཀྱི་ལས་འགན་ཆེ་ཤོས་དེ་གཡུག་པ་དང་བློ་སེང་གིས་གཞོན་ནུ་སོགས་ཀྱི་གཙོ་བོ་མ་ཡིན་པའི་ལས་ཀ་གཡུག་པ་གཉིས་མཚུངས་བསྡུར་གྱིས་ང་ལ་རྣམ་དཔྱོད་མེད་པའི་སྐྱོན་བཙུགས་འདུག རྣམ་དཔྱོད་མེད་པ་ནི་ཡིན་པ་རང་འདུག་སྟེ་འདི་ལྟར་ཁུལ་དང་རྩིད་པ་སྤུ་ཡིན་པ་འདྲ་སྦྱར་བྱས་ཡོང་དུས་སེམས་ནང་ལོགས་ན་འདི་དག་ཅུང་མི་འདྲ་བ་ཞིག་རེད་སྙམ་པ་ཞིག་འདུག་མོད་ཇི་ལྟར་མི་འདྲ་བའི་ལན་གསལ་བོ་ཞིག་ཅང་དྲན་རྒྱུ་མི་འདུག
    ངས་འདི་ལྟར་བཤད་དུས་བློ་སེང་གིས་བཟུང་བའི་ལས་སྣེ་དག་བོད་རྒྱལ་ཁབ་ཀྱི་ལས་དོན་ཕལ་བ་ཡིན་པ་དང་། བཀྲས་མཐོང་གིས་བཟུང་བའི་བཀའ་ཁྲི་དེ་གཙོ་བོ་ཡིན་པའི་བཤད་སྟངས་ཤིག་ཏུ་འགྱུར་འགྲོ་བཞིན་འདུག་པས་འོས་པོ་ཞིག་ཡིན་མདོག་མི་ཆེ། འོན་ཀྱང་བཀྲས་མཐོང་གིས་རང་གི་ནང་མིའི་དཀའ་ངལ་གྱི་ཆེད་དུ་བོད་རྒྱལ་ཁབ་ཀྱི་སྤྱི་ཇུས་གནད་འགག་ཆེ་ཤོས་དེ་གཡུག་པ་དང་། བློ་སེང་གིས་རང་གི་སློབ་སྦྱོང་སོགས་ཀྱི་ཆེད་དུ་ཚོགས་པ་རེ་ཟུང་གི་ལས་གནས་རེ་ཟུང་གཡུག་པ་གཉིས་མི་འདྲ་བ་ཞིག་ཏུ་ཇི་ལྟར་བསམ་ཀྱང་འཆར་ཡོང་གི་འདུག འོན་ཀྱང་རིགས་ལམ་ལ་བཅལ་ན་ཇི་ལྟར་མི་འདྲ་བའི་གནད་འགག་ཞུ་རྒྱུ་མི་འདུག
    ངས་ཁྱེད་རང་ལ་གཅིག་འདྲི། ཁྱེད་ཀྱིས་གཞུང་གི་ལས་གནས་ལས་དགོངས་པ་ཞུས་པ་ཞེས་གཅུང་ཐབས་བསྟན་ནས་གསུང་ཡང་དེ་ནི་བཀའ་བློན་ཁྲི་བའི་ལས་གནས་ཏེ། བོད་རྒྱལ་ཁབ་ཀྱི་ལས་གནས་ཡོད་ཚད་ཀྱི་ནང་ནས་མཐོ་ཤོས། གལ་ཆེ་ཤོས། གནད་འགག་ཆེ་ཤོས། སོགས་རེད། འདི་དང་གཞོན་ནུ་སོགས་ཀྱི་ལས་གནས་བྱེ་བྲག་པ་དེ་ཚོ་ཡང་ལྗིད་གཅིག་ལྟ་བུར་ངོ་མ་ཁྱེད་རང་གིས་གཟིགས་ཀྱི་འདུག་གམ། ཞུ་བ་ཡིན།
    མདོར་ན་ངས་བཀྲས་མཐོང་ལ་བཀའ་ཁྲིའི་འོས་མི་འཕེན་པའི་རྒྱུ་མཚན་ནི་ཁོང་གིས་དགོངས་པ་ཞུས་པ་གཅིག་བུས་ཐག་བཅད་པ་མིན།

    Reply
  49. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    ཁང་གསར་ལགས།
    མཆན་ཞིག་བཏབ་ཟིན། དེ་ནི་རང་གཞན་ཀུན་ལ་བསམ་གཞིགས་སུ་ཕུལ་བ་ཡིན། ངས་ད་དུང་བློ་སེང་གིས་ཤོག་དཀར་བླངས་བ་དེ་ཁྱེད་ཀྱིས་གསུང་པ་ལྟར་གྱི་ཚབ་ཆེན་ཞིག་ཡིན་མིན་ཐག་ཆོད་མེད།
    ཁྱེད་ཀྱི་རྩོམ་གྱི་ཁ་བྱང་ལ་ གནད་འགག་མི་འདུག་ཨེ ཞེས་བྲིས་པ་ལ་ ངས་ གནད་འགག་འདུག་ཀྱང་དེ་ཙམ་མི་འདུག ཅེས་སུ་སྒྱུར་འོས་པ་མིན་ནམ་སྙམ་བཞིན་ཡོད།

    Reply
  50. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    དྲ་གྲོགས་ཁང་གསར་ལགས།
    དང་པོ། ངས་ད་དུང་བློ་སེང་གིས་ཤོར་དཀར་ཁྱེར་བ་དེ་ནོར་འཁྲུལ་ཞིག་ལ་སྔོན་ནས་བརྩི་བཞིན་ཡོད་པ་ལས། ཁོང་དཀའ་ཁྲི་ལ་མི་འོས་པའི་ནོར་འཁྲུལ་གནད་འགག་ཅན་ཞིག་ཡིན་མིན་ད་དུང་ཁྲུན་ཐག་ཆོད་མེད།
    གཉིས་པ། ཉེ་ས་རྒྱ་གར་ལ་ཆ བཞག་ན། རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་གྷན་དྷིས་གཙོས་ནེ་རུ་དང་སུ་བྷཤི་སོགས་དབྱིན་ཡུལ་དང་ཡུལ་གཞན་དུ་སློབ་སྦྱོང་དང་དོན་གཞན་གྱི་ཆེད་དུ་ཕེབས་འདུག ལར་ནས་ལག་འཁྱེར་དེ་ཙམ་གནད་འགག་ཅན་ཞིག་ཏུ་བརྩིས་མི་འདུག་ལ། དེ་དུས་ཁོང་དག་གི་ལག་ཁྱེར་ནང་དུ་དབྱིན་ཇིའི་རྒྱ་གར་British Indian ཟེར་བ་ཞིག་ལས་རྒྱ་གར་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་མི་ཞེས་འཁོད་མེད་པ་ནི་རིགས་པས་དཔྱད་ན་ཡང་ཤེས་ཐུབ། ཁོང་གི་ལག་འཁྱེར་ནང་དུ་ཡིག་འབྲུ་གཞན་རྣམས་གསལ་བོར་མཐོང་མི་ཐུབ་མོད། I am a British protected subject ཞེས་གསལ་བོར་བྲིས་འདུག་པ་དེའི་དོན་ང་དབྱིན་ཇིས་བདག་བཟུང་གི་ཡུལ་ཡིན་ཞེས་པར་འགྱུར་ལས་བཟང་ཞིག་ཏུ་འགྱུར། ཤོག་ངོས་དང་པོའི་ནང་དུ་སྐྱེས་ཙམ་ཉིད་ནས་British Subject ཡིན་ཞེས་པ་ཡང་ཡང་འབྱུང་གི་འདུག དེའི་དོན་གང་རེད། http://en.wikipedia.org/wiki/British_subject འདིའི་ནང་དུ་འདི་ལྟར་བྲིས་འདུག མདོར་ན་ British Subject ཞེས་པ་ནི་དབྱིན་ཇིའི་མི་སེར་ལ་གོ་རྒྱུ་ཡིན་ཞེས་བྲིས་འདུག་པ་འདི་རེད། From 1 January 1949, when the British Nationality Act 1948 came into force, every person who was a British subject by virtue of a connection with the United Kingdom or one of her crown colonies (i.e. not the Dominions) became a Citizen of the United Kingdom and Colonies. གདྷིས་འདི་ལ་མཚན་བཏག་བཀོད་ནས་ཅོག་ཙེ་སྒོར་མོའི་གྲོས་མོལ་ལ་ཡུལ་མང་པོར་ཕེབས་འདུག ཁོང་གིས་དེ་ཚོ་གནད་ཆུང་བའི་གྲལ་ལ་བཞག་འདུག http://commons.wikimedia.org/wiki/File:Gandhi_passport.jpg
    འདིར་རྩོད་གླེང་གི་ཆེད་དུ་དཔེ་འགའ་ཞིག་འཇོག
    ༡ རྒྱ་གར་གྱི་རང་བཙན་དོན་གཉེར་བ་སུབཤ་ཅནདྲ་བོས་ཨུ་རུ་སུ་ལ་འགྲོ་སྐབས་ཨི་ཊིལིའི་ལག་ཁྱེར་བེད་སྤྱོད་བཏང་རབས་འདུག http://wiki.answers.com/Q/Which_country's_passport_did_subhash_chandra_bose_use_to_enter_russia_after_his_escape_from_india_in_1941 ཁོང་གིས་ནི་ཧ་ལམ་སྲོག་མགོ་ཐོན་ཆེད་དུ་རྒྱལ་ཁབ་གཞན་གྱི་ལག་ཁྱེར་བེད་སྤྱོད་བྱས་འདུག
    ༢། ཡ་ཧུ་ད་བའི་སྲིད་བློན་ བེནཇ་མེན་ནིཏེན་ཡཧུ་ཡིས་དབྱིན་ཇིས་ལག་འཁྱེར་བཟུང་ནས་ཨ་རི་ལ་སོང་འདུག http://www.marketoracle.co.uk/Article18120.html ཁོང་གིས་དྲག་སྤྱོད་པའི་ཉེན་ཁ་ལས་གཡོལ་ཆེད་དུ་བེད་སྤྱད་བཏང་རབས་འདུག
    ད་ངས་རྩོད་གཞི་ནི་ལག་འཁྱེར་ཁྱེར་བ་ཙམ་གྱིས་ཡུལ་དེའི་མི་སེར་ལ་འགྱུར་གྱི་མེད་པ་དངོས་ཡོད་ཡིན་པ་སྐྱར་བཤད་ཡང་བཤད་བྱས་རྗེས་སྔར་ཞིག་ལ་དེ་འདྲ་བྱུང་འདུག་པ་འདྲ་ཞེས་རྩོད་པ་ནི་མི་མཁས་པའི་ལས་མིན་ནམ་སྙམ། གནས་སྟངས་མི་འདྲ་བ་རེད།

    Reply
རྩོམ་ཡིག་སྔ་མ།
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese