མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགོད་པར་གཅར་རྡུང་།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp







རྒྱ་ནག་པེ་ཅིན་གྱི་མེ་ཏོག་བ་སྤྲུའི་གསར་བརྗེ་ལས་འགུལ་ཐེངས་གཉིས་པའི་སྐབས། རྒྱ་ནག་གི་ཉེན་རྟོག་པ་ཚོས་རྒྱལ་སྤྱིའི་གསར་འགོད་པ་མང་པོ་ཞིག་ལ་རྡུང་རྡེག་ཚབས་ཆེན་བཏང་ཡོད་འདུག

རྒྱ་ནག་གི་གཟའ་ཉི་མའི་མེ་ཏོག་བ་སྤྲུའི་གསར་བརྗེ་ལས་འགུལ་ཐེངས་གཉིས་པ་སྟེ།ཕྱི་ཚེས་༢༧ཉིན་རྒྱ་གཞུང་ཉེན་རྟོག་པས་རྒྱལ་སྤྱིའི་གསར་འགོད་པའི་རང་དབང་རྡོག་རོལ་བཏང་སྟེ། ཨ་རིའི་སི་ཨིན་ཨིན་དང་དབྱིན་ཇིའི་བྷེ་བྷེ་སི།ཨ་རིའི་རླུང་འཕྲིན་ཁང་།ཨ་རིའི་བྷི་ལིམ་བྷིར་གསར་ཁང་།འཇར་མན་གསར་ཁང་།འཇར་མན་སྤྱི་དམངས་བརྙན་འཕྲིན་ཁང་།ཞི་པན་ཡ་བརྙན་འཕྲིན་ཁང་། ཧོང་ཀོང་བརྙན་འཕྲིན་ཁང་།ཐེ་ཝན་སན་ལིས་བརྙན་འཕྲིན་ཁང་བཅས་རྒྱལ་སྤྱིའི་གསར་ཁང་༡༠ལྷག་གི་གསར་འགོད་པ་འཛིན་བཟུང་གཅར་རྡུང་དྲག་པོ་བྱས་ཡོད་འདུག དེའི་ཁྲོད་ཨ་རིའི་བྷི་ལིམ་བྷིར་གསར་ཁང་གི་བརྙན་ལེན་པ་སི་ཁྲེ་ཧྥུན་ཨིན་ཇེལ་ལགས་ལ། མི་དམངས་དཀྱུས་མའི་ལ་བ་གྱོན་པའི་དམག་མི་ལྔས་རུབ་རྡུང་གིས་རྨས་སྐྱོན་ཚབས་ཆེན་བཟོས་ཏེ། སྨན་ཁང་དུ་སྨན་བཅོས་བྱ་དགོས་བྱུང་ཡོད་འདུག

ཕྱི་ཚེས་༢༨ཉིན་ཨ་རིའི་རྒྱལ་དོན་མགྲིན་ཚབ་པས་རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་བརྒྱུད་དེ། ཐེངས་འདིར་རྒྱ་ནག་གི་ཉེན་རྟོག་པ་ཚོས་པེ་ཅིན་དུ་རྒྱལ་སྤྱིའི་གསར་འགོད་པ་ཚོར་རྩུབ་སྤྱོད་དྲག་རྡུང་བྱས་ཡོད་པ་དེར། ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་ཡོད་ཅིང་། དེ་བཞིན།རྒྱལ་སྤྱིའི་གསར་འགྱུར་འགོད་པའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ཨེ་ཤ་ཡའི་ས་ཁུལ་གྱི་འགན་འཛིན་མཱ་སྒྲེ་ལིན་ཨེ་རབ་ལགས་ཀྱིས་ཀྱང་།ཐེངས་འདིའི་རྒྱ་ནག་གི་ཉེན་རྟོག་པ་ཚོས་བྱེད་སྟངས་དེར་ངོས་འཛིན་ཞིག་མི་བྱེད་ཀ་མེད་རེད་ལ། བྱེད་སྟངས་འདིས་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་སྡང་སེམས་ཡོད་པ་ཕྱི་རུ་མངོན་ཡོད།ཅེས་བརྗོད་ཡོད་པ་རེད།  

གཞན་ཡང་།ཕྱི་ཚེས་༢༥ཉིན་པེ་ཅིན་གྱི་གསར་འགོད་དོ་དམ་སྡེ་ཁག་གིས།པེ་ཅིན་དུ་ཡོད་པའི་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པ་རྣམས་ལ་མགྲོན་འབོད་བྱས་ཏེ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱ་གཞུང་གིས་གཏན་ཁེལ་བྱས་པའི་ས་ཚིགས་བརྒལ་ཏེ་གནས་ཚུལ་བསྡུ་རུབ་བྱེད་མི་ཆོག་པའི་ཐག་གཅོད་གསར་པ་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་དང་། པེ་ཅིན་ཝང་ཧྥུའུ་ཅིན་སོགས་མེ་ཏོག་བ་སྤྲུའི་གསར་བརྗེ་འདུ་འཛོམས་བྱ་ཡུལ་དག་ཏུ་ཕྱི་རྒྱལ་གསར་འགོད་པ་སོང་མི་ཆོག་པ་བཟོས་ཡོད་འདུག  

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༡༣ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩

མཆན། 14

  1. གངས་རིའི་བུ says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས

    Reply
  2. བསིལ་ཆབ། says:
    ལོ་ 15 སྔོན།

    གསར་འགོད་པར་རྡུང་བརྡེག་གཏོང་མཁན་ཚང་མ་ལ་རང་གི་རིགས་ཀྱིས་སྐྱོན་སྦས་སྐུང་ཆེ་དྲགས་པས། རང་གནོང་ཆེ་དྲག་པའི་སྐྱོན་ལས། རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཆེད་དུ་མིན་པ་གསལ་པོ་མིན་ནམ།

    Reply
  3. རྒྱང་ལྟ says:
    ལོ་ 15 སྔོན།

    ཇོ་ཚེ་རིང་ལགས། མེ་ཏོག་བ་སྤུའི་སྐོར་ལ་གསལ་བཤད་གནང་བ་ཐུགས་རྗེ་ཆེ།

    Reply
  4. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    མི་ཚེ་གང་པོའི་རེ་སྒུག་དེ་མངོན་གྱུར་ཡོངས་པའི་སྔོན་བརྡའ་ཞིག་མཐོང་བ་འདི་ནི་ཤིན་ཏུ་སྤྲོ། རྒྱ་དམར་པོས་ད་རེས་ཛམ་བུ་གླིང་གི་སྔོན་ལ་མི་སྐྱིད་སྐྱིད་མདོགས། མི་མཐུན་མཐུན་མདོགས། རང་དབང་ཡོད་མདོགས་ཀྱི་རྒྱབ་ལྗོངས་སུ་སྦས་པའི་བསླུ་བྲིད་དེ་རྩ་བའི་བསྐོར་མགོ་མངོན་གསལ་དོད་པོས་བུད་འདུག་པ་ཡག་འདུག
    རྡུང་རྒྱུ་ནོར་མི་འདུག
    ད་ཉོག་དྲྭ་ཇེ་ཆེ་ཡིན།
    ད་ནི་གཞིས་བྱེས་གཉིས་ཀྱི་བོད་མི་ཚོ་སྡོད་འདུག་པའི་དུས་ཞིག་ཨེ་རེད།
    སྐད་རྒྱག་དགོས་པའི་དུས་སུ་སྐད་འབོད་མི་བྱེད་ནས་འཇམ་ཅག་གེར་གང་ཡིན་ནམ??????བོད་པ་ཚོ་ལངས་ཤོག།།།།།།།།།།

    Reply
  5. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    ཕྱི་གླིང་བའི་གསར་འགོད་པ་དེ་ཚོ་དམར་བསོད་མ་བྱས་པ་ཨོ་ཚད་རེད། དེ་མིན་རྒྱ་ནག་གུང་ཁྲན་གྱི་བསོད་བརྡུང་ལ་ས་མཚམས་ཞིག་མེད་ལེ་རེད།

    ད་ག་ལེར་དམར་ཤོག་དེ་ཚོའི་རྐུབ་རྡོལ་རྒྱུ་ལས་ལྷག་ཡོད་མ་རེད། བལྟས་མོ་ལྟོས་ཨ།

    Reply
  6. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    ཐེངས་འདིའི་གསར་བརྗེ་བྱུང་ཡུལ་རྒྱལ་ཁབ་དང་གང་ཟག བརྒྱུད་ལམ་སོགས་ཀྱི་མིང་གིས་བཏགས་པ་མང་པོ་འདུག གསར་ལམ་ཁག་མང་པོ་ཞིག་ཏུ་༼Jasmine Revolution༽ ཞེས་འབོད་ཀྱིན་འདུག འདི་ལྟར་འདོགས་དོན་ནི་གསར་བརྗེ་བྱུང་ཡུལ་ཊོའུ་ནེ་ཤི་ཡ་རྒྱལ་ཁབ་ཀྱི་ཚབ་མཚོན་མེ་ཏོག་ཅིག་ཡིན་པའི་ཆ་ནས་བཏགས་འདུག

    Reply
  7. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    མེ་ཏོག་བ་སྤྲུའི་གསར་བརྗེ་ནི། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡༢ ཚེས་ ༡༧ ཉིན། རང་ལོ་ ༢༦ ཅན་གྱི་མའོ་ཧ་མེ་ཊི་པུའུ་ཝ་ཇེ་ཇེ་ Mohammed ཡི་ཚོང་རྫས་དང་རླངས་འཁོར་སོགས་སྲིད་གཞུང་གིས་བཙན་འཕྲོག་བྱས་པར་མ་ཟད། སྲིད་གཞུང་གི་དཔོན་རིགས་བུད་མེད་ཅིག་གིས་ཁོང་ལ་ཚད་བརྒལ་གྱི་བརྙོས་བཅོས་དམའ་འབེབས་བྱས་པར་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པ་དང་། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡ པོའི་ཚེས་ ༤ ཉིན་ཁོང་སྨན་ཁང་ནས་ཚེ་ལས་འདས་རྗེས། གྲོང་ཁྱེར་སྲང་ལམ་ཁག་ཏུ་མི་མང་གིས་ཁོང་ལ་གདུང་སེམས་མཉམ་བསྐྱེད་དང་སྲིད་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་གྱི་རྔམས་སྟོན་ཁྲོམ་བྱས་ཏེ་ཐེངས་འདིའི་གསར་བརྗེ་ཀྱི་དབུ་ཚུགས་ཡོད་པ་ཞིག་རེད། མེ་ཏོག་བ་སྤྲུ་ནི་ཊོའུ་ནེ་ཤི་ཡ་རྒྱལ་ཁབ་ཀྱི་ཚབ་མཚོན་མེ་ཏོག་ཅིག་ཡིན་པས་ཆ་ནས་ཐེངས་འདིའི་གསར་བརྗེ་ཡི་མིང་དེ་ལྟར་བཏགས་པ་ཞིག་ཡིན་འདུག ཐེངས་འདིའི་གསར་བརྗེ་ལ་བརྟེན་ནས་ཕྱི་ཚེས་ ༡༤ ཉིན་སྲིད་འཛིན་བྷིན་ཨ་ལའེ་ Ben Ali ཡི་ལོ་ ༢༣ རིང་གི་སྲིད་དབང་སྒེར་གཅོད་དེ་མཇུག་སྒྲིལ་དགོས་བྱུང་བར་མ་ཟད། ཊོའུ་ནེ་ཤི་ཡའི་མེ་ཏོག་བ་སྤྲུའི་གསར་བརྗེ་ཡི་འབོད་སྒྲ་དེ་ཨ་རབ་གླིང་གཙོས་འཛམ་གླིང་སྟེང་གི་སྲིད་དབང་སྒེར་གཅོད་རྒྱལ་ཁབ་དག་ནང་ཁྱབ་ཏེ། དམར་ཤོག་སྒེར་གཅོད་པའི་གཅིག་སྡུད་དབང་སྒྱུར་འོག་ལོ་ངོ་ ༦༠ ལྷག་འདས་ཡོད་པའི་རྒྱ་ནག་དུའང་ཕྱི་ཟླ་ ༢ པའི་ཚེས་ ༢༠ ཉིན་ནས་བཟུང་གསར་བརྗེ་དེའི་གཡོ་རླབས་མཆེད་མགོ་བརྩམས་ཡོད་པ་ཞིག་རེད། ཐེངས་འདིའི་གསར་བརྗེ་ལ་ནུབ་ཕྱོགས་ཀྱི་གསར་ལམ་ཁག་ཏུ་མིང་འདོགས་སྟངས་ཐད། གསར་བརྗེ་ཡི་མེ་རྟ་ལྟ་བུར་གྱུར་བའི་གང་དེ་ཉིད་ཀྱི་མིང་གིས་བཏགས་པ་དང་། ཡང་ན་གསར་བརྗེ་འདིའི་གཡོ་རླབས་འཕྱུར་བར་ཤུགས་རྐྱེན་ཆེན་པོ་ཐོན་མཁན་གྱི་༼འཕྲུལ་སྒྲ༽དང་ ༼ཝེ་ཁི་ལི་ཁི༽ སོགས་དྲ་བའི་མིང་གིས་བཏགས་ཡོད་པ་སོགས་རིགས་འདྲ་མིན་བྱུང་ཡོད་འདུག རྒྱལ་སྤྱིའི་དཔྱད་བརྗོད་པ་དག་གིས་མེ་ཏོག་བ་སྤྲུའི་གསར་བརྗེ་ནི་འཛམ་གླིང་ལོ་རྒྱུས་སྟེང་གི་དམངས་གཙོའི་གསར་བརྗེ་རླབས་རྒྱུན་ཐེངས་བཞི་བར་ངོས་འཛིང་གིན་ཡོད་འདུག ཐེངས་འདིའི་མེ་ཏོག་བ་སྤྲུའི་གསར་བརྗེ་ནི་ཨི་ཇིབ་དང་། ཇོར་ཌན། སུའུ་ཌན། ཨེ་ཇི་རེ་ཡ། ཡེ་མན། མའེ་རོ་ཁྲེ་ན། ཨོ་མན། བྷི་རན། ལེ་བྷེ་ཡ། ཨེ་རན། སྒྲེ་ཇེ་བྷོ་ཌེ། སུའུ་མ་ལེ་ཡ། ཁོ་ཝ་ཐི། ལིས་བྷ་ནན། ས་ཧ་ར། དེ་བཞིན་ཡུ་རོབ་གླིང་གི་ཨལ་བྷ་ནེའུ་ཡ། སེར་བྷེ་ཡ། ཁི་རོ་ཞི་ཡ། གྷི་རེ་སི། ཨེ་ཋ་ལི། ཨ་ཧྥུ་རི་ཀ སེ་ནེ་གྷིལ། གྷ་བྷིན། ཡུའུ་གྷན་ཏ། ཨེ་བོ་རིའི་ཀོ་སི་ཁྲི། གཞན་ཡང་ཤར་ཨེ་ཤ་ཡའི་རྒྱ་ནག་བཅས་ཀྱི་ནང་སྲིད་གཞུང་ལ་འདོད་པ་མ་ཁེངས་པར་མགོ་རྟིང་སློག་དགོས་པའི་གསར་བརྗེ་ངོ་རྒོལ་བྱུང་ཡོད་པ་རེད།

    Reply
  8. ཤག་སྒང་པ། says:
    ལོ་ 15 སྔོན།

    དུས་བབ་ལགས། གསར་འགོད་པར་གཅར་རྡུང་། ཟེར་བའི་འགོ་བརྗོད་དང་། འདྲ་པར་གཉིས་འབྲེལ་ཐག་ཐུང་པས་ཀློག་པ་པོར་གོ་ནོར་འཐེབ་ཉེན་འདུག ལར་ནས་མི་ཏོག་བ་སྤུའི་ལས་འགུལ་ཞེས་བཏགས་དོན་ཐད་གནས་ཚུལ་དགོས་ངེས་ལ་འགྲེལ་བཤད་ཟུར་ཙམ་ཡང་མེད་དོན་ཅི། དེང་སྐབས་མི་ཁོམ་པ་ཡིན་ཚོད་ཡིན་ནམ། བརྒྱུད་ལམ་གཞན་ཁག་ཏུ་གསར་འགྱུར་གྱིས་འཕྱུར་བཞིན་པའི་དུས་ཚོད་འདིར། དུས་བབ་ནང་གནས་ཚུལ་རེ་གཉིས་ལས་མེར་པར་སྒུག་ནས་སྡོད་བཟོད་མི་འདུག་པས། མགྱོགས་ཙམ་ཕེབས་རོག་གནང་། སྐུ་མཁྱེན།

    Reply
  9. ཁམས་པའི་ཕོ་རྒོད། says:
    ལོ་ 15 སྔོན།

    རང་དབང་ལ་སྡོག་རོལ་གཏང་བ་དེ་མཐའ་ཅིག་ཏུ་ངོ་རྒོལ་ཡོད་དྲྭ་གྲོགས་ཚོའི་དེ་ལ་མཐའ་ཅིག་ཏུ་བསམ་འཆལ་བཤད་རོགས་གནང་

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྡུང་རྡུང་་་་་བོད་མི་རྡུང་བ་ལྟར་རྡུང་ན་མི་རིགས་གཞན་དག་ཚོའི་ཁུར་ས་རེད་མ་རེད་ལྟོས། ཨ་ཆེན་ཧོར་ལ་འགྲོ་འགྲོ་དེ་ཁྲ་མོ་གླིང་ལ་འགྲོ་ལེ་མིན་ཟེར་བ་ཡིན་མིན་ཤེས་ཡོང་གི་རེད།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གསར་འགོད་པར་རྡུང་བརྡེག་གཏོང་མཁན་ཚང་མ་ལ་རང་གི་རིགས་ཀྱིས་སྐྱོན་སྦས་སྐུང་ཆེ་དྲགས་པས། རང་གནོང་ཆེ་དྲག་པའི་སྐྱོན་ལས། རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཆེད་དུ་མིན་པ་གསལ་པོ་མིན་ནམ།

    Reply
  12. རྒྱང་ལྟ says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ་ཚོ། མེ་ཏོག་བ་སྤུའི་གསར་བརྗེ་ཞེས་པ་འགྲེལ་བཤད་རེ་བསྐྱོན་རོགས་གནང་། ཐུགས་རྗེ་གཟིགས།

    Reply
  13. tsering tashi says:
    ལོ་ 15 སྔོན།

    རྒྱ་ནག་ནི་ནམ་ཡང་དེ་ལྟར་རེད།

    Reply
  14. དུག་མདའ། says:
    ལོ་ 15 སྔོན།

    ཁྲིགས་སེ་རེད། ཁྱོད་རང་དབང་ལུང་པའི་མི་ཡིན་རུང་འགྲོ་ཉན་ས་མི་ཉན་ས་གཉིས་ཡོད་ནི་རེད། ད་རུང་ང་ཚོའི་བོད་ལ་སོང་ནས་ཁྱོད་ཚོ་རང་དབང་ཨེ་ཡོད་ཀི་ཞེས་འདྲི་གི་ཡོད་པ་རེད། སྐྱག་པ་ཟ་གི་སོང་། ང་ཚོ་རང་དབང་ཡོད་ན་ཅི་རེད་མེད་ན་ཅི་རེད། ཁྱོད་ཚོའི་མིག་ལྗང་ཁུ་དེའི་ངོ་བལྟས་ནས་སེམས་ལ་ཅི་ཡོད་པ་དེ་བཤད་དགོས་པ་རེད་དམ། གོང་ཕྲན་གསེར་གྱི་ཉི་མའི་འོག་ན་དྲོ་ཞིང་ཚ་ཞིང་ཡོད་དོ་ལོ། མགོ་རྒྱ་འོག་ལ་འཇུག་རྒྱུ་འདི་ཚོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese