མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་བརྗེ་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༡༣ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

དཀྱིལ་ཤར་ཡུལ་གྲུའི་བ་སྤྲུའི་མེ་ཏོག་གི་གསར་བརྗེ་ལས་འགུལ་དེ་ཤར་ཨེ་ཤ་ཡའི་ནང་ཁྱབ་བཞིན་འདུག ཐེངས་འདིའི་རྒྱ་ནག་གི་མེ་ཏོག་བ་སྤྲུའི་གསར་བརྗེ་ལས་འགུལ་དེ་ཧ་ཅང་ཐབས་ཇུས་ལྡན་པ་ཞིག་དང་། ནུས་སྟོབས་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པ་གདོན་མི་ཟ་ཞིང་། ལས་འགུལ་དེར་མདུན་དུ་སྣེ་ཁྲིད་མཁན་མེད་ལ། རྒྱབ་ཏུ་བཀོལ་བྱུས་གཏོང་མཁན་ཡང་མེད། མི་མང་རང་ངོས་ནས་དྲ་ཚིགས་དང་ཁ་པར་གྱི་འཕྲིན་ཐུང་བརྒྱུད་དེ་གནས་ཚུལ་བརྗེ་ལེན་དང་བསྒྲགས་གཏམ་ཁྱབ་སྤེལ་བྱས་ཏེ། ལས་འགུལ་གྱི་ངར་ཤུགས་རྒྱ་ཁྱབ་ཏུ་གཏོང་བཞིན་ཡོད་ཅིང་། དེ་ནི་རྒྱ་ནག་གིས་ཀྲུང་གོ་ནི་འཛམ་གླིང་ཐོག་དྲ་བ་བེད་སྤྱོད་གཏོང་མཁན་གྱི་དྲ་དམངས་ཆེས་མང་བའི་རྒྱལ་ཁབ་གཅིག་པུ་དེ་ཡིན་ཞེས་པའི་སྤོབས་པའི་སྐད་ཆ་དེ་མངོན་འགྱུར་བྱེད་པའི་དུས་སུ་བསླེབས་ཡོད།
    རེས་གཟའ་ཉི་མ་ནམ་ཡིན་གྱི་ཉིན་གུང་ཆུ་ཚོད་ ༢ པའི་ཐོག་པེ་ཅིན་དང་ཀོང་ཀྲུག ཧྲང་ཧེ། ཞི་ཨན་སོགས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ ༢༣ གྱི་མི་མང་འདུ་ཚོགས་ཆེ་སའི་ཁྲོམ་གཞུང་དག་ཏུ་ངོ་མཚར་བའི་ལྟད་མོ་ཇེ་མང་དུ་འགྲོ་ངེས་ཡིན་ལ། མེ་ཏོག་བ་སྤྲུའི་གསར་བརྗེ་ཡི་རླབས་རྒྱུན་འཕྱུར་སའི་གྲོང་ཁྱེར་དེ་དག་ནང་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་རེ་ཟུང་ཡང་འབྱུང་སྲིད་མོད། སྔར་དྲུག་བཞིའི་དོན་རྐྱེན་སྐབས་རྒྱ་ནག་གི་མཐོ་རིམ་སློབ་མ་ཁྲི་སྟོང་མང་པོས་དམངས་གཙོར་རེ་སྙེག་བྱས་ཏེ། གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་ཡ་ང་བའི་དོན་རྐྱེན་དེ་བྱུང་ཡོད་ལ། ཐེངས་འདིར་མེ་ཏོག་བ་སྤྲུའི་ལས་འགུལ་ནང་ཞུགས་མཁན་ཡང་མང་ཆེ་བ་སློབ་ཕྲུག་ཡིན་རབས་བཤད་ཅིང་། ནམ་རྒྱུན་དྲ་ཚིགས་སྔོག་མཁན་དང་གྲོང་ཁྱེར་དུ་སྡོད་མཁན་ཡང་སློབ་ཕྲུག་དང་ཤེས་ལྡན་མི་སྣ་ཆགས་ཡོད་སྟབས། དྲུག་གཞིའི་དོན་རྐྱེན་གཉིས་པ་འབྱུང་མི་སྲིད་པའི་ངེས་པ་ཡང་མེད།
    སྤྱིར་འཛམ་གླིང་ལ་གསར་བརྗེ་སྔ་ཕྱི་རིམ་པ་མང་པོ་ཞིག་བྱུང་མྱོང་ལ། གསར་བརྗེ་ཡི་ནང་དོན་དང་རྣམ་པ་ཡང་འདྲ་མིན་སྣ་ཚོགས་རེད། ཆེས་སྐད་དྲག་ཆེ་བའི་གསར་བརྗེ་ཁག་ནི། ཡུ་རོབ་བཟོ་ལས་གསར་བརྗེ་དང་། ཉི་ཧོང་མེ་རྗེ་གསར་བརྗེ། ཡུ་རོབ་རིག་རྩལ་བསྐྱར་དར། རྒྱ་ནག་གི་རིག་གནས་གསར་བརྗེ་སོགས་ཆགས་ཡོད་ཀྱང་། འདི་དག་ནི་དུས་ཚོད་ཀྱི་ཆ་ནས་བྱུང་བ་སྔ་ཞིང་། ངོ་བོའི་ཆ་ནས་རྒྱལ་ཡོངས་རང་བཞིན་གྱི་ཞི་དྲག་གཉིས་ལྡན་ཞིག་ཆགས་ཡོད། གསར་བརྗེ་ཡི་ལས་འགུལ་རེ་རེ་ནི་མང་ཚོགས་ལ་རྟོག་སད་དང་སྤྱི་ཚོགས་ལ་འཕོ་འགྱུར་འགྲོ་བའི་དཀྱོགས་མཚམས་རེ་རེ་ཆགས་ཡོད་ཅིང་། རིག་གནས་ཀྱི་ཁྱབ་ཁོངས་ནས་བཤད་ན་གསར་བརྗེ་ཞེས་པ་ནི་རྙིང་ཚབ་གསར་པས་བྱེད་པ་ཞིག་དང་། ཆབ་སྲིད་ཀྱི་ཁྱབ་ཁོངས་ནས་གཞུང་མགོ་རྟིང་སློག་པ། ཡང་ན་སྲིད་ལུགས་ལ་འགྱུར་ལྡོག་ཕྱིན་པ་ཞིག་ལ་གོ་དགོས།
    ཉེ་རབ་འཛམ་གླིང་ལོ་རྒྱུས་ཁྲོད་ཀྱི་གསར་བརྗེ་མང་ཆེ་བ་ཞིག་གསར་བརྗེ་བྱུང་ཡུལ་གྱི་ཆ་ནས་ཁ་དོག་གི་མིང་དང་། ངོ་བོའི་ཆ་ནས་མེ་ཏོག་དང་སྲོག་ཆགས་སེམས་ཅན་གྱི་མིང་འདོགས་སྲོལ་ཡོད་པ་ལྟར། ཐེངས་འདིའི་རྒྱ་ནག་གི་མེ་ཏོག་བ་སྤྲུའི་ལས་འགུལ་དེར་ཡང་། ཐོག་མའི་འབྱུང་ཁུངས་ཊོའུ་ནེ་ཤི་ཡའི་ས་བབ་ཀྱི་ཁ་དོག་དང་ངོ་བོ་ཞི་བ་ཡིན་སྟབས་མེ་ཏོག་གི་མིང་བཏགས་ཡོད། དཔེར་ན། ཉིས་སྟོང་བཞི་ལོར་Georgia ཡི་རྒྱ་སེ་མེ་ཏོག་གསར་བརྗེ་དང་། Uyraine གྱི་མེ་ཏོག་ཨ་འབྲུམ་གསར་བརྗེ་དང་། ཡང་ན་ཀུ་ཤུའི་གསར་བརྗེ་རུ་འབོད་སྲོལ་ཡང་ཡོད། ཉིས་སྟོང་ལྔ་ལོར་ Kyrgyz གྱི་མེ་ཏོག་ཡུལ་རྒྱན་གསར་བརྗེ། ཉིས་སྟོང་བདུན་ལོར་འབར་མ་ Burma ཡི་གྲྭ་བའི་འོས་ལངས་ལ་ངུར་སྨིག་གསར་བརྗེ་སོགས་སུ་བཏགས་ཡོད།
            ད་ལྟ་རྒྱ་མག་གི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཐེངས་འདིའི་མེ་ཏོག་བ་སྤྲུའི་གསར་བརྗེ་ཡི་ལས་འགུལ་སྤེལ་སའི་ཁྱབ་ཁོངས་སུ་བོད་ཀྱི་རྒྱལ་ས་ལྷ་ས་དང་། ཡུ་གུར་གྱི་རྒྱལ་ས་ཝོ་རོ་མུའུ་ཆི། སོག་པོའི་གྲོང་ཁྱེར་ཆེ་ཁག་དག་ཀྱང་ཚུད་ཡོད་རབས་བཤད་ཅིང་། དེ་ནི་ཞི་བ་ནས་དྲག་པོ་དང་། རང་དབང་ནས་རང་བཙན་ལ་འགྱུར་རྒྱུའི་སྔ་ལྟས་ཤིག་ཡིན་ཡང་སྲིད།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༣ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese